ཐུགས་སྒྲུབ་པདྨའི་སྙིང་ཐིག་ལས། །རྩ་གསུམ་སྤྱི་དྲིལ་སྒྲུབ་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-026
Wylie title thugs sgrub pad+ma'i snying thig las/ /rtsa gsum spyi dril sgrub pa JKCL-KABUM-09-TA-026.pdf
Location chos kyi blo gros bka' 'bum
Volume 9, Text 26, Pages 465-484 (Folios 1a to 10b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. thugs sgrub pad+ma'i snying thig las rtsa gsum spyi dril sgrub pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 465-484. Bir, H.P.: Khyentse Labrang, 2012.
Genre Revelations - gter ma  ·  Sadhanas - Evocation Ritual - sgrub thabs
Cycle རྩ་གསུམ་པདྨ་སྙིང་ཐིག་ (rtsa gsum pad+ma snying thig)
Colophon

ཞེས་པའང་ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་ལ་ཆུ་སྦྲུལ་ལོ་ཟླ་༦ཚེས་ལ་སྒིས་སྣ་མཁན་རང་སློབ་རྣམ་རྒྱལ་བཟང་པོས་ཡིད་ལ་གང་དྲན་ཞིག་འབྲི་བར་བསྐུལ་བའི་རྐྱེན་ལས་ལྷ་བསྐྱེད་ཡན་བྲིས་ནས། འཕྲོས་ལུས་པ་ལོ་དེའི་གྲོ་ཞུན་ཟླ་བའི་ཚེས་ལ་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལས་བྲི་འདོད་བྱུང་བཞིན་ཁྱུང་ཆེན་རྡོ་རྗེའི་བྲག་རྫོང་གི་མཁའ་འགྲོའི་དགའ་ཚལ་དང་། གུ་རུའི་གསང་ཕུག་ཏུ་རྫོགས་པར་བྲིས་པ་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །བཀྲ་ཤིས་སོ།།

zhes pa'ang kho bo pad+ma ye shes rdo rje la chu sbrul lo zla 6tshes la sgis sna mkhan rang slob rnam rgyal bzang pos yid la gang dran zhig 'bri bar bskul ba'i rkyen las lha bskyed yan bris nas/__'phros lus pa lo de'i gro zhun zla ba'i tshes la mkha' 'gro'i byin rlabs kyi rkyen las bri 'dod byung bzhin khyung chen rdo rje'i brag rdzong gi mkha' 'gro'i dga' tshal dang /__gu ru'i gsang phug tu rdzogs par bris pa bstan pa dang sems can la phan par gyur cig__/bkra shis so//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཐུགས་སྒྲུབ་པདྨའི་སྙིང་ཐིག་ལས། །རྩ་གསུམ་སྤྱི་དྲིལ་སྒྲུབ་པ་བཞུགས། ། རང་རིག་དོན་གྱི་ལྷ་ལ་འདུད། །གུ་རུ་པདྨ་འབྱུང་གནས་ཀྱི། །ཐུགས་སྒྲུབ་བྱེ་བ་བསམ་ལས་འདས། །ཡང་སྙིང་རྩ་གསུམ་སྤྱི་དྲིལ་གྱི། །སྒྲུབ་ཐབས་ཟབ་མོ་འདི་ཉིད་ནི། །སྒྲུབ་པར་འདོད་པའི་གང་ཟག་གིས། །དབེན་ཅིང་ཉམས་དགའི་གནས་མཆོག་ཏུ། །རྩ་བ་གསུམ་གྱི་སྣང་བརྙན་བཤམས། །སྤོད་ལྡན་གཏོར་མ་བང་རིམ་སྟེང་། །པདྨ་ཟླ་ཉི་བརྩེགས་པའི་ཁར། །དཔལ་གཏོར་བརྗིད་ལྡན་རྒྱན་སྤྲོས་ལ། །དར་དམར་གུར་ཆེན་མཛེས་པར་ཕུབས། །སྨན་རཀ་ཕྱི་ནང་མཆོད་པ་སོགས། །ལེགས་བཤམས་བདེ་བའི་སྟན་ལ་འདུག །སྔོན་འགྲོ་དངོས་གཞི་རྗེས་རིམ་མོ། །དང་པོ་སྔོན་འགྲོ་སྐྱབས་སུ་འགྲོ། །ཨ། རང་རིག་རྩ་བ་གསུམ་གྱི་དངོས། །མཆོག་གསུམ་འདུས་པའི་བདག་ཉིད་རྗེ། །བདག་སོགས་མ་གྱུར་སེམས་ཅན་རྣམས། །མི་ཕྱེད་དད་པས་སྐྱབས་སུ་མཆི། །སེམས་བསྐྱེད་ནི། ནམ་མཁའི་མཐའ་ཀླས་འགྲོ་བ་ཀུན། །རང་གནས་རྩ་གསུམ་མངོན་གྱུར་ཕྱིར། །ཚད་མེད་བཞི་དང་ལྡན་པའི་བློས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བགེགས་ལ་བཀའ་བསྒོ་བ་ནི། རང་ཉིད་གཉུག་མའི་ཧེ་རུ་ཀ། དབང་ཆེན་ཁྲོས་པའི་སྐུ་རུ་གསལ། །བདག་ཉིད་པདྨ་ཧེ་རུ་ཀའི། །ཐུགས་ལས་སྤྲོས་པའི་ཁྲོ་ཚོགས་ཀྱིས། །སྲིད་གསུམ་འབྱུང་པོ་མ་ལུས་ཀུན། །ཕྱི་རོལ་རྒྱ་མཚོའི་མཐར་བསྐྲད་གྱུར། །ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་བྲབ། མཚམས་གཅོད་ནི། ཧཱུྃ། བདག་ཉིད་ཁྲོས་པའི་ཧེ་རུ་ཀའི། །འབར་བའི་སྟངས་སྟབས་ཕྱོགས་བཅུར་གཡོ། །ཁྲོ་ཚོགས་སྐར་ལྟར་ཤིགས་སེ་ཤིག །རྡོ་རྗེའི་སྲུང་གུར་ལྷུན་གྱིས་གྲུབ། །བཛྲ་རཀྵ་རཀྵ་ཧཱུྃ། བརྡ་ཕྱག་ནི། ཧཱུྃ། གདོད་ནས་ལྷ་དང་གཉིས་སུ་མེད། །ཡེ་ནས་ལྷུན་གྲུབ་དཀྱིལ་འཁོར་དཔལ། །རང་རིག་བརྡ་ཡི་སྒོ་དབྱེ་ཞིང་། །གཉིས་སུ་མེད་པས་མཇལ་ཕྱག་འཚལ། བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། བཤགས་པ་ནི། ཧོཿབདག་གཞན་གཉིས་སུ་འཛིན་པའི་སེམས། །ཡེ་གྲོལ་དོན་ལ་སྒྲིབ་པས་ན། །མ་རིག་འཁྲུལ་པ་ཅི་མཆིས་པ། །ཡེ་གྲོལ་ལྟ་བའི་ངང་དུ་བཤགས། །ས་མ་ཡ་བི་ཤུདྡྷེ་ཨ་ཨ། དམ་བཅའ་བ་ནི། ཨོཾ། ཀུན་བཟང་བླ་ན་མེད་པ་ཡི། །བྱང་ཆུབ་དང་པོའི་རྡོ་རྗེ་ཉིད། །མཆོག་ཏུ་མི་འགྱུར་བརྟན་པར་བཟུངས། །བྱང་ཆུབ་ཆེན་པོར་དམ་བཅའ་འོ། །བོ་དྷི་ཙིཏྟ་བཛྲ་ས་མ་ཡ་ཨ། བྱིན་དབབ་པ་ནི། ཧཱུྃ་ཧྲཱིཿསྐུ་གསུམ་མཐའ་དབུས་བྲལ་བའི་ཞིང་། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང་། །དབང་བསྐུར་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཧཱུྃ་ཧཱུྃ་ཛཿཧཱུྃ་བྃ་ཧོཿས་བྱིན་རླབས་བསྟིམ། མཆོད་པ་བྱིན་བརླབ་ནི། ཧཱུྃ། བརྟན་གཡའི་སྣང་བ་ཐམས་ཅད་ནི། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ། །ནམ་མཁའི་མཛོད་ཀྱི་འཁོར་ལོའི་སྤྲིན། །ཟད་མི་ཤེས་པའི་གཏེར་དུ་གྲུབ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ། རཱུ་པ་ནས། སྤཪྴེ། སྨན་གཏོར་རཀྟའི་སྔགས་ལན་གསུམ་བརྗོད། ཞེས་པས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞིའི་ལས་རིམ་ལ། ལྷ་བསྐྱེད་པ་ནི། ཨཿསྨྲ་བསམ་བརྗོད་བྲལ་དེ་བཞིན་ཉིད། །འགགས་མེད་སྙིང་རྗེ་ཀུན་ཏུ་སྣང་། །ཧྲཱིཿཡིག་དམར་པོའི་ཆོ་འཕྲུལ་ལས། །འབྱུང་ལྔ་རིམ་བརྩེགས་རི་རབ་སྟེང་། །རྡོ་རྗེའི་སྲུང་འཁོར་ཡངས་པའི་དབུས། །ཐར་པ་ཆེན་པོའི་གཞལ་ཡས་ཁང་། །རྒྱ་ཁྱོན་བཀོད་པ་ཚད་མེད་པ། །འཇའ་ཚོན་འོད་ལྔ་བྲིས་པའི་ཀློང་། །ལྟེ་བར་སེང་ཁྲི་པད་ཟླ་ཉི། །དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་། །ནམ་མཁར་གནས་པའི་ཧྲཱིཿཡིག་བབ། །གསེར་གྱི་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་ཧྲཱིཿས་མཚན་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་སྡུག་བསྔལ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །བླ་མ་པདྨ་བཛྲ་རྩལ། །དམར་གསལ་ཧེ་རུ་ཀ་པའི་ཆས། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །སྟག་གི་པགས་པའི་ཤམ་ཐབས་དང་། །དར་དང་རིན་ཆེན་རུས་པས་བརྒྱན། །དབུ་སྐྲ་ཐོར་ཅོག་བཅིངས་པའི་རྩེར། །ནོར་བུའི་ཏོག་དང་ཟླ་ཕྱེད་བརྒྱན། །མི་མགོ་སྐམ་རློན་དོ་ཤལ་འཕྱངས། །ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམ་གྱི། །འདོར་སྟབས་མེ་དཔུང་ཀློང་ན་བཞུགས། །སྐུ་ནང་འཁོར་ལོ་ལྔ་ལྡན་གྱི། །སྤྱི་བོར་ཨོ་རྒྱན་རྡོ་རྗེ་འཆང་། །མཐིང་གསལ་རྡོ་རྗེ་དྲིལ་བུ་བསྣོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་ལ་བཞུགས། །ཐོད་ཕྲེང་སྡེ་ལྔ་རིག་འཛིན་བརྒྱད། །རྩ་འདབ་གྲངས་དང་མཉམ་པར་བཞུགས། །མགྲིན་པར་ཐུགས་ཆེན་པདྨའི་རྒྱལ། །ཕྱག་གཡས་པདྨའི་ཕྲེང་བ་འདྲེན། །གཡོན་པས་མཉམ་བཞག་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །པད་ཟླའི་སྟེང་ན་སྐྱིལ་ཀྲུང་བཞུགས། །གསང་ཡེ་དམར་སྐྱ་ཌཱ་དྲིལ་འཁྲོལ། །ཡབ་ལ་འཁྱུད་ཅིང་པད་སྐྱིལ་རོལ། །རྩ་འདབ་གྲངས་མཉམ་ཌཱ་ཀིས་བསྐོར། །ཐུགས་འཁོར་པད་ཉི་དྲེགས་པའི་སྟེང་། །ཡི་དམ་དཔལ་ཆེན་ཧེ་རུ་ཀ། མཐིང་ནག་ཁྲོ་ཚུལ་གར་དགུ་ལྡན། །ཞལ་གཅིག་ཕྱག་གཉིས་རྡོར་ཐོད་བསྣམས། །དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན། །རྩ་འདབ་སྒྲུབ་སྡེ་བརྒྱད་པོ་གསལ། །ལྟེ་བར་རྟ་མགྲིན་དཔའ་བོ་དམར། །ཕྱག་གཉིས་པདྨའི་གྲི་ཐོད་བསྣམས། །དབུ་གཙུག་རྟ་གདོང་ལྗང་གུ་འཚེར། །ཕྱོགས་བཞིར་དཔའ་བོ་རིགས་བཞི་དང་། །རྩ་འདབ་གྲངས་མཉམ་དྷཱ་ཀི་གསལ། །གསང་གནས་གྲུ་གསུམ་ཨེ་ཡི་ཀློང་། །གཉིས་མེད་མ་ནིང་ནག་པོ་ནི། །ཕྱག་གཉིས་རུ་མཚོན་ཐོད་ཁྲག་བསྣམས། །བིང་ཆེན་སྐེད་བཙུགས་སྤྲུལ་པ་འགྱེད། །མདུན་དུ་ཨེ་ཀ་ཛཱ་ཊི་དང་། །གཡས་སུ་གཟའ་མཆོག་རཱ་ཧུ་ལ། །རྒྱབ་ཏུ་སྐྱེས་བུ་རྡོ་རྗེ་ལེགས། །གཡོན་དུ་ལྷ་མོ་རེ་མ་ཏཱི། །རྩ་འདབ་གྲངས་མཉམ་རྒྱུད་གསུམ་གྱི། །དྲེགས་པ་ཕོ་མོའི་ཚོགས་རྣམས་གསལ། །གཙོ་མཆོག་ཡབ་ཀྱི་རང་འོད་ལས། །རྣལ་འབྱོར་དམར་སྐྱ་གྲི་ཐོད་འཛིན། །རུས་པའི་རྒྱན་ལྡན་བརྐྱངས་བསྐུམ་གྱིས། །ཡབ་ལ་འཁྲེལ་ཞིང་དགྱེས་པ་བསྐྱེད། །ཕྱི་རོལ་པད་འདབ་བརྒྱད་གཉིས་ལ། །ཤར་ནས་བརྩམས་ཏེ་གཡས་བསྐོར་དུ། །པདྨ་འབྱུང་གནས་སྐུ་མདོག་མཐིང་། །རྡོར་ཐོད་ཡུམ་དང་གཉིས་མེད་འཁྲིལ། །ཤར་ལྷོར་པདྨ་སམྦྷ་དཀར། །པད་ཕོར་གཡས་ལ་སྐྱབས་སྦྱིན་གཡོན། །ལྷོ་རུ་བློ་ལྡན་མཆོག་སྲེད་དཀར། །ཌཱ་རུ་གཡས་ལ་པད་ཕོར་གཡོན། །ལྷོ་ནུབ་པདྨ་རྒྱལ་པོ་དམར། །ཌཱ་རུ་གཡས་ལ་མེ་ལོང་གཡོན། །ནུབ་ཏུ་ཉི་མ་འོད་ཟེར་སེར། །ཁ་ཊྭཱྃ་གཡས་ལ་ཉི་ཟེར་གཡོན། །ནུབ་བྱང་ཤཱཀྱ་སེང་གེ་སེར། །ས་གནོན་མཉམ་བཞག་ལྷུང་བཟེད་འཛིན། །བྱང་དུ་སེང་གེ་སྒྲ་སྒྲོགས་མཐིང་། །ཁྲོ་ཆས་རྡོ་རྗེ་སྡིག་མཛུབ་མཛད། །བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག །ཁྲོ་གཏུམ་རྡོར་ཕུར་སྟག་སྟེང་འགྱིང་། །དེ་ཡི་ཕྱི་རིམ་འདབ་བརྒྱད་ལ། །ཨིནྡྲ་བྷཱུ་ཏི་ས་ར་ཧཱ། །ལོ་ཧི་པ་དང་བི་རཱུ་པ། །དྲིལ་བུ་པ་དང་ནག་པོ་སྤྱོད། །ཀུ་ཀྐུ་རི་པ་ཏི་ལི་པ། །གྲུབ་ཐོབ་ཆེན་པོ་བརྒྱད་རྣམས་ནི། །རྣལ་འབྱོར་སྤྱོད་པའི་ཚུལ་གྱིས་བཞུགས། །དགྱེས་བསྐྱེད་བདེ་ཆེན་ལྷ་མོ་རྣམས། །རང་རང་རིགས་དང་གཉིས་མེད་བསྟེན། །དེ་ཕྱིར་ཐུགས་གསུང་སྐུའི་འཁོར་ལོར། །དཔའ་བོ་དཔའ་མོ་ཉེར་བཞི་རྣམས། །ཌཱ་དྲིལ་འཁྲོལ་ཞིང་གར་སྟབས་བསྒྱུར། །རུས་རྒྱན་དར་དཔྱངས་ཡབ་ཡུམ་འཁྲིལ། །ཁྱམས་ལ་གིང་ཆེན་བཅུ་དྲུག་དང་། །སྒོ་བཞིར་དཔའ་བོ་སྡེ་བཞི་ནི། །རང་རྟགས་ཕྱག་མཚན་ཡུམ་དང་འཁྲིལ། །ཞབས་གཉིས་བརྐྱངས་བསྐུམ་གར་སྟབས་ཀྱི། །པདྨ་ཉི་མའི་སྟེང་ན་རོལ། །གཙོ་དང་འཁོར་གྱི་གནས་གསུམ་དུ། །ཡིག་འབྲུ་གསུམ་གྱིས་རྒྱས་གདབ་བོ། །ཨོཾ་ཨཱཿཧཱུྃ། ནམ་མཁའ་གང་བའི་དབང་གི་ལྷ། །སྤྱན་དྲངས་རིགས་ལྔས་དབུ་བརྒྱན་གྱུར། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་སུ་ར་ཏ་སྟྭཾ་ཨཱཏྨ་ཀོ྅་ཧཾ། སྤྱན་དྲངས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། རང་བྱུང་རྣམ་དག་ཕོ་བྲང་ནས། །བླ་མ་ཆོས་སྐུའི་ལྷ་ཚོགས་གཤེགས། །གསལ་སྣང་འགག་མེད་ཀློང་ཡངས་ནས། །བླ་མ་ལོངས་སྐུའི་ལྷ་ཚོགས་གཤེགས། །གང་འདུལ་ཐུགས་རྗེའི་ཞིང་ཁམས་ནས། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་གཤེགས། །འོག་མིན་སྟུག་པོ་བཀོད་པ་ནས། །རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་གཤེགས། །གར་བཞུགས་བདེ་ཆེན་དག་པའི་ཞིང་། །མ་ཚོགས་མཁའ་འགྲོ་ཆོས་སྐྱོང་རྣམས། །བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ། །ཐུགས་རྗེ་ཆར་ལྟར་ཤ་ར་ར། །དམ་ཚིག་དག་པའི་གནས་འདི་རུ། །གློག་ལྟར་མྱུར་དུ་གཤེགས་ནས་ཀྱང་། །ཚོགས་ཁང་འདི་ལ་བྱིན་ཅིག་ཕོབས། །དཀྱིལ་འཁོར་འདི་ལ་བཀྲག་ཅིག་སྟོན། །སྒྲུབ་རྫས་རྣམས་ལ་མདངས་ཅིག་བསྐྱེད། །རྣལ་འབྱོར་མཆེད་དང་ལྕམ་དྲལ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཨེ་ཨཱ་རལླི་ཧྲིང་ཧྲིང་ཕཻཾ་ཕཻཾ། ཨཱ་ཝེ་ཤ་ཡ་ཨ་ཨཱ་ཛཿཧཱུྃ་བྃ་ཧོཿབཞུགས་གསོལ་ནི། ཧཱུྃཿདབྱིངས་ནས་སྤྱན་དྲངས་ཡེ་ཤེས་ཚོགས། །དམ་ཚིག་དཀྱིལ་འཁོར་ཆེན་པོ་ལ། །དགྱེས་མཉམ་ཆེན་པོས་བརྟན་པར་བཞུགས། །བྱང་ཆུབ་རྡོ་རྗེར་དབྱེར་མེད་བརྟན། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་ནི། ཧོཿབླ་མ་པདྨ་བཛྲ་རྩལ། །བདེ་མཆོག་བདེ་ཆེན་དཀྱིལ་འཁོར་པར། །རང་དང་དབྱེར་མེད་ལྟ་བའི་ཕྱག །རང་རིག་བརྡ་ཡི་ཕྱག་བགྱིའོ། །ཨ་ཏི་པཱུ་ཧོཿཔྲ་ཏིཙྪ་ཧོཿམཆོད་པའི་ལས་རིམ་ནི། ཧཱུྃ་ཧྲཱིཿབླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱག་རྒྱ་གར་དང་ཕྱི་ནང་མཆོད་པ་དང་། །སྦྱོར་སྒྲོལ་གཏོར་མ་སྨན་དང་རཀྟས་མཆོད། །མཆོད་བྱ་མཆོད་བྱེད་མཆོད་ཡུལ་བྲལ་བ་ཡི། །ཀུན་བཟང་བདེ་ཆེན་རོལ་མོའི་སྤྲིན་དུ་མཆོད། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པར་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ནས་སྤཪྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཏན་གྷ་ཎ་དྷརྨ་དྷཱ་ཏུ་པཱུ་ཙ་ཧོཿབསྟོད་པ་ནི། ཧཱུྃ་ཧྲཱིཿཀུན་གཞི་འོད་གསལ་རང་རིག་བྱང་ཆུབ་སེམས༔ དཀྱིལ་འཁོར་ཀུན་གཙོ་པདྨ་བཛྲ་རྩལ༔ ཐབས་ཤེས་དབྱེར་མེད་ཕྱག་རྒྱ་ཆེན་པོའི་སྐུ༔ ཡོན་ཏན་དྲན་པའི་གླུ་ཡི་རོལ་མོས་བསྟོད༔ ཧཱུྃ་ཧྲཱིཿགཙོ་མཆོག་ཡེ་ཤེས་ཆེན་པོའི་རྣམ་རོལ་ལས༔ བུདྡྷ་བཛྲ་རཏྣ་པདྨ་དང་༔ ཀརྨ་ཐོད་ཕྲེང་རིགས་ཀྱི་ཡུམ་བཅས་ལ༔ ཕུང་པོ་དུག་ལྔ་ཡེ་གྲོལ་ངང་ནས་བསྟོད༔ རིག་འཛིན་བརྒྱད་སོགས་དགོངས་བརྡ་སྙན་བརྒྱུད་ཀྱི༔ རྩ་བརྒྱུད་བླ་མ་བྱེ་བ་ས་ཡ་དང་༔ ཐུགས་རྗེ་ཆེན་པོ་པད་རྒྱལ་ཡབ་དང་ཡུམ༔ ཆེ་མཆོག་སྒྲུབ་སྡེ་བརྒྱད་ལ་ཕྱག་འཚལ་བསྟོད༔ དབང་ཆེན་རྟ་ཕག་ཡབ་ཡུམ་དཔའ་བོ་དང་༔ དྷཱ་ཀི་རབ་འབྱམས་འཁོར་ཚོགས་རྒྱ་མཚོས་བསྐོར༔ ཡེ་ཤེས་མགོན་པོ་མ་ནིང་ལྕམ་དྲལ་སོགས༔ རྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་ལ་བསྟོད༔ ཕྱི་འཁོར་རིག་འཛིན་རྣམ་བརྒྱད་གྲུབ་ཆེན་བརྒྱད༔ པདྨ་འབྱུང་གནས་པདྨ་སམྦྷ་ཝ༔ བློ་ལྡན་མཆོག་སྲེད་པདྨ་རྒྱལ་པོ་དང་༔ ཉི་མ་འོད་ཟེར་ཤཱཀྱ་སེང་སྒྲོགས་དང་༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ གསང་སྔགས་སྤྱོད་པའི་རྣལ་འབྱོར་གྲུབ་ཆེན་བརྒྱད༔ གང་འདུལ་མཚན་དང་རྣམ་འགྱུར་མཐའ་ཡས་སྟོན༔ བཅུ་དྲུག་དགའ་བཞིའི་ཉམས་རྩལ་རྫོགས་པའི་གར༔ སྦྱོར་སྒྲོལ་བརྟུལ་ཞུགས་སྤྱོད་ལ་ཕྱག་འཚལ་བསྟོད༔ དཔའ་བོ་དཔའ་མོ་ཉེར་བཞི་གིང་དང་ནི༔ སྒོ་སྐྱོང་དཔའ་བོ་ཡབ་ཡུམ་བཞི་ལ་སོགས༔ ཞི་དང་ཁྲོ་ཚོགས་རབ་འབྱམས་རྒྱ་མཚོ་དང་༔ མ་དང་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་དང་འཁོར༔ མཆོག་ཏུ་དད་པའི་ཡིད་ཀྱིས་བསྟོད་པར་བགྱི༔ དེ་ལྟར་བསྟོད་པའི་གླུ་མཆོད་ཕུལ་བའི་མཐུས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་རབ་བསྐྱེད་དེ༔ ཐུགས་རྗེ་བྱིན་རླབས་ཆར་ལྟར་དབབ་ནས་ཀྱང་༔ ལྷ་དང་འདུ་འབྲལ་མེད་པའི་དངོས་གྲུབ་སྩོལ༔ བཟླས་པ་ལ། བསྙེན་པ་ནི། གཙོ་མཆོག་པདྨ་བཛྲ་གྱི༔ ཐུགས་ཀར་བཛྲ་ཧེ་རུ་ཀའི༔ ཐུགས་དབུས་ཉི་ཟླའི་གྭའུ་ནང་༔ རྡོ་རྗེ་སྔོན་པོ་ནས་འབྲས་ཙམ༔ ལྟེ་བར་ཧཱུྃ་སྔོན་འོད་འབར་བའི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ གཡས་སུ་འཁོར་བའི་འོད་ཟེར་གྱིས༔ རྒྱལ་མཆོད་བྱིན་བསྡུས་བདག་ལ་ཐིམ༔ མར་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས༔ དཀྱིལ་འཁོར་གསུམ་གྱི་ངོ་བོར་སང་༔ བདག་ཐིམ་མཐུ་དབང་རྩལ་ཆེན་རྫོགས༔ ལྷ་སྔགས་དབྱེར་མེད་ངང་ནས་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷཱུ་མ་གྷ་ཡེ་ན་མཿསརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་གསང་གསུམ་གྱི༔ མཚན་མ་དངོས་ཉམས་རྨི་ལམ་དུ༔ སྐལ་བ་འཚམས་པ་ཐོབ་པར་འགྱུར༔ སྒྲུབ་པ་ནི། ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་ཟེར་སྒྲ་དང་བཅས་པ་འཕྲོས༔ ལུས་དཀྱིལ་ལྷ་རྣམས་ཐུགས་རྒྱུད་བསྐུལ༔ སྙོམས་ཞུགས་བདེ་བའི་སྒྲ་དང་ནི༔ འོད་ཟེར་དང་བཅས་ཡབ་ཡུམ་གྱི༔ ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་དེ༔ མཁའ་གསང་ནས་བརྒྱུད་ནོར་བུའི་ལམ༔ བརྒྱུད་ནས་ཐུགས་སྲོག་ལ་ཐིམ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནཱི་པདྨ་བཛྲ་མ་ཧཱ་སུ་ཁ་ལོ་ཀི་ཤྭ་ར་དྷཱུ་མ་གྷ་ཡེ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་པདྨ་ཀྲོ་དྷ་ཀཱི་ལ་ཡ་གུ་ཧྱ་ཀྲོ་དྷཱི་མ་ཧཱ་གུ་རུ་བཛྲ་ཙཎྜ་སརྦ་དུཥྚན་པདྨཱནྟ་ཀྲྀཊ་བཛྲ་ཝཱ་ར་ཧི་ཏྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་མ་ཧཱ་ཀཱ་ལ་ཏྲ་ཀ་རཀྴ་རཱ་ཧུ་ལ་ས༷་དྷཱུ་ཏྲི་དྷརྨ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་འབུམ་ཕྲག་བཞི་བཟླས་པསཿརང་རིག་དགོངས་པའི་རྩལ་ཆེན་རྫོགསཿལས་སྦྱོར་ནི། སླར་ཡང་དཀྱིལ་འཁོར་ལྷ་ཚོགས་ལས༔ འོད་འཕྲོས་འཁོར་གྱི་ལྷ་ཚོགས་བསྐུལ༔ ལས་རྣམས་མ་ལུས་ཀུན་སྒྲུབས་ཤིང་༔ ཕྲིན་ལས་རྣམ་བཞི་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཤཱཀྱ་སེངྒེ་པྲཉྫ་ཛྙཱ་ན་སཱུཪྻ་རསྨི་པདྨ་རཱ་ཛ་པཱ་ར་བཛྲ་ཀྲོ་དྷ་ཙཎྜ་གྲོ་བོ་ལོད་སརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཁྲི་ཕྲག་གཅིག་བཟླས་ལས་རྣམས་འགྲུབ༔ ཐུན་མཐར་སྟོང་ཚིག་མཆོད་བསྟོད་དང་༔ ནོངས་བཤགས་བྱ་ཞིང་དངོས་གྲུབ་གསོལཿས་མ་ཡ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ ཚོགས་རྫས་ཅི་འབྱོར་བ་དང་ནི༔ ཁྱད་པར་ཤ་ཆང་མེད་མི་རུང་༔ རྣལ་འབྱོར་ལྷ་ཡི་ས་མ་རྡིར༔ གནས་པས་རྫས་རྣམས་བྱིན་གྱིས་བརླབ༔ ཧཱུྃ༔ རང་རིག་རྩལ་ལས་རྃ་འཕྲོས་པས༔ ཡེ་ཤེས་མེ་ཡིས་བསྲེགས་ཤིང་སྦྱངས༔ ཡྃ་འཕྲོས་རླུང་གིས་བག་ཆགས་གཏོར༔ ཁྃ་འཕྲོས་ཆུ་བྱུང་གཉིས་འཛིན་བཀྲུས༔ རྃ་ཡྃ་ཁྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ ཨོཾ་འཕྲོས་ཚོགས་ཀྱི་དྲི་མ་སྦྱངས༔ ཨཱཿའཕྲོས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ་འཕྲོས་ཟག་པ་མེད་པ་ཡི༔ ཡེ་ཤེས་ཚོགས་གཏོར་མཁའ་ཁྱབ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་སྤྱན་དྲངས་པ་ནི། ཧཱུྃ་ཧྲཱིཿསྐུ་གསུམ་ཞིང་ཁམས་རྒྱ་མཚོ་ནས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ འདོད་ཡོན་མཆོད་བཞེས་དངོས་གྲུབ་སྩོལ༔ ཚོགས་ཁང་འདི་ལ་བྱིན་ཅིག་ཕོབ༔ ཚོགས་གཏོར་འདི་ལ་བཅུད་ཅིག་སྩོལ༔ འདིར་འཚོགས་རྣལ་འབྱོར་ཕོ་མོ་ལྷ༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྤོར༔ སྣོད་བཅུད་ཡེ་ཤེས་ཕྱག་རྒྱ་ཆེར༔ བྱིན་གྱིས་རློབས་པར་མཛད་དུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བྃ་ཧོཿཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ ཧཱུྃ་ཧྲཱིཿབླ་མ་རྩ་གསུམ་ལྷ་ཚོགས་ལ༔ ཞལ་ཟས་བདུད་རྩིའི་ཚོགས་མཆོད་ནི༔ ཀུན་བཟང་རྣམ་པར་རོལ་པ་ཡི༔ བདེ་ཆེན་བདུད་རྩིའི་སྤྲིན་གྱིས་མཆོད༔ བཛྲ་ས་མ་ཡ་ག་ཎ་ཙཀྲ་པཱུ་ཙ་ཧོཿབར་པས་བཤགས་ཤིང་དགྱེས་པར་སྐོང་༔ ཧཱུྃ༔ བདག་གི་ཚེ་རབས་ཐོག་མེད་ནས༔ ཐ་མ་ད་ལྟ་ཐུག་གི་བར༔ བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ་ཨ་ཨཿཧཱུྃ་ཧྲཱིཿདཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫས༔ དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི༔ ཏིང་འཛིན་རྣམ་པར་དག་པའི་མཆོད་སྤྲིན་གྱིས༔ གཙོ་མཆོག་པདྨ་བཛྲ་ཡབ་དང་ཡུམ༔ དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ཐུགས་དམ་བསྐང་༔ བུདྡྷ་བཛྲ་རཏྣ་པདྨ་དང་༔ ཀརྨ་ཐོད་ཕྲེང་སྡེ་ལྔའི་ཐུགས་དམ་བསྐང་༔ དབང་ཆེན་རྟ་མགྲིན་དཔའ་བོ་རིགས་བཞི་དང་༔ རྡོ་རྗེ་ཕག་མོ་དཔའ་མོ་རིགས་བཞི་སོགས༔ མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང་༔ པདྨ་འབྱུང་གནས་ཤཱཀ་སེང་ཉི་འོད་དང་༔ བློ་ལྡན་མཆོག་སྲེད་པད་རྒྱལ་མཚོ་སྐྱེས་རྗེ༔ སེང་གེ་སྒྲ་སྒྲོགས་རྡོ་རྗེ་གྲོ་བོ་ལོད༔ རིགས་ཀྱི་དགྱེས་ཡུམ་དང་བཅས་ཐུགས་དམ་བསྐང་༔ གིང་ཆེན་བཅུ་དྲུག་དབང་མོ་ཉེར་བརྒྱད་དང་༔ མ་བདུན་སྲིང་བཞི་ལ་སོགས་དཀྱིལ་འཁོར་གྱི། །སྒོ་བཞིར་ཁྲོ་རྒྱལ་ཡབ་ཡུམ་བཞི་ལ་སོགས༔ དཀྱིལ་འཁོར་ལྷ་ཚོགས་སྤྲུལ་དང་ཡང་སྤྲུལ་དང་༔ བཀའ་སྡོད་སྲུང་མ་ནོར་ལྷ་གཏེར་བདག་དང་༔ གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས༔ ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་བཅས་ཀྱི༔ ཐུགས་དམ་བསྐང་ངོ་མཆོད་པ་འདི་བཞེས་ལ༔ འགལ་འཁྲུལ་ཉམས་ཆགས་ཐམས་ཅད་དབྱིངས་སུ་བསྟིམ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཡིག་བརྒྱ་བརྗོད། ཚོགས་མཐའ་བསྒྲལ་བའི་ལས་ལ་འཇུག༔ རང་ཉིད་དབང་ཆེན་ང་རྒྱལ་གྱིས༔ མདུན་གྱི་ཚོགས་ཟན་ཉ་བོར་གསལ༔ ཨེ་ལས་ཐར་མེད་བྲུབ་ཁུངས་སུ༔ གནོད་བྱེད་དགྲ་བགེགས་ནྲྀ་ཏྲི་ལས༔ ཉམ་ཐག་སྐྱབས་མེད་མགོན་བྲལ་གྱི༔ རིད་ཅིང་མྱ་ངམ་ཅན་དུ་གསལ༔ བདེན་བརྡར་འགུགས་གཞུག་སྔོན་འགྲོ་བས༔ ཧཱུྃ་ཛཿདཔལ་ཆེན་ཐུགས་ལས་ཁྲོ་བོ་ནི༔ མི་བཟད་འཇིགས་རུང་སྲིན་པོའི་གཟུགས༔ སྐར་ལྟར་འཁྲུགས་པ་མང་པོ་ལས༔ ཕོ་ཉ་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུ་ཅན་སྤྲོས་པས༔ དགུག་གཞུགས་བཅིང་མྱོས་བྱ་འུག་གིས༔ སྐྱོབས་པའི་ལྷ་དང་བྲལ་བར་གྱིས༔ ཐུན་རྫས་མཚོན་ཆ་ཐོགས་པ་ཡི༔ རྡུལ་དུ་རློག་ཅིང་ཕྱེ་མར་འཐགས༔ ལུས་སེམས་དྲན་མེད་མྱོས་པར་གྱུར༔ བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿཔྲ་ཝེ་ཤ་ཡ་ཕཊ༔ ཨཱ་ཝེ་ཤ་ཡ་ཨཿཕུར་པ་ཐོགས་ལ། ཧཱུྃ༔ བདག་ཉིད་པདྨ་ཧེ་རུ་ཀའི༔ ཕྱག་ན་སྲས་མཆོག་ཕུར་བུ་ཐོགས༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་ཕུར་བུའི་དཔལ་དང་ལྡན༔ བསྒྲིལ་བས་ཁམས་གསུམ་དབང་དུ་སྡུད༔ ཕྱར་བས་བགེགས་ཚོགས་ལོག་འདྲེན་གཟིར༔ བཏབ་པས་ཀུན་གཞི་རྩད་ནས་བཅད༔ རྣམ་ཤེས་རྒྱལ་བའི་ཞིང་དུ་འཕང་༔ མ་ཏྲཾ་རུ་ཏྲ་མཱ་ར་ཡ་རྦད་ཕཊ༔ རལ་གྲི་ཐོགས་ཏེ། ཧཱུྃ༔ བདག་ཏུ་རྟོག་པའི་ལུས་ངན་འདི༔ བདག་མེད་རྟོགས་པའི་མཚོན་གྱིས་བསྒྲལ༔ ཕུང་པོ་དུམ་བུར་གཏུབ་བྱས་ཏེ༔ རྡུལ་ཕྲན་ཕྱེ་མར་འཐགས་པར་བྱ༔ མ་ཏྲཾ་རུ་ཏྲ་ཁཏྒ་ཏིཀྵ་ཎ་མཱ་ར་ཡ་རྦད༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཤ་ཁྲག་བདུད་རྩིར་སྦག་བྱས་ལ། ཧཱུྃ་བྷྱོཿགནམ་ས་ཙམ་གྱི་ཞལ་གདངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་འཁྱུགས་འདྲའི་ལྗགས་བརྐྱོངས་ལ༔ ཉམས་པ་བདུན་དང་ཞིང་བཅུ་ཚང་༔ དགྲ་བགེགས་གནོད་བྱེད་འདི་རྣམས་ཀྱི༔ ཤ་ཁྲག་རུས་པ་ཚོགས་སུ་རོལ༔ མགུལ་དུ་བསྟིམ་མོ་ཨ་ར་ལླི༔ ཁྲོ་རྒྱལ་འབར་བའི་ཞལ་དུ་བསྟབ༔ དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ཀླད་པ་རྐང་མར་ནང་ཁྲོལ་དང་བཅས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་སྦར་བ་འདི་བཞེས་ནས་དྲག་པོའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔ དེ་ནས་རྣལ་འབྱོར་མཆེད་ལྕམ་ལ༔ ཐབས་ཤེས་རྫས་རྣམས་སོ་སོར་དྲངས༔ ཧོ་སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ ཐབས་ཤེས་དམ་རྫས་བདུད་རྩི་འདི༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང་༔ དཔའ་བོ་ཆེན་པོ་དགྱེས་པར་མཛོད༔ ལེན་པོས་རྡོ་རྗེའི་གར་དང་བཅས༔ པདྨའི་ཕྱག་རྒྱས་བླངས་བྱས་ཏེ༔ ཨེ་མ་ཞི་བ་ཆེན་པོ་ཀྱཻ༔ ཚོགས་མཆོད་འོད་ཕུང་འབར་བ་འདིས༔ དབང་པོ་དྲུག་ལ་དགྱེས་བསྐྱེད་པའི༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ ཨ་ལ་ལ་ཧོཿཞེས་བླངས་ཚིམ་པར་རོལ་བྱས་ཏེ༔ བདག་མཆོད་ཀུན་མཉེས་དགའ་སྟོན་བྱ༔ རྡོ་རྗེའི་གླུ་དང་བཀྲ་ཤིས་བརྗོད༔ ཧོཿདུས་གསུམ་བསགས་པའི་དགེ་རྩ་དང་༔ ཚོགས་ཀྱི་འཁོར་ལོ་བགྱིས་པ་ཡི༔ བསོད་ནམས་གྲུབ་པ་གང་ཡོད་པ༔ དེས་ནི་འགྲོ་ཀུན་དཀྱིལ་འཁོར་ཆེར༔ ཚོམ་བུ་གཅིག་ཏུ་འཚང་རྒྱ་ཤོག །ལྷག་གཏོར་གཏོང་བ་ནི༔ རྣལ་འབྱོར་དམ་ལྡན་ལྷག་མ་དང་༔ དཔལ་ཆེན་བཞེས་འབབ་གཅིག་ཏུ་བསྲེས༔ སློབ་དཔོན་ཞལ་གྱི་ཆབ་བྲན་ཏེ༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿས༔ བྱིན་རླབས་འབར་བའི་དམ་རྒྱ་བཅས༔ ཧྲཱིཿཕཻཾ༔ སྔོན་ཚེ་ཞལ་བཞེས་དམ་བཅས་པའི༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་སྡུད་ཅིང་ཧབ་ཤ་རྒྱུགས༔ སྨན་རཀ་བདུད་རྩིའི་ཨརྒྷཾ་སྒྲེངས༔ ཤ་ཁྲག་གཏོར་མའི་མཆོད་པ་དང་༔ རྣལ་འབྱོར་ཕམ་ཕབས་འདི་བཞེས་ལ༔ མི་མཐུན་ཀུན་སོལ་རྐྱེན་རྣམས་བཟློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྷག་གཏོར་ཕྱི་རོལ་མཆོད་བྱས་ལ༔ དེ་ནས་སྨོན་ལམ་གདབ་པ་ནི༔ ཧོཿབདག་ཅག་རྡོ་རྗེའི་རིགས་ཀྱི་སྒོར་ཞུགས་པའི༔ མཆེད་དང་ལྕམ་དྲལ་དམ་ཚིག་རྣམ་པར་དག༔ རྡོ་རྗེ་ཐེག་པའི་དགོངས་སྤྱོད་མཐུན་གྱུར་ཏེ༔ མི་འབྲལ་ཚོམ་བུ་གཅིག་ཏུ་འཚོགས་པར་ཤོག༔ གཏོར་མ་སྦྱངས་བ་ནི༔ སྲུང་མར་ཐ་ཚིག་བསྒྲགས་བྱས་ཏེ༔ ཧཱུྃ་ཧྲཱིཿསྔོན་ཚེ་བསྐལ་པ་དང་པོ་དང་༔ བར་དང་ཐ་མའི་དུས་དག་ཏུ༔ ཀུན་བཟང་བདེ་བ་ཆེན་པོ་ཡི༔ རྒྱུད་སྡེ་རྒྱ་མཚོ་གསུངས་པ་དང་༔ དགོངས་འདུས་པདྨ་བཛྲ་གྱི༔ དབང་བསྐུར་དམ་ཚིག་འབོགས་པའི་ཚེ༔ དམ་ལ་བཏགས་པའི་སྲུང་མ་རྣམས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ སྔོན་གྱི་ཐ་ཚིག་དྲན་པར་གྱིས༔ ཇི་ལྟར་བཅོལ་བའི་ལས་རྣམས་སྒྲུབས༔ དམ་ལས་མ་འདའ་ས་མ་ཡ༔ དམ་ལས་འདས་ན་ལོག་པར་ལྟུང་༔ དེ་བས་དཔལ་ཆེན་ཧེ་རུ་ཀས༔ བཀའ་བསྒོས་ཙིཏྟའི་དཀྱིལ་དུ་བསྟིམ༔ བཛྲ་ཨ་མྲྀ་ཏ་ས་མ་ཡ་རཀྵནྟུ༔ གཏོར་གཞོང་བཤལ་ཆུས་བརྟན་མ་བསྐྱངས༔ བྷྱོ༔ བོད་སྐྱོང་བརྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་བཙུན་ཆེན་མོ་མཆེད་བཞི་རྣམས༔ བླ་མ་པདྨ་བཛྲ་གྱིས༔ ཇི་ལྟར་བསྒོ་བ་དྲན་བྱོས་ལ༔ བོད་ཁམས་མཐའ་དམག་གདུག་པ་སྲུངས༔ རྣལ་འབྱོར་བུ་བཞིན་སྐྱོང་བ་དང་༔ རྟག་ཏུ་བུ་བཞིན་སྐྱོང་བར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་སྦུབ་ལ་རྟ་གྲོ་བྱ་བ་ནི། ཧཱུྃ༔ གཏོར་གཞོང་རི་རབ་འབར་བའི་འོག༔ ཡ་མ་དམ་སྲི་ཐམས་ཅད་བཀུག༔ ཐར་མེད་ཨེ་སྒྲོམ་ཀློང་དུ་བཅུག༔ ཆུ་སྲིན་རྔམ་པའི་གྲེ་བར་བཙུད༔ རྡོ་རྗེ་རི་རབ་འབར་བས་མནན༔ བྱང་ཆུབ་སེམས་ནི་མ་སྐྱེས་པར༔ ནམ་ཡང་ལྡང་བ་མེད་གྱུར་ཅིག༔ སྟམྦྷ་ཡ་ནན༔ གཏང་རག་མཆོད་བསྟོད་བྱ༔ དངོས་གྲུབ་གསོལ་བ་ནི། ཧཱུྃ༔ རྩ་གསུམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ བདག་ཅག་ཁྱེད་ཀྱི་གདུང་འཚོབ་བརྒྱུད་འཛིན་ཕྱིར༔ རྩེ་གཅིག་གུས་པས་བསྙེན་ཅིང་སྒྲུབ་ལགས་ན༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་གཏོར་ལ་སོགས་གནས་གསུམ་བཞག༔ དངོས་གྲུབ་རྫས་ལ་ལོངས་སྤྱོད་དོ༔ ནོངས་བཤགས་ནི། ཧོཿདཀྱིལ་འཁོར་ལྷ་ཚོགས་སྒྲུབ་པ་ལ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད་ཅིང་རྟེན་ཡོད་ན་བརྟན་བཞུགས་བྱ༔ བསྡུ་ལྡང་ནི། ཧོཿརྟེན་དང་བརྟེན་པའི་སྣང་ཆ་ཀུན༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྡུ༔ རང་རིག་པདྨ་བཛྲ་རྩལ༔ རང་ངོ་ཤེས་པའི་ངང་དུ་བཞག༔ ཨ་ཨ་ཨཿསླར་ཡང་ཆུ་ལས་ཉ་ལྡང་བཞིན༔ བདག་ཉིད་པདྨ་བདེ་བ་ཆེའི༔ སྐུར་ལྡང་རྒྱུན་གྱི་རྣལ་འབྱོར་ལ༔ མཉམ་པར་བཞག་པས་ལམ་དུ་ཁྱེར༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿཞེས་གོ་བསྒོ། ཤིས་བརྗོད་ནི། ཨོཾཿབྱིན་རླབས་ཆར་འབེབས་རྩ་བརྒྱུད་བླ་མ་དང་༔ ཡི་དམ་དགོངས་འདུས་པདྨ་བཛྲ་རྩལ༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་གི༔ བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག༔ ལྷ་དབང་ཀླུ་ཡི་མེ་ཏོག་ཆར་འབེབས་ཤིང་༔ སྣོད་བཅུད་ཀུན་ལ་དགེ་ལེགས་རབ་འཕེལ་ཞིང་༔ སྲིད་ཞིའི་དྭངས་བཅུད་མ་ལུས་ཀུན་སྡུས་པའི༔ བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག༔ རྒྱལ་བའི་བསྟན་དང་བསྟན་འཛིན་དར་ཞིང་རྒྱས༔ བསྟན་པའི་སྦྱིན་བདག་ཆོས་ནོར་དཔལ་འབྱོར་རྒྱས༔ མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ནས༔ བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་བསྙིལ་ཞིང་༔ རོལ་མོ་སྙན་པར་སྒྲོགས་པར་བྱ༔ ས་མ་ཡ༔ དེ་ལྟར་དགོངས་འདུས་སྙིང་པོ་ཡི༔ ཐུགས་སྒྲུབ་པདྨའི་ཟབ་ཐིག་འདི༔ ང་སྤྲུལ་རིག་འཛིན་བུ་ལ་གཏད༔ ཐུགས་ཀྱི་ཀློང་སྒྲོམ་འོད་འབར་བར༔ རྒྱས་བཏབ་དུས་ཀྱི་ཐ་མ་ལ༔ རྟེན་འབྲེལ་བཟང་པོར་གྱུར་པའི་ཚེ༔ མངོན་དུ་སྣང་བས་སྐལ་ལྡན་འགར༔ ཕན་པར་འགྱུར་ཞིང་དུས་རྒུད་ནི༔ བསྟན་པའི་བཙས་འགྱུར་སྨོན་ལམ་རྒྱ༔ བཛྲ་གུ་ཧྱ་ཨི་ཐི་ས་མ་ཡ་རྒྱ་རྒྱ་རྒྱ༔ ཞེས་པའང་ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་ལ་ཆུ་སྦྲུལ་ལོ་ཟླ་༦ཚེས་ལ་སྒིས་སྣ་མཁན་རང་སློབ་རྣམ་རྒྱལ་བཟང་པོས་ཡིད་ལ་གང་དྲན་ཞིག་འབྲི་བར་བསྐུལ་བའི་རྐྱེན་ལས་ལྷ་བསྐྱེད་ཡན་བྲིས་ནས། འཕྲོས་ལུས་པ་ལོ་དེའི་གྲོ་ཞུན་ཟླ་བའི་ཚེས་ལ་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལས་བྲི་འདོད་བྱུང་བཞིན་ཁྱུང་ཆེན་རྡོ་རྗེའི་བྲག་རྫོང་གི་མཁའ་འགྲོའི་དགའ་ཚལ་དང་། གུ་རུའི་གསང་ཕུག་ཏུ་རྫོགས་པར་བྲིས་པ་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །བཀྲ་ཤིས་སོ།། །།
[edit]

@#/__/thugs sgrub pad+ma'i snying thig las/__/rtsa gsum spyi dril sgrub pa bzhugs/__/ rang rig don gyi lha la 'dud/__/gu ru pad+ma 'byung gnas kyi/__/thugs sgrub bye ba bsam las 'das/__/yang snying rtsa gsum spyi dril gyi/__/sgrub thabs zab mo 'di nyid ni/__/sgrub par 'dod pa'i gang zag gis/__/dben cing nyams dga'i gnas mchog tu/__/rtsa ba gsum gyi snang brnyan bshams/__/spod ldan gtor ma bang rim steng /__/pad+ma zla nyi brtsegs pa'i khar/__/dpal gtor brjid ldan rgyan spros la/__/dar dmar gur chen mdzes par phubs/__/sman raka phyi nang mchod pa sogs/__/legs bshams bde ba'i stan la 'dug__/sngon 'gro dngos gzhi rjes rim mo/__/dang po sngon 'gro skyabs su 'gro/__/a/__rang rig rtsa ba gsum gyi dngos/__/mchog gsum 'dus pa'i bdag nyid rje/__/bdag sogs ma gyur sems can rnams/__/mi phyed dad pas skyabs su mchi/__/sems bskyed ni/__nam mkha'i mtha' klas 'gro ba kun/__/rang gnas rtsa gsum mngon gyur phyir/__/tshad med bzhi dang ldan pa'i blos/__/byang chub mchog tu sems bskyed do/__/bgegs la bka' bsgo ba ni/__rang nyid gnyug ma'i he ru ka/__dbang chen khros pa'i sku ru gsal/__/bdag nyid pad+ma he ru ka'i/__/thugs las spros pa'i khro tshogs kyis/__/srid gsum 'byung po ma lus kun/__/phyi rol rgya mtsho'i mthar bskrad gyur/__/hU~M bzhi'i sngags dang yungs thun brab/__mtshams gcod ni/__hU~M/__bdag nyid khros pa'i he ru ka'i/__/'bar ba'i stangs stabs phyogs bcur g.yo/__/khro tshogs skar ltar shigs se shig__/rdo rje'i srung gur lhun gyis grub/__/badz+ra rak+Sha rak+Sha hU~M/__brda phyag ni/__hU~M/__gdod nas lha dang gnyis su med/__/ye nas lhun grub dkyil 'khor dpal/__/rang rig brda yi sgo dbye zhing /__/gnyis su med pas mjal phyag 'tshal/__b+h+rU~M pra we sha ya phaT/__a ti pu ho/__pra tIts+tsha ho/__bshags pa ni/__hoHbdag gzhan gnyis su 'dzin pa'i sems/__/ye grol don la sgrib pas na/__/ma rig 'khrul pa ci mchis pa/__/ye grol lta ba'i ngang du bshags/__/sa ma ya bi shud+d+he a a/__dam bca' ba ni/__oM/__kun bzang bla na med pa yi/__/byang chub dang po'i rdo rje nyid/__/mchog tu mi 'gyur brtan par bzungs/__/byang chub chen por dam bca' 'o/__/bo d+hi tsit+ta badz+ra sa ma ya a/__byin dbab pa ni/__hU~M hrIHsku gsum mtha' dbus bral ba'i zhing /__/rtsa gsum dkyil 'khor lha tshogs rnams/__/sgrub pa'i gnas 'dir gshegs nas kyang /__/dbang bskur byin rlabs dngos grub stsol/__/oM AHhU~M badz+ra gu ru pad+ma de wa d+hA ki nI sarba sid+d+hi pha la hU~M AHdz+nyA na badz+ra A we sha ya hU~M hU~M dzaHhU~M ba~M hoHsa byin rlabs bstim/__mchod pa byin brlab ni/__hU~M/__brtan g.ya'i snang ba thams cad ni/__/kun bzang mchod pa'i sprin phung che/__/nam mkha'i mdzod kyi 'khor lo'i sprin/__/zad mi shes pa'i gter du grub/__/oM badz+ra ar+g+haM nas/__shab+da/__rU pa nas/__spaR+she/__sman gtor rak+ta'i sngags lan gsum brjod/__zhes pas byin gyis brlab bo/__/gnyis pa dngos gzhi'i las rim la/__lha bskyed pa ni/__aHsmra bsam brjod bral de bzhin nyid/__/'gags med snying rje kun tu snang /__/hrIHyig dmar po'i cho 'phrul las/__/'byung lnga rim brtsegs ri rab steng /__/rdo rje'i srung 'khor yangs pa'i dbus/__/thar pa chen po'i gzhal yas khang /__/rgya khyon bkod pa tshad med pa/__/'ja' tshon 'od lnga bris pa'i klong /__/lte bar seng khri pad zla nyi/__/dbang phyug pho mo bsnol ba'i steng /__/nam mkhar gnas pa'i hrIHyig bab/__/gser gyi rdo rje rtse lnga pa'i/__/lte bar hrIHsa mtshan 'od zer 'phros/__/'phags mchod sems can sdug bsngal sbyangs/__/tshur 'dus yongs su gyur pa las/__/bla ma pad+ma badz+ra rtsal/__/dmar gsal he ru ka pa'i chas/__/rdo rje dril bu thugs kar bsnol/__/stag gi pags pa'i sham thabs dang /__/dar dang rin chen rus pas brgyan/__/dbu skra thor cog bcings pa'i rtser/__/nor bu'i tog dang zla phyed brgyan/__/mi mgo skam rlon do shal 'phyangs/__/zhabs gnyis g.yas brkyangs g.yon bskum gyi/__/'dor stabs me dpung klong na bzhugs/__/sku nang 'khor lo lnga ldan gyi/__/spyi bor o rgyan rdo rje 'chang /__/mthing gsal rdo rje dril bu bsnol/__/zhabs gnyis rdo rje'i skyil krung gis/__/pad+ma zla ba'i gdan la bzhugs/__/thod phreng sde lnga rig 'dzin brgyad/__/rtsa 'dab grangs dang mnyam par bzhugs/__/mgrin par thugs chen pad+ma'i rgyal/__/phyag g.yas pad+ma'i phreng ba 'dren/__/g.yon pas mnyam bzhag bum pa bsnams/__/dar dang rin chen rgyan gyis mdzes/__/pad zla'i steng na skyil krung bzhugs/__/gsang ye dmar skya DA dril 'khrol/__/yab la 'khyud cing pad skyil rol/__/rtsa 'dab grangs mnyam DA kis bskor/__/thugs 'khor pad nyi dregs pa'i steng /__/yi dam dpal chen he ru ka/__mthing nag khro tshul gar dgu ldan/__/zhal gcig phyag gnyis rdor thod bsnams/__/dur khrod rol pa'i chas kyis brgyan/__/rtsa 'dab sgrub sde brgyad po gsal/__/lte bar rta mgrin dpa' bo dmar/__/phyag gnyis pad+ma'i gri thod bsnams/__/dbu gtsug rta gdong ljang gu 'tsher/__/phyogs bzhir dpa' bo rigs bzhi dang /__/rtsa 'dab grangs mnyam d+hA ki gsal/__/gsang gnas gru gsum e yi klong /__/gnyis med ma ning nag po ni/__/phyag gnyis ru mtshon thod khrag bsnams/__/bing chen sked btsugs sprul pa 'gyed/__/mdun du e ka dzA Ti dang /__/g.yas su gza' mchog rA hu la/__/rgyab tu skyes bu rdo rje legs/__/g.yon du lha mo re ma tI/__/rtsa 'dab grangs mnyam rgyud gsum gyi/__/dregs pa pho mo'i tshogs rnams gsal/__/gtso mchog yab kyi rang 'od las/__/rnal 'byor dmar skya gri thod 'dzin/__/rus pa'i rgyan ldan brkyangs bskum gyis/__/yab la 'khrel zhing dgyes pa bskyed/__/phyi rol pad 'dab brgyad gnyis la/__/shar nas brtsams te g.yas bskor du/__/pad+ma 'byung gnas sku mdog mthing /__/rdor thod yum dang gnyis med 'khril/__/shar lhor pad+ma sam+b+ha dkar/__/pad phor g.yas la skyabs sbyin g.yon/__/lho ru blo ldan mchog sred dkar/__/DA ru g.yas la pad phor g.yon/__/lho nub pad+ma rgyal po dmar/__/DA ru g.yas la me long g.yon/__/nub tu nyi ma 'od zer ser/__/kha T+wA~M g.yas la nyi zer g.yon/__/nub byang shAkya seng ge ser/__/sa gnon mnyam bzhag lhung bzed 'dzin/__/byang du seng ge sgra sgrogs mthing /__/khro chas rdo rje sdig mdzub mdzad/__/byang shar rdo rje gro lod smug__/khro gtum rdor phur stag steng 'gying /__/de yi phyi rim 'dab brgyad la/__/in+d+ra b+hU ti sa ra hA/__/lo hi pa dang bi rU pa/__/dril bu pa dang nag po spyod/__/ku k+ku ri pa ti li pa/__/grub thob chen po brgyad rnams ni/__/rnal 'byor spyod pa'i tshul gyis bzhugs/__/dgyes bskyed bde chen lha mo rnams/__/rang rang rigs dang gnyis med bsten/__/de phyir thugs gsung sku'i 'khor lor/__/dpa' bo dpa' mo nyer bzhi rnams/__/DA dril 'khrol zhing gar stabs bsgyur/__/rus rgyan dar dpyangs yab yum 'khril/__/khyams la ging chen bcu drug dang /__/sgo bzhir dpa' bo sde bzhi ni/__/rang rtags phyag mtshan yum dang 'khril/__/zhabs gnyis brkyangs bskum gar stabs kyi/__/pad+ma nyi ma'i steng na rol/__/gtso dang 'khor gyi gnas gsum du/__/yig 'bru gsum gyis rgyas gdab bo/__/oM AHhU~M/__nam mkha' gang ba'i dbang gi lha/__/spyan drangs rigs lngas dbu brgyan gyur/__/oM hU~M trA~M hrIHAHa b+hi Shiny+tsa su ra ta s+t+waM At+ma ko\u0f85 haM/__spyan drangs pa ni/__hU~M hU~M hU~M/__rang byung rnam dag pho brang nas/__/bla ma chos sku'i lha tshogs gshegs/__/gsal snang 'gag med klong yangs nas/__/bla ma longs sku'i lha tshogs gshegs/__/gang 'dul thugs rje'i zhing khams nas/__/bla ma sprul sku'i lha tshogs gshegs/__/'og min stug po bkod pa nas/__/rigs lnga zhi khro'i lha tshogs gshegs/__/gar bzhugs bde chen dag pa'i zhing /__/ma tshogs mkha' 'gro chos skyong rnams/__/byin rlabs sprin phung thibs se thib/__/thugs rje char ltar sha ra ra/__/dam tshig dag pa'i gnas 'di ru/__/glog ltar myur du gshegs nas kyang /__/tshogs khang 'di la byin cig phobs/__/dkyil 'khor 'di la bkrag cig ston/__/sgrub rdzas rnams la mdangs cig bskyed/__/rnal 'byor mched dang lcam dral la/__/sku gsung thugs kyi byin gyis rlobs/__/oM AHhU~M badz+ra gu ru d+he wa d+hA ki nI badz+ra sa ma ya dza dzaHe A ral+li hring hring phaiM phaiM/__A we sha ya a A dzaHhU~M ba~M hoHbzhugs gsol ni/__hU~MHdbyings nas spyan drangs ye shes tshogs/__/dam tshig dkyil 'khor chen po la/__/dgyes mnyam chen pos brtan par bzhugs/__/byang chub rdo rjer dbyer med brtan/__/sa ma ya tiSh+Tha lhan/__phyag 'tshal ni/__hoHbla ma pad+ma badz+ra rtsal/__/bde mchog bde chen dkyil 'khor par/__/rang dang dbyer med lta ba'i phyag__/rang rig brda yi phyag bgyi'o/__/a ti pU hoHpra tits+tsha hoHmchod pa'i las rim ni/__hU~M hrIHbla ma yi dam dkyil 'khor lha tshogs la/__/phyag rgya gar dang phyi nang mchod pa dang /__/sbyor sgrol gtor ma sman dang rak+tas mchod/__/mchod bya mchod byed mchod yul bral ba yi/__/kun bzang bde chen rol mo'i sprin du mchod/__/dkyil 'khor lha tshogs dgyes par bzhes nas kyang /__/mchog dang thun mong dngos grub stsal du gsol/__/oM AHhU~M badz+ra gu ru d+he wa d+hA ki nI sa pa ri wA ra oM badz+ra ar+g+haM nas/__shab+da rU pa nas spaR+she pra tIts+tsha swA hA/__oM ma hA pany+tsa a mr-i ta rak+ta ba liM ta ma hA su kha tan g+ha Na d+harma d+hA tu pU tsa hoHbstod pa ni/__hU~M hrIHkun gzhi 'od gsal rang rig byang chub sems:__dkyil 'khor kun gtso pad+ma badz+ra rtsal:__thabs shes dbyer med phyag rgya chen po'i sku:__yon tan dran pa'i glu yi rol mos bstod:__hU~M hrIHgtso mchog ye shes chen po'i rnam rol las:__bud+d+ha badz+ra rat+na pad+ma dang :__karma thod phreng rigs kyi yum bcas la:__phung po dug lnga ye grol ngang nas bstod:__rig 'dzin brgyad sogs dgongs brda snyan brgyud kyi:__rtsa brgyud bla ma bye ba sa ya dang :__thugs rje chen po pad rgyal yab dang yum:__che mchog sgrub sde brgyad la phyag 'tshal bstod:__dbang chen rta phag yab yum dpa' bo dang :__d+hA ki rab 'byams 'khor tshogs rgya mtshos bskor:__ye shes mgon po ma ning lcam dral sogs:__rgyud gsum dam can dregs pa'i tshogs la bstod:__phyi 'khor rig 'dzin rnam brgyad grub chen brgyad:__pad+ma 'byung gnas pad+ma sam+b+ha wa:__blo ldan mchog sred pad+ma rgyal po dang :__nyi ma 'od zer shAkya seng sgrogs dang :__rdo rje gro lod sku la phyag 'tshal bstod:__gsang sngags spyod pa'i rnal 'byor grub chen brgyad:__gang 'dul mtshan dang rnam 'gyur mtha' yas ston:__bcu drug dga' bzhi'i nyams rtsal rdzogs pa'i gar:__sbyor sgrol brtul zhugs spyod la phyag 'tshal bstod:__dpa' bo dpa' mo nyer bzhi ging dang ni:__sgo skyong dpa' bo yab yum bzhi la sogs:__zhi dang khro tshogs rab 'byams rgya mtsho dang :__ma dang mkha' 'gro chos skyong nor lha'i tshogs:__bsam yas sgyu 'phrul drwa ba'i dkyil dang 'khor:__mchog tu dad pa'i yid kyis bstod par bgyi:__de ltar bstod pa'i glu mchod phul ba'i mthus:__dkyil 'khor lha tshogs dgyes pa rab bskyed de:__thugs rje byin rlabs char ltar dbab nas kyang :__lha dang 'du 'bral med pa'i dngos grub stsol:__bzlas pa la/__bsnyen pa ni/__gtso mchog pad+ma badz+ra gyi:__thugs kar badz+ra he ru ka'i:__thugs dbus nyi zla'i gwa'u nang :__rdo rje sngon po nas 'bras tsam:__lte bar hU~M sngon 'od 'bar ba'i:__mtha' mar sngags kyi phreng bas bskor:__g.yas su 'khor ba'i 'od zer gyis:__rgyal mchod byin bsdus bdag la thim:__mar 'phros snod bcud thams cad sbyangs:__dkyil 'khor gsum gyi ngo bor sang :__bdag thim mthu dbang rtsal chen rdzogs:__lha sngags dbyer med ngang nas bzla:__oM AHhU~M badz+ra gu ru pad+ma thod phreng rtsal d+hU ma g+ha ye na maHsarba sid+d+hi hU~M:__'bum phrag bzhi bzlas gsang gsum gyi:__mtshan ma dngos nyams rmi lam du:__skal ba 'tshams pa thob par 'gyur:__sgrub pa ni/__thugs ka'i sngags kyi phreng ba las:__'od zer sgra dang bcas pa 'phros:__lus dkyil lha rnams thugs rgyud bskul:__snyoms zhugs bde ba'i sgra dang ni:__'od zer dang bcas yab yum gyi:__zhal zhugs sku yi dbyibs brgyud de:__mkha' gsang nas brgyud nor bu'i lam:__brgyud nas thugs srog la thim bsam:__oM AHhU~M badz+ra gu ru pad+ma thod phreng rtsal d+he wa d+hA ki nI pad+ma badz+ra ma hA su kha lo ki shwa ra d+hU ma g+ha ye badz+ra kro d+ha ya mAn+ta ka pad+ma kro d+ha kI la ya gu h+ya kro d+hI ma hA gu ru badz+ra tsaN+Da sarba duSh+Tan pad+mAn+ta kr-iT badz+ra wA ra hi trI ma ha ri ni sa ra tsa hri ya ma hA kA la tra ka rak+sha rA hu la saX d+hU tri d+harma pA la sarba sid+d+hi pha la hU~M:__zhes pa 'bum phrag bzhi bzlas pasaHrang rig dgongs pa'i rtsal chen rdzogasaHlas sbyor ni/__slar yang dkyil 'khor lha tshogs las:__'od 'phros 'khor gyi lha tshogs bskul:__las rnams ma lus kun sgrubs shing :__phrin las rnam bzhi 'grub par bsam:__oM AHhU~M badz+ra gu ru pad+ma shAkya seng+ge prany+dza dz+nyA na sUR+Ya rasmi pad+ma rA dza pA ra badz+ra kro d+ha tsaN+Da gro bo lod sarba sid+d+hi shAn+tiM puSh+TiM wa shaM mA ra ya hU~M phaT:__khri phrag gcig bzlas las rnams 'grub:__thun mthar stong tshig mchod bstod dang :__nongs bshags bya zhing dngos grub gsolaHsa ma ya:__gsum pa rjes kyi las rim la:__tshogs rdzas ci 'byor ba dang ni:__khyad par sha chang med mi rung :__rnal 'byor lha yi sa ma rdir:__gnas pas rdzas rnams byin gyis brlab:__hU~M:__rang rig rtsal las ra~M 'phros pas:__ye shes me yis bsregs shing sbyangs:__ya~M 'phros rlung gis bag chags gtor:__kha~M 'phros chu byung gnyis 'dzin bkrus:__ra~M ya~M kha~M:__slar yang snying po 'bru gsum 'phros:__oM 'phros tshogs kyi dri ma sbyangs:__AH'phros ye shes bdud rtsir gyur:__hU~M 'phros zag pa med pa yi:__ye shes tshogs gtor mkha' khyab spel:__oM AHhU~M:__tshogs zhing spyan drangs pa ni/__hU~M hrIHsku gsum zhing khams rgya mtsho nas:__bla ma yi dam mkha' 'gro'i tshogs:__ye shes tshogs la spyan 'dren gshegs:__'dod yon mchod bzhes dngos grub stsol:__tshogs khang 'di la byin cig phob:__tshogs gtor 'di la bcud cig stsol:__'dir 'tshogs rnal 'byor pho mo lha:__nyams rtogs rig pa'i rtsal chen spor:__snod bcud ye shes phyag rgya cher:__byin gyis rlobs par mdzad du gsol:__badz+ra sa ma ya dza dzaHdzaHhU~M ba~M hoHtshogs phud rim pa gsum du spros:__hU~M hrIHbla ma rtsa gsum lha tshogs la:__zhal zas bdud rtsi'i tshogs mchod ni:__kun bzang rnam par rol pa yi:__bde chen bdud rtsi'i sprin gyis mchod:__badz+ra sa ma ya ga Na tsakra pU tsa hoHbar pas bshags shing dgyes par skong :__hU~M:__bdag gi tshe rabs thog med nas:__tha ma da lta thug gi bar:__bsags pa'i sdig sgrib nyes ltung kun:__zhal zas tshogs kyi mchod pas bshags:__mthol bshags tshangs pa'i dngos grub stsol:__badz+ra sa ma ya shud+d+he a a aHhU~M hrIHdkyil 'khor lha tshogs thugs dam bskang ba'i rdzas:__dngos su 'byor dang yid kyi rnam sprul pa'i:__kun tu bzang po'i smon lam las byung ba'i:__ting 'dzin rnam par dag pa'i mchod sprin gyis:__gtso mchog pad+ma badz+ra yab dang yum:__dpa' bo DA ki'i tshogs rnams thugs dam bskang :__bud+d+ha badz+ra rat+na pad+ma dang :__karma thod phreng sde lnga'i thugs dam bskang :__dbang chen rta mgrin dpa' bo rigs bzhi dang :__rdo rje phag mo dpa' mo rigs bzhi sogs:__ma sring mkha' 'gro rgya mtsho'i thugs dam bskang :__pad+ma 'byung gnas shAka seng nyi 'od dang :__blo ldan mchog sred pad rgyal mtsho skyes rje:__seng ge sgra sgrogs rdo rje gro bo lod:__rigs kyi dgyes yum dang bcas thugs dam bskang :__ging chen bcu drug dbang mo nyer brgyad dang :__ma bdun sring bzhi la sogs dkyil 'khor gyi/__/sgo bzhir khro rgyal yab yum bzhi la sogs:__dkyil 'khor lha tshogs sprul dang yang sprul dang :__bka' sdod srung ma nor lha gter bdag dang :__gtsang ris dpal mgon bdun cu rtsa lnga sogs:__yul lha gzhi bdag dkar phyogs skyong bcas kyi:__thugs dam bskang ngo mchod pa 'di bzhes la:__'gal 'khrul nyams chags thams cad dbyings su bstim:__mchog dang thun mong dngos grub stsal du gsol:__yig brgya brjod/__tshogs mtha' bsgral ba'i las la 'jug:__rang nyid dbang chen nga rgyal gyis:__mdun gyi tshogs zan nya bor gsal:__e las thar med brub khungs su:__gnod byed dgra bgegs nr-i tri las:__nyam thag skyabs med mgon bral gyi:__rid cing mya ngam can du gsal:__bden brdar 'gugs gzhug sngon 'gro bas:__hU~M dzaHdpal chen thugs las khro bo ni:__mi bzad 'jigs rung srin po'i gzugs:__skar ltar 'khrugs pa mang po las:__pho nya lcags kyu zhags pa dang :__lcags sgrog dril bu can spros pas:__dgug gzhugs bcing myos bya 'ug gis:__skyobs pa'i lha dang bral bar gyis:__thun rdzas mtshon cha thogs pa yi:__rdul du rlog cing phye mar 'thags:__lus sems dran med myos par gyur:__badz+ra aM ku sha dzaHbadz+ra pA sha hU~M:__badz+ra s+pho Ta ba~M:__badz+ra gaN+De hoHpra we sha ya phaT:__A we sha ya aHphur pa thogs la/__hU~M:__bdag nyid pad+ma he ru ka'i:__phyag na sras mchog phur bu thogs:__sku stod khro bo chen po la:__sku smad phur bu'i dpal dang ldan:__bsgril bas khams gsum dbang du sdud:__phyar bas bgegs tshogs log 'dren gzir:__btab pas kun gzhi rtsad nas bcad:__rnam shes rgyal ba'i zhing du 'phang :__ma traM ru tra mA ra ya rbad phaT:__ral gri thogs te/__hU~M:__bdag tu rtog pa'i lus ngan 'di:__bdag med rtogs pa'i mtshon gyis bsgral:__phung po dum bur gtub byas te:__rdul phran phye mar 'thags par bya:__ma traM ru tra khat+ga tik+Sha Na mA ra ya rbad:__kha taM kha taM kha taM:__sha khrag bdud rtsir sbag byas la/__hU~M b+h+yoHgnam sa tsam gyi zhal gdangs la:__gangs ri tsam gyi mche ba gtsigs:__glog dmar 'khyugs 'dra'i ljags brkyongs la:__nyams pa bdun dang zhing bcu tshang :__dgra bgegs gnod byed 'di rnams kyi:__sha khrag rus pa tshogs su rol:__mgul du bstim mo a ra l+li:__khro rgyal 'bar ba'i zhal du bstab:__dgyes par rol cig kha raM khA hi:__dgra bgegs kyi sha khrag rus gsum klad pa rkang mar nang khrol dang bcas pa zag med ye shes kyi bdud rtsir sbar ba 'di bzhes nas drag po'i las rab 'byams thogs med du 'grub pa'i phrin las mdzod cig:__de nas rnal 'byor mched lcam la:__thabs shes rdzas rnams so sor drangs:__ho ston pa rdo rje rgyal po dgongs:__thabs shes dam rdzas bdud rtsi 'di:__dgyes pa chen pos bzhes nas kyang :__dpa' bo chen po dgyes par mdzod:__len pos rdo rje'i gar dang bcas:__pad+ma'i phyag rgyas blangs byas te:__e ma zhi ba chen po kyai:__tshogs mchod 'od phung 'bar ba 'dis:__dbang po drug la dgyes bskyed pa'i:__rdo rje'i dam tshig bla na med:__a la la hoHzhes blangs tshim par rol byas te:__bdag mchod kun mnyes dga' ston bya:__rdo rje'i glu dang bkra shis brjod:__hoHdus gsum bsags pa'i dge rtsa dang :__tshogs kyi 'khor lo bgyis pa yi:__bsod nams grub pa gang yod pa:__des ni 'gro kun dkyil 'khor cher:__tshom bu gcig tu 'tshang rgya shog__/lhag gtor gtong ba ni:__rnal 'byor dam ldan lhag ma dang :__dpal chen bzhes 'bab gcig tu bsres:__slob dpon zhal gyi chab bran te:__oM AHhU~M dang ha ho hrIHsa:__byin rlabs 'bar ba'i dam rgya bcas:__hrIHphaiM:__sngon tshe zhal bzhes dam bcas pa'i:__dkyil 'khor mu ran skyong ba yi:__lhag la dbang ba dregs pa'i tshogs:__sprin ltar sdud cing hab sha rgyugs:__sman raka bdud rtsi'i ar+g+haM sgrengs:__sha khrag gtor ma'i mchod pa dang :__rnal 'byor pham phabs 'di bzhes la:__mi mthun kun sol rkyen rnams bzlog:__bcol pa'i phrin las 'grub par mdzod:__ma ma hrIM hrIM uts+tshiSh+Ta ba liM ta khA hi:__lhag gtor phyi rol mchod byas la:__de nas smon lam gdab pa ni:__hoHbdag cag rdo rje'i rigs kyi sgor zhugs pa'i:__mched dang lcam dral dam tshig rnam par dag:__rdo rje theg pa'i dgongs spyod mthun gyur te:__mi 'bral tshom bu gcig tu 'tshogs par shog:__gtor ma sbyangs ba ni:__srung mar tha tshig bsgrags byas te:__hU~M hrIHsngon tshe bskal pa dang po dang :__bar dang tha ma'i dus dag tu:__kun bzang bde ba chen po yi:__rgyud sde rgya mtsho gsungs pa dang :__dgongs 'dus pad+ma badz+ra gyi:__dbang bskur dam tshig 'bogs pa'i tshe:__dam la btags pa'i srung ma rnams:__'dir gshegs dam rdzas gtor ma bzhes:__sngon gyi tha tshig dran par gyis:__ji ltar bcol ba'i las rnams sgrubs:__dam las ma 'da' sa ma ya:__dam las 'das na log par ltung :__de bas dpal chen he ru kas:__bka' bsgos tsit+ta'i dkyil du bstim:__badz+ra a mr-i ta sa ma ya rak+Shan+tu:__gtor gzhong bshal chus brtan ma bskyangs:__b+h+yo:__bod skyong brtan ma chen mo ni:__bdud mo bzhi dang gnod sbyin bzhi:__sman btsun chen mo mched bzhi rnams:__bla ma pad+ma badz+ra gyis:__ji ltar bsgo ba dran byos la:__bod khams mtha' dmag gdug pa srungs:__rnal 'byor bu bzhin skyong ba dang :__rtag tu bu bzhin skyong bar mdzod:__ma ma hrIM hrIM ba liM ta khA hi:__gtor gzhong sbub la rta gro bya ba ni/__hU~M:__gtor gzhong ri rab 'bar ba'i 'og:__ya ma dam sri thams cad bkug:__thar med e sgrom klong du bcug:__chu srin rngam pa'i gre bar btsud:__rdo rje ri rab 'bar bas mnan:__byang chub sems ni ma skyes par:__nam yang ldang ba med gyur cig:__stam+b+ha ya nan:__gtang rag mchod bstod bya:__dngos grub gsol ba ni/__hU~M:__rtsa gsum lha tshogs bdag la dgongs su gsol:__bdag cag khyed kyi gdung 'tshob brgyud 'dzin phyir:__rtse gcig gus pas bsnyen cing sgrub lags na:__sku gsung thugs dang mnyam sbyor dngos grub mchog:__da lta nyid du bdag la stsal du gsol:__oM AHhU~M badz+ra gu ru d+he wa d+hA ki nI kA ya wA ka tsit+ta sarba sid+d+hi pha la hU~M:__sgrub gtor la sogs gnas gsum bzhag:__dngos grub rdzas la longs spyod do:__nongs bshags ni/__hoHdkyil 'khor lha tshogs sgrub pa la:__'gal 'khrul nongs pa ci mchis pa:__snying nas 'gyod pas mthol bshags na:__mi sgrib tshangs pa'i dngos grub stsol:__yig brgya brjod cing rten yod na brtan bzhugs bya:__bsdu ldang ni/__hoHrten dang brten pa'i snang cha kun:__skye med chos sku'i klong du bsdu:__rang rig pad+ma badz+ra rtsal:__rang ngo shes pa'i ngang du bzhag:__a a aHslar yang chu las nya ldang bzhin:__bdag nyid pad+ma bde ba che'i:__skur ldang rgyun gyi rnal 'byor la:__mnyam par bzhag pas lam du khyer:__oM AHhU~M badz+ra kA wA tsi rak+Sha haMHzhes go bsgo/__shis brjod ni/__oMHbyin rlabs char 'bebs rtsa brgyud bla ma dang :__yi dam dgongs 'dus pad+ma badz+ra rtsal:__mkha' 'gro chos skyong nor lha gter bdag gi:__bkra shis dam pa deng 'dir bde legs shog:__lha dbang klu yi me tog char 'bebs shing :__snod bcud kun la dge legs rab 'phel zhing :__srid zhi'i dwangs bcud ma lus kun sdus pa'i:__bkra shis dam pa deng 'dir bde legs shog:__rgyal ba'i bstan dang bstan 'dzin dar zhing rgyas:__bstan pa'i sbyin bdag chos nor dpal 'byor rgyas:__mi mthun dus kyi rgud pa kun zhi nas:__bkra shis dam pa deng 'dir bde legs shog:__ces brjod me tog char bsnyil zhing :__rol mo snyan par sgrogs par bya:__sa ma ya:__de ltar dgongs 'dus snying po yi:__thugs sgrub pad+ma'i zab thig 'di:__nga sprul rig 'dzin bu la gtad:__thugs kyi klong sgrom 'od 'bar bar:__rgyas btab dus kyi tha ma la:__rten 'brel bzang por gyur pa'i tshe:__mngon du snang bas skal ldan 'gar:__phan par 'gyur zhing dus rgud ni:__bstan pa'i btsas 'gyur smon lam rgya:__badz+ra gu h+ya i thi sa ma ya rgya rgya rgya:__zhes pa'ang kho bo pad+ma ye shes rdo rje la chu sbrul lo zla 6tshes la sgis sna mkhan rang slob rnam rgyal bzang pos yid la gang dran zhig 'bri bar bskul ba'i rkyen las lha bskyed yan bris nas/__'phros lus pa lo de'i gro zhun zla ba'i tshes la mkha' 'gro'i byin rlabs kyi rkyen las bri 'dod byung bzhin khyung chen rdo rje'i brag rdzong gi mkha' 'gro'i dga' tshal dang /__gu ru'i gsang phug tu rdzogs par bris pa bstan pa dang sems can la phan par gyur cig__/bkra shis so//__//

Footnotes

Other Information