ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་དྲག་པོ་རྡོ་རྗེ་དྲག་རྩལ་གྱི་རྒྱུན་ཁྱེར་དབང་དྲག་ཐུགས་ཀྱི་ཐིག་ལེ།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-014
Wylie title thugs sgrub bar chad kun sel las/ gu ru drag po rdo rje drag rtsal gyi rgyun khyer dbang drag thugs kyi thig le DKR-KABUM-09-TA-014.pdf
Location dil mgo mkhyen brtse bka' 'bum
Volume 9, Text 14, Pages 69-70 (Folios 1a1 to 2a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Thugs sgrub bar chad kun sel las gu ru drag po rdo rje drag rtsal gyi rgyun khyer dbang drag thugs kyi thig le. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 69-70. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity rdo rje drag rtsal
Colophon

།ཅེས་པའང་རང་གཞན་ཉེར་མཁོའི་ཆེད་མངྒ་ལ་ཤྲཱི་བྷཱུ་ཏིའི་གཏེར་གཞུང་ལས་བསྡུས་པ་འབྲེལ་ཚད་དངོས་གྲུབ་མཆོག་གི་སྐལ་ལྡན་དུ་གྱུར་ཅིག །མངྒ་ལཾ། དགེའོ། །

/ces pa'ang rang gzhan nyer mkho'i ched mang+ga la shrI b+hU ti'i gter gzhung las bsdus pa 'brel tshad dngos grub mchog gi skal ldan du gyur cig_/mang+ga laM/_dge'o/_/

[edit]
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་དྲག་པོ་རྡོ་རྗེ་དྲག་རྩལ་གྱི་རྒྱུན་ཁྱེར་དབང་དྲག་ཐུགས་ཀྱི་ཐིག་ལེ་བཞུགས། ན་མོ་གུ་རུ་པདྨ་ཀྲོ་དྷ་ཡ། བླ་མ་དྲག་པོའི་རྒྱུན་གྱི་རྣལ་འབྱོར་བསྒོམ་པར་འདོད་པས་ཐོག་མར་སྐྱབས་སེམས་ནི། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་མ༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧཱུྃ༔ ཤིན་ཏུ་གདུག་ཅིང་གཏུམ་པ་ཡི༔ རྒྱལ་འགོང་འབྱུང་པོ་ཚར་གཅོད་ཕྱིར༔ པདྨ་དྲག་རྩལ་ཧེ་རུ་ཀའི༔ རྣལ་འབྱོར་ཟབ་མོ་འདི་བསྒོམ་བྱ༔ ཧཱུྃ༔ སྐྱེ་མེད་དབྱིངས་ལས་རིག་པའི་རྩལ༔ རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར༔ རང་ཉིད་རིག་འཛིན་དྲག་པོ་རྩལ༔ པདྨ་ཁྲག་འཐུང་ཧེ་རུ་ཀ༔ སྐུ་མདོག་དུས་མཐའི་མེ་ལྟར་འབར༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར༔ གཡོན་པས་ལྕགས་སྡིག་མགོ་དགུ་བཙིར༔ དུར་ཁྲོད་རུས་པའི་རྒྱན་གྱིས་སྤྲས༔ ཡུམ་ནི་རྡོ་རྗེ་ཕག་མོ་མཐིང༔ ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད༔ ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས༔ པདྨ་ཟླ་བ་ཉི་མ་དང༔ རྒྱལ་འགོང་དམ་སྲིའི་དཔྱི་ནས་བརྫིས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ བདེ་སྟོང་མཉམ་སྦྱོར་འོད་ཀྱི་སྐུའི༔ སྤྱི་བོར་འཇམ་དཔལ་ཁྲག་འཐུང་དང༔ མགྲིན་པར་དཔལ་ཆེན་རྟ་མགྲིན་རྒྱལ༔ ཐུགས་ཀར་རྡོ་རྗེ་གཏུམ་པོ་ཆེ༔ ལྟེ་བར་མཁའ་འགྲོ་ཁྲོས་མ་ནག༔ གསང་གནས་ཡཀྴ་མེ་དབལ་རྩལ༔ ཚིག་མཚམས་ཁྲོ་རྒྱལ་ཆེན་པོ་བཅུ༔ སྤྱི་གཙུག་རྡོ་རྗེ་ནམ་མཁའ་ལྡིང༔ གཞན་ཡང་བ་སྤུའི་ཁུང་བུ་ཚུན༔ རབ་འབྱམས་ཁྲོ་བོའི་ཚོགས་ཀྱིས་གཏམས༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཞེངས་ཤིག་དབང་དྲག་འབར་བའི་ཞིང༔ པདྨ་འོད་ཀྱི་ཕོ་བྲང་ནས༔ རྗེ་བཙུན་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་ཁྲོ་བོའི་འཁོར་དང་བཅས༔ དུས་སྙིགས་དམ་འགོང་ཚར་གཅོད་ཕྱིར༔ དྲག་པོའི་སྟོབས་ཀྱིས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་ཧོཿ ཨོཾ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ས་པཱ་རི་ཝཱ་ར་ཨརྒྷཾ་པཱ་པདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤཔྟ་སརྦ་པཱུ་ཛ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དྲག་པོའི་མཐུ་རྩལ་གཅིག་བསྡུས་པ༔ པདྨ་ཁྲག་འཐུང་ཧེ་རུ་ཀར༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་དབུས༔ ཧཱུྃ་མཐར་འབར་བའི་སྔགས་ཕྲེང་གིས༔ བདག་རྒྱུད་སྒྲིབ་གཉིས་ཡོངས་སུ་སྦྱངས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ སྡེ་བརྒྱད་དྲེགས་པ་ལས་ལ་གཟིར༔ རྒྱལ་འགོང་འབྱུང་པོ་ཐལ་བར་བརླགས༔ ཕྱག་རྒྱ་ཆུ་ཟླའི་གཟུགས་བརྙན་དང༔ དྲག་སྔགས་སྒྲ་བརྙན་ལྟ་བུ་སྟེ༔ གཉིས་མེད་ཡེ་ཤེས་འོད་གསལ་བ༔ པདྨ་ཁྲག་འཐུང་དབྱིངས་སུ་རྫོགས༔ ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ཨ་ཧཱུྃ་ཧཱུྃ་ཕཊ྄༔ ཞེས་ཅི་ནུས་སུ་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླ། བསྡུ་ལྡང་ནི། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་རྡོ་རྗེ་སྲིན་པོར་ཤར། །འགག་པ་ཉིད་ན་འགག་པ་མེད། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །ཁྲག་འཐུང་པདྨ་དྲག་པོ་ཡི། །གོ་འཕང་བྱང་ཆུབ་ཉིད་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ཅེས་པའང་རང་གཞན་ཉེར་མཁོའི་ཆེད་མངྒ་ལ་ཤྲཱི་བྷཱུ་ཏིའི་གཏེར་གཞུང་ལས་བསྡུས་པ་འབྲེལ་ཚད་དངོས་གྲུབ་མཆོག་གི་སྐལ་ལྡན་དུ་གྱུར་ཅིག །མངྒ་ལཾ། དགེའོ། །

Footnotes

Other Information