Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
ཕ
།ཞེས་པའང་ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེའུ་རིང་སེང་གེ་རྫོང་དུ་ཀུན་ལྡན་དབྱུག་པ་ཟླ་༩བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་༦པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་ཐལ་བ་བགྱིས་པའི་རྗེས་ཐོག་ཏུ་རྐང་འཐུང་ལང་ཚོས་བཀྲ་བའི་བསྟི་གནས་ཉམས་དགའ་བར་བྲིས་པའོ།། +
འདི་ནི་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ཏེཿ ཕུར་སྒྲུབ་ཡང་བཅུད་པདྨའི་སྙིང་གི་ཁྲགཿ མཁར་ཆེན་མཚོ་རྒྱལ་ཡུམ་མཆོག་ཁྱོད་ལ་གདམསཿ རང་ཉིད་ཉམས་སུ་ལོངས་ལ་མ་འོངས་དུསཿ ང་སྤྲུལ་རིག་འཛིན་དེ་དང་འཕྲད་པར་ཤོགཿ འདི་ཉིད་ཉམས་སུ་ལེན་པའི་ཡབ་ཡུམ་ཟུངཿ བར་ཆད་བདུད་དབང་མི་འགྱུར་པདྨའི་བཀའཿ ཤིན་ཏུ་གསང་ཞིང་རང་གིས་ཉམས་སུ་ལོངསཿ ས་མ་ཡཱཿ རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ +
བ
།།ཞེས་པའང་མཉྫུ་གྷོ་ཥས་སོ། +
བ་རི་ལུགས་ཀྱི་སེང་གདོང་སྔོན་མོ་དགེ་ཕྱོགས་ནས་བརྒྱུད་པའི་སྒྲུབ་རྗེས་ལས་ཚོགས་དང་བཅས་པ་རྡོ་རྗེའི་སྤྲིན་ཆར། +
།ཅེས་པའང་རྗེ་བདག་ཉིད་ཆེན་པོའི་གསུང་རྒྱུན་རྒྱལ་དབང་དགེ་འདུན་གྲུབ་པས་ཟིན་བྲིས་སུ་མཛད་པའི་སྒྲུབ་ཐབས་གསལ་བྱེད་དང་བཅས་པ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་རྗེས་གནང་། ལས་ཚོགས་ཀྱི་ཡི་གེ་རྙིང་པ་རྣམས་ལ་གཞི་བྱས། བླ་མ་དམ་པའི་ཕྱག་གཞེས་ཇི་ལྟར་མཛད་པ་བཞིན་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་ཏེ་སྦྱར་བ་བི་ཛ་ཡནྟུ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ། +
བཀའ་གཏེར་ཟུང་འཇུག་པདྨ་ཚེ་ཡི་སྙིང་གི་ཐིག་ལེའི་ནང་སྒྲུབ་ལྷ་བཅུ་བདུན་མའི་སྒྲུབ་པ་ཆེན་མོའི་ཁོག་དབུབ་ཟིན་བྲིས་འཆི་མེད་བདུད་རྩིའི་རྫིང་བུ། +
།ཅེས་བཀའ་གཏེར་ཟུང་འཇུག་པདྨ་ཚེ་ཡི་སྙིང་གི་ཐིག་ལེའི་ནང་སྒྲུབ་ལྷ་བཅུ་བདུན་མའི་སྒྲུབ་པ་ཆེན་མོའི་ཁོག་དབུབ་ཟིན་བྲིས་འཆི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ་འདི་ནི་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་ནས་བཟང་གོས་ལས་མདོག་གི་མེ་ཏོག་དང་བཅས་རང་གཞུང་རྩ་བར་བཟུང་ནས་སྨིན་གླིང་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་བྲིས་ཤིག་པའི་བཀའི་ཅོད་པན་སྤྱི་བོར་ལྷུང་བ་དད་པའི་གཙུག་ཏུ་མཆོད་དེ། རྗེ་ཉིད་ཀྱིས་མཛད་པའི་མཁའ་འགྲོ་གསང་བ་འདུས་པའི་སྒྲུབ་ཁོག་གཞིར་བཞག་སྟེ། སྐབས་ཐོབ་སྨིན་གླིང་པའི་ཕྱག་བཞེས་ཀྱིས་ཀྱང་ཟུར་བརྒྱན་ནས་གསར་དུ་བསྡེབས་པ་པོ་ཤཱཀྱའི་དགེ་སྦྱོང་རྨོང་བརྟུལ་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་བགྲང་བྱ་ལྔ་བཅུ་རྩ་བརྒྱད་དུ་སོན་པ་ག་པུར་གྱི་ཁམས་དང་འགྲོགས་པའི་ཚངས་སྐྱེས་ཀྱི་ལོ་དབོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་རང་གནས་ཐུབ་བསྟན་ཆོས་གླིང་དུ་བྲིས་པའི་ཡི་གེ་གཉིས་པའི་འབེབས་པ་པོ་ཐུབ་དགེ་རིང་སྒང་བཀྲས་སྟེང་པ་ངག་དབང་བློ་གྲོས་ཀྱིས་བགྱིས་པ་སྟེ་འདིས་ཀྱང་གཏེར་ཆེན་བླ་མས་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་འཆི་མེད་རྟག་པ་དམ་པར་འཚོ་ཞིང་གཞེས་ནས་ཟབ་ཆོས་ཀྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་པའི་རྒྱུར་གྱུར་ཅིག། +
།ཅེས་པའང་རྗེ་བླ་མ་བཅུ་ཕྲག་རིག་པའི་པཎྜིཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕུན་ཚོགས་ཁང་གསར་དུ་ཇི་ལྟར་སྩལ་བ་བཞིན། གཞོན་ནུ་མཁྱེན་བརྩེའི་མིང་གིས་ཟིན་བྲིས་སུ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། +
།ཞེས་པའང་རབ་ཚེས་མེ་སྦྲུལ་ལོར་སྦས་ཡུལ་ཤོད་རོང་སྨན་ཤིང་ནགས་ཚལ་དང་གངས་རིས་མཛེས་པའི་ས་འཛིན་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་དུ་གདམས་མཛོད་སྤྲུལ་པའི་གླེགས་བམ་འཆད་ཉན་བགྱིས་པའི་སྐབས་ལུང་རྟོགས་མཁྱེན་བརྩེའི་གཏེར་མཛོད་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་དང༌། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཛེས་པ་ཁུམ་བུ་གངས་རའི་སྟེང་ཆེ་མཆོག་སྤྲུལ་ངག་དབང་བསྟན་འཛིན་དཔལ་བཟང་ནས་རྟེན་བཅས་གསུང་བསྐུལ་བཞིན་རྒྱལ་ཟླའི་ཚེས་བཅོ་ལྔར་རྒྱལ་ཕུར་གྲུབ་པའི་སྦྱོར་བ་དང་ལྡན་པའི་དགེ་བར་ངེས་པ་དོན་གྱི་བཀའ་གདམས་པའི་རིང་ལུགས་ལ་གུས་པའི་རྒན་པོ་མ་ཎི་བ་མཁྱེན་བརྩེའི་འོད་ཟེར་པདྨ་དྲི་མེད་དུ་འབོད་པས་བྲིས་པ་འབྲེལ་ཚད་དོན་དང་ལྡན་པར་འཕགས་པ་ཇོ་བོ་ཡས་སྲས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བཀའ་གདམས་སྣང་སྒྲོན་གསུང་གསང་མཆོག །མི་འཛད་གཏེར་གྱི་བུམ་པ་ཆེ། །ཟླ་བྲལ་སྟེང་བླ་ཤཱ་ས་ནའི། །ཐུགས་ཀྱི་དཔལ་བེའུ་ལས་བལྟམས་རྨད། །ཅེས་པའང་གང་གི་གསུང་བསྐུལ་བཞིན་དྷརྨས་སོ།། +
།ཅེས་པའང་ཤཱཀྱའི་དགེ་སློང་རིག་པ་སྨྲ་བ་མཉྫུ་གྷོ་ཥའི་བློ་མཚོ་ལས་བྱུང་བའི་ཚིག་གི་མེ་ཏོག་ཕྲ་མོ་སྟེ། རྒྱལ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོ་ལའོ།། +
།ཅེས་རྨོངས་རྟུལ་འཇམ་དབྱངས་གྲགས་པས་ཤེར་ཕྱོགས་ཀྱི་ཚེས་བཅུར་གསོལ་བ་བཏབ་ཅིང་གཅོད་ཡུལ་པ་ཀརྨ་བསྟན་འཛིན་རབ་རྒྱས་ལ་བསྟབས་པ་དགེ་ལེགས་འཕེལ། +
།ཅེས་པའང་མགོན་པོ་འདི་ཉིད་ཀྱིས་བཀའ་དྲིན་ཆེན་པོས་ཉེ་བར་བསྐྱངས་བའི་སློབ་འབང་གི་ཐ་ཆུང་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་ཆོ་འཕྲུལ་ཟླ་བའི་ཚེས་ལ་བླ་མ་དྲན་པའི་རྐྱེན་གྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ།། +
བཀའ་དྲིན་མཚུངས་མེད་དྲིན་ཅན་རྡོ་རྗེ་འཆང་ཞེས་དང༌། འཆི་མེད་ཡེ་ཤེས་སྐུ་བརྙེས་པདྨ་འབྱུང་ཞེས་རྗེ་རང་ཉིད་ཞབས་བརྟན། +
།ཅེས་པའང་ཕ་བླ་མ་འོད་གསལ་མཁའ་ཁྱབ་ཀྱི་དབྱིངས་ལ་སྙོམས་པར་ཞུགས་པའི་སྐབས་སུ་ཐུགས་དམ་བརྒྱུད་བསྐུལ་གདུང་དབྱངས་དང་འབྲེལ་བའི་མྱུར་འབྱོན་གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་འདིའང་མགོན་པོ་གང་གི་ཐུགས་རྗེ་ཚད་མེད་པས་བསྲུང་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། +
བཀའ་བབས་བདུན་གྱི་གསང་མཛོད་ཐུན་མོང་གདུལ་བྱའི་སྣང་ངོར་ཇི་ཙམ་བཞུགས་པའི་དཀར་ཆག་ངོ་མཚར་ནོར་བུའི་ཕྲེང་བ། +
ཅེས་ལེགས་བྱས་འདི་ཉིད་བརྩམ་པ་པོ་བློ་གྲོས་ཕུན་ཚོགས་ནས་རྟེན་བཅས་བསྐུལ་བ་བཞིན་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་བརྩེ་བ་ཆེན་པོས་ཐུན་མོང་མ་ཡིན་པར་དགྱེས་པས་བསྐྱངས་བའི་འབངས་ཀྱི་ཐ་ཆུང་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པའི་རྒྱལ་ཁམས་པས་ལྷོ་མོན་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་ཆོས་རྒྱལ་འཇིགས་མེད་སེངྒེ་དབང་ཕྱུག་གིས་བཀའ་དགོངས་ཕུར་གསུམ་གྱི་ལྷ་ཁང་གསར་བཞེངས་ཀྱི་སྨན་ལྗོངས་ནས་དབུ་བརྩམ། །མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་མཛེས་རྒྱན་དུ་འབྲུག་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་གྱིས་གསར་བསྐྲུན་རྩ་གསུམ་དགྱེས་པའི་དགའ་ཚལ་དུ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་དང་འབྲེལ་སྣང་སྲིད་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་ཐུན་མཚམས་སུ་བྲིས་པའི་སྐབས་རྡོ་རྗེའི་མཆེད་པོ་མཁྱེན་རྟོགས་ཡོན་ཏན་རྒྱན་གྱིས་མཛེས་པའི་དཔེ་ཝར་མཆོག་སྤྲུལ་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་ཡི་གེ་གཉིས་པར་སྤེལ་བར་མཛད་པ་འདིས་ཀྱང་སྙིགས་དུས་བསྟན་འགྲོའི་རྒུད་པ་མིང་མེད་དུ་ཞི་ཞིང་ཐུབ་བསྟན་ཡོངས་རྫོགས་ཀྱི་སྣང་བས་འཛམ་གླིང་ཐ་གྲུར་བརྡལ་བའི་རྒྱུ་རུ་འགྱུར་བ་རྗེ་བཙུན་བླ་མ་མཆོག་གིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ།། +
བཀའ་བབས་བདུན་གྱི་གསང་མཛོད་ཐུན་མོང་གདུལ་བྱའི་སྣང་ངོར་ཇི་ཙམ་བཞུགས་པའི་དཀར་ཆག་ངོ་མཚར་ནོར་བུའི་ཕྲེང་བ། +
།ཅེས་ལེགས་བྱས་འདི་ཉིད་རྩོམ་པ་པོ་བློ་གྲོས་ཕུན་ཚོགས་ནས་རྟེན་བཅས་བསྐུལ་བ་བཞིན་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བརྩེ་བ་ཆེན་པོས་ཐུན་མོང་མ་ཡིན་པར་དགྱེས་པར་བསྐྱངས་བའི་འབངས་ཀྱི་ཐ་ཆུང་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པའི་རྒྱལ་ཁམས་པས་ལྷོ་མོན་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་ཆོས་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག་གིས་བཀའ་དགོངས་ཕུར་གསུམ་གྱི་ལྷ་ཁང་གསར་བཞེངས་ཀྱི་སྨན་ལྗོངས་ནས་དབུ་བརྩམས། མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་མཛེས་རྒྱན་དུ་འབྲུག་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་གྱིས་གསར་བསྐྲུན་རྩ་གསུམ་དགྱེས་པའི་དགའ་ཚལ་དུ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་དང་འབྲེལ་སྣང་སྲིད་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་ཐུན་མཚམས་སུ་བྲིས་པའི་སྐབས་རྡོ་རྗེའི་མཆེད་པོ་མཁྱེན་རྟོགས་ཡོན་ཏན་རྒྱན་གྱིས་མཛེས་པའི་དཔེ་ཝར་མཆོག་སྤྲུལ་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་ཡི་གེ་གཉིས་པར་སྤེལ་བར་མཛད་པ་འདིས་ཀྱང་སྙིགས་དུས་བསྟན་འགྲོའི་རྒུད་པ་མིང་མེད་དུ་ཞི་ཞིང་ཐུབ་བསྟན་ཡོངས་རྫོགས་ཀྱི་སྣང་བས་འཛམ་གླིང་ཐ་གྲུར་བརྡལ་བའི་རྒྱུ་རུ་འགྱུར་བ་རྗེ་བཙུན་བླ་མ་མཆོག་གིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་ཀ་ལྱཱ་ཎཾ་བྷནྟུ། +
།ཞེས་པའང་སྨྱོ་ཤུལ་སྲས་མོ་རིག་འཛིན་ལྷ་མོས་བསྐུལ་ངོར་རང་ཉིད་ཀྱིས་སྨྲས་པ་དགེའོ།། +
* '''First colophon (source author):''' ཅེས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་སྐོང་ཟློག་མདོར་བསྡུས་པ་འདི་ནི་ལྷོ་བྲག་ཤར་གྱི་ལྷ་བྲོ་བ་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་ཕྱག་བཞེས་ཟིན་བྲིས་ལྟར། སྤང་སྟོན་གདུང་འཛིན་དབང་ཕྱུག་མིང་གིས་འདོན་བདེར་བསྒྲིགས་པ་དགེ་ལེགས་འཕེལ།
* '''Second colophon (author):''' སླར་ཡང་ཧོལ་ཁོངས་ཅུང་ཟད་མཆིས་པ་རྣམས་བསངས་ཤིང་ནག་འགྲོས་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བྲིས་པ་སརྦ་སཏྭ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་སིདྡྷཾ་བྷ་བ་ཏུ།
+
།ཅེས་ལོང་པོ་བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་པ་ཀུན་འདུལ་ཀྱི་ལས་བྱང་གཏེར་མཛོད་དཀྱུས་སུ་སྔར་ནས་གཞུགས་ཤིང་འཇམ་མགོན་རིན་པོ་ཆེས་སྒྲུབ་ཆེན་མཛད་པའི་ལོ་རྒྱུས་རྣམ་ཐར་དུ་གསལ་ཡང་དབང་རྒྱུན་མི་བཞུགས་པ་ཕྱིས་སུ་འདི་ཉིད་ཀྱི་དབང་ཆེན་དཔེ་རྙིང་ཁུངས་དག་ཞིག་ཐོབ་པ་ཁྱབ་བདག་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་སྤྱན་འབེབས་ཀྱིས་དབང་སྩལ་གྲུབ་གསོལ་བ་བཏབ་པས་དོན་དབང་འདི་ཉིད་དགྱེས་བཞིན་སྩལ་ཏེ་ཁྱོད་ནས་ཁྲིགས་བསྡེབས་གྱིས་ཞེས་རྡོ་རྗེའི་བཀའ་ལུང་སྩལ་བ་བཞིན། འཕགས་ཡུལ་དུ་གཏེར་མཛོད་སྤར་གསར་བསྐྲུན་སྐབས་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབང་ཚིག་གཏེར་གཞུང་ལ་བཀླག་ཆོག་ཏུ་ཁྲིགས་བསྡེབས་དང་བཅས་ཁ་སྐོང་དུ་བཞུགས་སུ་གསོལ་བས་གསང་ཆེན་བསྟན་པའི་སྙིང་པོའི་ཞབས་ཏོག་ཏུ་འགྱུར་བར་བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། +
།ཅེས་ལོང་པོ་བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་ལས་བྱང་གཏེར་མཛོད་དཀྱུས་སུ་སྔར་ནས་བཞུགས་ཤིང་འཇམ་མགོན་རིན་པོ་ཆེས་སྒྲུབ་ཆེན་མཛད་པའི་ལོ་རྒྱུས་རྣམ་ཐར་དུ་གསལ་ཡང་དབང་རྒྱུན་མི་བཞུགས་པ་ཕྱིས་སུ་འདི་ཉིད་ཀྱི་དབང་ཆེན་དཔེ་རྙིང་ཁུངས་དག་ཞིག་ཐོབ་པ་ཁྱབ་བདག་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་སྤྱན་འབེབས་ཀྱི་དབང་བསྩལ་གྲུབ་གསོལ་བ་བཏབ་པས་དོན་དབང་འདི་ཉིད་དགྱེས་བཞིན་བསྩལ་ཏེ་ཁྱོད་ནས་ཁྲིགས་བསྡེབས་ཀྱིས་ཞེས་རྡོ་རྗེའི་བཀའ་ལུང་བསྩལ་བ་བཞིན། འཕགས་ཡུལ་དུ་གཏེར་མཛོད་སྤར་གསར་བསྐྲུན་སྐབས་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཚན་གྱིས་དབང་ཚིག་གཏེར་གཞུང་ལ་བཀླག་ཆོག་ཏུ་ཁྲིགས་བསྡེབས་དང་བཅས་ཁ་སྐོང་དུ་བཞུགས་སུ་གསོལ་བས་གསང་ཆེན་བསྟན་པའི་སྙིང་པོའི་ཞབས་ཏོག་ཏུ་འགྱུར་བར་བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། མངྒ་ལཾ། དགེའོ།། +
ཞེས་པ་འདིའང་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མཆོག་གི་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་ཤིང་སྨུག་ནག་དབང་གི་མཁའ་འགྲོས་ལོང་པོ་བསམ་གཏན་གླིང་པའི་ཡང་གཏེར་གྱི་ཤོག་སེར་མངོན་སུམ་དུ་ཕུལ་བ་ལས་བརྡའ་བསྒྱུར་བ་མཛད་ཅིང་ཡིག་ཆུང་ས་བཅད་སོགས་བཀས་གནང་བ་ལྟར་རྗེ་ཉིད་ཀྱི་རྡོ་རྗེའི་བཀའ་སློབ་པདྨ་གར་དབང་རྩལ་གྱིས་ཞུས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལམ།། +
བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་ཕྲིན་ལས་རྒྱས་པར་སྤྲོས་པ་འདོད་དགུའི་གློག་ཞགས། +
།ཅེས་པའང་སྔར་ཁྱབ་བདག་འཇམ་པའི་རྡོ་རྗེ་ཀུན་གཟིགས་བླ་མས་ཆོག་ཁྲིགས་སུ་བསྩལ་ཀྱང་དུས་འགྱུར་གྱིས་མ་ཕྱི་བརླགས་ནས་དབྱིངས་སུ་ཐིམ་པ། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་གྱིས་སྔོན་གྱི་ལས་སྨོན་སྟོབས་སུ་གྱུར་པ་ལས། གཏེར་གཞུང་གི་དཔེ་རྙེད་པར་འཇུག་བདེའི་ཁྲིགས་བསྡེབ་དགོས་ཚུལ། ལུང་རྟོགས་ཆོས་ཀྱི་གཏེར་མཛོད་ཞྭ་དེའུའི་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། འཇིགས་མེད་དཔོན་སློབ་ནས་དོན་གཉེར་ཆེན་པོའི་གསུང་བསྐུལ་བཞིན་རྙིང་སྔགས་རྒན་པོ་གར་དབང་འོད་གསལ་བདེ་ཆེན་གླིང་པས་ཉེ་བའི་ཚནྡྷོའི་མཆོད་རྟེན་དང་འདབས་འབྲེལ་བའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གསར་པའི་གཙུག་ལག་ཁང་དུ་བྲིས་པ་སརྦ་ཨརྠ་སིདྡྷི་ཧོ། མངྒ་ལཾ། དགེའོ།། +
ཅེས་པའང་མེ་ཁྱི་ལོར་རིག་པའི་ཀློང་དུ་གསལ་བའི་ཞིང་སྐྱོང་མ་མོའི་གསོལ་ཕྲིན་ཞིག་བྱུང་བ་ཅུང་ཟད་གཏན་ལ་ཕབ་ཀྱང་འཚུབ་གཉན་ཆེ་བས་རེ་ཞིག་གསང་རྒྱས་བཏབ་ཏེ་བཞག་པ་ས་གཏེར་ཞིག་ཏུ་འབྱུང་སྙམ་པ་ཤར་ཞིང༌། མེ་ཕག་ཟླ་བའི་སྐོར་ལ་བཀའ་བརྒྱད་ཡུམ་བཀའི་ཤོག་སེར་བརྡ་སྒྱུར་སྐབས་དེའི་བཀའ་སྲུང་དུ་ཚིག་དོན་ཕལ་ཆེར་མཐུན་པ་དང༌། མ་གཅིག་ཞིང་སྐྱོང་དབང་མོས་ཀྱང་འཁྲུལ་སྣང་དུ་གཟུགས་བསྟན་ཞིང་གསང་སྒོ་འབྱེད་པར་བསྐུལ་བས་སྦས་ཡུལ་དཔེ་མེད་ཀྱི་ལྟེ་བར་སྨིན་གྲོལ་ནོར་བུ་གླིང་གི་གཙུག་ལག་ཁང་དུ་གཏེར་འབྱིན་རིག་པ་འཛིན་པའི་དབང་ཕྱུག་མཆོག་གྱུར་བདེ་ཆེན་གླིང་པའི་སྐུ་གདུང་རིན་པོ་ཆེ་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་སྤྱན་སྔར་ཁྲག་འཐུང་གར་གྱི་དབང་ཕྱུག་པདྨ་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པས་གསང་ཆེན་སྙིང་པོའི་བསྟན་པའི་དཔུང་གཉེན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།། +