Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
ད
།ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སྙན་བརྒྱུད་ཐུན་མོང་མ་ཡིན་པ་ཡིད་བཞིན་གཏེར་མཛོད་ཉིད་ཉམས་སུ་བླངས་བར་མི་ནུས་པའི་རང་འདྲའི་བློ་དམན་གྱི་དོན་དུ་ཚིག་ཚོགས་ཅུང་ཟད་བསྡུ་བའི་དབང་དུ་བྱས་ཏེ་དམ་པ་གོང་མ་རྣམས་ཀྱི་གསུང་བཞིན་དུ་རྡོ་རྗེའི་རིག་པ་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་བྱ་སྨིན་ཟླའི་དམར་ཕྱོགས་ཀྱི་སྟོང་པ་གསུམ་པའི་ཚེས་༢༨དྲག་པོའི་སྲེག་སྦྱོར་ལ་བྲིས་པ་འདིས་ཀྱང་རྭ་ཆེན་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་བདུད་དང་གཤིན་རྗེའི་གཡུལ་ལས་རྣམ་པར་རྒྱལ་ཞིང་ལྷ་མིན་ཀླ་ཀློའི་དཔུང་ཚོགས་འཇོམས་པའི་ནུས་པ་མཆོག་དང་ལྡན་པར་བླ་མ་ཡི་དམ་གྱིས་བྱིན་གྱི་བརླབ་ཏུ་གསོལ། དཔེ་འདི་ལ་ཤིན་ཏུ་དམ་པར་བྱའོ། །སརྦ་དཱ་མངྒ་ལཾ། ཤུ་བྷཾ།། +
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ། +
ཅེས་པ་འདིའང་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པའི་སྡེ་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་ཆེན་སྐུ་མཆེད་ཀྱི་གསུང་རབ་ལས་ལེགས་པར་བཏུས་ཏེ་བྲིས་པ་དགེ་ལེགས་འཕེལ།། +
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ། +
ཞེས་པའང་ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་ཚད་ལྡན་གྱི་གཞུང་གི་དགོངས་པ་ཇི་ལྟ་བར་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་སོ། +
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ། +
།ཞེས་པའང་ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་ཚད་ལྡན་གྱི་གཞུང་གི་དགོངས་པ་ཇི་ལྟ་བར་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་སོ།། །།མངྒ་ལཾ།། +
* '''Author colophon:''' །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ། །ཅེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་གཞུང་དང༌། རྒྱལ་སྲས་རིན་རྣམ་ལྷན་ཐབས་བཅས་བློ་དམན་དཔེ་ཁྱེར་མཁན་ལ་ཕན་པའི་སླད་དུ་ནག་འགྲོས་སུ་བསྡེབས། གསལ་བྱེད་ཕྲན་བུས་ཀྱང་བརྒྱན་ཏེ་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།
* '''Editor colophon:''' །ཕྱིས་སུ་རྒྱ་གར་ནས་སྣུམ་དཔར་དུ་བཏབ་པ་ཞིག་དང་ཨ་འཛོམས་དང་རྫོགས་ཆེན་གྱི་ཤིང་དཔར་དུ་འཇམ་མགོན་རིན་པོ་ཆེའི་ཆོག་སྒྲིགས་ལ་ནག་འགྲོས་སུ་མཛད་འདུག་མོད་བདག་དབང་དང་བྱང་དབང་གི་སྐབས་སུ་ནོར་བ་དཔེར་ན་ཡེ་ཤེས་པ་དབབ་པའི་རྗེས་སུ་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བཞག་འདུག་པ་ལྟ་བུ་ཡིན།དེས་ན་མཁྱེན་བརྩེའི་བཀའ་བབས་བསྐྱར་བསྒྲིག་སྐབས་འཇམ་མགོན་ཀོང་ཆེན་པའི་ཡིག་ཆ་ཉིད་ལ་བཏུག་ནས། བདག་འཇུག་གི་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་མི་དགོས་པ་དང༌། བྱང་དབང་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གྲུབ་རྗེས་ཡེ་ཤེས་དབབ་པ་བཞག་པ་ཡིན། སྡོམ་བཟུང་ལ་བདག་དབང་སྐབས་དགོངས་གསོལ་མི་དགོས་པ་ཡིན་སྣང་ཡང་བྱས་ཀྱང་འགལ་བ་མེད་སྙམ་བཅས་ཕུན་ཚོགས་རྣམ་རྒྱལ་པས་སོ།། །།
+
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་གཞན་ཕན་མཁའ་ཁྱབ། +
།ཞེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་བཙུན་བླ་མ་དམ་པ་ཞི་བར་གཤེགས་པ་རྣམས་ཀྱི་ཟབ་དགོངས་འོད་གསལ་གྱི་དབྱིངས་སུ་རྫོགས་ཤིང་། ད་ལྟར་ཞལ་བཞུགས་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། ཚེ་འདིའི་ཕ་མས་གཙོ་བྱས་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་རིན་པོ་ཆེར་དབུགས་འབྱིན་པའི་ལྷག་བསམ་གཅིག་ཏུ་དཀར་བས་གཞི་བཟུང་། རང་བྱུང་པདྨའི་སྒྲུབ་གནས་མདོ་ཁམས་མཁའ་འགྲོ་ཕུག་གི་བསམ་གཏན་སྒོམ་པའི་འདུས་སྡེ་ཨོ་རྒྱན་འོད་གསལ་ཐེག་མཆོག་གླིང་དུ་ཚུལ་འདི་ལྟ་བུའི་མྱོང་གྲོལ་སྒྲུབ་མཆོད་དང་འབྲེལ་བར་འཛུགས་པའི་སྐབས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་མཛད་པའི་གྲོལ་ལམ་གསུམ་གྱི་མན་ངག་ལྷན་ཐབས་ལས་ཟུར་དུ་ཕྱུང་སྟེ་ཅུང་ཟད་གསལ་བདེར་སྤེལ་བའི་དགེ་བས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག། །།སརྦ་མངྒ་ལཾ་བྷ་བ་ཏུ།། +
དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་གཞན་ཕན་མཁའ་ཁྱབ། +
།ཞེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་བཙུན་བླ་མ་དམ་པ་ཞི་བར་གཤེགས་པ་རྣམས་ཀྱི་ཟབ་དགོངས་འོད་གསལ་གྱི་དབྱིངས་སུ་རྫོགས་ཤིང་། ད་ལྟར་ཞལ་བཞུགས་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། ཚེ་འདིའི་ཕ་མས་གཙོ་བྱས་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་རིན་པོ་ཆེར་དབུགས་འབྱིན་ལྷག་བསམ་གཅིག་ཏུ་དཀར་བས་གཞི་བཟུང་། རང་བྱུང་པདྨའི་སྒྲུབ་གནས་མདོ་ཁམས་མཁའ་འགྲོ་ཕུག་གི་བསམ་གཏན་བསྒོམ་པའི་འདུས་སྡེ་ཨོ་རྒྱན་འོད་གསལ་ཐེག་མཆོག་གླིང་དུ་ཚུལ་འདི་ལྟ་བུའི་མྱོང་གྲོལ་སྒྲུབ་མཆོད་དང་འགྲེལ་བར་འཛུག་པའི་སྐབས་སུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་མཛད་པའི་གྲོལ་ལམ་གསུམ་གྱི་མན་ངག་ལྷན་ཐབས་ལས་ཟུར་དུ་ཕྱུང་སྟེ་ཅུང་ཟད་གསལ་བདེར་སྤེལ་བའི་དགེ་བས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ་བྷ་བ་ཏུ།། +
།ཞེས་པ་འདི་འབྲུག་པའི་འཕྲལ་དགོས་ཀྱི་ཆོས་བཞིའི་རྡོར་སེམས་རྒྱལ་པོ་ཛཿའི་ལུགས་ཀྱི་སྒོམ་བཟླས་རྒྱུན་ཁྱེར་དུ་རྗེ་བླ་མ་འཇམ་པའི་དབྱངས་ཉིད་ཀྱིས་མཛད་པ་ཞིག་གོ། །མངྒ་ལཾ།། +
དཔལ་སྤྲུལ་པས་སོ། །དགེའོ། །དགེའོ། །དགེའོ། +
།ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཡང་སྙིང་གི་སྔགས་ཀྱི་ངེས་པ་དང༌། དཔལ་གསང་བ་སྙིང་པོའི་རྒྱུད་དོན་དང་ཡང་འབྲེལ་བས་མངོན་པར་བསྔགས་པའི་བཛྲ་གཱིརྟིའི་རྒྱུད་མངས་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱི་དད་གསུམ་སོར་མོས་བསྒྲེངས་པ་སྟེ། འདིས་ཀྱང་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བྱང་ཆུབ་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག།། +
།དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་པའི་བཀའ་སྲོལ་བསྟན་སྲུང་དབང་པོ་རྣམས་ཀྱི་གཏོར་སྒྲུབ་མཆོད་བསྐང་གི་ཕྱག་བཞེས་གཙང་སྟོད་རི་བོ་ཆེའི་གཙོས་གདན་ས་རྣམས་སུ། འཕྲིན་ལས་མྱུར་མགྱོགས་སོགས་རྒྱས་བསྡུས་མང་པོ་བཞུགས་པར་སྣང་ཡང་ཕྱོགས་འདིར་ཡིག་ཆ་མི་ཚང་ཞིང་། ཀུན་མཁྱེན་བླ་མའི་གྲུབ་ཆེན་ཐུགས་ཏིག་གི་བཀའ་སྲུང་མགོན་པོ་བདུན་རྫོགས་གཅིག་ཏུ་བསྡུས་པ་མཛད་འཕྲོ་ལུས་པས་ཕྱག་དྲུག་གུར་ཞལ་ཙམ་ལས་འདིའི་ལུགས་ཀྱི་རྗེས་གནང་གི་རྒྱུན་དཀོན་ཀྱང་། གྲུབ་དབང་ཆེན་པོས་ཡང་ཡང་བྱིན་གྱིས་བརླབས་པའི་རྗེ་མཁྱེན་བརྩེའི་དབང་པོ་ཉིད་ནས་བརྒྱུད་པའི་ཆོས་སྐྱོང་འདི་རྣམས་ཀྱི་སྲོག་གཏད་ཐོབ་པ་རྒྱུ་མཚན་དུ་བྱས་ཏེ། ཤར་འགུ་ལོག་གི་ལྗོངས་སུ་སྐྱེས་ཤིང་རྗེ་གྲུབ་ཐོབ་ཆེན་པོ་ལ་དད་པའི་བག་ཆགས་མངའ་བ་རེ་ཁེད་བླ་མ་རིག་འཛིན་གྱི་གསུང་གིས་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེར་ལྕགས་ཟམ་པའི་ཡིག་རྙིང་འཐོར་བསྡུས་དང་བླ་མ་གོང་མ་རྣམས་ཀྱིས་གསུང་ལ་བརྟེན་ནས། བསྙེན་པའི་ཐུན་གསེང་རྣམས་སུ་དཀྱུས་གཅིག་ཏུ་བསྡེབས་ཏེ་ངག་ཏུ་འདོན་བདེ་བར་བྲིས་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་གྱུར་ཅིག །སརྦ་མངྒ་ལཾ།། +
།ཅེས་པའང་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ། དགེའོ།། +
།ཅེས་པའང་ཨ་མཁར་མཆོག་སྤྲུལ་ཐུབ་བསྟན་འཇམ་དཔལ་རྡོ་རྗེས་འདི་ལྟར་བྲིས་ཤིག་ཅེས་གསུངས་གིས་བསྐུལ་བས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དད་མོས་ཀྱི་གེ་སར་འཛུམ་པ་ལས་་བྱུང་བ་འདིས་ཀྱང་ཚེ་རབས་ཀུན་ཏུ་བླ་མ་གངས་རིའི་མགོན་པོ་པད་དཀར་འཆང་བས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་ཨརྠ་སིདྡྷི་རསྟུ། མངྒ་ལཾ།། +
།ཞེས་པའང་ཆུ་འབྲུག་ཟླ་བ་དང་པོའི་ཚེས་དགུ་ལ་ཆོས་ཀྱི་བློ་གྲོས་པས་སྦྱར་བ་དགེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། +
།ཞེས་པའང་མི་ཉག་དགེ་སློང་ཀུན་དགའ་ནས་ལྷ་རྫས་ཨ་ཤེ་བཅས་བསྐུལ་ངོར། ཆུ་འབྲུག་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དཔལ་ལྡན་ལྷ་མོས་རྟག་ཏུ་བསྲུང་སྐྱོབས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། +
།ཅེས་པའང་མཉྫུ་གྷོ་ཥས་སོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། དགེའོ། དགེའོ། དགེའོ། +
དཔལ་ལྡན་བོ་དོང་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་འཁྲིད་འཆད་ཚུལ་ཐོ་ཡིག། +
།ཞེས་པའང་ད་ལྟའི་དུས་ཀྱི་འཆད་ཚུལ་བླ་མའི་གསུང་ལས་ཇི་ལྟར་ཐོས་པ་བཞིན་མཉྫུ་གྷོ་ཥས་ཟིན་བྲིས་སུ་བགྱིས་བ་དགེ་ལེགས་འཕེལ། མངྒ་ལཾ།། +
དཔལ་ལྡན་བླ་མ་ངག་དབང་གྲགས་པ་བསྟན་འཛིན་དགེ་ལེགས་དཔལ་འབར་གྱི་རྣམ་ཐར་གསོལ་འདེབས་ཀུན་ཏུ་བཟང་པོའི་དབྱངས་སྙན། +
* '''First colophon:''' །ཅེས་པའང་རྗེ་བླ་མ་འདིའི་ཐུན་མོང་མ་ཡིན་པའི་རྣམ་ཐར་ཁ་ཤས་ཕྲན་ལ་ཐུགས་རྩེའི་ཞལ་ནས་བཀའ་འཕྲོས་བྱུང་བ་དང་ཟིན་བྲིས་ཀྱང་ཁ་ཤས་ཞིག་འདུག་པ་ལ་བརྟེན་རྣམ་ཐར་བྲི་འདོད་བྱུང་བ་དང༌། རྗེ་རང་གི་སྲས་མོ་རྣམ་དཀར་གྱིས་རྒྱུད་ཕྱུག་ཅིང་དད་མོས་ཅན་ཆོས་སྐྱིད་ནས་ཁ་ཏོན་དུ་རྣམ་ཐར་གསོལ་འདེབས་བསྡོམ་པར་བསྐུལ་བ་བཞིན་གྲུབ་བརྙེས་བླ་མ་མཆོག་ལས་ཟབ་རྒྱས་དབང་ཆོས་བཀའ་དྲིན་དུ་ཐོབ་པའི་འབངས་མཁྱེན་བརྩེའི་འོད་ཟེར་གྱི་ཉེ་བའི་ཚནྡྷོ་ཧ་གོ་དཱ་ཝ་ར་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་ནས་ས་རྟ་ནག་ཟླའི༣་ཚེས༡༥་ལ་བྲིས་པ་འབྲེལ་ཚད་དཔལ་མགོན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
* '''Second colophon:''' །ཅེས་པའང་གང་གི་ཞལ་སློབ་རྣམས་ནས་གསུང་བསྐུལ་ལྟར་དམ་པ་དེ་ཉིད་ཀྱི་རྗེས་སུ་བཟུང་བ་མཁྱེན་བརྩེའི་འོད་ཟེར་གྱིས་ཨོ་རྒྱན་རྫོང་དུ་བྲིས་པ་རང་རིག་བླ་མའི་རང་ཞལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག།
+
།ཅེས་པའང་ཕ་བླ་མ་འོད་གསལ་མཁའ་ཁྱབ་ཀྱི་དབྱིངས་ལ་སྙོམས་པར་ཞུགས་པའི་སྐབས་སུ་ཐུགས་དམ་བརྒྱུད་བསྐུལ་གདུངས་དབྱངས་དང་འབྲེལ་བའི་མྱུར་འབྱོན་གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་འདིའང་མགོན་པོ་གང་གི་ཐུགས་རྗེ་ཚད་མེད་པས་བསྐྱངས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། +
དཔལ་ལྡན་བླ་མ་དམ་པ་ཤེས་བྱ་ཀུན་མཁྱེན་ཤྲཱི་ནིརྨ་ཀའི་གསུང་འབུམ་གྱི་བཞུགས་བྱང་འདོད་འབྱུང་རིན་པོ་ཆེའི་ཏོག། +
།ཅེས་པའང་སྡེ་སྣོད་འཛིན་པ་མཁན་པོ་བསོད་ཆོས་ཀྱིས་ཚུལ་འདི་བཞིན་དགོས་ཞེས་གསུང་བསྐུལ་ལྟར་རུ་དམ་ཡང་དབེན་དུ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ་ལེགས་འཕེལ། +