JKCL-KABUM-04-NGA-022

From Khyentse Lineage - A Tsadra Foundation Project

ཆོས་རྗེ་ཀཿཐོག་པའི་བླ་མའི་རྣལ་འབྱོར་གྱི་ཚོགས་མཆོད་ཀུན་བཟང་རྣམ་རོལ།
Wylie title chos rje kaH thog pa'i bla ma'i rnal 'byor gyi tshogs mchod kun bzang rnam rol JKCL-KABUM-04-NGA-022.pdf
Location chos kyi blo gros bka' 'bum
Volume 4, Text 22, Pages 111-119 (Folios 1a to 5a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. chos rje kaH thog pa'i bla ma'i rnal 'byor gyi tshogs mchod kun bzang rnam rol. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 111-119. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་ཆོས་རྗེ་ཀཿཐོག་པ་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་ལ་སྦྱར་རྒྱུའི་ཚོགས་མཆོད་ཞིག་དགོས་ཞེས་བསྟན་མཁས་ཡོན་ཏན་ཡོངས་སུ་རྫོགས་པའི་དཔལ་མངའ་མཁན་པོ་ཨོ་རྒྱན་བསྟན་འཕེལ་ནས་གནང་སྐྱེས་དང་བཅས་བཀའི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྒྱུད་སྡེའི་ལྷ་ཁང་བཤད་སྒྲུབ་ནོར་བུའི་ལྷུན་པོའི་ཡང་རྩེར་སྨྲས་རིམ་བཞིན་དུ་ཡི་གེའི་བྱེད་པོ་ཆབ་མདོ་སྐྱོ་མདའ་དབོན་སྤྲུལ་ཆོས་ཀྱི་ཉིན་བྱེད་ནས་གུས་པས་བགྱིས་པ་འདིས་ཀྱང་དོན་གཉིས་ལྷུན་གྲུབ་དུ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་ཤུ་བྷཾ།།

/ces pa'ang chos rje kaHthog pa yab sras kyi bla ma'i rnal 'byor la sbyar rgyu'i tshogs mchod zhig dgos zhes bstan mkhas yon tan yongs su rdzogs pa'i dpal mnga' mkhan po o rgyan bstan 'phel nas gnang skyes dang bcas bka'i bskul ba don yod par bya ba'i phyir du 'jam dbyangs blo gros rgya mtshos rgyud sde'i lha khang bshad sgrub nor bu'i lhun po'i yang rtser smras rim bzhin du yi ge'i byed po chab mdo skyo mda' dbon sprul chos kyi nyin byed nas gus pas bgyis pa 'dis kyang don gnyis lhun grub du 'byung ba'i rgyur gyur cig__/sarba dA mang+ga laM shu b+haM/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །ཆོས་རྗེ་ཀཿཐོག་པའི་བླ་མའི་རྣལ་འབྱོར་གྱི་ཚོགས་མཆོད་ཀུན་བཟང་རྣམ་རོལ་ཞེས་བྱ་བ་བཞུགས་སོ།། །།། ན་མོ་གུ་རུ། ངོ་བོ་འཕོ་མེད་ཡེ་ཤེས་སྲོག །ཐུགས་རྗེའི་མཐུ་དཔལ་ལྡན་པའི་སྐུ། །འཁོར་ལོའི་མགོན་པོར་གུས་བཏུད་ནས། །དགྱེས་མཆོད་ཚོགས་ཀྱི་ལས་རིམ་དབྱེ། །དེ་ལ་འདིར་རྣལ་འབྱོར་པ་ཡེ་ཤེས་ལ་བརྟན་པ་ཐོབ་པ་རྣམས་ཀྱིས་ཀུན་ཏུ་རྒྱུའི་གསང་བའི་ཚོགས་འཁོར་དང་། གཏུམ་མོ་ཞུ་བདེའི་ནང་གི་ཚོགས་འཁོར་སོགས་ཚོགས་ཀྱི་འཁོར་ལོའི་སྒྲ་དོན་ལ་ཡང་དག་པར་ཞུགས་པ་ཡིན་ཀྱང་། སྐབས་འདིར་ཐུན་མོང་གི་ཕྱིའི་ཚོགས་ཀྱི་མཆོད་པ་འབུལ་བ་ལ། ཞིང་ལྤགས་སམ་གཅན་གཟན་གྱི་པགས་པ་སོགས་ཀྱི་སྟེང་ཐབས་ཤེས་ཀྱི་རྫས་མ་ད་ན་དང་། བ་ལ་སོགས་ཅི་འབྱོར་པ་བཤམས་པ་ལ། རྣལ་འབྱོར་པ་རྣམས་བདེ་བའི་སྟན་ལ་འཁོད་ཏེ། བླ་མའི་རྣལ་འབྱོར་ཕྱག་མཆོད་གསོལ་འདེབས་ཡན་གྲུབ་ནས། ཚོགས་ཀྱི་ཡོ་བྱད་རྣམས་ལ་བསང་ཆུ་དང་བདུད་རྩིས་བྲན་ནས། རྃ་ཡྃ་ཁྃ། བདག་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས། །ཨ་ལས་བནྡྷ་འབར་བའི་སྣོད་ཡངས་པར། །ཤ་ལྔ་བདུད་རྩི་ལྔ་ཡི་ལོངས་སྤྱོད་ཚོགས། །འདོད་པའི་ཡོན་ཏན་རྣམ་ལྔ་སྤྲིན་ལྟར་གཏིབས། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་ཞུ། །ཟག་མེད་ཀུན་བཟང་དགའ་སྟོན་བླ་ན་མེད། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབས། ཚོགས་མགྲོན་སྤྱན་དྲངས་བ་ནི། ཧཱུྃ་ཧྲཱིཿའོག་མིན་གནས་དང་བདེ་ཆེན་པདྨ་འོད། །སྐུ་གསུམ་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན། །བཞུགས་པའི་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་པའི་སྐུ་ཡི་གར་སྟབས་ཤིགས་སེ་ཤིག །གསུང་གི་གདངས་སྐད་སྔགས་སྒྲ་དི་རི་རི། །ཐུགས་ཀྱི་དགོངས་པ་ཡེ་ཤེས་ལམ་སེ་ལམ། །འདིར་ཚོགས་རྣལ་འབྱོར་ཕོ་མོར་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་ཡེ་ཤེས་བཅུད་ཅིག་ཕོབ། །སྒྲུབ་པའི་གཞལ་ཡས་འདི་ལ་བྱིན་ཕོབ་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཛཿཛཿཛཿཧཱུྃ་བྃ་ཧོཿཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ། ཞེས་པས་སྤྱན་དྲངས། ཚོགས་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་ཚོགས་ཕུད་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། བླ་མེད་གསང་ཆེན་ཚོགས་ཀྱི་འདོད་ཡོན་ལ། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །ཡུལ་དང་དབང་པོ་གཉིས་མེད་མཉམ་པར་རོལ། །བདེ་སྟོང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །མ་ཧཱ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་ཚོགས་ཕུད་ཕུལ། བསྐང་བ་ནི། ཧཱུྃ་ཧྲཱིཿའོག་མིན་གསང་བ་མཆོག་གི་གཞལ་མེད་ཁང་། །ཡེ་ཤེས་བཀོད་པ་བསམ་ལས་འདས་པའི་དབུས། །བླ་མ་རྩ་གསུམ་རྒྱལ་བ་རྒྱ་མཚོ་ལ། །དགྱེས་མཆོད་ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་མཆོད་ཉེར་སྤྱོད་ནང་མཆོད་བདུད་རྩིའི་སྤྲིན། །གསང་བ་སྙོམས་འཇུག་ཡང་གསང་དེ་ཁོ་ན། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ཐུགས་དམ་བསྐང་། །གཞན་ཡང་གླིང་བཞི་རི་རབ་ཉི་ཟླ་སོགས། །ཕྱི་ཡི་མཎྜལ་རབ་འབྱམས་རྡུལ་གྱི་གྲངས། །ནང་དུ་རང་ལུས་རྡོ་རྗེ་ཕུང་པོའི་གྲངས། །གསང་བ་དབྱིངས་རིག་འོད་གསལ་རོལ་པའི་རྒྱན། །ཕྱི་ནང་གསང་བའི་མཎྜལ་བཀོད་པ་ནི། །དཔག་ཡས་ནམ་མཁའ་གང་བས་ཐུགས་དམ་བསྐང་། །བཀྲ་ཤིས་རྟགས་རྫས་འདོད་ཡོན་རྣམ་པ་ལྔ། །རྒྱལ་སྲིད་རྣམ་བདུན་ཉེ་བའི་རིན་ཆེན་བདུན། །སྲབ་འཇམ་ཡངས་པའི་ལྷ་རྫས་ན་བཟའ་དང་། །རིན་ཆེན་རྒྱན་མཆོག་ཁྲུས་རྫིང་དཔག་བསམ་ཤིང་། །འདོད་འཇོའི་བ་དང་གཏེར་ཆེན་བུམ་པ་བཟང་། །སྒེག་སོགས་ལྷ་མོ་བཅུ་དྲུག་གར་སྟབས་བསྒྱུར། །ཀུན་བཟང་བདེ་སྟོང་རྣམ་རོལ་ལས་བྱུང་བའི། །མཆོད་སྤྲིན་རབ་འབྱམས་རྒྱ་མཚོས་ཐུགས་དམ་བསྐང་། །ཁྱད་པར་རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཁམས་གསུམ་གདུག་པ་བསྒྲལ་བའི་རཀྟ་དང་། །འདོད་ཡོན་ལྔ་ལྡན་དཔལ་གྱི་གཏོར་མ་ཆེ། །རྨད་བྱུང་ཚོགས་ཀྱི་འཁོར་ལོའི་མཆོད་པ་སོགས། །འདོད་ཡོན་མི་ཟད་རྒྱན་གྱི་རོལ་མོ་ཡིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་། །ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང་། །དཀར་ཕྱོགས་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཉམས་ཆག་བཟོད་བཞེས་ལ། །དག་ཅིང་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །བར་པ་བཤགས་པ་འབུལ་བ་ནི། ཧོཿཐོག་མེད་དུས་ནས་ད་ལ་ཐུག་གི་བར། །མ་རིག་དབང་གིས་སྒྲིབ་པའི་ནོངས་པ་ཡིས། །བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུན། །མི་འཆབ་མི་སྦེད་མཐོལ་ཞིང་བཤགས་པར་བགྱི། །བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །མཆེད་ལ་འཁུ་ཞིང་གསང་བ་བསྒྲགས་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན། །གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི། ས་མ་ཡ་ཤུདྡྷེ་ཨ་ཨཿ ཡིག་བརྒྱ་བརྗོད། ཚོགས་ཐ་མ་བསྒྲལ་སྟབས་ནི། ཚོགས་ཟན་སློབ་དཔོན་གྱི་མདུན་དུ་བཞག་པར། རང་ཉིད་པདྨ་ཧེ་རུ་ཀའི་སྐུར་གྱུར། ཞེས་བརྗོད་ལ། གཡབ་དྲིལ་གྱི་རྒྱ་དང་བཅས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་སོགས་ཚོགས་འགུགས་སྤྱི་འགྲེ་ལྟར་བརྗོད། ཧཱུྃ། བདག་ཉིད་དབང་ཆེན་པདྨ་ཧེ་རུ་ཀའི། །སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་དཔག་མེད་སྤྲོས། །དགྲ་བགེགས་ལུས་སེམས་རྡུལ་དུ་བརླག་བྱས་ཏེ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བར་བྱ། །སརྦ་དུཥྚན་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད། ལིང་རོར་བདུད་རྩི་བྲན་ཏེ་གཏོར་མར་སྟོབས་ཤིང་། ཧོཿ བསྟན་དགྲ་བསྒྲལ་བའི་བམ་གྱི་ཚོགས། །ཤ་ཁྲག་དོན་སྙིང་ནང་ཁྲོལ་བཅས། །རྔམ་བརྗིད་རོལ་པའི་ཞལ་དུ་བསྟབས། །དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད། ཨོཾ་ཨཱཿབཛྲ་གུ་རུ་དྷེ་བ་ཌཱཀྐི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཧཱུྃ་ཧཱུྃ་ཧཱུྃ། ཕiཊ་ཕiཊ་ཕiཊ། དེ་ནས་བརྡའ་དང་བརྡའ་ཡི་ལན་དང་བཅས་ཚོགས་ཀྱི་འཁོར་ལོ་ལ་ཚིམ་པར་རོལ་རྗེས་ལྷག་མ་རྣམས་སྣོད་གཅིག་ཏུ་བསགས་ལ་སློབ་དཔོན་གྱིས་ཞལ་ཆབ་བྲན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕཻཾ་ཕཻཾ། ཧཱུྃ་བྷྱོ། སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་པའི། །དཀྱིལ་འཁོར་མུ་རན་སྐྱོང་བའི་ལྷག་སྡུད་ནི། །དབང་ཕྱུག་གིང་དང་ལངྐ་འབར་མའི་ཚོགས། །དཔལ་གྱི་ཕོ་ཉ་བྲན་དང་གཡོག་འཁོར་བཅས། །ལྷག་གཏོར་བཞེས་ལ་བཅོལ་པའི་ཕྲིན་ལས་མཛོད། །ཨོཾ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། སྤྲོ་ན་རྡོ་རྗེའི་གླུ་གར་དང་སྨོན་ལམ་སོགས་བྱའོ། །དེ་ནས་གཏོར་མ་སྐྱོང་བ་ནི། ཆད་ཐོའི་གཏོར་མ་སྨན་རཀ་བྲན་ལ། ཧཱུྃ་ཧྲཱིཿསྔོན་ཚེ་བར་དང་ཐ་མའི་དུས་དག་ཏུ། །རིག་འཛིན་གྲུབ་པ་རྒྱ་མཚོའི་སྤྱན་སྔ་རུ། །དབང་ཐོབ་དམ་མནོས་སྤྱན་སྔར་སྲོག་སྙིང་ཕུལ། །བཀའ་རྟགས་གཙུག་ཏུ་བཀོད་པའི་སྲུང་མ་རྣམས། །གཏོར་མ་བཞེས་ལ་རྣལ་འབྱོར་བདག་ཅག་གི། བསམ་དོན་ཀུན་སྒྲུབས་བར་ཆད་རྐྱེན་ངན་བཟློག །ཕྲིན་ལས་རྣམ་བཞི་གང་བཅོལ་མྱུར་འགྲུབ་མཛོད། །ཤྲཱི་དྷརྨ་པཱ་ལ་ས་མ་ཡ་རཀྵནྟུ། སརྦ་ས་མ་ཡ་བ་ལིངྟ་ཁཱ་ཧི། བཤལ་ཆུ་བདུད་རྩིས་མཆོད་ལ། བསྟན་མ་སྐྱོངས་བ་ནི། ཧཱུྃ། ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མ་སྲིང་བསྟན་མ་བཅུ་གཉིས་རྣམས། །རིན་ཆེན་སིལ་ཁྲོལ་སྒྲ་དང་ནི། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །འདིར་གཤེགས་དམ་སྐོང་གཏོར་མ་ལོངས། །རྣལ་འབྱོར་ས་ལམ་བར་ཆད་དང་། །མཐའ་དམག་དུས་འཁྲུག་གནོད་པ་བཟློག །འཇིག་རྟེན་བདེ་བའི་ལས་རྣམས་མཛོད། །མ་མ་ཧྲིཾ་ཧྲིཾ་བ་ལིངྟ་ཁཱ་ཧི། ཞེས་པས་གཏོར་མ་སྐྱོངས། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་མནན་ཅིང་རྡོ་རྗེའི་ཕྱག་རྒྱས་གཟིར་ལ། རྟ་བྲོ་བྱ་བ་ནི། ཧཱུྃ། ཡ་མ་བྱ་བའི་དམ་སྲི་ཁྱོད། །མནན་ནོ་རི་རབ་འོག་ཏུ་མནན། །རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས། །བསྐལ་པར་སྡང་བར་མ་གྱུར་ཅིག །དབང་ཆེན་རྔམ་པའི་རྟ་བྲོ་ཡིས། །རྔམ་པའི་སྟང་སྟབས་བགེགས་ལ་གཟིར། །བྲོ་ནི་སྐྱེ་བ་མེད་པར་བརྡུངས། །གླུ་ནི་འདུ་འབྲལ་མེད་པར་བླངས། །དགྲ་བགེགས་དམ་སྲི་དཔུང་དང་བཅས། །མིང་ཙམ་མེད་པར་རྡུལ་དུ་རློགས། །ཨེ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན། ཅེས་བརྗོད་པས་ལས་ཀྱི་མཇུག་བསྡུ་བར་བྱའོ། །དངོས་གྲུབ་གསོལ་ཞིང་བླང་བ་ནི། ཨོཾ་ཨཱཿཧཱུྃ། རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །ཐུགས་དམ་གནད་བསྐུལ་གདུང་བས་གསོལ་བ་འདེབས། །སྐུ་གསུམ་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །བྱིན་བརླབ་དབང་དང་དངོས་གྲུབ་དིང་འདིར་སྩོལ། མཚན་སྔགས་མཐར་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་པས་དངོས་གྲུབ་བླངས་ཤིང་སླར་ཡང་བླ་མའི་རྣལ་འབྱོར་གྱི་གཞུང་ནས་འབྱུང་བ་ལྟར་དབང་བླངས་ཤིང་བླ་མ་རང་ལ་སྟིམ་ནས་ཐུགས་ཡིད་བསྲེ་བ་དང་། དགེ་བསྔོ་སྨོན་ལམ་ཤིས་བརྗོད་སོགས་བྱའོ། །ཚུལ་འདིར་འབད་པའི་ཚོགས་གཉིས་སྤྲིན་ཆེན་ལས། །དགེ་ལེགས་ནོར་བུའི་གྲུ་ཆར་རབ་འབེབས་ཏེ། །སྲིད་གསུམ་འགྲོ་བའི་ཞིང་སར་སྨིན་པ་ལས། །སྐུ་བཞིའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་པའང་ཆོས་རྗེ་ཀཿཐོག་པ་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་ལ་སྦྱར་རྒྱུའི་ཚོགས་མཆོད་ཞིག་དགོས་ཞེས་བསྟན་མཁས་ཡོན་ཏན་ཡོངས་སུ་རྫོགས་པའི་དཔལ་མངའ་མཁན་པོ་ཨོ་རྒྱན་བསྟན་འཕེལ་ནས་གནང་སྐྱེས་དང་བཅས་བཀའི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྒྱུད་སྡེའི་ལྷ་ཁང་བཤད་སྒྲུབ་ནོར་བུའི་ལྷུན་པོའི་ཡང་རྩེར་སྨྲས་རིམ་བཞིན་དུ་ཡི་གེའི་བྱེད་པོ་ཆབ་མདོ་སྐྱོ་མདའ་དབོན་སྤྲུལ་ཆོས་ཀྱི་ཉིན་བྱེད་ནས་གུས་པས་བགྱིས་པ་འདིས་ཀྱང་དོན་གཉིས་ལྷུན་གྲུབ་དུ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་ཤུ་བྷཾ།། །།
[edit]

@#/__/chos rje kaHthog pa'i bla ma'i rnal 'byor gyi tshogs mchod kun bzang rnam rol zhes bya ba bzhugs so//____///__ na mo gu ru/__ngo bo 'pho med ye shes srog__/thugs rje'i mthu dpal ldan pa'i sku/__/'khor lo'i mgon por gus btud nas/__/dgyes mchod tshogs kyi las rim dbye/__/de la 'dir rnal 'byor pa ye shes la brtan pa thob pa rnams kyis kun tu rgyu'i gsang ba'i tshogs 'khor dang /__gtum mo zhu bde'i nang gi tshogs 'khor sogs tshogs kyi 'khor lo'i sgra don la yang dag par zhugs pa yin kyang /__skabs 'dir thun mong gi phyi'i tshogs kyi mchod pa 'bul ba la/__zhing lpags sam gcan gzan gyi pags pa sogs kyi steng thabs shes kyi rdzas ma da na dang /__ba la sogs ci 'byor pa bshams pa la/__rnal 'byor pa rnams bde ba'i stan la 'khod te/__bla ma'i rnal 'byor phyag mchod gsol 'debs yan grub nas/__tshogs kyi yo byad rnams la bsang chu dang bdud rtsis bran nas/__ra~M ya~M kha~M/__bdag nyid yi dam lhar gsal thugs ka nas/__/ra~M ya~M kha~M 'phros tshogs rdzas dngos 'dzin sbyangs/__/a las ban+d+ha 'bar ba'i snod yangs par/__/sha lnga bdud rtsi lnga yi longs spyod tshogs/__/'dod pa'i yon tan rnam lnga sprin ltar gtibs/__/oM AHhU~M gis ye shes bdud rtsir zhu/__/zag med kun bzang dga' ston bla na med/__/oM AHhU~M ha ho hrIHlan gsum gyis brlabs/__tshogs mgron spyan drangs ba ni/__hU~M hrIH'og min gnas dang bde chen pad+ma 'od/__/sku gsum zhing khams rab 'byams rgya mtsho na/__/bzhugs pa'i bla ma rgyal ba rgya mtsho'i tshogs/__/'dir gshegs tshogs la spyan 'dren gshegs su gsol/__/dgyes pa'i sku yi gar stabs shigs se shig__/gsung gi gdangs skad sngags sgra di ri ri/__/thugs kyi dgongs pa ye shes lam se lam/__/'dir tshogs rnal 'byor pho mor byin gyis rlobs/__/tshogs gtor 'di la ye shes bcud cig phob/__/sgrub pa'i gzhal yas 'di la byin phob cig__/mchog dang thun mong dngos grub stsal du gsol/__/oM AHhU~M badz+ra ma hA gu ru sarba sa ma ya dzaHdzaHdzaHhU~M ba~M hoHe A ral+li hrIM hrIM phaiM phaiM/__zhes pas spyan drangs/__tshogs rim pa gsum du spros la/__dang po tshogs phud 'bul ba ni/__oM AHhU~M/__bla med gsang chen tshogs kyi 'dod yon la/__/ye shes lnga yi 'od zer rnam par 'phro/__/yul dang dbang po gnyis med mnyam par rol/__/bde stong ye shes mchog gi dngos grub stsol/__/ma hA sarba ga Na tsakra pU dza hoHzhes tshogs phud phul/__bskang ba ni/__hU~M hrIH'og min gsang ba mchog gi gzhal med khang /__/ye shes bkod pa bsam las 'das pa'i dbus/__/bla ma rtsa gsum rgyal ba rgya mtsho la/__/dgyes mchod thugs dam bskang ba'i dam rdzas ni/__/phyi mchod nyer spyod nang mchod bdud rtsi'i sprin/__/gsang ba snyoms 'jug yang gsang de kho na/__/kun bzang mchod pa'i sprin gyis thugs dam bskang /__/gzhan yang gling bzhi ri rab nyi zla sogs/__/phyi yi maN+Dal rab 'byams rdul gyi grangs/__/nang du rang lus rdo rje phung po'i grangs/__/gsang ba dbyings rig 'od gsal rol pa'i rgyan/__/phyi nang gsang ba'i maN+Dal bkod pa ni/__/dpag yas nam mkha' gang bas thugs dam bskang /__/bkra shis rtags rdzas 'dod yon rnam pa lnga/__/rgyal srid rnam bdun nye ba'i rin chen bdun/__/srab 'jam yangs pa'i lha rdzas na bza' dang /__/rin chen rgyan mchog khrus rdzing dpag bsam shing /__/'dod 'jo'i ba dang gter chen bum pa bzang /__/sgeg sogs lha mo bcu drug gar stabs bsgyur/__/kun bzang bde stong rnam rol las byung ba'i/__/mchod sprin rab 'byams rgya mtshos thugs dam bskang /__/khyad par rtsa brgyad stong la sbyar ba'i sman/__/khams gsum gdug pa bsgral ba'i rak+ta dang /__/'dod yon lnga ldan dpal gyi gtor ma che/__/rmad byung tshogs kyi 'khor lo'i mchod pa sogs/__/'dod yon mi zad rgyan gyi rol mo yis/__/rig 'dzin rtsa brgyud bla ma'i thugs dam bskang /__/yi dam zhi khro'i lha tshogs thugs dam bskang /__/gnas gsum dpa' bo mkha' 'gro'i thugs dam bskang /__/dam can chos skyong srung ma'i thugs dam bskang /__/nor lha gter bdag rnams kyi thugs dam bskang /__/dkar phyogs gzhi bdag rnams kyi thugs dam bskang /__/thugs dam bskang ngo nyams chag bzod bzhes la/__/dag cing tshangs pa'i dngos grub stsal du gsol/__/bar pa bshags pa 'bul ba ni/__hoHthog med dus nas da la thug gi bar/__/ma rig dbang gis sgrib pa'i nongs pa yis/__/bcas dang rang bzhin 'gal ba'i nyes pa kun/__/mi 'chab mi sbed mthol zhing bshags par bgyi/__/bla ma'i sku gsung thugs kyi dam tshig dang /__/mched la 'khu zhing gsang ba bsgrags pa sogs/__/rtsa ba yan lag dam tshig nyams chag kun/__/gnong zhing 'gyod pa'i sems kyis bshags par bgyi/__sa ma ya shud+d+he a aH_yig brgya brjod/__tshogs tha ma bsgral stabs ni/__tshogs zan slob dpon gyi mdun du bzhag par/__rang nyid pad+ma he ru ka'i skur gyur/__zhes brjod la/__g.yab dril gyi rgya dang bcas te/__na mo/__dkon mchog gsum la phyag 'tshal lo/__/dkon mchog gsum gyi bka' bden pa dang sogs tshogs 'gugs spyi 'gre ltar brjod/__hU~M/__bdag nyid dbang chen pad+ma he ru ka'i/__/sku las sprul pa'i khro tshogs dpag med spros/__/dgra bgegs lus sems rdul du brlag byas te/__/rnam shes chos kyi dbyings su spar bar bya/__/sarba duSh+Tan nr-i tri sha trUM mA ra ya rbad/__ling ror bdud rtsi bran te gtor mar stobs shing /__hoHbstan dgra bsgral ba'i bam gyi tshogs/__/sha khrag don snying nang khrol bcas/__/rngam brjid rol pa'i zhal du bstabs/__/drag po'i phrin las yongs rdzogs mdzod/__oM AHbadz+ra gu ru d+he ba DAk+ki nI dgra bgegs kyi sha khrag rus pa la kha raM khA hi/__ha ha ha/__hi hi hi/__hU~M hU~M hU~M/__pha[i]Ta pha[i]Ta pha[i]Ta/__de nas brda' dang brda' yi lan dang bcas tshogs kyi 'khor lo la tshim par rol rjes lhag ma rnams snod gcig tu bsags la slob dpon gyis zhal chab bran te/__oM AHhU~M ha ho hrIHlhag ma'i dam tshig 'dod yon gyi phung po zad mi shes par gyur/__e A ral+li hriM hriM phaiM phaiM/__hU~M b+h+yo/__sngon tshe dpal chen spyan sngar khas blangs pa'i/__/dkyil 'khor mu ran skyong ba'i lhag sdud ni/__/dbang phyug ging dang lang+ka 'bar ma'i tshogs/__/dpal gyi pho nya bran dang g.yog 'khor bcas/__/lhag gtor bzhes la bcol pa'i phrin las mdzod/__/oM uts+tshiSh+Ta ba ling+ta khA hi/__spro na rdo rje'i glu gar dang smon lam sogs bya'o/__/de nas gtor ma skyong ba ni/__chad tho'i gtor ma sman raka bran la/__hU~M hrIHsngon tshe bar dang tha ma'i dus dag tu/__/rig 'dzin grub pa rgya mtsho'i spyan snga ru/__/dbang thob dam mnos spyan sngar srog snying phul/__/bka' rtags gtsug tu bkod pa'i srung ma rnams/__/gtor ma bzhes la rnal 'byor bdag cag gi/__bsam don kun sgrubs bar chad rkyen ngan bzlog__/phrin las rnam bzhi gang bcol myur 'grub mdzod/__/shrI d+harma pA la sa ma ya rak+Shan+tu/__sarba sa ma ya ba ling+ta khA hi/__bshal chu bdud rtsis mchod la/__bstan ma skyongs ba ni/__hU~M/__tshogs rje tshogs bdag dbang dang ldan/__/ma sring bstan ma bcu gnyis rnams/__/rin chen sil khrol sgra dang ni/__/lhab lhub mang po'i rgyan dang bcas/__/'dir gshegs dam skong gtor ma longs/__/rnal 'byor sa lam bar chad dang /__/mtha' dmag dus 'khrug gnod pa bzlog__/'jig rten bde ba'i las rnams mdzod/__/ma ma hriM hriM ba ling+ta khA hi/__zhes pas gtor ma skyongs/__gtor gzhong kha sbubs pa'i 'og tu dgra bgegs dam sri mnan cing rdo rje'i phyag rgyas gzir la/__rta bro bya ba ni/__hU~M/__ya ma bya ba'i dam sri khyod/__/mnan no ri rab 'og tu mnan/__/rdo rje'i phyag rgyas rgyas btab pas/__/bskal par sdang bar ma gyur cig__/dbang chen rngam pa'i rta bro yis/__/rngam pa'i stang stabs bgegs la gzir/__/bro ni skye ba med par brdungs/__/glu ni 'du 'bral med par blangs/__/dgra bgegs dam sri dpung dang bcas/__/ming tsam med par rdul du rlogs/__/e laM hU~M laM stam+b+ha ya nan/__ces brjod pas las kyi mjug bsdu bar bya'o/__/dngos grub gsol zhing blang ba ni/__oM AHhU~M/__rig 'dzin bla ma'i lha tshogs dbyings nas bzhengs/__/thugs dam gnad bskul gdung bas gsol ba 'debs/__/sku gsum thugs dang yon tan phrin las kyi/__/byin brlab dbang dang dngos grub ding 'dir stsol/__mtshan sngags mthar kA ya wAk+ka tsit+ta sarba sid+d+hi pha la hoHzhes pas dngos grub blangs shing slar yang bla ma'i rnal 'byor gyi gzhung nas 'byung ba ltar dbang blangs shing bla ma rang la stim nas thugs yid bsre ba dang /__dge bsngo smon lam shis brjod sogs bya'o/__/tshul 'dir 'bad pa'i tshogs gnyis sprin chen las/__/dge legs nor bu'i gru char rab 'bebs te/__/srid gsum 'gro ba'i zhing sar smin pa las/__/sku bzhi'i snye ma g.yur du za bar shog__/ces pa'ang chos rje kaHthog pa yab sras kyi bla ma'i rnal 'byor la sbyar rgyu'i tshogs mchod zhig dgos zhes bstan mkhas yon tan yongs su rdzogs pa'i dpal mnga' mkhan po o rgyan bstan 'phel nas gnang skyes dang bcas bka'i bskul ba don yod par bya ba'i phyir du 'jam dbyangs blo gros rgya mtshos rgyud sde'i lha khang bshad sgrub nor bu'i lhun po'i yang rtser smras rim bzhin du yi ge'i byed po chab mdo skyo mda' dbon sprul chos kyi nyin byed nas gus pas bgyis pa 'dis kyang don gnyis lhun grub du 'byung ba'i rgyur gyur cig__/sarba dA mang+ga laM shu b+haM//____//

Footnotes

Other Information