JKCL-KABUM-03-GA-083: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-083
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitlekartib=ཆོས་ཚན་༨༣ རྗེ་རང་ཉིད་ཀྱི་གསོལ་འདེབས་ཐུང་ངུ་ཚན་བཅོ་ལྔ་སྦྲེལ་བར་ཡོད།
|fulltitletib=ཆོས་ཚན་༨༣ རྗེ་རང་ཉིད་ཀྱི་གསོལ་འདེབས་ཐུང་ངུ་ཚན་བཅོ་ལྔ་སྦྲེལ་བར་ཡོད།
|fulltitlekar=chos tshan 83  rje rang nyid kyi gsol 'debs thung ngu tshan bco lnga sbrel bar yod/
|fulltitle=chos tshan 83  rje rang nyid kyi gsol 'debs thung ngu tshan bco lnga sbrel bar yod
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum

Latest revision as of 08:21, 1 June 2024

Wylie title chos tshan 83 rje rang nyid kyi gsol 'debs thung ngu tshan bco lnga sbrel bar yod JKCL-KABUM-03-GA-083.pdf
Location chos kyi blo gros bka' 'bum
Volume 3, Text 83, Pages 287-294 (Folios 1a1 to 4b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre Supplications - gsol 'debs

16 Texts in this Section (sde tshan or chos tshan)

10
290
གསོལ་འདེབས་དད་པའི་སྤྲིན་ཕུང་།
gsol 'debs dad pa'i sprin phung
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
287-294
ཆོས་ཚན་༨༣ རྗེ་རང་ཉིད་ཀྱི་གསོལ་འདེབས་ཐུང་ངུ་ཚན་བཅོ་ལྔ་སྦྲེལ་བར་ཡོད།
chos tshan 83 rje rang nyid kyi gsol 'debs thung ngu tshan bco lnga sbrel bar yod
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
9
289-290
དཔལ་ལྡན་བླ་མ་རིགས་རྣམས་ཀུན་གྱི་བདག་སོགས།
dpal ldan bla ma rigs rnams kun gyi bdag sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
2
287
ན་མོ་གུ་རུ། སྲིད་ཞིའི་སྤྱི་དཔལ་སོགས།
na mo gu ru/ srid zhi'i spyi dpal sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
6
288-289
མཁྱེན་དང་བརྩེ་བའི་ཡེ་ཤེས་གཏེར་ཆེན་པོའི་སོགས།
mkhyen dang brtse ba'i ye shes gter chen po'i sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
14
291
འཇ༵མ་དབྱང༵ས་བླ་མའི་བྱིན་རླབས་བཅུད་ཐོབ་པས། འཇམ་དབྱངས་བླ་མ་མཁྱེན་བརྩེ་དབང་པོ་ཡི་སོགས།
'jam dbyangs bla ma'i byin rlabs bcud thob pas/ 'jam dbyangs bla ma mkhyen brtse dbang po yi sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
13
291
འཇ༵མ་དབྱང༵ས་ལ་སོགས་སྲས་བཅས་རྒྱལ་ཀུན་གྱི་སོགས།
'jam dbyangs la sogs sras bcas rgyal kun gyi sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
4
288
འཇམ་དཔལ་དབྱངས་དངོས་ཁྱབ་བདག་མཁྱེན་བརྩེའི་དབང་སོགས།
'jam dpal dbyangs dngos khyab bdag mkhyen brtse'i dbang sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
3
287-288
འཇམ་དབྱངས་དགྱེས་པའི་རྡོ་རྗེའི་བྱིན་རླབས་ལས་སོགས།
'jam dbyangs dgyes pa'i rdo rje'i byin rlabs las sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
7
289
འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་སོགས།
'jam dbyangs bla ma mkhyen brtse'i dbang po sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
12
290-291
འཇམ་དབྱངས་བླ་མ་རྣམས་ཀྱི་རྗེས་སུ་བཟུང་སོགས།
'jam dbyangs bla ma rnams kyi rjes su bzung sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
1
287
འཇམ་དབྱངས་བླ་མའི་སོགས།
'jam dbyangs bla ma'i sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
15
291-294
འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས་སྙིང་པོ་ངོ་མཚར་བདུད་རྩིའི་ཉིང་ཁུ།
'jam mgon bla ma'i rnam thar gsol 'debs snying po ngo mtshar bdud rtsi'i nying khu
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
8
289
འཇམ༵་དཔལ་དབྱངས༵་དངོས་མཁྱེན་བརྩེའི་དབང་པོ་སོགས།
'jam dpal dbyangs dngos mkhyen brtse'i dbang po sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
11
290
སྐྱབས་གནས་ཀུན་འདུས་མཁྱེན་བརྩེ་རྡོ་རྗེ་འཆང་སོགས།
skyabs gnas kun 'dus mkhyen brtse rdo rje 'chang sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
5
288
ཨོཾ་སྭསྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་སོགས།
oM swasti/ phyogs dus rgyal ba kun gyi ye shes sku sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
[edit]
འཇམ་དབྱངས་བླ་མའི་ཡེ་ཤེས་རྣམ་པར་འཕྲུལ། །སྙིགས་དུས་བསྟན་འགྲོ་སྐྱོབས་པའི་དཔུང་གཉེན་མཆོག །འཇམ་དབྱངས་བློ་གྲོས་རྒྱ་མཚོར་གསོལ་བ་འདེབས། །གནས་ལུགས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །ཀ་དག་རིག་པ་ཆོས་སྐུའི་རང་ཞལ་མཐོང་། །ལྷུན་གྲུབ་འོད་གསལ་སྣང་བ་ཚད་ལ་ཕེབས། །གང་ཤར་སྤྱོད་པ་མ་བཅོས་རང་སར་གྲོལ། །སྐུ་གསུམ་གཞིར་གནས་འབྲས་བུ་མངོན་གྱུར་ཤོག །ཅེས་པའང་ལུང་རྟོགས་ཡོན་ཏན་གྱིས་མངོན་པར་མཐོ་བ་བླ་མ་ཆོས་གྲགས་ནས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །། ༈ ན་མོ་གུ་རུ། སྲིད་ཞིའི་སྤྱི་དཔལ་ཀུན་བཟང་གདོད་མའི་མགོན། །སྙིགས་དུས་བདག་བློའི་མུན་པ་སེལ་བའི་གཉེན། །འཇམ་དབྱངས་བླ་མའི་ཡེ་ཤེས་སྒྱུ་འཕྲུལ་གར། །བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །རིག་སྟོང་འོད་གསལ་ཆོས་སྐུ་རྟོགས་པ་དང་། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པ་འདི་ནི་གཡག་ཟེའི་ཚེ་དབང་འགྱུར་མེད་ནས་ཡང་ཡང་བསྐུལ་ངོར། འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སྤེལ་བ་དགེའོ།། །། ༈ འཇམ་དབྱངས་དགྱེས་པའི་རྡོ་རྗེའི་བྱིན་རླབས་ལས། །དབྱངས་ཀྱི་ཡན་ལག་ཆོས་ཚུལ་རྒྱ་མཚོའི་མཛོད། །བློ་གྲོས་རྒྱ་མཚོའི་འབྱུང་གནས་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཅེས་པའང་དད་ལྡན་གྱི་སློབ་མས་རིན་གཉིས་རྟེན་དང་བཅས་བསྐུལ་བའི་ངོར་རང་ཉིད་ཀྱིས་སྨྲས་པ་སིདྡྷི་རསྟུ།། །། ༈ འཇམ་དཔལ་དབྱངས་དངོས་ཁྱབ་བདག་མཁྱེན་བརྩེའི་དབང་། །བཀའ་དྲིན་མཚུངས་མེད་ཆོས་ཀྱི་བློ་གྲོས་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ལྷན་སྐྱེས་ཡེ་ཤེས་རྟོགས་པར་མཛད་དུ་གསོལ། །ཅེས་པའང་སློབ་བུ་དད་བརྩོན་ལྡན་པ་ངག་དབང་ཤེས་རབ་ཀྱི་ངོར་ཆོས་ཀྱི་བློ་གྲོས་པས་སྨྲས་སོ།། །། ༈ ཨོཾ་སྭསྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཉིན་མོ་བྱེད། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་མངའ་བདག་མཆོག །མཁྱེན་བརྩེའི་དབང་པོའི་ཞབས་ལ་གསོལ་བ་འདེབས། །གང་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ་ལས། །ཕྲིན་ལས་རྒྱ་མཚོ་འགྲོ་བ་འདུལ་བའི་མགོན། །འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །བདག་ཅག་དད་དང་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །ལྷན་སྐྱེས་ཡེ་ཤེས་ཉི་མ་སྙིང་ལ་འཆར། །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ཅེས་པའང་དད་ལྡན་ངག་དབང་ཤེས་རབ་ཀྱི་ངོར་རང་ཉིད་ཀྱིས་སྨྲས་པའོ།། །། ༈ མཁྱེན་དང་བརྩེ་བའི་ཡེ་ཤེས་གཏེར་ཆེན་པོའི། །འཇམ་དཔལ་རྡོ་རྗེ་ཞི་དང་ཁྲོ་བོ་ཡི། །བསྙེན་སྒྲུབ་རྟགས་ཐོན་རྡོ་རྗེ་འཛིན་པར་རྗེ། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས།། །། ༈ འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ཡི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག །ཆོས་ཀྱི་བློ་གྲོས་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། ཞལ་གསུངས་དགེའོ།། །། ༈ འཇམ༵་དཔལ་དབྱངས༵་དངོས་མཁྱེན་བརྩེའི་དབང་པོ་ཡི། །ཡེ་ཤེས་ཐུགས་རྗེའི་རོལ་རྩལ་ཆོས༵་ཀྱི༵་རྗེ། །ལེགས་པའི་བློ༵་གྲོས༵་རྡོ་རྗེ་འཛིན་རྒྱལ་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །མཁན་པོ་མཁྱེན་རབ་བསྟན་འཛིན་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ དཔལ་ལྡན་བླ་མ་རིགས་རྣམས་ཀུན་གྱི་བདག །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས། །མཁྱེན་བརྩེའི་དབང་པོ་ཆོས་ཀྱི་བློ་གྲོས་ཀྱི། །བྱང་ཆུབ་བར་དུ་བརྩེ་བས་རྗེས་སུ་ཟུངས། །དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །རེ་ལྟོས་མི་འགྱུར་གཅིག་ཆོག་རྒྱལ་པོར་བཟུང་། །སྐྱེ་དང་ཚེ་རབ་ཀུན་ཏུ་བྱིན་གྱིས་རློབས། །ཐུགས་རྗེའི་ཕྱག་གི་ནམ་ཡང་མ་གཏོང་ཤིག །སྲིད་ལས་ངེས་པར་འབྱུང་བའི་བློ་སྐྱེ་ཞིང་། །ཐར་མཆོག་ཚུལ་ཁྲིམས་གཙང་མར་གཞིར་བཅས་སྟེ། །བྱང་ཆུབ་སེམས་མཆོག་རྒྱུད་ལ་འབྱོངས་པ་དང་། །ཟབ་མོའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཅེས་པའང་ངག་དབང་བློ་བཟང་གིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ གསོལ་འདེབས་དད་པའི་སྤྲིན་ཕུང་ཞེས་བྱ་བ། །འཇ༵མ་དབྱང༵ས་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཆོས༵་ཀྱི་བ༵དུད་རྩིས་བློ༵་གྲོ༵ས་པདྨོ་བྱེ། །རིས་མེད་བསྟན་པའི་རྒྱལ་མཚན་བསྒྲེང་ཉིད་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །གཙུག྄༵་ལག྄༵་བལྟ་བའི་རྣམ་དཔྱོད་མཐུ་གྲུབ་ཅིང་། །ལུང༵་རིག༵ས་རྡོ་རྗེའི་གད་མོ་རབ་ཏུ་སྒྲོགས། །ཉི༵་མ༵འི་གཉེན་གྱི་བསྟན་པ་གསལ་བྱེད་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །སྨྲ༵་བའི༵་དབང་ཕྱུག་འཇམ་དཔལ་དཔའ་བོ་བཞིན། །ལྟ་ངན་རི་དྭགས་ལེགས་བཤད་སེང༵་གེའི༵་སྒྲས། །བཅོམ་པའི་སྙིང་སྟོབས་ཆེན་པོར་གྱུར་པ་གང་། །གཞོམ་མེད་རྡོ་རྗེའི་ཆོས་བདུན་བརྟན་བཞུགས་གསོལ། །ཅེས་པའང་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །དགེ་ལེགས་འཕེལ། ། ༈ སྐྱབས་གནས་ཀུན་འདུས་མཁྱེན་བརྩེ་རྡོ་རྗེ་འཆང་། །འཇ༵མ་དཔལ་དབྱང༵ས་དངོས་ཆོས༵་ཀྱི༵་བློ༵་གྲོས༵་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་པའང་བླ་མ་བློ་གྲོས་ཀྱི་བཞེད་ངོར་རང་ཉིད་ཀྱིས་སྨྲས་པའོ།། །། ༈ འཇམ་དབྱངས་བླ་མ་རྣམས་ཀྱི་རྗེས་སུ་བཟུང་། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་མཁྱེན་པའི་གཏེར། །བློ་གྲོས་མཚུང་མེད་སྨྲ་བའི་སེངྒེལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཅེས་པའང་བླ་མ་བློ་གྲོས་ཀྱི་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ། །ཞབས་བརྟན་སྐབས་གསོལ་བ་འདེབས་སོ་བསྐལ་བརྒྱར་འཚོ་བཞེས་གསོལ། །ཞེས་བསྒྱུར།། །། ༈ འཇ༵མ་དབྱང༵ས་ལ་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་གཟུགས། །ཆོས༵་ཀྱི༵་བློ༵་གྲོས༵་ཆོས་ཀྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཅེས་པའང་ཁང་སར་སྤྲུལ་སྐུ་སངས་རྒྱས་བསྟན་འཛིན་ནས་ཞུས་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། །། ༈འཇ༵མ་དབྱང༵ས་བླ་མའི་བྱིན་རླབས་བཅུད་ཐོབ་པས། །རབ་འབྱམས་ཆོས༵་ཀྱི་གད༵མས་པའི་གཏེར་ཆེན་པོ། །ཇི་ལྟར་ཇི་སྙེད་མཁྱེན་པའི་བློ༵་གྲོས༵་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བཀྲ་ཤིས་དགོན་མཁན་མཁས་གྲུབ་ཆོས་དར་ལ་གནང་བའོ།། །། འཇམ༵་དབྱངས༵་བླ་མ་མཁྱེན་བརྩེ་དབང་པོ་ཡི། །ཡེ་ཤེས་མཆོག་གི་རང་གཟུགས་སྤྲུལ་པའི་སྐུ། །དཔལ་ལྡན་བླ་མ་ཆོ༵ས་ཀྱི༵་བློ༵་གྲོས༵་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པའང་ཐེག་མཆོག་རྡོ་རྗེའི་ངོར་རང་ཉིད་ཀྱིས་སྨྲས་པའོ།། །། ༈ འཇམ་མགོན་བླ་མའི་རྣམ་ཐར་གསོལ་འདེབས་སྙིང་པོ་ངོ་མཚར་བདུད་རྩིའི་ཉིང་ཁུ་བཞུགས་སོ། །ཆོས་དབྱིངས་ཀུན་ཁྱབ་མཁྱེན་གཉིས་ཡེ་ཤེས་སེམས། །དག་པའི་ཞིང་ཀུན་སྒྱུ་འཕྲུལ་རྒྱ་མཚོའི་དཔལ། །བདག་སོགས་འདུལ་ཕྱིར་འཁོར་ལོའི་དབང་ཕྱུག་ཚུལ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསོལ་བ་འདེབས། །འཕགས་བོད་བསྟན་པའི་ཤིང་རྟ་བསྒྲངས་ཡས་ཀྱི། །ཡེ་ཤེས་སྤྱི་གཟུགས་མཁྱེན་བརྩེའི་དབང་པོ་ཉིད། །བསམ་བཞིན་བསྟན་འགྲོའི་དཔལ་དུ་སྐུ་སྤྲུལ་ནས། །རྡོ་རྗེའི་ལུང་གིས་བསྔགས་ལ་གསོལ་བ་འདེབས། །རྡོ་རྗེ་གདན་དངོས་ཀཿཐོག་ཆོས་ཀྱི་ཁྲིར། །ཞབས་པད་བཀོད་ཅིང་ཀུན་གཟིགས་ཆོས་རྒྱ་མཚོས། །སྡོམ་པ་གསུམ་གྱི་ཐེག་མཆོག་རྒྱལ་ཐབས་བཀོད། །གསན་བསམ་རྣམ་ཐར་རྒྱས་ལ་གསོལ་བ་འདེབས། །ཕྱི་ནང་རིག་པའི་གནས་ཀུན་ཐུགས་སུ་ཆུད། །འཆད་རྩོད་རྩོམ་པས་དག་པའི་རྣམ་ཐར་བསྐྱངས། །སྨིན་གྲོལ་ཆོས་ཀྱི་འབྱུང་གནས་བསྟན་མཆོག་གི། ཤིང་རྟ་གཅིག་པུར་གྱུར་ལ་གསོལ་བ་འདེབས། །རིམ་གཉིས་ཏིང་འཛིན་ཡོན་ཏན་མངའ་དབང་འབྱོར། །གཟུངས་དང་སྤོབས་པའི་གཏེར་མཛོད་དངོས་སུ་གྲོལ། །ཟབ་རྒྱས་མདོ་རྒྱུད་གསང་བ་གཟིགས་པས་རྟོགས། །འཛིན་སྤེལ་སྡུད་པའི་བྱེད་པོར་གསོལ་བ་འདེབས། །བཀའ་གདམས་གསར་རྙིང་ལམ་འབྲས་མར་ཤངས་ཀྱི། །བཀའ་བརྒྱུད་ཞི་གཅོད་ཇོ་ཞལ་དུས་འཁོར་ལོ། །སྔ་འགྱུར་བཀའ་གཏེར་ཡོངས་རྫོགས་ལེགས་གསན་ཅིང་། །གངས་ཅན་ཁྱབ་པར་སྤེལ་ལ་གསོལ་བ་འདེབས། །དོན་གྱི་སྤངས་རྟོགས་འཕགས་པའི་གོ་འཕང་བརྙེས། །ཚུར་མཐོང་མཛད་པ་ཆོས་དང་མཐུན་པར་སྟོན། །ཆོས་བརྒྱད་བསྙེམས་བྲལ་རེ་དོགས་མདུད་པ་གྲོལ། །འཁྲུལ་ཞིག་རྣལ་འབྱོར་དབང་ཕྱུག་གསོལ་བ་འདེབས། །རྩ་གསུམ་ལྷ་ཡི་དགྱེས་ཞལ་དུས་ཀུན་གཟིགས། །ཆོས་ཀྱི་སྒོ་གཏད་བྱིན་བརླབས་རྒྱུན་བསྙེན་པས། །དོན་གཉིས་ལྷུན་གྲུབ་བསྟན་འགྲོའི་རྒུད་སེལ་བའི། །ཕན་བདེའི་ཉིན་བྱེད་ཆེན་པོར་གསོལ་བ་འདེབས། །ཀུན་བཟང་རྡོ་རྗེའི་རྣམ་ཐར་མཐར་སོན་ཏེ། །ཐ་མའི་མཛད་པ་ངོ་མཚར་བཅས་ཏེ་བསྟན། །སླར་ཡང་བསྟན་དང་ལྷག་མའི་གདུལ་བྱའི་ཕྱིར། །སྤྲུལ་པའི་ཉིན་བྱེད་འཆར་ལ་གསོལ་བ་འདེབས། །དཔལ་མགོན་བླ་མའི་རྣམ་ཐར་རྗེས་དྲན་པས། །གསོལ་བ་བཏབ་བཞིན་བདག་གིས་མངོན་དུ་གྱུར། །ཅི་མཛད་ལེགས་མཐོང་མོས་གུས་སྐྱ་རེངས་ཀྱིས། །དགོངས་བརྒྱུད་ཉིན་བྱེད་སྙིང་ལ་འདྲེན་གྱུར་ཅིག །མགོན་ཁྱོད་བྱང་ཆུབ་མངོན་བརྙེས་ཚུལ་བསྟན་ཚེ། །ཉེ་བའི་སྲས་སུ་གྱུར་ནས་ཐུགས་མཛོད་འཛིན། །མཉེས་པ་གསུམ་གྱིས་ཐུགས་ཡིད་གཅིག་འདྲེས་ནས། །འཇམ་མགོན་མཛད་པ་མཐའ་དག་བསྒྲུབ་ནུས་ཤོག །ཅེས་པའང་རྗེ་བཙུན་ཐམས་ཅད་གཟིགས་པའི་ཞལ་སློབ་རྒྱལ་རྩེ་ཁྲོ་དགའི་སྲས་སྤྲུལ་སྐུ་རིན་པོ་ཆེས་ལྷ་རྫས་ཀྱི་རྟེན་དང་བཅས། དགེ་སློང་དམ་ཆོས་གྲགས་པས་ཀྱང་བསྐུལ་ངོར་༧བླ་མ་འཇམ་པའི་རྡོ་རྗེས་སུ་བཟུང་བའི་མདོ་ཁམས་བ་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་སྐུ་གདུང་རིན་པོ་ཆེའི་སྤྱན་སྔར་བྲིས་ཤིང་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །
[edit]

'jam dbyangs bla ma'i ye shes rnam par 'phrul/____/snyigs dus bstan 'gro skyobs pa'i dpung gnyen mchog__/'jam dbyangs blo gros rgya mtshor gsol ba 'debs/____/gnas lugs rtogs pa skye bar byin gyis rlobs/____/ka dag rig pa chos sku'i rang zhal mthong /____/lhun grub 'od gsal snang ba tshad la phebs/____/gang shar spyod pa ma bcos rang sar grol/____/sku gsum gzhir gnas 'bras bu mngon gyur shog__/ces pa'ang lung rtogs yon tan gyis mngon par mtho ba bla ma chos grags nas gsung bskul ngor chos kyi blo gros pas bris pa dge'o//____//____!__na mo gu ru/__srid zhi'i spyi dpal kun bzang gdod ma'i mgon/____/snyigs dus bdag blo'i mun pa sel ba'i gnyen/____/'jam dbyangs bla ma'i ye shes sgyu 'phrul gar/____/blo gros rgya mtsho'i zhabs la gsol ba 'debs/____/byang chub bar du 'bral med rjes su zungs/____/mos gus gdung shugs drag pos gsol 'debs na/____/rig stong 'od gsal chos sku rtogs pa dang /____/'pho chen 'ja' lus rdo rje'i sku thob shog__/ces pa 'di ni g.yag ze'i tshe dbang 'gyur med nas yang yang bskul ngor/__'jam dbyangs mkhyen brtse'i sprul ming 'dzin pa chos kyi blo gros pas spel ba dge'o//____//____!__'jam dbyangs dgyes pa'i rdo rje'i byin rlabs las/____/dbyangs kyi yan lag chos tshul rgya mtsho'i mdzod/____/blo gros rgya mtsho'i 'byung gnas bla ma la/____/snying nas gsol ba 'debs so byin gyis rlobs/____/ces pa'ang dad ldan gyi slob mas rin gnyis rten dang bcas bskul ba'i ngor rang nyid kyis smras pa sid+d+hi rastu//____//____!__'jam dpal dbyangs dngos khyab bdag mkhyen brtse'i dbang /____/bka' drin mtshungs med chos kyi blo gros la/____/snying nas gsol 'debs bdag rgyud byin gyis rlobs/____/lhan skyes ye shes rtogs par mdzad du gsol/____/ces pa'ang slob bu dad brtson ldan pa ngag dbang shes rab kyi ngor chos kyi blo gros pas smras so//____//____!__oM swasti/__phyogs dus rgyal ba kun gyi ye shes sku/____/khyab bdag 'jam dpal rdo rje nyin mo byed/____/yongs rdzogs bstan pa rgya mtsho'i mnga' bdag mchog__/mkhyen brtse'i dbang po'i zhabs la gsol ba 'debs/____/gang gi ye shes sgyu ma'i rnam rol las/____/phrin las rgya mtsho 'gro ba 'dul ba'i mgon/____/'jam dbyangs bla ma chos kyi blo gros la/____/snying nas gsol 'debs bdag rgyud byin gyis rlobs/____/bdag cag dad dang dam tshig rnam par dag__/rim gnyis lam gyi bgrod pa mthar phyin te/____/lhan skyes ye shes nyi ma snying la 'char/____/don gnyis mtha' ru phyin pa'i bkra shis shog__/ces pa'ang dad ldan ngag dbang shes rab kyi ngor rang nyid kyis smras pa'o//____//____!__mkhyen dang brtse ba'i ye shes gter chen po'i/____/'jam dpal rdo rje zhi dang khro bo yi/____/bsnyen sgrub rtags thon rdo rje 'dzin par rje/____/chos kyi blo gros zhabs la gsol ba 'debs//____//____!__'jam dbyangs bla ma mkhyen brtse'i dbang po yi/____/ye shes gcig tu bsdus pa'i rang gzugs mchog__/chos kyi blo gros dpal ldan bla ma la/____/snying nas gsol 'debs bdag rgyud byin gyis rlobs/__zhal gsungs dge'o//____//____!__'jama~X dpal dbyangasa~X dngos mkhyen brtse'i dbang po yi/____/ye shes thugs rje'i rol rtsal chosa~X kyi~X rje/____/legs pa'i blo~X grosa~X rdo rje 'dzin rgyal la/____/snying nas gsol 'debs bdag rgyud byin gyis rlobs/____/mkhan po mkhyen rab bstan 'dzin ngor chos kyi blo gros pas so//____//____!__dpal ldan bla ma rigs rnams kun gyi bdag__/rgyal ba kun gyi ye shes gcig tu bsdus/____/mkhyen brtse'i dbang po chos kyi blo gros kyi/____/byang chub bar du brtse bas rjes su zungs/____/dad mos gdung shugs drag pos gsol ba 'debs/____/re ltos mi 'gyur gcig chog rgyal por bzung /____/skye dang tshe rab kun tu byin gyis rlobs/____/thugs rje'i phyag gi nam yang ma gtong shig__/srid las nges par 'byung ba'i blo skye zhing /____/thar mchog tshul khrims gtsang mar gzhir bcas ste/____/byang chub sems mchog rgyud la 'byongs pa dang /____/zab mo'i gnas lugs rtogs par byin gyis rlobs/____/ces pa'ang ngag dbang blo bzang gis bskul ngor chos kyi blo gros pas so//____//____!__gsol 'debs dad pa'i sprin phung zhes bya ba/____/'ja~Xm dbyanga~Xs bla ma'i byin rlabs snying la zhugs/____/chosa~X kyi ba~Xdud rtsis blo~X gro~Xs pad+mo bye/____/ris med bstan pa'i rgyal mtshan bsgreng nyid la/____/snying nas gsol 'debs bdag rgyud byin gyis rlobs/____/gtsuga?~X laga?~X blta ba'i rnam dpyod mthu grub cing /____/lunga~X riga~Xs rdo rje'i gad mo rab tu sgrogs/____/nyi~X ma~X'i gnyen gyi bstan pa gsal byed la/____/snying nas gsol 'debs bdag rgyud byin gyis rlobs/____/smra~X ba'i~X dbang phyug 'jam dpal dpa' bo bzhin/____/lta ngan ri dwags legs bshad senga~X ge'i~X sgras/____/bcom pa'i snying stobs chen por gyur pa gang /____/gzhom med rdo rje'i chos bdun brtan bzhugs gsol/____/ces pa'ang gang shar bris pa don dang ldan par gyur cig__/dge legs 'phel/____/_!_skyabs gnas kun 'dus mkhyen brtse rdo rje 'chang /____/'ja~Xm dpal dbyanga~Xs dngos chosa~X kyi~X blo~X grosa~X la/____/gsol ba 'debs so bdag rgyud byin gyis rlobs/____/zhabs pad brtan cing phrin las rgyas gyur cig__/ces pa'ang bla ma blo gros kyi bzhed ngor rang nyid kyis smras pa'o//____//____!__'jam dbyangs bla ma rnams kyi rjes su bzung /____/zab rgyas chos tshul rgya mtsho mkhyen pa'i gter/____/blo gros mtshung med smra ba'i seng+gel/____/gsol ba 'debs so bdag rgyud byin gyis rlobs/____/ces pa'ang bla ma blo gros kyi bskul ngor rang nyid kyis bris pa'o/____/zhabs brtan skabs gsol ba 'debs so bskal brgyar 'tsho bzhes gsol/____/zhes bsgyur//____//____!__'ja~Xm dbyanga~Xs la sogs sras bcas rgyal kun gyi/____/mkhyen brtse nus gsum gcig tu bsdus pa'i gzugs/____/chosa~X kyi~X blo~X grosa~X chos kyi dbang phyug la/____/gsol ba 'debs so bdag rgyud byin gyis rlobs/____/ces pa'ang khang sar sprul sku sangs rgyas bstan 'dzin nas zhus ngor 'jam dbyangs chos kyi blo gros pas bris pa dge/____//__!'ja~Xm dbyanga~Xs bla ma'i byin rlabs bcud thob pas/____/rab 'byams chosa~X kyi gda~Xms pa'i gter chen po/____/ji ltar ji snyed mkhyen pa'i blo~X grosa~X rgyas/____/dpal ldan bla ma'i zhabs la gsol ba 'debs/____/bkra shis dgon mkhan mkhas grub chos dar la gnang ba'o//____//__'jama~X dbyangasa~X bla ma mkhyen brtse dbang po yi/____/ye shes mchog gi rang gzugs sprul pa'i sku/____/dpal ldan bla ma cho~Xs kyi~X blo~X grosa~X la/____/snying nas gsol 'debs bdag rgyud byin gyis rlobs/____/zhes pa'ang theg mchog rdo rje'i ngor rang nyid kyis smras pa'o//____//____!__'jam mgon bla ma'i rnam thar gsol 'debs snying po ngo mtshar bdud rtsi'i nying khu bzhugs so/____/chos dbyings kun khyab mkhyen gnyis ye shes sems/____/dag pa'i zhing kun sgyu 'phrul rgya mtsho'i dpal/____/bdag sogs 'dul phyir 'khor lo'i dbang phyug tshul/____/'jam dbyangs chos kyi blo gros gsol ba 'debs/____/'phags bod bstan pa'i shing rta bsgrangs yas kyi/____/ye shes spyi gzugs mkhyen brtse'i dbang po nyid/____/bsam bzhin bstan 'gro'i dpal du sku sprul nas/____/rdo rje'i lung gis bsngags la gsol ba 'debs/____/rdo rje gdan dngos kaHthog chos kyi khrir/____/zhabs pad bkod cing kun gzigs chos rgya mtshos/____/sdom pa gsum gyi theg mchog rgyal thabs bkod/____/gsan bsam rnam thar rgyas la gsol ba 'debs/____/phyi nang rig pa'i gnas kun thugs su chud/____/'chad rtsod rtsom pas dag pa'i rnam thar bskyangs/____/smin grol chos kyi 'byung gnas bstan mchog gi/__shing rta gcig pur gyur la gsol ba 'debs/____/rim gnyis ting 'dzin yon tan mnga' dbang 'byor/____/gzungs dang spobs pa'i gter mdzod dngos su grol/____/zab rgyas mdo rgyud gsang ba gzigs pas rtogs/____/'dzin spel sdud pa'i byed por gsol ba 'debs/____/bka' gdams gsar rnying lam 'bras mar shangs kyi/____/bka' brgyud zhi gcod jo zhal dus 'khor lo/____/snga 'gyur bka' gter yongs rdzogs legs gsan cing /____/gangs can khyab par spel la gsol ba 'debs/____/don gyi spangs rtogs 'phags pa'i go 'phang brnyes/____/tshur mthong mdzad pa chos dang mthun par ston/____/chos brgyad bsnyems bral re dogs mdud pa grol/____/'khrul zhig rnal 'byor dbang phyug gsol ba 'debs/____/rtsa gsum lha yi dgyes zhal dus kun gzigs/____/chos kyi sgo gtad byin brlabs rgyun bsnyen pas/____/don gnyis lhun grub bstan 'gro'i rgud sel ba'i/____/phan bde'i nyin byed chen por gsol ba 'debs/____/kun bzang rdo rje'i rnam thar mthar son te/____/tha ma'i mdzad pa ngo mtshar bcas te bstan/____/slar yang bstan dang lhag ma'i gdul bya'i phyir/____/sprul pa'i nyin byed 'char la gsol ba 'debs/____/dpal mgon bla ma'i rnam thar rjes dran pas/____/gsol ba btab bzhin bdag gis mngon du gyur/____/ci mdzad legs mthong mos gus skya rengs kyis/____/dgongs brgyud nyin byed snying la 'dren gyur cig__/mgon khyod byang chub mngon brnyes tshul bstan tshe/____/nye ba'i sras su gyur nas thugs mdzod 'dzin/____/mnyes pa gsum gyis thugs yid gcig 'dres nas/____/'jam mgon mdzad pa mtha' dag bsgrub nus shog__/ces pa'ang rje btsun thams cad gzigs pa'i zhal slob rgyal rtse khro dga'i sras sprul sku rin po ches lha rdzas kyi rten dang bcas/__dge slong dam chos grags pas kyang bskul ngor 7bla ma 'jam pa'i rdo rjes su bzung ba'i mdo khams ba mkhyen brtse'i 'od zer bkra shis dpal 'byor gyis sku gdung rin po che'i spyan sngar bris shing gsol ba btab pa dge legs su gyur cig__/__

Footnotes

Other Information