ང་འདྲ་མཆེད་བརྒྱད་ལ་གཏོར་འབུལ་བསྡུས་པ་ཕན་བདེའི་མཆོག་སྟེར།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-079
Wylie title nga 'dra mched brgyad la gtor 'bul bsdus pa phan bde'i mchog ster JKCL-KABUM-11-DA-079.pdf
Location chos kyi blo gros bka' 'bum
Volume 11, Text 79, Pages 435-436 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. nga 'dra mched brgyad la gtor 'bul bsdus pa phan bde'i mchog ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 435-436. Bir, H.P.: Khyentse Labrang, 2012.
Genre Torma-offering Rituals - gtor chog
Deity nga 'dra mched brgyad
Colophon

།ཅེས་པའང་གདོང་སྣ་ཆོས་རྗེ་ཕན་བདེ་འོད་ཟེར་གྱིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གྲོ་བཞིན་ཟླ་བའི་ཚེས་གསུམ་ལ་བྲིས་པ་བརྟེན་འབྲེལ་བཟང་ངོ་། །བཀྲ་ཤིས་པར་གྱུར་ཅིག།

/ces pa'ang gdong sna chos rje phan bde 'od zer gyis lha rdzas dang bcas gsung bskul ngor 'jam dbyangs chos kyi blo gros pas gro bzhin zla ba'i tshes gsum la bris pa brten 'brel bzang ngo /__/bkra shis par gyur cig/

1 Texts in this Section (sde tshan or chos tshan)

[edit]
ང་འདྲ་མཆེད་བརྒྱད་ལ་གཏོར་འབུལ་བསྡུས་པ་ཕན་བདེའི་མཆོག་སྟེར་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །སྲིད་བའི་ལྷ་ཆེན་ང་འདྲ་མཆེད་བརྒྱད་ལ་མཆོད་གཏོར་འབུལ་བར་འདོད་ན་གཏོར་མ་དཀར་དམར་བཤམས་ལ། རྃ་ཡྃ་ཁྃ། མི་གཙང་བའི་དྲི་མ་ཐམས་ཅད་བསྲེག་གཏོར་སྦྱངས། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་ནམ་མཁའ་དང་མཉམ་པ་རྒྱས་པར་སྤེལ་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་འབུལ། ཀྱཻ། བསྐལ་པ་ཆགས་པའི་ལྷ་ཆེན་པོ། །མཐུ་རྩལ་རྨད་བྱུང་ང་འདྲ་མཆེད། །མི་དཀར་གཟི་བརྗིད་རབ་བྱུང་ཆས། །གོས་དམར་གྱིས་བཀླུབས་པཎ་ཞུ་གསོལ། །བ་དན་དམར་པོ་མཁའ་ལ་ཕྱར། །རྟ་མཆོག་མཚལ་བུ་སྒ་སྲབ་ཀྱི། །བརྒྱན་པའི་སྟེང་ན་འགྱིང་ཞིང་རོལ། །སྤྲུལ་པ་མཆེད་འཁོར་བློན་འབངས་རྣམས། །འདིར་གཤེགས་བཞུགས་ལ་མཆོད་གཏོར་བཞེས། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །རྟག་ཏུ་བསྲུང་སྐྱོབ་དོན་རྣམས་སྒྲུབས། །ཡུལ་འདིར་ལོ་ལེགས་ཕྱུགས་འཕེལ་ཞིང་། །བཙའ་སད་སེར་བའི་གནོད་པ་སྲུངས། །འཇིག་རྟེན་བདེ་བའི་ཕྲིན་ལས་མཛོད། །ཅེས་གཏོར་མ་སྐྱེམས་ཕུད་མཆོད། གཏོར་བསྔོ་གཞན་དང་མ་འབྲེལ་ན། སྲིད་པའི་ལྷ་ཆེན་གཙོ་འཁོར་རྣམས། །རང་གནས་གཤེགས་ལ་དུས་དུས་སུ། །འབྱོན་ལ་བཀྲ་ཤིས་མཛད་དུ་གསོལ། །ཅེས་བརྗོད། བསང་བྱེད་ན། འདིར་གཤེགས་བཞུགས་ལ་བསང་མཆོད་བཞེས། །ཅེས་ཁ་བསྒྱུར་རོ། །ཅེས་པའང་གདོང་སྣ་ཆོས་རྗེ་ཕན་བདེ་འོད་ཟེར་གྱིས་ལྷ་རྫས་དང་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གྲོ་བཞིན་ཟླ་བའི་ཚེས་གསུམ་ལ་བྲིས་པ་བརྟེན་འབྲེལ་བཟང་ངོ་། །བཀྲ་ཤིས་པར་གྱུར་ཅིག། །།
[edit]

nga 'dra mched brgyad la gtor 'bul bsdus pa phan bde'i mchog ster bzhugs so/__/bla ma la phyag 'tshal lo/__/srid ba'i lha chen nga 'dra mched brgyad la mchod gtor 'bul bar 'dod na gtor ma dkar dmar bshams la/__ra~M ya~M kha~M/__mi gtsang ba'i dri ma thams cad bsreg gtor sbyangs/__oM AHhU~M gis 'dod yon nam mkha' dang mnyam pa rgyas par spel bar gyur/__nam mkha' mdzod kyi sngags rgya lan gsum gyis 'bul/__kyai/__bskal pa chags pa'i lha chen po/__/mthu rtsal rmad byung nga 'dra mched/__/mi dkar gzi brjid rab byung chas/__/gos dmar gyis bklubs paN zhu gsol/__/ba dan dmar po mkha' la phyar/__/rta mchog mtshal bu sga srab kyi/__/brgyan pa'i steng na 'gying zhing rol/__/sprul pa mched 'khor blon 'bangs rnams/__/'dir gshegs bzhugs la mchod gtor bzhes/__/bdag cag rnal 'byor 'khor bcas rnams/__/rtag tu bsrung skyob don rnams sgrubs/__/yul 'dir lo legs phyugs 'phel zhing /__/btsa' sad ser ba'i gnod pa srungs/__/'jig rten bde ba'i phrin las mdzod/__/ces gtor ma skyems phud mchod/__gtor bsngo gzhan dang ma 'brel na/__srid pa'i lha chen gtso 'khor rnams/__/rang gnas gshegs la dus dus su/__/'byon la bkra shis mdzad du gsol/__/ces brjod/__bsang byed na/__'dir gshegs bzhugs la bsang mchod bzhes/__/ces kha bsgyur ro/__/ces pa'ang gdong sna chos rje phan bde 'od zer gyis lha rdzas dang bcas gsung bskul ngor 'jam dbyangs chos kyi blo gros pas gro bzhin zla ba'i tshes gsum la bris pa brten 'brel bzang ngo /__/bkra shis par gyur cig/__//__

Footnotes

Other Information