DKR-KABUM-10-THA-041

From Khyentse Lineage - A Tsadra Foundation Project

བཀའ་གདམས་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་འབྲེལ་ཚད་དོན་ལྡན།
Wylie title bka' gdams thig le bcu drug gi rgyun khyer 'brel tshad don ldan DKR-KABUM-10-THA-041.pdf
Location dil mgo mkhyen brtse bka' 'bum
Volume 10, Text 41, Pages 193-196 (Folios 1a to 4a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bka' gdams thig le bcu drug gi rgyun khyer 'brel tshad don ldan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 193-196. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Colophon

།ཞེས་པའང་རབ་ཚེས་མེ་སྦྲུལ་ལོར་སྦས་ཡུལ་ཤོད་རོང་སྨན་ཤིང་ནགས་ཚལ་དང་གངས་རིས་མཛེས་པའི་ས་འཛིན་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་དུ་གདམས་མཛོད་སྤྲུལ་པའི་གླེགས་བམ་འཆད་ཉན་བགྱིས་པའི་སྐབས་ལུང་རྟོགས་མཁྱེན་བརྩེའི་གཏེར་མཛོད་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་དང༌། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཛེས་པ་ཁུམ་བུ་གངས་རའི་སྟེང་ཆེ་མཆོག་སྤྲུལ་ངག་དབང་བསྟན་འཛིན་དཔལ་བཟང་ནས་རྟེན་བཅས་གསུང་བསྐུལ་བཞིན་རྒྱལ་ཟླའི་ཚེས་བཅོ་ལྔར་རྒྱལ་ཕུར་གྲུབ་པའི་སྦྱོར་བ་དང་ལྡན་པའི་དགེ་བར་ངེས་པ་དོན་གྱི་བཀའ་གདམས་པའི་རིང་ལུགས་ལ་གུས་པའི་རྒན་པོ་མ་ཎི་བ་མཁྱེན་བརྩེའི་འོད་ཟེར་པདྨ་དྲི་མེད་དུ་འབོད་པས་བྲིས་པ་འབྲེལ་ཚད་དོན་དང་ལྡན་པར་འཕགས་པ་ཇོ་བོ་ཡས་སྲས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བཀའ་གདམས་སྣང་སྒྲོན་གསུང་གསང་མཆོག །མི་འཛད་གཏེར་གྱི་བུམ་པ་ཆེ། །ཟླ་བྲལ་སྟེང་བླ་ཤཱ་ས་ནའི། །ཐུགས་ཀྱི་དཔལ་བེའུ་ལས་བལྟམས་རྨད། །ཅེས་པའང་གང་གི་གསུང་བསྐུལ་བཞིན་དྷརྨས་སོ།།

/zhes pa'ang rab tshes me sbrul lor sbas yul shod rong sman shing nags tshal dang gangs ris mdzes pa'i sa 'dzin smin grol thub bstan chos gling du gdams mdzod sprul pa'i glegs bam 'chad nyan bgyis pa'i skabs lung rtogs mkhyen brtse'i gter mdzod 'khrul zhig rin po che 'gyur med chos kyi blo gros dang*/_mkhas btsun bzang po'i yon tan gyis mdzes pa khum bu gangs ra'i steng che mchog sprul ngag dbang bstan 'dzin dpal bzang nas rten bcas gsung bskul bzhin rgyal zla'i tshes bco lngar rgyal phur grub pa'i sbyor ba dang ldan pa'i dge bar nges pa don gyi bka' gdams pa'i ring lugs la gus pa'i rgan po ma Ni ba mkhyen brtse'i 'od zer pad+ma dri med du 'bod pas bris pa 'brel tshad don dang ldan par 'phags pa jo bo yas sras kyis byin gyis brlab tu gsol/_bka' gdams snang sgron gsung gsang mchog__/mi 'dzad gter gyi bum pa che/_/zla bral steng bla shA sa na'i/_/thugs kyi dpal be'u las bltams rmad/_/ces pa'ang gang gi gsung bskul bzhin d+harmas so//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །བཀའ་གདམས་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་འབྲེལ་ཚད་དོན་ལྡན་བཞུགས།
༄༅། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། བཀའ་གདམས་ཀྱི་གསང་ཆོས་ཐུན་མིན་མདོ་སྔགས་གཅིག་དྲིལ་གྱི་ཚུལ་འདིའི་དམར་ཁྲིད་ཐོབ་པས་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། དགེ་སྦྱོར་གང་བྱེད་བྱེ་བར་འགྱུར་སྔགས། ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་བི་མ་ན་ས་ར་མ་ཧཱ་ཛམྦྷ་ན་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། ཐོག་མར་བླ་མ་རྗེས་སུ་དྲན་པ་ནི། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །སྤྱན་གཟིགས་སྒྲོལ་མ་མི་གཡོ་བྱམས་ཐོགས་མེད། །འཇམ་དབྱངས་ཀླུ་སྒྲུབ་ཡབ་སྲས་བརྒྱུད་བཅས་དང༌། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ། །ཌོམྦི་ཨ་ཏི་ཤ་དང་འབྲོམ་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྲིད་ལས་ཞེན་ལོག་བྱང་སེམས་རྒྱུད་ལ་འབྱོངས། །གསང་སྔགས་སྒོར་ཞུགས་སྨིན་གྲོལ་མཐར་ཕྱིན་ཤོག །ཅེས་གསོལ་འདེབས་དང༌། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ། གཉིས་པ་འགྲོ་ཀུན་རྗེས་སུ་དྲན་པས་སེམས་བསྐྱེད་པ་ནི། བདག་གིས་བསྒོམས་བཟླས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་སེམས་སྦྲེལ་མ་ལན་གསུམ་བྱ། གསུམ་པ་གནས་ལུགས་སྟོང་པ་རྗེས་སུ་དྲན་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དང་རང་སེམས་གཅིག་ཏུ་གྱུར་པ་ལ་མཉམ་པར་བཞག །བཞི་པ་རང་ལུས་ལྷ་སྐུར་དྲན་པ་ནི། འོད་གསལ་སྟོང་པའི་དབྱིངས་ལས་སེམས་ཀྱི་མདངས། །འཇའ་ཚོན་གུར་ནང་པད་དཀར་ལྟེ་བ་ལ། །སྟེང་དང་ཕྱོགས་བཞི་འོག་རྣམས་ཡིག་དྲུག་གི །སྟེང་ཨོཾ་དཀར། ཤར་མ་དཀར། ལྷོ་ཎི་སེར། ནུབ་པད་དམར། བྱང་མེ་ལྗང༌། འོག་ཧཱུྃ་སྔོ། རང་བཞིན་གཞལ་ཡས་མཚན་ཉིད་རྫོགས་པའི་དབུས། །ཧྲཱིཿལས་བཀོད་པ་བསམ་གྱིས་མི་ཁྱབ་པའི། །རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་ལྡན། །མཐའ་ཡས་རྒྱལ་བའི་ཞིང་ཀུན་སྐུ་ལ་གནས། །སྤྲུལ་པའི་གར་གྱིས་མཁའ་མཉམ་འགྲོ་བ་འདྲེན། །དེ་ཡི་ཐུགས་ཀར་ཐུབ་པ་གངས་ཅན་མཚོ། །ཐེག་གསུམ་འཕགས་ཚོགས། དེ་ཐུགས་བཅུ་གཅིག་ཞལ་དང་ཕྱག་གཉིས་པ། །སངས་རྒྱས་སྟོང་བཞུགས་པའི་ཤེལ་མཁར་བསྣམས། ཡུམ་ཆེན་བདུད་འདུལ་ཐུབ་དབང་ས་བཅུའི་བྱང་སེམས། ཕྱག་བཞི་པ། །སྒྲོལ་ལྗང་ཞི་ཁྲོ་མི་གཡོ་ཇོ་བོ་རྗེ། །ལྷ་བཞིས་བསྐོར། འབྲོམ་སྟོན་ཕྱི་ནང་གསང་གསུམ་སྤྲུལ་པ། བྱམས་མགོན་རྒྱ་ཆེན་སྤྱོད་བརྒྱུད།འཇམ་དབྱངས་ཟབ་མོ་ལྟ་བརྒྱུད།རྡོ་རྗེ་འཆང༌། །ཉམས་ལེན་བྱིན་རླབས་བརྒྱུད་པས་བསྐོར། སངས་རྒྱས་ཆོས་སྐུ་གསེར་མདོག་འོད་ཟེར་ཅན། །གནས་གསུམ་ཡི་གེས་དབང་ལྷ་ཡེ་ཤེས་པ། །དྲངས་བསྟིམས་དབང་བསྐུར་ས་བོན་གྱིས་མཚན་གྱུར། །ཞེས་རང་ལུས་ཟབ་གསལ་གཉིས་མེད་ཡི་དམ་ལྷའི་རྣལ་འབྱོར་རྩལ་དུ་བཏོན། རང་གི་སེམས་ཀྱི་ཆ་ཤས་ཤིག་གིས་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པས་ཐམས་ཅད་དཀྱིལ་འཁོར་གྱི་ནང་དུ་ཁྲིད་ནས་ཕྱག་དང་བསྐོར་བ་མང་དུ་བྱས་ནས། ཐུན་མོང་ཐུན་མིན་གྱི་ཡན་ལག་བདུན་པ་འབུལ་བ་ནི། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པས། །གྲངས་མེད་འདྲེན་ལ་རྗེས་ཡི་རང༌། །སྨོན་དང་མཚན་མས་སྟོང་པ་ཡི། །འཁོར་ལོ་དབྱིངས་སུ་བསྐོར་དུ་གསོལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁོར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །ཞེས་ཅི་འགྲུབ་བྱ། ལྔ་པ་ངག་སྔགས་རྗེས་སུ་དྲན་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པས། །དུས་གསུམ་བསགས་དགེ་ལྷ་ཚོགས་རྣམས་ལ་འབུལ། །ཟག་མེད་བདེ་བས་དགྱེས་པའི་གནས་གསུམ་འོད། བདུད་རྩིའི་རྒྱུན་བཅས་མགོན་མེད་འགྲོ་ལ་ཕོག །ལས་ཉོན་སྒྲིབ་སྦྱངས་གསང་གསུམ་བྱིན་ཐོབ་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡིག་དྲུག་ཁོ་ན་བཟླས། རིམ་པ་དང་པོའི་ཡིག་དྲུག་བཟླས་བརྗོད་བྱེད་ཚུལ་ཟབ་ཤོས་ཞིབ་པར་མདོ་ཟ་མ་ཏོག་གི་དགོངས་པ་དང༌། གཉིས་པ་རླུང་སྔགས་དབྱེར་མེད་རྡོ་རྗེའི་བཟླས་པ་ཡེ་ཤེས་ཞབས་ལུགས་སོགས་ཐུན་མོང་དུ་ཉམས་ལེན་མི་ནུས་པས་མ་བྲིས་པས་ཉམས་ལེན་ནུས་ན་ཁྲིད་ཡིག་ལྟར་ཤེས་པར་བྱ། མཐར། ལྷ་སོ་སོའི་སྔགས་སྒྲུབ་དཀྱིལ་ལས་འབྱུང་བ་ལྟར་རམ། ཐམས་ཅད་ལ་ཡིག་དྲུག་བཟླས་ཀྱང་ཆོག་པ་བཀའ་གདམས་གླེགས་བམ་གྱི་ཆ་ལག་ཏུ་གསུངས། མཐར་ཡིག་བརྒྱ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ། རཱུ་པ་ཤབྡ་གནྡྷེ་རཱ་ས་སྤ་རྴེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། །རབ་འབྱམས་རྒྱལ་དང་རྒྱས་སྲས་རྒྱལ་བའི་ཡུམ། །རྒྱལ་བའི་བསྟན་སྲུང་ཀུན་འདུས་ལྷ་མཆོག་བཞི། །མི་ཡི་རྣམ་རོལ་ཇོ་བོ་ཡབ་སྲས་སོགས། །བསླུ་མེད་སྐྱབས་མཆོག་རྣམས་ལ་གུས་པས་བསྟོད། །ཁྱད་པར་ཆོས་སྐུའི་སྙིང་པོ་ཐབས་ཤེས་ཟུང༌། །ཐིག་ལེའི་རྣམ་པར་ཤར་ལ་བདག་བསྟོད་ན། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་བཅུད། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བདག་ཐུགས་འོད་ཀྱིས་སྣོད་བཅུད་བཀོད་པའི་ཚོགས། །གཙོ་བོའི་མདོག་ཅན་ཕྱི་ནས་ནང་དུ་བསྡུ། །སངས་རྒྱས་ཆོས་སྐུ་ཨོཾ་ཨཱཿཧཱུྃ་ལ་བསྡུ། །སླར་ཡང་ཐུགས་རྗེ་ཆེན་པོའི་སྐུ་རུ་ལྡང༌། །ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲོ་ཀུན་སྒྲོལ་བ་ལ། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །ཅེས་སྨོན་ལམ་དུ་བྱའོ། །ཞེས་པའང་རབ་ཚེས་མེ་སྦྲུལ་ལོར་སྦས་ཡུལ་ཤོད་རོང་སྨན་ཤིང་ནགས་ཚལ་དང་གངས་རིས་མཛེས་པའི་ས་འཛིན་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་དུ་གདམས་མཛོད་སྤྲུལ་པའི་གླེགས་བམ་འཆད་ཉན་བགྱིས་པའི་སྐབས་ལུང་རྟོགས་མཁྱེན་བརྩེའི་གཏེར་མཛོད་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་དང༌། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཛེས་པ་ཁུམ་བུ་གངས་རའི་སྟེང་ཆེ་མཆོག་སྤྲུལ་ངག་དབང་བསྟན་འཛིན་དཔལ་བཟང་ནས་རྟེན་བཅས་གསུང་བསྐུལ་བཞིན་རྒྱལ་ཟླའི་ཚེས་བཅོ་ལྔར་རྒྱལ་ཕུར་གྲུབ་པའི་སྦྱོར་བ་དང་ལྡན་པའི་དགེ་བར་ངེས་པ་དོན་གྱི་བཀའ་གདམས་པའི་རིང་ལུགས་ལ་གུས་པའི་རྒན་པོ་མ་ཎི་བ་མཁྱེན་བརྩེའི་འོད་ཟེར་པདྨ་དྲི་མེད་དུ་འབོད་པས་བྲིས་པ་འབྲེལ་ཚད་དོན་དང་ལྡན་པར་འཕགས་པ་ཇོ་བོ་ཡས་སྲས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བཀའ་གདམས་སྣང་སྒྲོན་གསུང་གསང་མཆོག །མི་འཛད་གཏེར་གྱི་བུམ་པ་ཆེ། །ཟླ་བྲལ་སྟེང་བླ་ཤཱ་ས་ནའི། །ཐུགས་ཀྱི་དཔལ་བེའུ་ལས་བལྟམས་རྨད། །ཅེས་པའང་གང་གི་གསུང་བསྐུལ་བཞིན་དྷརྨས་སོ།།
[edit]

@#/_/bka' gdams thig le bcu drug gi rgyun khyer 'brel tshad don ldan bzhugs/ @#/_/na mo gu ru lo ke shwa ra ya/_bka' gdams kyi gsang chos thun min mdo sngags gcig dril gyi tshul 'di'i dmar khrid thob pas rgyun gyi rnal 'byor nyams su len par 'dod pas/_dge sbyor gang byed bye bar 'gyur sngags/_oM saM b+hA ra saM b+hA ra bi ma na sa ra ma hA dzam+b+ha na hU~M phaT/_ces ci nus bzlas mthar/_thog mar bla ma rjes su dran pa ni/_'dren pa mnyam med ston pa bcom ldan 'das/_/spyan gzigs sgrol ma mi g.yo byams thogs med/_/'jam dbyangs klu sgrub yab sras brgyud bcas dang*/_/rdo rje 'chang chen tai lo nA ro pa/_/Dom+bi a ti sha dang 'brom la sogs/_/dngos brgyud bla ma rnams la gsol ba 'debs/_/srid las zhen log byang sems rgyud la 'byongs/_/gsang sngags sgor zhugs smin grol mthar phyin shog_/ces gsol 'debs dang*/_sangs rgyas chos dang tshogs kyi mchog rnams la/_/byang chub bar du bdag ni skyabs su mchi/_/zhes skyabs su 'gro/__gnyis pa 'gro kun rjes su dran pas sems bskyed pa ni/_bdag gis bsgoms bzlas bgyis pa'i bsod nams kyis/_/'gro la phan phyir sangs rgyas 'grub par shog_/ces skyabs sems sbrel ma lan gsum bya/_gsum pa gnas lugs stong pa rjes su dran pa ni/_oM swa b+hA wa shud+d+ha sarba d+harmaHswa b+hA wa shud+d+ho\u0f85 haM/_chos thams cad kyi gnas lugs stong pa nyid dang rang sems gcig tu gyur pa la mnyam par bzhag__/bzhi pa rang lus lha skur dran pa ni/_'od gsal stong pa'i dbyings las sems kyi mdangs/_/'ja' tshon gur nang pad dkar lte ba la/_/steng dang phyogs bzhi 'og rnams yig drug gi_/steng oM dkar/_shar ma dkar/_lho Ni ser/_nub pad dmar/_byang me ljang*/_'og hU~M sngo/_rang bzhin gzhal yas mtshan nyid rdzogs pa'i dbus/_/hrIHlas bkod pa bsam gyis mi khyab pa'i/_/rgyal ba rgya mtsho phyag stong spyan stong ldan/_/mtha' yas rgyal ba'i zhing kun sku la gnas/_/sprul pa'i gar gyis mkha' mnyam 'gro ba 'dren/_/de yi thugs kar thub pa gangs can mtsho/_/theg gsum 'phags tshogs/_de thugs bcu gcig zhal dang phyag gnyis pa/_/sangs rgyas stong bzhugs pa'i shel mkhar bsnams/_yum chen bdud 'dul thub dbang sa bcu'i byang sems/_phyag bzhi pa/_/sgrol ljang zhi khro mi g.yo jo bo rje/_/lha bzhis bskor/_'brom ston phyi nang gsang gsum sprul pa/_byams mgon rgya chen spyod brgyud/'jam dbyangs zab mo lta brgyud/rdo rje 'chang*/_/nyams len byin rlabs brgyud pas bskor/_sangs rgyas chos sku gser mdog 'od zer can/_/gnas gsum yi ges dbang lha ye shes pa/_/drangs bstims dbang bskur sa bon gyis mtshan gyur/_/zhes rang lus zab gsal gnyis med yi dam lha'i rnal 'byor rtsal du bton/_rang gi sems kyi cha shas shig gis 'gro kun pha mar rjes su dran pas thams cad dkyil 'khor gyi nang du khrid nas phyag dang bskor ba mang du byas nas/_thun mong thun min gyi yan lag bdun pa 'bul ba ni/_phyag dang phyag yul gnyis stong pa'i/_/rnam dag sku la ye phyag 'tshal/_/skye gnas 'jig pas ma gos pa'i/_/dri med mchod tshogs 'bul lo lha/_/sgo gsum skye gnas 'jig bral ba'i/_/nyes pa'i g.yang sa mthol lo bshags/_/stong yang sna tshogs skur ston pas/_/grangs med 'dren la rjes yi rang*/_/smon dang mtshan mas stong pa yi/_/'khor lo dbyings su bskor du gsol/_/skye bas stong pa'i chos sku khyed/_/lhun grub gnas pa'i rang bzhin las/_/gang du'ang 'da' bar ma mdzad cig_/dge ba 'di yis 'khor ba rnams/_/'di 'drar rtogs te 'di 'dra ba'i/_/gzhal yas khang du 'drongs gyur te/_/gsang sngags 'di bzhin spyod par bsngo/_/zhes ci 'grub bya/_lnga pa ngag sngags rjes su dran pa ni/_rang nyid thugs rje chen po phyag gnyis pas/_/dus gsum bsags dge lha tshogs rnams la 'bul/_/zag med bde bas dgyes pa'i gnas gsum 'od/_bdud rtsi'i rgyun bcas mgon med 'gro la phog_/las nyon sgrib sbyangs gsang gsum byin thob bsam/_oM ma Ni pad+me hU~M/_zhes yig drug kho na bzlas/_rim pa dang po'i yig drug bzlas brjod byed tshul zab shos zhib par mdo za ma tog gi dgongs pa dang*/_gnyis pa rlung sngags dbyer med rdo rje'i bzlas pa ye shes zhabs lugs sogs thun mong du nyams len mi nus pas ma bris pas nyams len nus na khrid yig ltar shes par bya/_mthar/_lha so so'i sngags sgrub dkyil las 'byung ba ltar ram/_thams cad la yig drug bzlas kyang chog pa bka' gdams glegs bam gyi cha lag tu gsungs/_mthar yig brgya dang*/_oM sarba ta thA ga ta ar+g+haM nas/_shab+da/_rU pa shab+da gan+d+he rA sa spa r+she pra tIts+tsha hU~M swA hA/_/rab 'byams rgyal dang rgyas sras rgyal ba'i yum/_/rgyal ba'i bstan srung kun 'dus lha mchog bzhi/_/mi yi rnam rol jo bo yab sras sogs/_/bslu med skyabs mchog rnams la gus pas bstod/_/khyad par chos sku'i snying po thabs shes zung*/_/thig le'i rnam par shar la bdag bstod na/_/lha chos bdun gyi nying khu thig le'i bcud/_/tshe 'dir mngon du 'gyur bar byin gyis rlobs/_/bdag thugs 'od kyis snod bcud bkod pa'i tshogs/_/gtso bo'i mdog can phyi nas nang du bsdu/_/sangs rgyas chos sku oM AHhU~M la bsdu/_/slar yang thugs rje chen po'i sku ru ldang*/_/lha bzhis lus dang sde snod gsum gyis ngag_/bslab pa gsum gyis sems brgyan rjes dran lnga'i/_/nyams len mthar phyin 'gro kun sgrol ba la/_/rgyal ba rgya mtsho nyid dang mtshungs par shog__/ces smon lam du bya'o/__/zhes pa'ang rab tshes me sbrul lor sbas yul shod rong sman shing nags tshal dang gangs ris mdzes pa'i sa 'dzin smin grol thub bstan chos gling du gdams mdzod sprul pa'i glegs bam 'chad nyan bgyis pa'i skabs lung rtogs mkhyen brtse'i gter mdzod 'khrul zhig rin po che 'gyur med chos kyi blo gros dang*/_mkhas btsun bzang po'i yon tan gyis mdzes pa khum bu gangs ra'i steng che mchog sprul ngag dbang bstan 'dzin dpal bzang nas rten bcas gsung bskul bzhin rgyal zla'i tshes bco lngar rgyal phur grub pa'i sbyor ba dang ldan pa'i dge bar nges pa don gyi bka' gdams pa'i ring lugs la gus pa'i rgan po ma Ni ba mkhyen brtse'i 'od zer pad+ma dri med du 'bod pas bris pa 'brel tshad don dang ldan par 'phags pa jo bo yas sras kyis byin gyis brlab tu gsol/_bka' gdams snang sgron gsung gsang mchog__/mi 'dzad gter gyi bum pa che/_/zla bral steng bla shA sa na'i/_/thugs kyi dpal be'u las bltams rmad/_/ces pa'ang gang gi gsung bskul bzhin d+harmas so//

Footnotes

Other Information