Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
།ཅེས་པའང་རང་དང་དངོས་འཕྲད་ཀྱི་ཚབ་ཏུ་ཆོས་ཀྱི་བློ་གྲོས་པས་སྤྲིང་བའོ། །སརྦ་མངྒ་ལཾ། དགེའོ།  +
།ཅེས་པའང་སྐབས་གསུམ་དབང་པོའི་སྣ་ཚོགས་ལས་པ་དང་རྗེས་སུ་མཐུན་པའི་སྒོ་ནས་སྤྲུལ་པའི་སྐུའི་འདུ་བྱེད་ལ་མཁས་པ་པུཎྱ་རཱ་ཛ་སོགས་ཀྱིས་ངོས་ནས་ཕུལ་པའི་སྟོན་མཆོག་ཐུབ་པའི་དབང་པོའི་སྣང་བརྙན་རྒྱ་གར་མ་ཡིད་བཞིན་བསམ་འཕེལ་ལ་ཕྱག་མཆོད་གསོལ་བ་འདེབས་པའི་ཆེད་དུ་བསྐུལ་བ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ།  +
མདོ་མཁྱེན་བརྩེའི་གཏེར་མའོ། །དགེའོ། །  +
རྣལ་འབྱོར་བ་དྲི་མེད་བློ་གྲོས་ཀྱིས་བུ་ཤྲཱི་སྙིང་དང་འདྲ་བ་ལ་གདམས་པ་ཡིན་པས་ཉམས་སུ་ལོངས་ཤིག །དགེའོ།  +
།ཅེས་ཤིས་བརྗོད་ཀྱི་མཐའ་བརྒྱན་པའི་གནས་འདུས་ལ་བསྐུལ་བའི་གཏམ་ཕན་བདེའི་ཆར་སྤྲིན་ཞེས་བྱ་འདི་ཡང་ཀུན་མཁྱེན་ཀཿཐོག་སི་ཏུ་པཎྜི་ཏ་ཆེན་པོའི་བཀའ་འབངས་གི་གྲྭལ་མཐར་འཁོད་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་མིང་གི་སྙན་པའི་ཐུན་མོངས་སྙོམས་ལས་པས་གསེར་གདོང་དགའ་བ་འཁྱིལ་པའི་རི་ཁྲོད་ཀྱི་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་ཕྲིན་ལས་ཀུན་ཁྱབ་གླིང་ནས་བྲིས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་སྦྱར་བ་སརྦ་དཱ་ཀ་ལྱ་ཎཾ་བྷ་ཝ་ཏུ། །མངྒ་ལཾ།།  +
།ཞེས་པའང་མཉྫུ་གྷོཥས་བརྗེད་བྱང་དུ་བྲིས་པ་དགེ།  +
འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཐུབ་གསུང་བློ་གྲོས་མི་ཟད་པའི་མོད་རྣ་བའི་བདུད་རྩིར་སིམ་བཞིན་སོར་རྩེའི་ཟློས་གར་དུ་བསྒྱུར་བ་འདིས་ཀྱང་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་རྒྱུར་བྱིན་གྱིས་བརླབས་ཏུ་གསོལ། །སརྦ་དཱ་མངྒ་ལཾ། །།  +
།དེ་སྐད་གདམས་པ་ཉུང་ངུ་ཕུལ། མངྒ་ལཾ། དགེའོ།།  +
* '''Treasure colophon:''' ཡིད་བྱེད་ཚིག་གི་ལྟ་བར་གདེངས་བཅས་ཤིང་༔ ཚུལ་ཁྲིམས་འཆལ་དང་བྱང་སེམས་གསང་སྔགས་ཉམས༔ དེ་དུས་གདམས་པའི་སྙིང་ཕྱུང་ཀློང་བཤགས་འདིས༔ ངན་སོང་སྐྱེ་སྒོ་གཅོད་དོ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ༔   +
ཅེས་མདོ་སྨད་ཀྱི་མཁས་པ་ཆེན་པོ་ཤུ་བྷཾ་ཤྲཱི་ཞེས་བྱ་བས་འཇམ་པའི་དབྱངས་ཀེང་རུས་མཆེ་བ་གཙིག་པའི་ཕོ་བྲང་དུ་སྦྱར་བ་རྫོགས་སོ།།  +
།ཅེས་པའང་མཁྱེན་གཟིགས་མཚུངས་བྲལ་གཙང་སར་མཆོག་སྤྲུལ་རིན་པོ་ཆེས་སྔ་སོར་བཀས་བསྐུལ་བ་དང་། བྲག་ལྗོངས་སྤྱི་མཛོད་མིང་སྲིང་མཆོག་གིས་གསུང་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཤུ་བྷཾ།  +
།ཤེས་རྒྱུ་ནི་ཨ་བུ་ཧྲལ་བོས་ཤེས། །མཁོ་རྒྱུ་ནི་བཙན་ཕྱུག་བུ་ལ་མཁོ། །བྲི་ཚོད་ནི་འཁྲུལ་བའི་གཏམ་ལ་མེད། །བཙོང་རྒྱུ་ཞིག་ཡོད་ན་ཨ་བུས་ཚོང་། །དུས་སྨྱོན་ཞིག་ད་ལོ་རྒྱུག་གཤའ་སྟེ། །བཙོང་ཐབས་ནི་མེད་ངེས་ཨ་ལྷ་ཤི། །ཨ་ལ་ལ་ཤིན་ཏུ་དགེ་ལེགས་སྩོལ། །བཀྲ་ཤིས་ཤོག  +
།ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པ་འདི་ནི་མགོན་པོ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེས་རྗེ་ཉིད་ཀྱི་བྱིན་གྱིས་བརླབས་པའི་གནས་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམ་བསྐྱིལ་དུ་མེ་སྤྲེལ་དབོ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །  +
།དེ་ལྟར་རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་རྣམ་པར་ཐར་པ་ལ་ཅུང་ཟད་བསྔགས་པ་རྒྱལ་བ་སྲས་བཅས་དགྱེས་པའི་རྒྱུད་མང་ཞེས་བྱ་བ་འདི་ནི། སྒྱུར་བྱེད་ཀྱི་ལོའི་སྨལ་པོ་ཟླ་༡༡པའི་དཀར་པོའི་ཕྱོགས་ཀྱི་དགའ་བ་དང་པོ་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན། ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་བླ་བྲང་ཆོས་འཁོར་ལྷུན་པོར་མགོན་པོ་གང་གི་གསང་བ་གསུམ་གྱི་བྱིན་རླབས་མཆོག་ཏུ་འབར་བའི་མཆོད་སྡོང་རིན་པོ་ཆེའི་མདུན་དུ་ཚོགས་ཀྱི་འཁོར་ལོའི་འདུ་བས་མཆོད་ཅིང་དབང་བླངས་པའི་ཚེ་ན། བཅོས་མིན་མོས་གུས་དྲག་པོས་མཚམས་སྦྱར་ཏེ་ཆོས་གྲྭ་དེ་ཉིད་ཀྱི་འདབས་རོལ་ཏུ་རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་རང་ལོ་ཉི་ཤུ་པར་གཙུག་ལག་སྨྲ་བའི་ཉི་མས་སྣང་གསལ་ཆུང་ངུ་ཞིག་གི་ངོགས་སུ་ཤར་མར་བྲིས་ཏེ་གསོལ་བ་བཏབ་པ་ལས། སླར་ཡང་ཅུང་ཟད་གསལ་བར་བགྱིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  +
།ཅེས་པའང་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རྩེ་གཅིག་གུས་པས་གསོལ་བ་བཏབ་པའོ།།  +
།ཅེས་པའང་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་རྩེ་གཅིག་གུས་པས་གསོལ་བ་བཏབ་པའོ།།  +
།ཅེས་སྨོན་ཤིས་ཀྱི་མེ་ཏོག་ཅུང་ཟད་འཐོར་བས་དགེ་ལེགས་སུ་བྱས་པ་དང་འབྲེལ་དཔལ་གནམ་སའི་དབང་ཕྱུག་སྡེ་དགེ་ལྷ་ཡི་རིགས་ཀྱི་ཐིག་ལེ་ལས་ལེགས་པར་འཁྲུངས་པའི་རྒྱལ་སྲས་ཉི་མ་གཞོན་ནུ་གང་ཉིད་ཀྱི་ཞལ་གྱི་དཀྱིལ་འཁོར་ཐོག་མར་མཇལ་བ་དང་སླད་ནས་ཆབ་སྲིད་དབྱར་གྱི་པད་མཚོ་ལྟར་རྒྱས་པའི་རྟེན་འབྱུང་དུ་མཚན་གྱི་དྲིལ་ཆེན་བསྒྲགས་པ་དང་ཆབ་གཅིག་དགེ་མཚན་བཀྲ་ཤིས་པའི་རྫས་རྟགས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་པོ་རྣམས་ཀྱི་གཟུགས་ཀྱིས་ལེགས་པར་དྲངས་ནས། བཀྲ་ཤིས་པའི་མགུལ་དར་ཟླ་བའི་མདངས་ཅན་སྲིད་དུ་རིང་བ། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་བཅས། འཇམ་དབྱངས་མཁྱེན་བརྩེའི་སྐྱེ་བར་སྒྲོ་བཏགས་པ་ཆོས་སྨྲ་བའི་གཟུགས་བརྙན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་བསམ་པ་དག་ཅིང་སྦྱོར་བ་གུས་པས་རྩེ་གཅིག་གསོལ་བ་བཏབ་ན་སྨོན་པའི་གནས་མཐའ་དག་ཡིད་བཞིན་དུ་འགྲུབ་ཅིང་ས་གསུམ་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པ་དང་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཤྲཱི་ཡོ་བྷ་ཝནྟུ།།  +
།ཅེས་ཕྱག་ན་པདྨོ་སྲོང་བཙན་ཞབས་ཀྱི་རྣམ་ཐར་ལ་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་འདིའང་། རྒྱལ་ཁམས་ཉུལ་བའི་ད་རི་དྲཱ་གཙུག་ལག་སྨྲ་བའི་ཉི་མས་རང་ལོ་ཉེར་གཅིག་པ་ཀུན་ལྡན་ལོའི་ས་ཟླ་༤པ་ཕྱི་མའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་ལྷ་གདན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོའི་ཉེ་འདབས་སུ་བྲིས་ཏེ་རང་བྱོན་ལྔ་ལྡན་གྱི་ཐུགས་རྗེ་ཆེན་པོའི་འདུན་སར་མངོན་པར་ཤེས་བཞིན་དུ་གསོལ་བ་བཏབ་པ་སརྦ་དཱ་ཀ་ལྱཱཾ་བྷ་བ་ཏུ།  +
།ཅེས་པའང་ཆོས་རྗེ་ཀཿཐོག་པ་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་ལ་སྦྱར་རྒྱུའི་ཚོགས་མཆོད་ཞིག་དགོས་ཞེས་བསྟན་མཁས་ཡོན་ཏན་ཡོངས་སུ་རྫོགས་པའི་དཔལ་མངའ་མཁན་པོ་ཨོ་རྒྱན་བསྟན་འཕེལ་ནས་གནང་སྐྱེས་དང་བཅས་བཀའི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྒྱུད་སྡེའི་ལྷ་ཁང་བཤད་སྒྲུབ་ནོར་བུའི་ལྷུན་པོའི་ཡང་རྩེར་སྨྲས་རིམ་བཞིན་དུ་ཡི་གེའི་བྱེད་པོ་ཆབ་མདོ་སྐྱོ་མདའ་དབོན་སྤྲུལ་ཆོས་ཀྱི་ཉིན་བྱེད་ནས་གུས་པས་བགྱིས་པ་འདིས་ཀྱང་དོན་གཉིས་ལྷུན་གྲུབ་དུ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་ཤུ་བྷཾ།།  +