ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་དངོས་ཤུག་སྦས་གསུམ་གྱི་དགོངས་པ་དང༌། གབ་བྱང་གི་མན་ངག།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-005
Wylie title thugs sgrub bar chad kun sel gyi zhal gdams snying byang dngos shug sbas gsum gyi dgongs pa dang/ gab byang gi man ngag DKR-KABUM-09-TA-005.pdf
Location dil mgo mkhyen brtse bka' 'bum
Volume 9, Text 5, Pages 30-31 (Folios 1a1 to 2b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse'i dbang po. Thugs sgrub bar chad kun sel gyi zhal gdams snying byang dngos shug sbas gsum gyi dgongs pa dang gab byang gi man ngag. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 30-31. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Colophon

།མཉྫུ་གྷོ་ཥས་སོ། །མངྒ་ལཾ། དགེའོ།།

/many+dzu g+ho Shas so/__/mang+ga laM/_dge'o//

[edit]
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་དངོས་ཤུག་སྦས་གསུམ་གྱི་དགོངས་པ་དང༌། གབ་བྱང་གི་མན་ངག །སྤྲུལ་པའི་གཏེར་སྟོན་ཆེན་པོའི་ཕྱག་བཞེས་སོགས་ལ་བརྟེན་སྒོས་དབང་རྒྱས་པར་བསྐུར། ༡ དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྒྲུབ་པའི་དབང་བླ་མ་མཆོད་པའི་ཆོ་ག་ལྟར། ༡ གཉིས་པ་ཆོས་སྐུ་སྣང་བ་མཐའ་ཡས་པདྨ་ཚེ་དཔག་མེད་ཕྱག་རྒྱ་གཅིག་པའི་དབང་སྟབས་བདེར་བསྐུར་བ་ལ། དཀྱིལ་འཁོར་རས་བྲིས་སམ། ཚོམ་བུ། མ་འབྱོར་ན་ཚེ་འབྲང་ལ་བརྟེན་ཀྱང་རུང༌། གང་ལྟར་ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། མཐའ་བརྟེན། གཞན་ཡང་མཆོད་གཏོར་སོགས་སྤྱི་ལྟར། ཕྲིན་ལས་སྙིང་པོ་ཅུང་ཟད་ཁ་བསྒྱུར་དང༌། དངོས་གཞི། རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་པོ༔ སོགས་དང༌། བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ཞེས་པའི་མཚམས། དབུས་ཉིད་དྭངས་མ་སོགས་སྙིང་བྱང་གཞུང་ལྟར། སྐྱིལ་ཀྲུང་བཞུགས༔ སྣང་སྟོང་ཟུང་འཇུག་ནས། ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་སོགས། སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཚེ་དཔག་མེད༔ ཅེས་དང༌། རབ་འབྱམས་རྩ་གསུམ་ཚེ་ལྷའི་སོགས་དང༌། བར་ཆད་ཀུན་སོལ་འཆི་མེད་དངོས་གྲུབ་སྩོལ༔ ཨ་མཱ་ར་ཎའི་མཐར། ཛཿཧཱུྃ་བཾ་ཧོཿསོགས། པདྨ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་དང༌། བསྟོད་པ་སྙིང་བྱང་ལྟར། ཛཔ་ཁང་ཕྱེས་ལ་ཛཔ་བསྐུལ། རང་གི་སྙིང་དབུས་སྟོང་གསལ་འོད་ལྔའི་ཀློང༔ རྒྱ་གྲམ་ལྟེ་བར་སོགས འུབ་ཀྱིས་བསྡུས༔ ཞུ་ཞིང་ཁོལ་བས་རང་ལུས་སོགས་སྔགས། ཨ་མཱ་ར་ཎི་རྐྱང་པ་མཐར་མཆོད་བསྟོད་གསོལ་གདབ། པདྨ་ཚེ་དཔག་མེད་པའི་སྦྱོར་མཚམས་ནས༔ འོད་འཕྲོས་ཕོ་ཉ་མགྱོགས་མའི་ཚོགས་རྣམས་སྤྲོས༔ དེ་དག་སོགས། ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་ཐུགས་དམ་སོགས། སྟེང་འོག་ཕྱོགས་མཚམས་འབྱུང་པོ་སོགས། འབྱུང་ལྔའི་བཅུད་དང་རིགས་ལྔའི་ཚེ་མཆོག་ཀུན༔ སོགས། ཨ་མཱ་ར་ཎི་དང་ཚེ་གཟུངས་ཀྱང་བཟླ། ཧཱུྃ་ཧྲཱིཿ འཁོར་འདས་སོགས། སྤྲོ་ན་སྙིང་བྱང་ལྟར་ཚོགས་མཆོད་བྱ། རིག་མེ་དོར་ནས་བདག་འཇུག་བླང༌། དབང་ལ། ཁྲུས། བགེགས་བསྐྲད། སྲུང་འཁོར། མཎྜལ། འགྲོ་བའི་མགོན་པོ་སོགས་གསོལ་གདབ། ཕྲིན་ལས་སྙིང་པོའི་སྐྱབས་སེམས། ཨོ་རྒྱན་གདུང་འཛིན་སོགས་སྡོམ་བཟུང༌། པདྨ་ཚེ་དཔག་མེད་དུ་བསྐྱེད་ལ་ཡེ་ཤེས་དབབ་བརྟན། ཚེ་འགུགས། ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། རྒྱས་གདབ། སྤྲོ་ན་མཐའ་བརྟེན་བཀྲ་ཤིས་རྫས་རྟགས་སོགས། གང་ལྟར་ཡང་ཤིས་བརྗོད་དང༌། དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱའོ། ༈ ཚེ་ཡུམ་ཙཎྜ་ལཱིའི་བྱིན་རླབས་ཟབ་མོ་གུད་དུ་སྦས་པ་ནི། དཀྱིལ་འཁོར་དབུས་སུ་བདུད་རྩི་དར་དམར་གྱི་ཁ་བཀབ་པ་དང༌། ཏིང་ལོ་དམར་པོ་བཤམས། མཆོད་གཏོར་སོགས་འདྲ། བདག་བསྐྱེད་པདྨ་ཚེ་དཔག་མེད་དང༌། མདུན་གྱི་རྟེན་བསང་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས། །རང་བྱུང་བདེ་སྐྱོང་གཞལ་མེད་ཁང༌། །བདུད་རྩི་བཅུད་ཀྱིས་གཏམས་པའི་དབུས། །ཚེ་ཡུམ་ཌཱ་ཀི་སྐུ་མདོག་དམར༔ མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ ཁྲོ་ཆགས་སྒེག་འཛུམ་འོད་ཟེར་འཕྲོ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཞབས་ཟུང་པདྨའི་སྐྱིལ་ཀྲུང་རོལ༔ སྤྱི་བོར་བླ་མ་ཧེ་རུ་ཀ༔ བདེ་དྲོད་མེ་ཕུང་འབར་བར་བཞུགས༔ སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་པདྨ་ཙཎྜ་ལཱི་ཛྭ་ལ་རཾ་མ་ཧཱ་སུ་ཁ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཅི་ནུས་དང༌། ཏིང་ལོའང་ལྷར་བསྐྱེད་ལ་སྔགས་ཅི་རིག་བཟླས་པས་བརྟན་པར་བྱ། མཆོད་བསྟོད་སྤྱི་འགྲེ་གང་རུང་སྦྱར། དབང་ལ་ཁྲུས་སོགས་སྤྱི་ལྟར། བླ་མ་འཆི་མེད་མཁའ་འགྲོ་མས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ དབང་བཞིས་ཡོངས་སུ་སྨིན་པ་དང༔ བདེ་དྲོད་ཡེ་ཤེས་བསྐྱེད་དུ་གསོལ༔ སྐྱབས་སེམས་སྡོམ་བཟུང༌། ཡེ་ཤེས་དབབ་བརྟན་དེ་ནས་དབང་བཞི་སྤྱིར་བསྐུར་བ་ནི། ཐོད་པ་གནས་བཞིར་བཞག་སྟེ། བདུད་རྩི་གནས་བཞིར་འབེབས་པ་དང་དབང་བཞི་ཐོབ་པའི་དོན་ངོ་སྤྲོད་ལ། ཧྲཱིཿ རང་བྱུང་བདེ་སྐྱོང་གཞལ་ཡས་སུ༔ ཚེ་ཡུམ་པདྨ་ཌཱ་ཀི་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞིའི་ཡེ་ཤེས་སྨིན་པར་ཤོག༔ སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཁྱད་པར་དྲོད་དང་བདེ་བའི་བྱིན་རླབས་ནི། ཏིང་ལོ་འབར་བཞིན་པ་ཙཎྜ་ལཱིར་གསལ་བ་བྱིན་པ་ལྟེ་བའི་ཨ་ཐུང་ལ་ཐིམ་པས་མེ་འབར་བའི་དམིགས་པ་ཁྲིད་ལྟར་ཕོག །ལུས་གནད་དང་བཅས་མེ་དམིགས་བདུན་བསྒོམ་དུ་བཅུག །ཐོད་པའི་ལྷ་མོ་ཞུ་བ་སྤྱི་བོའི་ཧཾ་དང་དབྱེར་མེད་པ་ལས་བདུད་རྩི་བབས་པས་བདེ་བ་བསྐྱེད་ཅིང༌། མཐར་མི་རྟོགས་པའི་ངང་དུ་འཇོག །སྤྲོ་ན་ཚེ་རིལ་ཆང་ཡང་སྦྱིན། རྗེས་འདྲའོ། །འདི་རྩ་བའི་ཚེ་དབང་དང་སྦྲེལ་མར་བསྐུར་ནའང་རུང་བས། དེ་ལྟར་ན་རྩ་དབང་ཤིས་བརྗོད་ཡན་གྲུབ་རྗེས། མཎྜལ། གསོལ་འདེབས། དེ་ནས་ལྷ་བསྐྱེད་མན་གོང་ལྟར་མཐར་མཇུག་གི་ཆོས་ཐུན་མོང་དུ་བྱས་པས་གྲུབ་བོ། །མཉྫུ་གྷོ་ཥས་སོ། །མངྒ་ལཾ། དགེའོ།།
[edit]

@#/__/thugs sgrub bar chad kun sel gyi zhal gdams snying byang dngos shug sbas gsum gyi dgongs pa dang*/_gab byang gi man ngag_/sprul pa'i gter ston chen po'i phyag bzhes sogs la brten sgos dbang rgyas par bskur/_1_dang po phyi gsol 'debs kyi tshul du bsgrub pa'i dbang bla ma mchod pa'i cho ga ltar/_1_gnyis pa chos sku snang ba mtha' yas pad+ma tshe dpag med phyag rgya gcig pa'i dbang stabs bder bskur ba la/_dkyil 'khor ras bris sam/_tshom bu/_ma 'byor na tshe 'brang la brten kyang rung*/_gang ltar tshe 'brang*/_tshe ril/_tshe chang*/_mtha' brten/_gzhan yang mchod gtor sogs spyi ltar/_phrin las snying po cung zad kha bsgyur dang*/_dngos gzhi/_rgyu yi ting 'dzin hrIHdmar po:_sogs dang*/_b+h+rU~M las rin chen gzhal yas mtshan nyid rdzogs:_zhes pa'i mtshams/_dbus nyid dwangs ma sogs snying byang gzhung ltar/_skyil krung bzhugs:_snang stong zung 'jug nas/_hrIHhU~M trA~M oM aH_a b+hi Shiny+tsa hU~M:_hU~M hrIH_yul gyi ming ni sogs/_sku gsum dbyer med o rgyan tshe dpag med:_ces dang*/_rab 'byams rtsa gsum tshe lha'i sogs dang*/_bar chad kun sol 'chi med dngos grub stsol:_a mA ra Na'i mthar/_dzaHhU~M baM hoHsogs/_pad+ma tshe yi lha la phyag 'tshal bstod:_ces dang*/_bstod pa snying byang ltar/_dzapa khang phyes la dzapa bskul/_rang gi snying dbus stong gsal 'od lnga'i klong:_rgya gram lte bar sogs_'ub kyis bsdus:_zhu zhing khol bas rang lus sogs sngags/_a mA ra Ni rkyang pa mthar mchod bstod gsol gdab/_pad+ma tshe dpag med pa'i sbyor mtshams nas:_'od 'phros pho nya mgyogs ma'i tshogs rnams spros:_de dag sogs/_hU~M hrIH_tshe dpag med mgon thugs dam sogs/_steng 'og phyogs mtshams 'byung po sogs/_'byung lnga'i bcud dang rigs lnga'i tshe mchog kun:_sogs/_a mA ra Ni dang tshe gzungs kyang bzla/_hU~M hrIH_'khor 'das sogs/_spro na snying byang ltar tshogs mchod bya/_rig me dor nas bdag 'jug blang*/_dbang la/_khrus/_bgegs bskrad/_srung 'khor/_maN+Dal/_'gro ba'i mgon po sogs gsol gdab/_phrin las snying po'i skyabs sems/_o rgyan gdung 'dzin sogs sdom bzung*/_pad+ma tshe dpag med du bskyed la ye shes dbab brtan/_tshe 'gugs/_tshe 'brang*/_tshe ril/_tshe chang*/_rgyas gdab/_spro na mtha' brten bkra shis rdzas rtags sogs/_gang ltar yang shis brjod dang*/_dam tshig khas blang sogs spyi ltar bya'o/__!__tshe yum tsaN+Da lI'i byin rlabs zab mo gud du sbas pa ni/_dkyil 'khor dbus su bdud rtsi dar dmar gyi kha bkab pa dang*/_ting lo dmar po bshams/_mchod gtor sogs 'dra/_bdag bskyed pad+ma tshe dpag med dang*/_mdun gyi rten bsang sbyangs/_stong pa'i ngang las skad cig gis/_/rang byung bde skyong gzhal med khang*/_/bdud rtsi bcud kyis gtams pa'i dbus/_/tshe yum DA ki sku mdog dmar:_mnyam bzhag tshe yi bum pa bsnams:_khro chags sgeg 'dzum 'od zer 'phro:_dar dang rin chen rgyan gyis brgyan:_pad+ma nyi zla'i gdan steng du:_zhabs zung pad+ma'i skyil krung rol:_spyi bor bla ma he ru ka:_bde drod me phung 'bar bar bzhugs:_sku las 'chi med bdud rtsi'i rgyun:_babs pas bum pa gang bar gyur:_oM pad+ma tsaN+Da lI dz+wa la raM ma hA su kha a yur+dz+nyA na sarba sid+d+hi hU~M hU~M:_ci nus dang*/_ting lo'ang lhar bskyed la sngags ci rig bzlas pas brtan par bya/_mchod bstod spyi 'gre gang rung sbyar/_dbang la khrus sogs spyi ltar/_bla ma 'chi med mkha' 'gro mas:_bdag la brtse bas nyer dgongs nas:_dbang bzhis yongs su smin pa dang:_bde drod ye shes bskyed du gsol:_skyabs sems sdom bzung*/_ye shes dbab brtan de nas dbang bzhi spyir bskur ba ni/_thod pa gnas bzhir bzhag ste/_bdud rtsi gnas bzhir 'bebs pa dang dbang bzhi thob pa'i don ngo sprod la/_hrIH_rang byung bde skyong gzhal yas su:_tshe yum pad+ma DA ki bzhugs:_skal ldan khyod la dbang bskur bas:_dbang bzhi'i ye shes smin par shog:_sngags mthar/_kA ya wAka tsit+ta a b+hi Shiny+tsa oM AHhU~M hrIH_khyad par drod dang bde ba'i byin rlabs ni/_ting lo 'bar bzhin pa tsaN+Da lIr gsal ba byin pa lte ba'i a thung la thim pas me 'bar ba'i dmigs pa khrid ltar phog_/lus gnad dang bcas me dmigs bdun bsgom du bcug_/thod pa'i lha mo zhu ba spyi bo'i haM dang dbyer med pa las bdud rtsi babs pas bde ba bskyed cing*/_mthar mi rtogs pa'i ngang du 'jog_/spro na tshe ril chang yang sbyin/_rjes 'dra'o/_/'di rtsa ba'i tshe dbang dang sbrel mar bskur na'ang rung bas/_de ltar na rtsa dbang shis brjod yan grub rjes/_maN+Dal/_gsol 'debs/_de nas lha bskyed man gong ltar mthar mjug gi chos thun mong du byas pas grub bo/__/many+dzu g+ho Shas so/__/mang+ga laM/_dge'o//

Footnotes

Other Information