Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཞེས་པའང་འཇམ་མགོན་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེའོ།།  +
།ཞེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་པྲཛྙཱ་ར་སྨིའི་ཟབ་གཏེར་གྱི་གསང་བ་ཉམས་སུ་བླང་བདེ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སརྦ་ཏྲེ་ལོ་ཀཱ་ནཱཾ་ཤྲཱིཤྩགུ་ཎ་ཝ་ཤཾ་ཀུརྦནྟུ།།  +
།ཅེས་པའང་རྒྱ་བོད་ཀྱི་ས་མཚམས་སུ་ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཞེས་འཛམ་གླིང་ཐ་གྲུ་ཀུན་ཏུ་སྙན་པར་གྲགས་པ་དོན་ལ་གནས་པ་གང་དུ་ས་སྐྱོངས་ཆེན་པོ་འཇིགས་མེད་སེངྒེ་དབང་ཕྱུག་གི་མངའ་ཐང་ཆབ་སྲིད་བར་ཆད་མེད་པར་རྒྱལ་བ་རྟེན་འབྱུང་དུ་རང་བྱུང་པདྨའི་ལུང་གིས་བསྔགས་པ་བཞིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཆེན་ལོ་བསྟར་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་གུ་རུའི་ལྷ་ཁང་དུ་རྒྱལ་ཡུམ་སྐལ་བཟང་ཆོས་ཀྱི་སྒྲོན་མས་འཛུགས་གནང་ཚེ་མདོ་ཁམས་ཀྱི་སྤྲང་འཆལ་རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་རྒན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་སུག་ལས་ཀྱི་ངལ་བ་འདིས་ཀྱང་སྙིགས་དུས་བསྟན་འགྲོའི་དཔལ་ཡོན་དཀར་པོའི་ཚེས་ཀྱིས་འཁྱུད་པའི་ཟླ་བ་བཞིན་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག།  +
ཞེས་པའང་ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་ལ་ཆུ་སྦྲུལ་ལོ་ཟླ་༦ཚེས་ལ་སྒིས་སྣ་མཁན་རང་སློབ་རྣམ་རྒྱལ་བཟང་པོས་ཡིད་ལ་གང་དྲན་ཞིག་འབྲི་བར་བསྐུལ་བའི་རྐྱེན་ལས་ལྷ་བསྐྱེད་ཡན་བྲིས་ནས། འཕྲོས་ལུས་པ་ལོ་དེའི་གྲོ་ཞུན་ཟླ་བའི་ཚེས་ལ་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལས་བྲི་འདོད་བྱུང་བཞིན་ཁྱུང་ཆེན་རྡོ་རྗེའི་བྲག་རྫོང་གི་མཁའ་འགྲོའི་དགའ་ཚལ་དང་། གུ་རུའི་གསང་ཕུག་ཏུ་རྫོགས་པར་བྲིས་པ་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །བཀྲ་ཤིས་སོ།།  +
།ཅེས་རང་གཞན་གྱི་དོན་དུ་ཉམས་སུ་བླངས་བདེའི་ཆེད་ཆོས་གྱི་བློ་གྲོས་པས་འདོན་བདེར་བྲིས་པ་དགེའོ།།  +
།ཞེས་པའང་མཉྫུ་གྷོ་ཥས་སོ། །དགེ་ལེགས་འཕེལ།།  +
།ཞེས་པའང་ཟབ་གཏེར་ལས་བྱུང་ཞལ་གདམས་ཡན་ལག་དང་བཅས་པ་གཞིར་བཞག །དེར་མི་གསལ་བ་རྣམས་བྲིས་རྒྱུན་ཚད་ལྡན་གྱི་རྗེས་སུ་འབྲངས་ཏེ་མཉྫུ་གྷོ་ཥས་ཟིན་བྲིས་སུ་བསྟར་བ། སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།  +
།སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེ་ལྗོངས་རྒྱུ་བའི་ཚེ་མགོ་ཟླའི་ཚེས་བཅུར་བསམ་ཡས་པར་ཁང་གཡུ་ཞལ་ཅན་དུ་ག་ཎ་པཱུ་ཛ་བརྒྱ་ཕྲག་རྩོམ་པའི་སྐབས་སུ་བབ་པ་ན། གང་ཤར་རང་གྲོལ་གྱི་རི་མོ་གློག་གི་གར་མཁན་ལྟར་དགེ་བའི་མཚན་མ་དང་ལྷན་ཅིག་སྣང་བའང་དོན་དང་ལྡན་བར་གྱུར་ཅིག །དགེ་ལེགས་འཕེལ།།  +
།ཞེས་པའང་དཔལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་བ་ལ་བརྟེན་ནས་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ཏེ། གྲུབ་མཐའ་རིས་མེད་པའི་སྐྱེས་ཆེན་དམ་པ་དང་། དགེ་བའི་བཤེས་གཉེན་མང་དུ་ཚོགས་པར། ལམ་འདིའི་སྨིན་གྲོལ་བཤད་ཀ་ལུང་དང་བཅས་པ་ཡོངས་སུ་རྫོགས་པར་མཎྜལ་གྱི་ཚུལ་དུ་དང་པོར་ཕུལ་བའི་སྐབས་གཏེར་ཆེན་བླ་མ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་བཀའ་དྲིན་ལས་ཟབ་གཏེར་གྱི་གསང་བ་རྫོགས་པར་ཐོབ་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཇི་ལྟ་བ་བཞིན་དུ་ངག་འདོན་བཀླག་ཆོག་ཏུ་བསྡེབས་པའི་དགེ་བས་ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་པ་དང་། འགྲོ་ཀུན་ཕན་བདེའི་འདོད་དགུ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  +
ཅེས་པའང་ཀུན་མཁྱེན་འཇམ་དབྱངས་བླ་མའི་བཀའ་བཞིན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ།། །།མངྒ་ལཾ།།  +
།ཅེས་པའང་ཀུན་མཁྱེན་བརྩེ་བ་ཆེན་པོ་འཇམ་མགོན་བླ་མ་ཡོངས་རྫོགས་བསྟན་འགྲོའི་དཔུང་གཉེན་མཆོག་ནས་རིན་ཆེན་སྨན་གྱི་ནོར་བུ་འཇིག་རྟེན་གསུམ་གྱི་གྲངས་ལྡན་བཅས་ཏེ་དཔལ་ན་ལེནྡྲ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཕྱྭ་གཡང་ཆོས་ཀྱི་འབྱོར་པ་སྤེལ་བའི་ཞབས་རིམ་སྐབས་འདི་ལྟར་བྲི་བར་འོས་པ་བཀའ་བསྩལ་པ་བཞིན་བཀྲ་ཤིས་དཔལ་འབྱོར་རིན་ཆེན་མྱུ་གུ་རྩལ་གྱིས་བྲིས་པ་འདིས་ཀྱང་བསྟན་འགྲོའི་དགེ་མཚན་འཕེལ་རྒྱས་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག།  +
།ཅེས་ཚུར་མཐོང་འཇིག་རྟེན་པའི་སྐྱེ་བོ་ནོར་ལ་སྲེད་པས་ཕྱྭ་གཡང་སྒྲུབ་པའི་རྔ་གྱེར་ཙམ་ཆེས་དར་ཡང་ཟབ་ཅིང་གནད་འདྲིལ་ཁྱེར་བདེའི་ཐབས་ཚུལ་འདི་ལྟ་བུ་དཀོན་པར་སྣང་བས་ཕྱག་ལེན་འདེབས་པ་པོ་བྱུང་ན་ཕན་པའི་སེམས་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་བཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཞུང་ལས་ཁོལ་ཕྱུངས་གསལ་བྱེད་མདོར་བསྡུས་ཀྱིས་བརྒྱན་པ་དེ་ལེགས་འཕེལ།།  +
།ཅེས་པ་འདིའང་ལག་ལེན་བྱེད་པ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཆེ་བར་གྲགས་པ་དང་གཞན་ལ་མེད་པའི་ཁྱད་ཆོས་ཤིན་ཏུ་ཉེ་བར་མཁོ་བ་མཐོང་ནས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྗོད་ཤོང་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།།  +
ཅེས་རྒྱ་ཆེར་གསུངས་པ་ལྟར་ངེས་པའོ། བསྟན་སྲུང་ཌཱ་ཀི་ལས་མྱུར་མཐུ་ཆེ་ཡང༌། མཆོད་བསྟོད་བསྙེན་པས་བསྐུལ་འོས་རྒྱུད་ལས་གསུངས། དེ་ཕྱིར་རང་བཟོ་སྤངས་པའི་རྡོ་རྗེའི་ཚིག །གསེར་སྦྱངས་སྐུད་པར་མུ་ཏིག་ཕྲེང་བཞིན་བསྡེབས། །རབ་དགེ་དྲི་མེད་ཆུ་ཤེལ་དབང་པོའི་ཟིལ། །ལྷག་བསམ་བསིལ་ལྡན་མཐུག་པོར་འཕོས་པ་ལས། །ཕན་བདེའི་ཆར་སྤྲིན་ཟད་མི་ཤེས་དང་བཅས། །བསྟན་འགྲོའི་དཔལ་གྱིས་ཆུ་ཀླུང་རྒྱས་གྱུར་ཅིག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཕྲེང་གསུམ་པའི་སྐུ་གསུང་ཐུགས་སྲས་དམ་པའི་ཡོན་ཏན་དཔལ་གྱིས་འཁྱུད་པ་མཆོག་སྤྲུལ་ཐུབ་བསྟན་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་དཔོན་སློབ་ནས་ཆེད་དུ་གསུང་བསྐུལ་གནང་བ་བཞིན། རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་བློ་མིག་ཅུང་ཟད་ཐོབ་པ། ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་ཀྱི་གདུགས་དཀར་པོར་ངལ་གསོ་ཐོབ་པའི་རིགས་སྔགས་འཆང་བ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ལྷན་སྐྱེས་དཔལ་གྱི་མཛེས་མས་དགྱེས་པར་སྐྱོང་བའི་ལྷོ་མོན་སྨན་ཤིང་ནགས་ཚལ་གྱི་རྒྱལ་ཁབ་ངེས་དོན་སྙིང་པོའི་བསྟན་པའི་དཔལ་གྱིས་མཛེས་པའི་རྒྱལ་ས་བདེ་ཆེན་ཆོས་གླིང་གི་བལྟ་ན་སྡུག་གཉིས་པའི་འདུན་ས་སྨན་ཤིང་མེ་ཏོག་གི་དགའ་བའི་ཚལ་ནས་བྲིས་པ་འདིས་ཀྱང་ཐུབ་བསྟན་རིན་པོ་ཆེའི་ལུང་རྟོགས་ཀྱི་ཆབ་སྲིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་འཕེལ་བའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། དགེའོ།།  +
།ཅེས་པའང་རང་གཞན་ཉེར་མཁོའི་ཆེད་མངྒ་ལ་ཤྲཱི་བྷཱུ་ཏིའི་གཏེར་གཞུང་ལས་བསྡུས་པ་འབྲེལ་ཚད་དངོས་གྲུབ་མཆོག་གི་སྐལ་ལྡན་དུ་གྱུར་ཅིག །མངྒ་ལཾ། དགེའོ། །  +
།ཅེས་པའང་རྩོད་དུས་བར་ཆད་རླུང་དམར་འཚུབས་པའི་སྐབས་ནོར་བུ་འབུམ་གྱི་རིན་ཐང་ཟིལ་གྱིས་གནོན་པའི་གདམས་ངག་གི་ཆེ་བ་ཤེས་པའི་སྔགས་པ་མངྒ་ལའི་མིང་གིས་ཉམས་སུ་བླངས་ནས་ཡིད་ཆེས་རྙེད་པ་སྐལ་བཟང་ཆོས་ཀྱི་བཤེས་གཉེན་རྣམས་ཀྱི་ཆེད་འཇུག་བདེའི་བཙས་སུ་བཀླག་ཆོག་མར་བྲིས་པ་བསྟན་འགྲོ་ཐམས་ཅད་ཡིད་སྲུབ་ཀྱི་དཔུང་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ་གྱུར་ཅིག།  +
།ཅེས་པའང་རྡོ་རྗེ་མཁའ་འགྲོ་ལས། བསྟན་བཅོས་རྣམས་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་ཟབ་གཏེར་བླ་མའི་ཐུགས་སྒྲུབ་སྐོར་བཞིའི་འཕྲོ་གཞི་པདྨའི་སྙིང་པོའི་རྒྱུད་འདི་ཉིད་ཀུན་གཟིགས་འཇམ་པའི་དབྱངས་རྡོ་རྗེ་གཟི་བརྗིད་རྩལ་དང་ཆོས་བདག་སྐྱེས་ཆེན་མཁས་དབང་མེ་ཉག་ཆོས་རྒྱལ་སོགས་ཀྱི་འགྲེལ་པའི་སྟེང་ནས་བཤད་རྒྱུན་ཞིབ་རྒྱས་སུ་བསྩལ་བའི་སྐལ་བཟང་མངོན་དུ་གྱུར་ཀྱང་དུས་ཀྱི་འགྱུར་བ་མི་བཟད་པས་དེ་དག་དཔེ་རྒྱུན་ཐོབ་པའི་སྐལ་པ་མ་བྱུང་པས། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རིགས་ཆོས་ཀྱི་བརྒྱུད་འཛིན་དག་ལ་སྨིན་གྲོལ་གྱི་ཤིང་རྟ་འདྲེན་པའི་ལག་ཆར་འགྱུར་སྲིད་སྙམ་སྟེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཞབས་རྡུལ་ཚངས་གནས་སུ་མཆོད་པའི་ཀུ་སཱ་ལི་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེར་འབོད་པས་ལྷོ་མོན་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕོ་བྲང་བདེ་ཆེན་ཆོས་གླིང་དུ་གནས་པའི་སྐབས་བྲིས་ཏེ་འཁོར་ལོའི་མགོན་པོ་ཞེ་ཆེན་པ་པདྨའི་མཚན་གྱི་དུས་མཆོད་ཉིན་རྫོགས་པར་བྱས་པ་འདིས་ཀྱང་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག།  +
།འདི་ལ་སྒྲུབ་ཐབས་གཏེར་ཆེན་མཆོག་ནས་མཛད་པ་ཡོད་ཀྱང་ཕྲིན་ལས་ཀྱི་ཡན་ལག་གཞན་ལ་ལྟོས་དགོས་པ་སོགས་ཀྱིས་འདིར་རང་རྐང་ཚུགས་པར་བྱེད་བདེའི་སླད་དུ་ཕྲིན་ལས་དབང་བསྐུར་དཀྱུས་གཅིག་ཏུ་སྲེས་ཏེ། སྔགས་རིག་འཛིན་པ་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་བ་དགེ་ལེགས་འཕེལ།།  +
ཅེས་སྔོན་རྗེས་ངག་འདོན་དིལ་མཁྱེན་མངྒ་ལས་བསྡེབས་པའོ།།  +