Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
ག
།ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་གསུངས་པ་ཚིགས་བཅད་དུ་བསྡེབས་ཏེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། +
།ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་དཀར་ཆག་མདོར་བསྡུས་སུ་ཕུལ་བ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། +
།ཞེས་པའང་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་པ་གླ་བྲོ་དགོན་གྱི་བླ་མ་དགེ་འདུན་རྣམས་ནས་གསུངས་ངོར་ཞལ་གདམས་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། +
* '''Revealer colophon:''' གཏེར་སྟོན་བལ་པོ་ཨ་ཧཱུྃ་གིས་སྤ་གྲོ་ཅལ་གྱི་བྲག་དམར་ནས་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས་པའི་གདམས་ངག་ཁྱད་པར་ཅན་ནོ། །ཤུ་བྷཾ།
* '''Author colophon:''' འདིར་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་ལས་གསུངས་པའི་གླང་ཆེན་བཀྲ་ཤིས་འབྱུང་བའི་གཅས་དང་ལྷན་ཅིག་ཏུ་བྱས་ན་ལེགས་ཅེས་རྗེ་པདྨ་གར་དབང་གིས་གསུངས་སོ།།
+
།ཅེས་མི་རྗེ་དམ་པ་གང་ནས་ངོས་ཅག་ལ་བོང་བ་གསེར་གཟིགས་ཀྱིས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ། ལྷ་རྫས་རྒྱས་པའི་མདངས་ལྡན། ཚེ་དཔག་མེད་སྤྲུལ་སྐུའི་སྣང་བརྙན་བྱིན་ཅན། སྣ་ཚོགས་རྡོ་རྗེའི་རེ་ཁཱས་བཀྲ་བའི་ཟ་འོག་གི་དྲིལ་གདན་བཅས་ཆེད་སྩལ་ལྟར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དུས་བཟང་པོ་ཚེས་བཅུའི་ཉི་ཤར་ལ་འབྱོར་པ་རྟེན་འབྱུང་མཆོག་ཏུ་དགེ་བར་མངོན་པར་སྤྲོ་བའི་ཡིད་ཀྱིས་སླར་ཡང་མིའི་དབང་པོ་གང་ལ་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དང་། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། སྐུ་ཚེའི་ཚེ་རྫས་རིལ་བུ་བཅས་དེ་འཕྲལ་དུ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཕུལ་བ་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཐམས་ཅད་དུ་རྟག་ཅིང་ཁྱབ་པར་གྱུར་ཅིག +
།ཅེས་གླིང་རྗེ་དྲུང་མཆོག་གི་སྤྲུལ་པའི་སྐུའི་མཚན་དཔེའི་ཟླ་ཞལ་གསར་དུ་ཚེས་པ་རང་གནས་གདན་སར་མངའ་གསོལ་བའི་སྐབས་ཆེད་དུ་བསྐུལ་བ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། +
འདི་ལྟར་མ་བྱུང་བསྟན་དགྲ་སྒྲོལ་བའི་ལསཿ དུས་མཐའི་སྔགས་སྨྱོན་དགྱེས་པ་རྡོ་རྗེ་ཡིསཿ དཀར་ཕྱོགས་བསྟོད་ཅིང་ནག་ཕྱོགས་འཇོམས་པ་དངཿ བསྟན་པ་སྤྱི་དང་ཁྱད་པར་རང་གི་ལུགསཿ པདྨའི་ཐུགས་སྲས་ཨ་བྷིའི་མཚན་ཅན་གྱིཿ ཁྱད་ཆོས་ཀློང་ཆེན་སྙིང་གི་ཐིག་ལེ་ཡིཿ བསྟན་སྲིད་ཉི་གཞོན་ཤར་རིར་ཆས་པ་ལྟརཿ འགྲོ་ལ་ཕན་དང་བདེ་བའི་འབྱུང་གནས་སུཿ འགྱུར་བའི་མོས་བློ་བཟང་པོས་ཀུན་བསླངས་ནསཿ ཉམས་པ་འཇོམས་པའི་དུག་ཆར་འདི་བཀོད་དོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ རྣམ་དཀར་དད་པའི་བ་དན་གཙུགས་ན་འགྱིངསཿ ངུར་སྨྲིག་རྒྱན་འཆང་ཤེས་རབ་མིང་དེ་ཡིསཿ མྱུར་ལྡན་སོར་མོའི་གར་གྱིས་ཡི་གེར་བཏབསཿ དགེ་ཞིང་བཀྲ་ཤིས་སརྦ་མངྒ་ལཾཿ དགེའོ། །དགེའོ། །དགེའོ།། །། +
།ཅེས་སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཆོས་གཞིས་ཕྱ་གཡང་བཀྲ་ཤིས་བདེ་ལྡན་གཡུང་དྲུང་འཁྱིལ་བར་བྲིས་པའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བཀྲ་ཤིས་པས་མཛད་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་མཐུ་ལ་བརྟེན་ནས་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག +
ཅེས་པའང་མེ་བྱི་ཟླ་གཅིག་ཚེས་བཅུ་གསུམ་ལའོ།། +
།ཅེས་པའང་མེ་སྤྲེལ་ནག་ཟླའི་ཚེས་ཉེར་དགུ་ལ་བསམ་ཡས་འཆིམས་ཕུའི་བློན་ཆེན་གུར་དཀར་ཕུག་ཏུ་ཉམས་སྐྱིད་པས་རྐྱེན་བྱས་ཏེ། རང་ལ་འདི་འདྲའི་རྟོགས་ཚད་མི་ལྡན་ཡང་མ་འོངས་འབྱུང་འགྱུར་གྱི་རྟེན་འབྱུང་ཙམ་དུ་ཐོལ་བྱུང་གླུ་རུ་བླངས་པའོ།། +
།ཞེས་བའང་སྨིན་གླིང་གདུང་སྲས་རིན་པོ་ཆེ་ཀུན་བཟང་དབང་རྒྱལ་གྱི་བཀའ་ཡིས་བསྐུལ་བ་བཞིན་དུ། རང་ལ་འདི་འདྲའི་རྟོགས་པའི་གདིང་ཚད་མེད་ཀྱང་འབྱུང་རུང་གི་རྟེན་སྨོན་ཙམ་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འོག་མིན་གཉིས་པ་སྨིན་གྲོལ་གླིང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། སརྦ་དཱ་མངྒ་ལ་ཤུ་བྷཾ།། +
།ཅེས་པའང་ས་ཁྱི་དབོ་ཟླའི་ཚེས་བཅུ་དགུ་ལ་རིག་པ་འཛིན་པ་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་འབྲས་ལྗངས་སྒང་ཏོག་ཏུ་བྲིས་བའོ།། +
།ཞེས་པའང་བཀའ་ཕེབས་མི་ལྡོག་ཙམ་དུ་བྱ་བྲལ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྨྲས་པ་སུ་ཤྲེ་ཡོ་བྷ་བ་ཏུ། +
ང
།ཅེས་པའང་གདོང་སྣ་ཆོས་རྗེ་ཕན་བདེ་འོད་ཟེར་གྱིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གྲོ་བཞིན་ཟླ་བའི་ཚེས་གསུམ་ལ་བྲིས་པ་བརྟེན་འབྲེལ་བཟང་ངོ་། །བཀྲ་ཤིས་པར་གྱུར་ཅིག། +
འཆི་བསླུའི་མཆན་འདི་སྔ་གྱི་མཆན་རྙིང་ཞིག་རྗེ་མཁྱེན་བརྩེའི་ཕྱག་བྲིས་ཀྱི་ཞལ་སྐོང་མཛད་པ་འདི་གལ་གནད་ཆེ་བར་བསམ་ནས་སྤར་དུ་བཀོད་རུང་། །སྤར་གཞི་འབྲི་བ་པོས་བྲི་ནོར་དང་། མ་དཔེ་མཆན་མ་དག་ཤིང་བརྡ་རྙིང་སོགས་དཔྱད་བྱར་མང་བས་ཕྱིན་ཆད་རྒྱུད་དོན་ལ་མཁས་པ་རྣམས་ཀྱིས་ལེགས་པར་གཟིགས་ཤིང་དཔྱད་གསུམ་གྱིས་དག་པར་བགྱིད་འཚལ་ལོ། +
།ཅེས་སྐྱབས་འོག་ཐ་ཆུང་པ་ངོར་ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་བཏབ་པ་སརྦ་དཱ་སུ་ཤྲེ་ཡོ་བྷ་བ་ཏུ།། +
།ཞེས་པའང་བསྟོད་ཡུལ་དམ་པ་གང་དེའི་ལེགས་གསུང་གི་བདུད་རྩིས་འཚོ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། +
།ཞེས་པ་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ།། +
།ཅེས་རྗེ་བཙུན་འཇམ་པའི་དབྱངས་མཆོག་གི་སྤྲུལ་སྐུའི་རྣམ་པར་རོལ་པ་གང་གི་ཞབས་བརྟན་གསོལ་འདེབས་ཚིགས་སུ་བཅད་པ་རྒྱལ་སྲིད་རིན་པོ་ཆེའི་གྲངས་ལྡན་འདིའང་། སྐྱབས་མཆོག་དེ་ཉིད་ཀྱི་ཞབས་འབྲིང་བ་སྡོམ་བརྩོན་ཚུལ་ཁྲིམས་རྒྱ་མཚོས་རྟེན་དང་བཅས་ཏེ་བསྐུལ་བའི་ངོར་རྒྱལ་ཁམས་པ་ངག་དབང་ལེགས་གྲུབ་ཀྱིས་འཕྲལ་དུ་བྲིས་པའོ།། +
།སརྦ་དཱ་སིདྡྷི་རསྟུ།། +