ཆེད་བརྗོད། རྒྱ་ཆེན་བཀའ་ཡི་རྩ་བ་སོགས།

From Khyentse Lineage - A Tsadra Foundation Project
Wylie title ched brjod/ rgya chen bka' yi rtsa ba sogs DKR-KABUM-21-ZHA-025.pdf
Location dil mgo mkhyen brtse bka' 'bum
Volume 21, Text 25, Pages 219 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Ched brjod rgya chen bka' yi rtsa ba sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 219. Delhi: Shechen Publications, 1994.
Genre
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon

མངྒ་ལས་སོ།།

mang+ga las so//

[edit]
རྒྱ་ཆེན་བཀའ་ཡི་རྩ་བ་རབ་བརླིང་ཞིང༌། །ཟབ་པ་གཏེར་གྱི་མེ་འབྲས་ཁོ་ལག་རྫོགས། །མཁས་གྲུབ་རྣམ་སད་ཁྱེའུའི་རོལ་པ་ཡི། །སྨིན་གྲོལ་ལང་ཚོ་དར་བ་སྔ་འགྱུར་པ། །བདག་གི་འདྲེན་མཆོག་གདོད་མའི་མགོན་རྣམས་བར། །དོན་བརྒྱུད་རྟོགས་པའི་ས་སྲུང་གཉར་འཛེགས་པས། །བཤད་སྒྲུབ་རྩེ་བརྒྱའི་མཚོན་གྱིས་ཐེག་མཆོག་གི །རྒྱལ་ཐབས་སྐྱོང་བའི་ངོ་མཚར་སུ་ཡིས་འགྲན། །དེང་སང་རང་གཞན་འདིར་སྣང་རྦ་ལ་གཡེང༌། །གཟུགས་བརྙན་ཙམ་གྱིས་ཆོས་བརྒྱད་བསྟན་པ་སྤེལ། །རྟོགས་པའི་རིན་ཐང་དབྱིངས་སུ་སྟོར་བ་དེའི། །ཡིག་ཆ་འོན་པའི་རོལ་མོས་ཅི་ཞིག་བགྱི། །འོན་ཀྱང་སྨིན་གྲོལ་རིན་ཆེན་ནོར་བུའི་སྒྲོམ། །བཤད་སྒྲུབ་རྒྱལ་མཚན་རྩེ་ན་བསྙེན་བཀུར་གྱིས། །སྟོབས་འདི་གསང་སྔགས་རྙིང་མའི་ཁྱད་ཆོས་ཕྱིར། །ཡབ་མེས་རྣམ་ཐར་རྗེས་སུ་རྐང་པ་བཀོད། །བདག་རྒྱུད་སྒྲིབ་བཅས་སེམས་ཀྱི་འདམ་ཁྲོད་དུ། །ཟབ་གཏེར་པུཎྜ་རི་ཀའི་མཚར་སྡུག་འདི། །བརྒྱུད་གསུམ་བླ་མ་ཉིན་བྱེད་མཐུས་སད་པས། །སྐལ་པ་བཟང་སྙམ་བསྟན་འགྲོའི་བཙས་སུ་བཞག །རིག་པའི་ཕུར་བུ་འཁོར་འདས་སྲོག་ལ་ཐེབས། །བྱང་སེམས་ཕུར་བུས་བདེ་ཆེན་རྩལ་གསུམ་རྫོགས། །སྲིད་པའི་ཕུར་བུས་སྣང་ཞེན་ལྷར་འཆར་བས། །རྫས་ཀྱི་ཕུར་བུས་སྡང་བྱེད་ཚར་བཅད་དེ། །རྒྱལ་ཀུན་ཕྲིན་ལས་དོན་རྟགས་ཕྱག་ཆར་མཛེས། །བདུད་བཞིའི་དཔུང་ལས་རྒྱལ་བའི་གད་རྒྱངས་ཀྱིས། །བསྟན་འགྲོའི་དབུ་འཕ་གུང་དུ་བསྙེགས་པ་ཡི། །དགེ་མཚན་ལྷ་ཡི་རྒྱལ་རྔ་བརྡུང་གྱུར་ཅིག །གཡེངས་དང་འདུ་འཛིས་སྤང་བའི་དབེན་པ་རུ། །ལུས་སྲོག་ཐེད་ལ་བོར་བས་སྒྲུབ་པའི་མཁར། །བཟུང་ནས་རིག་འཛིན་རྣམ་བཞི་མཐར་སོན་པའི། །དད་བརྩོན་སྐལ་བཟང་ཐོབ་པར་རྩེ་གཅིག་སྨོན། །དད་བརྩོན་རིན་ཆེན་གཟིངས་ཀྱི་བགྲོད་པ་ཡིས། །བཀའ་གཏེར་ཕུར་པའི་རྒྱུད་ལུང་རྒྱ་མཚོའི་མཐར། །བརྒལ་ནས་མན་ངག་གདེང་ཅན་གཙུག་རྒྱན་དབྱིག །འདོད་དགུའི་སྐྱེས་སུ་ཐོབ་འདི་སྐལ་བཟང་སྙམ།། མངྒ་ལས་སོ།། །།
[edit]

rgya chen bka' yi rtsa ba rab brling zhing*/_/zab pa gter gyi me 'bras kho lag rdzogs/_/mkhas grub rnam sad khye'u'i rol pa yi/_/smin grol lang tsho dar ba snga 'gyur pa/_/bdag gi 'dren mchog gdod ma'i mgon rnams bar/_/don brgyud rtogs pa'i sa srung gnyar 'dzegs pas/_/bshad sgrub rtse brgya'i mtshon gyis theg mchog gi_/rgyal thabs skyong ba'i ngo mtshar su yis 'gran/_/deng sang rang gzhan 'dir snang rba la g.yeng*/_/gzugs brnyan tsam gyis chos brgyad bstan pa spel/_/rtogs pa'i rin thang dbyings su stor ba de'i/_/yig cha 'on pa'i rol mos ci zhig bgyi/_/'on kyang smin grol rin chen nor bu'i sgrom/_/bshad sgrub rgyal mtshan rtse na bsnyen bkur gyis/_/stobs 'di gsang sngags rnying ma'i khyad chos phyir/_/yab mes rnam thar rjes su rkang pa bkod/_/bdag rgyud sgrib bcas sems kyi 'dam khrod du/_/zab gter puN+Da ri ka'i mtshar sdug 'di/_/brgyud gsum bla ma nyin byed mthus sad pas/_/skal pa bzang snyam bstan 'gro'i btsas su bzhag_/rig pa'i phur bu 'khor 'das srog la thebs/_/byang sems phur bus bde chen rtsal gsum rdzogs/_/srid pa'i phur bus snang zhen lhar 'char bas/_/rdzas kyi phur bus sdang byed tshar bcad de/_/rgyal kun phrin las don rtags phyag char mdzes/_/bdud bzhi'i dpung las rgyal ba'i gad rgyangs kyis/_/bstan 'gro'i dbu 'pha gung du bsnyegs pa yi/_/dge mtshan lha yi rgyal rnga brdung gyur cig_/g.yengs dang 'du 'dzis spang ba'i dben pa ru/_/lus srog thed la bor bas sgrub pa'i mkhar/_/bzung nas rig 'dzin rnam bzhi mthar son pa'i/_/dad brtson skal bzang thob par rtse gcig smon/_/dad brtson rin chen gzings kyi bgrod pa yis/_/bka' gter phur pa'i rgyud lung rgya mtsho'i mthar/_/brgal nas man ngag gdeng can gtsug rgyan dbyig_/'dod dgu'i skyes su thob 'di skal bzang snyam//_mang+ga las so//_//

Footnotes

Other Information