བཀའ་གཏེར་ཟུང་འཇུག་པདྨ་ཚེ་ཡི་སྙིང་གི་ཐིག་ལེའི་ནང་སྒྲུབ་ལྷ་བཅུ་བདུན་མའི་སྒྲུབ་པ་ཆེན་མོའི་ཁོག་དབུབ་ཟིན་བྲིས་འཆི་མེད་བདུད་རྩིའི་རྫིང་བུ།

From Khyentse Lineage - A Tsadra Foundation Project
Wylie title bka' gter zung 'jug pad+ma tshe yi snying gi thig le'i nang sgrub lha bcu bdun ma'i sgrub pa chen mo'i khog dbub zin bris 'chi med bdud rtsi'i rdzing bu DKR-KABUM-19-DZA-012.pdf
Location dil mgo mkhyen brtse bka' 'bum
Volume 19, Text 12, Pages 72-115 (Folios 1a to 44b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Bka' gter zung 'jug pad+ma tshe yi snying gi thig le'i nang sgrub lha bcu bdun ma'i sgrub pa chen mo'i khog dbub zin bris 'chi med bdud rtsi'i rdzing bu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 72-115. Delhi: Shechen Publications, 1994.
Genre Notes - zin bris  ·  Structural Arrangement for Ritual Practice - sgrub khog
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Colophon

།ཅེས་བཀའ་གཏེར་ཟུང་འཇུག་པདྨ་ཚེ་ཡི་སྙིང་གི་ཐིག་ལེའི་ནང་སྒྲུབ་ལྷ་བཅུ་བདུན་མའི་སྒྲུབ་པ་ཆེན་མོའི་ཁོག་དབུབ་ཟིན་བྲིས་འཆི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ་འདི་ནི་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་ནས་བཟང་གོས་ལས་མདོག་གི་མེ་ཏོག་དང་བཅས་རང་གཞུང་རྩ་བར་བཟུང་ནས་སྨིན་གླིང་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་བྲིས་ཤིག་པའི་བཀའི་ཅོད་པན་སྤྱི་བོར་ལྷུང་བ་དད་པའི་གཙུག་ཏུ་མཆོད་དེ། རྗེ་ཉིད་ཀྱིས་མཛད་པའི་མཁའ་འགྲོ་གསང་བ་འདུས་པའི་སྒྲུབ་ཁོག་གཞིར་བཞག་སྟེ། སྐབས་ཐོབ་སྨིན་གླིང་པའི་ཕྱག་བཞེས་ཀྱིས་ཀྱང་ཟུར་བརྒྱན་ནས་གསར་དུ་བསྡེབས་པ་པོ་ཤཱཀྱའི་དགེ་སྦྱོང་རྨོང་བརྟུལ་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་བགྲང་བྱ་ལྔ་བཅུ་རྩ་བརྒྱད་དུ་སོན་པ་ག་པུར་གྱི་ཁམས་དང་འགྲོགས་པའི་ཚངས་སྐྱེས་ཀྱི་ལོ་དབོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་རང་གནས་ཐུབ་བསྟན་ཆོས་གླིང་དུ་བྲིས་པའི་ཡི་གེ་གཉིས་པའི་འབེབས་པ་པོ་ཐུབ་དགེ་རིང་སྒང་བཀྲས་སྟེང་པ་ངག་དབང་བློ་གྲོས་ཀྱིས་བགྱིས་པ་སྟེ་འདིས་ཀྱང་གཏེར་ཆེན་བླ་མས་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་འཆི་མེད་རྟག་པ་དམ་པར་འཚོ་ཞིང་གཞེས་ནས་ཟབ་ཆོས་ཀྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་པའི་རྒྱུར་གྱུར་ཅིག།

/ces bka' gter zung 'jug pad+ma tshe yi snying gi thig le'i nang sgrub lha bcu bdun ma'i sgrub pa chen mo'i khog dbub zin bris 'chi med bdud rtsi'i rdzing bu zhes bya ba 'di ni rje gter chen chos kyi rgyal po mchog nas bzang gos las mdog gi me tog dang bcas rang gzhung rtsa bar bzung nas smin gling pa'i phyag bzhes ji lta ba bzhin du bris shig pa'i bka'i cod pan spyi bor lhung ba dad pa'i gtsug tu mchod de/_rje nyid kyis mdzad pa'i mkha' 'gro gsang ba 'dus pa'i sgrub khog gzhir bzhag ste/_skabs thob smin gling pa'i phyag bzhes kyis kyang zur brgyan nas gsar du bsdebs pa po shAkya'i dge sbyong rmong brtul ngag dbang chos kyi blo gros kyis bgrang bya lnga bcu rtsa brgyad du son pa ga pur gyi khams dang 'grogs pa'i tshangs skyes kyi lo dbo zla'i dkar phyogs kyi rgyal ba dang po'i nyin rang gnas thub bstan chos gling du bris pa'i yi ge gnyis pa'i 'bebs pa po thub dge ring sgang bkras steng pa ngag dbang blo gros kyis bgyis pa ste 'dis kyang gter chen bla mas dbus bstan 'dzin gyi skyes bu rnams 'chi med rtag pa dam par 'tsho zhing gzhes nas zab chos kyi phrin las phyogs mthar khyab pa'i rgyur gyur cig/

[edit]
༄༅། །བཀའ་གཏེར་ཟུང་འཇུག་པདྨ་ཚེ་ཡི་སྙིང་གི་ཐིག་ལེའི་ནང་སྒྲུབ་ལྷ་བཅུ་བདུན་མའི་སྒྲུབ་པ་ཆེན་མོའི་ཁོག་དབུབ་ཟིན་བྲིས་འཆི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་བྷ་ག་ཝ་ཏེ་ཨཱ་ཡུརྫྙཱ་ན་མཎྜ་ལ་བྷྱཿ མཚན་སྙན་བདུད་རྩིའི་ཟིལ་འོད་ཕྲ་མོས་ཀྱང༌། །མཚུངས་འཇུག་སྨག་རུམ་དཔུང་འཇོམས་འཆི་མེད་མགོན། །བདག་བློར་གཏེར་ཆེན་པདྨ་གར་དབང་དུ། །ཡོངས་ཤར་ཚངས་གནས་འཁོར་ལོའི་རྒྱན་དུ་མཆོད། །གང་གི་ཟབ་ཡངས་གསང་བའི་གན་མཛོད་ལས། །ཚེ་ཡི་སྙིང་ཐིག་བསམ་འཕེལ་དབང་གི་རྒྱལ། །ཚེའི་སོགས་སྙིགས་ལྔའི་རྒུད་པ་ཀུན་སེལ་དུ། བསྔགས་དེའི་སྒྲུབ་ཆེན་ཕྱག་བཞེས་ཁྲིགས་སུ་བསྡེབ། །དེ་ལ་འཆི་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་སྒྲུབ་པའི་ཉེ་ལམ་རྨད་དུ་བྱུང་བ་འདི་ནི་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཀཱ་ར་ཉིད་དང༌། འཆི་མེད་གྲུབ་པའི་པཎྜི་ཏ་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་གཉིས་ཀྱི་དགོངས་བཅུད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པ་རྩལ་ཆེན་པོའི་ཐུགས་གཏེར་གསང་བའི་སྒྲོམ་ལས་བརྟོལ་བའི་པདྨ་ཚེའི་སྙིང་ཐིག་གི་ནང་སྒྲུབ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་གྱི་སྒོ་ནས་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་རིག་འཛིན་བརྒྱུད་པའི་ཕྱག་ལེན་ཟིན་བྲིས་སུ་འགོད་པ་ལ་སྤྱི་དོན་གསུམ་སྟེ། གང་ཞིག་བསྒྲུབ་པར་བྱ་བའི་གཞི། གང་གིས་སྒྲུབ་པའི་ཐབས། དེ་ཉིད་གྲུབ་པའི་འབྲས་བུའོ། །དང་པོ་ནི། གཟོད་ནས་རང་བཞིན་རྣམ་དག་སྐྱེ་ཤིའི་མཚན་མ་དང་བྲལ་བའི་འཆི་མེད་ཡེ་ཤེས་རྡོ་རྗེ་བདེ་བ་ཆེན་པོ་ཚེ་མཐའ་ཡས་རིགས་འདུས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་གང་ལ་གློ་བུར་དྲི་མས་མ་གོས་པར་བཞུགས་པ་ཉིད་དོ། །གཉིས་པ་གང་གིས་སྒྲུབ་པའི་ཐབས་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། རྗེས་སྒྲུབ་པ་མཐའ་རྒྱས་སུ་བྱའོ། །དང་པོ་ནི་རྒྱུད་ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་ལྔར་ལྡན་ན། །ལས་རྣམས་གང་ཡོད་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཚུལ་སྔ་འགྱུར་བཀའ་གཏེར་གྱི་གཞུང་སྤྱིར་གསུངས་པ་ལས་ཤེས་པར་བྱ་ཡི་འདིར་མ་སྤྲོས་སོ། །གཉིས་པ་སྒྲུབ་པའི་གཞུང་བསྲང་བ་དངོས་ལ་གཉིས་ལས། སྔོན་དུ་འགྲོ་བ་དང༌། དངོས་གཞིའི་ལས་རིམ་མོ། །དང་པོ་ལ་གཉིས། བསོད་ནམས་ཀྱིས་དཔུང་བསྐྱེད་པ་དང༌། སའི་ཆོ་གའོ། །དང་པོ་ལ་སྒྲུབ་གཞུང་རྣམས་སུ་རྣམ་གྲངས་མང་ཡང༌། མདོར་དྲིལ་ན། ལུས་སྒྲིབ་སྦྱང་ཕྱིར་སཱཙྪ་གདབ་ཅིང་ཉེའུ་འདོན་སོགས་སྲོག་བསླུ་བ། རྣམ་སྨེའི་ཁྲུས་བྱ་བ། ངག་སྒྲིབ་སྦྱང་ཕྱིར་ན་རཀ་དོང་སྤྲུགས་དང་ཡིག་བརྒྱ་བཟླ་བ། ཡིད་སྒྲིབ་སྦྱང་ཕྱིར་སེམས་བསྐྱེད་བླང་བ་དང༌། བླ་མའི་རྣལ་འབྱོར་ནན་ཏན་དུ་བསྒོམ་པ། ཞི་བའི་སྲེག་བླུགས་འབུལ་བ། གསུམ་ཀའི་ཕྱིར་དུ་ཕྱག་བསྐོར་དང་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་སྐོང་རྒྱ་ཆེར་བྱ་བ་སོགས་སྔོན་དུ་ཅི་ནུས་སུ་བསྒྲུབ་ནས། སྒྲུབ་ཁང་གི་ཤར་དུ་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་ཤེར་ཕྱིན། ལྷོར་བདུད་གཞོམ་ཕྱིར་སྟོབས་པོ་ཆེ། ནུབ་ཏུ་རྒྱུ་འབྲས་གོ་ཕྱིར་ལང་ཀར་གཤེགས་པ། བྱང་དུ་བར་ཆད་ཞི་ཕྱིར་ཏོག་གཟུངས་དང་གྲྭ་ལྔ་བཀླག་པར་བྱ་བ་དང༌། གཞན་ཡང༌། དགེ་འདུན་ལ་བསྙེན་བཀུར་སོགས་དགེ་བའི་ཚོགས་རྒྱ་ཆེར་སྤེལ་བར་གསུངས་ཏེ། ཁྱད་པར་རང་གཞུང་ཚེ་རྒྱུད་ལེའུ་བདུན་པར་གསུངས་པའི་ཚེ་བདུད་ཟློག་པའི་མདོས་ཀྱི་རིམ་པའང་བསྒྲུབ་ན་ཤིན་ཏུ་ལེགས་པར་འགྱུར་རོ། །གཉིས་པ་ས་ཡི་ཆོ་ག་དངོས་ལ། རང་གཞུང་ཚེ་རྒྱུད་ལས། ད་ལ་མཚན་ཉིད་ལྡན་བཞེངས་ཕྱིར༔ ཐོག་མར་ས་གཞི་བརྟག་བསླང་སྦྱོང༔ ཞེས་གསུངས་པ་ལྟར། ས་བརྟགས་པ། བསླང་བ། དབང་དུ་བྱ་བ། སྦྱང་བ། གཟུང་ཞིང་སྲུང་བ་དང་ལྔ་ལས། དང་པོ་ནི། ལྟོ་འཕྱེ་བརྟགས་པ་སོགས་ཏེ་སྒྲུབ་གནས་རྙིང་པའི་དབང་དུ་བྱས་ནས་མི་མཛད་ལ། གཉིས་པ་བསླང་བ་ནི། སྤྱིར་གཟུགས་ཅན་གྱི་བདག་ཏུ་བཟུང་ན་རིན་གྱིས་བསླུ་བར་གསུངས་ཀྱང་ཟིན་པའི་དབང་དུ་བྱས་ནས། གང་དུ་བྱ་བའི་སྒྲུབ་པའི་ཁང་པ་བྱི་དོར་གྱིས་གཙང་བར་བྱས་ལ། རྒྱན་གྱི་ཁྱད་པར་དུ་མས་ཀྱང་བརྒྱན་ནས་མཛེས་ཤིང་ཡིད་དུ་འོང་བར་བྱས་པའི་ཕུག་ལོགས་ལྟ་བུར་སྟེགས་ཇི་ལྟར་རིགས་པ་ཁེབས་ལྡན་བང་རིམ་ཅན་གྱི་དང་པོར་འབྲུ་ཚོམ་གྱི་སྟེང་དུ་བླ་གཏོར་དང༌། གཡས་གཡོན་སྨན་རཀ །བང་རིམ་གཉིས་པར་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་ཅན་བཀོད། དཀྱིལ་འཁོར་བྱ་བའི་གཞིར་ཕྱག་བདར་གྱིས་དངོས་གཙང་བར་བྱས་པའི་དབུས་སུ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་མཉྫིའི་སྟེང་དུ་ས་ལྷ་དང༌། ཡུལ་བདག་སྤྱི་ལ་གཏོར་མ་དཀར་ཟླུམ་མཐེབ་རིལ་རྒྱན་ལྡན་རེ་རེ་བཀོད་པའི་མདུན་གསེར་སྐྱེམས་དང༌། མཐའ་བསྐོར་དུ་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་དང༌། ཉེར་སྤྱོད་གཡས་སྐོར་དུ་བཤམས། གཞན་ཡང་ས་བཟུང་གི་ཕུར་བུ་སོགས་འོག་གི་སྐབས་སོ་སོར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་བར་བྱས་ལ། བདག་གི་རྣལ་འབྱོར་རྒྱས་བསྡུས་ཅི་རིགས་སྐབས་དང་སྦྱར་ཏེ། ཐོག་མར་ཚིག་བདུན་གསོལ་འདེབས་དང༌། བརྒྱུད་འདེབས་ནས་བཟུང་བསྐྱེད་བཟླས་ཉེར་བསྡུ་ལྷ་ལྡང་གིས་མཐར་དབྱུང་ངོ༌། །དེ་ནས་མཆོད་གཏོར་རྣམས་རྟ་སྔགས། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པས་བསང༌། སྭ་བྷཱ་ཝས་སྦྱང༌། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་མཆོད་པ་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་རྒྱ་དང་བཅས་པས་གཏོར་མ་བརླབ། ཚོམ་བུ་ཉིད་པྃ་ལས་ས་ཡི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན་དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ས་འོག་ནས་ཡེ་ཤེས་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་ལ་རྒྱས་གདབ། ཨོཾ་པྲི་ཐི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྩ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ་ས་གནོན་གྱི་རྒྱ་དང་བཅས་ཏེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གསོལ། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམ། ཞི་རོལ་བཅས་གཏོར་མ་ཕྱིར་འབུལ། དེ་ནས་བྱེ་བྲག་སའི་བདག་པོ་རྣམས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་སྤྱན་དྲངས། སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔ འཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་རླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང༌། གཏོར་མ་གསེར་སྐྱེམས་ཕྱིར་ཕུལ། མཆོད་པ་རྣམས་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་ཅན་སློབ་དཔོན་གྱིས་བཟུང་ལ་སྟེགས་བུའི་མདུན་དུ་འཁོད་དེ། བདག་ཉིད་དབང་ཆེན་པདྨ་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར་པར་བསམ་ལ། ཧཱུྃ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ། བདག་གིས་དབང་དུ་གྱུར་པར་བསམ་མོ། །བཞི་པ་སྦྱང་བ་ལ། ཐོག་མར་བ་བྱུང་དང་དྲི་བཟང་སྦྱར་བའི་ཆུས་དཀྱིལ་འཁོར་གྱི་གཞི་ལ་དབང་ལྡན་ནས་བརྩམས་ཏེ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ལས་སྔགས་ཀྱིས་སློབ་དཔོན་གྱིས་ཁྱབ་པར་བྱུགས་ལ་ལས་རྡོར་གྱིས་ཕྱི་ཚུལ་བྱ། དེ་ནས་སྔགས་དང་ཕྱག་རྒྱས་སྦྱོང་བ་ལས། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་རྩེ་ལྔ་བར་བསམས་ནས་ཕྱག་རྡོ་རྗེ་དང་བཅས་སྟེགས་བུའི་སྟེང་དུ་བཞག །ཐམས་ཅད་ཀྱིས་ལག་གཡས་ས་ལ་རེག་པའི་ཚུལ་བྱས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། ལན་བདུན་གྱིས་ས་ལ་བསྣུན་ཚུལ་བྱའོ། །ལྔ་པ་བཟུང་ཞིང་སྲུང་བ་ལ། བགེགས་གཏོར་བཤམས་ནས་བཀའ་བསྒོ་བའི་ཕྱག་བཞེས་ཤིག་དང༌། ཡང་གོང་དུ་བདག་སྐྱེད་ཀྱི་སྐབས་སུ་བགེགས་གཏོར་སོང་ན་སློབ་དཔོན་སྟེགས་བུའི་དབུས་སུ་བཞེངས་ཏེ་ལས་བྱང་གི ཧྲཱིཿ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་རྗེ་བཙན་ཏེ༔ ཚེ་བདུད་ལོག་འདྲེན་བར་ཆད་བདུད༔ སྔོན་གྱི་བག་ཆགས་ངན་པ་ཡིས༔ གསང་སྤྱོད་ལྟ་བའི་སྐབས་མེད་ཕྱིར༔ གནས་འདིར་མ་འདུག་གཞན་དུ་སོང༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ དབང་གི་རྒྱལ་པོའི་ཏིང་ངེ་འཛིན༔ འབར་བའི་རྟུལ་ཞུགས་རོལ་བ་ཡི༔ ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས༔ བརླག་པར་གྱུར་གྱིས་ཕྱིར་དེངས་ཤིག༔ ཅེས་གྱེར་ནས་ཧཱུྃ་བཞི་པའི་སྔགས་བཅས་ལས་རྡོར་གྱིས་སྟེགས་བུའི་མཐའ་ཕྱི་ནས་གུ་གུལ་བདུག་ཅིང༌། སློབ་དཔོན་སྟེགས་བུའི་དབུས་སུ་བཞེངས་ནས་ཡུངས་ཐུན་བྲབ་ནས་བསྐོར་བའི་ཕྱག་སྲོལ་སྣང་བ་སྟེ་ཇི་ལྟར་མོས་པ་ལྟར་མཛད་པས་གྲུབ་སྟེ་བགེགས་བསྐྲད་ལ། དེ་ནས་སློབ་དཔོན་སྔར་གཞིའི་དབུས་སུ་བཞེངས་མུ་ནས་ཕུར་བུ་ཐོགས་ལ། བདག་གི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་པདྨ་ཀཱི་ལ་ཡ་སྟོད་ཁྲོ་བོ་ཕྱག་གཉིས་ཕུར་བུ་འདྲིལ་བ་སྐུ་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་པར་མོས་ཏེ། ལས་ཕུར་བསྒྲིལ་ཞིང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་སརྦ་ཀཱི་ལ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་འབར་བས་བགེགས་རྣམས་བསྲེགས་ཤིང་ཉེ་མི་ནུས་པས་ས་གཞི་ཁེངས་པར་གྱུར། དེ་དག་ནི་ས་ཡི་ཆོ་ག་སྟེ་སློབ་དཔོན་གྱིས་རྒྱབ་ཆོས་སྲི་ཟློག་གི་དབུ་བསྐུལ་ནས་ཚར་གཅིག་དཔོན་སློབ་རྣམས་ལྷན་དུ་གསུང་པ་སོགས་མཐོང་བརྒྱུད་ལྟར་རོ། །གཉིས་པ་དངོས་གཞི་ལ་གསུམ། ཡེ་ཤེས་ཀྱི་ལྷ་བསྙེན་པ་དང་ཉེ་བར་བསྙེན་པ། ལྷ་དང་དབྱེར་མེད་དུ་སྒྲུབ་པ། གྲུབ་ནས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོའི་རིམ་པའོ། །དང་པོ་ལ་དགུ་སྟེ། མཚམས་བཅད་རྟེན་བཅའ་སྟ་གོན་བྱ། རྒྱན་འགོད་མངའ་གསོལ་བརྡ་སྦྱར་ཅིང༌། བསྲེ་བསྣན་སྐོས་འདབ་བྱིན་འབེབས་སོ། །ཞེས་པའི་དང་པོ་མཚམས་གཅོད་ལ་གསུམ་སྟེ། དང་པོ་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གྱི་ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞིའི་སྐུ་གཟུགས་སྔགས་བྱང་བཙུགས་པ། སོ་སོའི་མདུན་དུ་སྟེགས་གཙང་མར་མེ་ཏོག་གི་ཚོམ་བུའི་སྟེང་དུ་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང༌། མདུན་དུ་ཆུ་གཉིས་ཉེར་སྤྱོད་བཅས་བཤམས། སྒྲུབ་པ་པོ་རྣམས་སེར་སྦྲེང་དང་བཅས་སྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོའི་མདུན་དུ་འཁོད། མཆོད་གཏོར་རྣམས་རྟ་སྔགས་ཀྱིས་བསངས། སྭ་བྷཱས་སྦྱང༌། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས་ཤབྡ་པུ་ཛ་ས་མ་ཡ་ཧོཿ ཞེས་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་རྒྱ་དང་བཅས་པས་བརླབ། ཐོ་སྐུ་རྟེན་བཅས་རྟ་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་པི་ཝཾ་འཛིན་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཨོཾ་དྷྲྀཥྚཱ་རཥྚ་ཡ་སྭཱ་ཧཱཿ རང་སྔགས་ལན་བདུན། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་་ཏེ་སྥ་ར་ཎཱ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། དྲི་ཟ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༌། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཤར་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་བསྟོད་ཅིང་ཕྲིན་ལས་གསོལ། ཨོཾ་དྷྲིཥྚཱ་རཥྚ་ཡ་སྭཱ་ཧཱ། ལན་གསུམ། ཏིཥྛ་བཛྲ། ཞེས་མེ་ཏོག་དོར་ལ་བརྟན་བཞུགས་བྱ། དེ་ནས་ལྷོའི་ཐོ་རྩར་འཁོད་ལ། མཆོད་པ་དང་གཏོར་མ་རྣམས་གོང་ལྟར་བྱིན་གྱིས་རླབས། རྟེན་སྔར་བཞིན་བསང་སྦྱངས། ལྷོར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་རལ་གྲི་འཛིན་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོ༔ ཨོཾ་བི་རཱུ་དྷ་ཀ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གྲུལ་བུམ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ལྷོ་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་བི་རཱུ་དྷ་ཀ་ཡ་སྭཱ་ཧཱ། ལན་གསུམ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། ནུབ་ཀྱི་ཐོ་རྩར་འཁོད་ལ་མཆོད་གཏོར་བྱིན་རླབས། རྟེན་སྔར་བཞིན་བསང་སྦྱངས། ནུབ་ཏུ་རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོ༔ ཨོཾ་བི་རཱུ་པཀྵཱ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ཀླུ་དབང་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་མིག་མི་བཟང༌། །བཙུན་མོ་སྲས་དང་བློན་པོ་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནུབ་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་བི་རཱུ་པཀྵཱ་ཡ་སྭཱ་ཧཱ། ལན་གསུམ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། བྱང་གི་ཐོ་རྩར་འཁོད་ལ། མཆོད་གཏོར་རྣམས་བྱིན་རླབས། རྟེན་སྔར་བཞིན་བསང་སྦྱངས། བྱང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་བེ་ཅོན་དང་ནེའུ་ལེ་འཛིན་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གནོད་སྦྱིན་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བྱང་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ལན་གསུམ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་ལ་གཉིས་ཀྱི་དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་ཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་ཁར་ཛ་ཏྲི་ཛ་ཁ་སྤྲོད་མཐར། མགྲིན་པ་ནས་བརྩམས་ཏེ་མགོ་ཕྱིར་བསྟན་པ། ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛཿཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿ ཁུག་ཁུག་ནན༔ ཞེས་དང༌། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུལ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲམ་གྱིས་བསྐོར་བ་བྲིས་ལ་ལིང་ཁྲུས་བྱ། རྡོ་རྗེ་མཚམས་པ་ལྟ་བུ་ཟུར་དུ་ཡོད་ན་དང༌། མེད་ཀྱང་དཔོན་སློབ་མང་ཉུང་སྐབས་བསྟུན་གྱིས་གཏེར་ཁ་ནང་མཐུན་གཉགས་ཕུར་སོགས་ཀྱི་ལས་གཞུང་བཏང་བའི་ཚོགས་ཐ་མའི་གདབ་ཁ་དང་འབྲེལ་བར་འགུགས་བསྟིམ་གྲངས་མང་ཡིད་ཆེས་པར་བྱས་ལ་ཐུན་བརྡེག་པ་དང་བཅས་ཐུན་དུ་བཅད་དེ་ཉིན་གསུམ་ཙམ་བསྒྲུབས་པའི་མཐར་འདྲེ་ལྟེབ་ཏུ་བཅག་ཅིང་མཚོན་སྐུད་སྔོ་དམར་གྱིས་བཅིངས། ཐོད་ངན་ནམ་ཁྱི་ཐོད་ལྟ་བུར་བཅུག །ཕུང་རེས་དྲིལ་ལ་རྩང་གིས་གཟིར་བའི་མནན་ཆས་སྤྱི་ལྟར་བྱ། སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པ་ལ་བཀོད་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། སྔོན་དུ་སྡོང་གྲོགས་འཆོལ་བའི་ཕྱིར་སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ལ། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་རླབས་ལ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་དང༌། ཁྱད་པར་ཚེ་ལྷ་ཞི་ཁྲོའི་ལྷ་ཚོགས་ཀྱིས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། མ་མགོན་ལྕམ་དྲལ་བཀའ་སྲུང་ཙཎྜི་ཀ །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། ཅེས་པའི་ཚིག་མཚམས་གསུམ་སོ་སོར་གསེར་སྐྱེམས་ཕུལ་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པས། རང་ཉིད་དབང་ཆེན་རྟ་མགྲིན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་པར་བསམ་ལ། དམིགས་བྱ་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་འབྱུང་པོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གསལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་འཆི་མེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས། མ་རུང་པའི་སེམས་ཅན་ཡ་མ་དམ་སྲི་ཉུལ་ལེ་སྒབ་འདྲེའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་གཉིས་སུ་མེད་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བདེན་བདར་འགུགས་བསྟིམ་ལན་གསུམ་བྱས་པ། འོག་གི་འདོན་ཚིག་དང་བསྟུན་ཏེ་སྐྱེར་ཕུར་སོར་བཞི་པ་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཨ་རྻ་ཨཱ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄ཿ ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་པ་གདབ། ཐུན་རྫས་བྲབ། གུ་གུལ་བདུག །དུར་རྡོར་རི་གླིང་དང་རྒྱ་གྲམ་བྲིས་པས་མནན་ལ། དམ་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བདོས༔ མཆེད་ལྕམ་རྣམས་ལ་གནོད་ཅིང་གཙེས༔ རྒྱལ་ཁམས་ཀུན་ཏུ་མི་དགེ་བཏང༔ གསང་སྔགས་ལམ་གྱི་སྒོ་ཡང་བཀག༔ བཀའ་འདས་ནམ་ཡང་མི་བཏང་བས༔ ད་ནི་ཁྲོ་བོའི་ཕུར་ཚོགས་གདབ༔ ཐུན་ཚོགས་གདབ་སྟེ་དུད་ཚོགས་གཏིབ༔ བཏུབ་ཅིང་སྲིན་པོའི་ཞལ་དུ་བསྟབ༔ རི་རབ་བརྗིད་པའི་འོག་ཏུ་མནན༔ ཞེས་པའི་མཐར་འབེབས། ཐམས་ཅད་ཀྱི་ཨ་ཙཱ་ལ་བརྗོད་བཞིན་པར་ས་ཆུ་མེ་རླུང་རི་རབ་བཅུ་གསུམ་རིས་གཡོགས་ཤིང་སཱཙྪ་ནག་པོས་མནན་ལ། ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་ཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་ཡན་ལག་བདུན་གྱི་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་པ་ཐེག་པ་རིམ་དགུའི་རྒྱ༔ བཅུ་པ་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་བཏབ༔ རི་རབ་བརྗིད་པས་སྟེང་ནས་མནན༔ དཔའ་བོའི་བྲོ་ར་བྱས་ཏེ་བརྡུངས༔ བསྐལ་པ་ཇི་སྙེད་མཐའ་རུ་མནན༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་དྷ་ཡ་ནན༔ འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་དབང་གི་ཕོ་བྲང་བཏབ་པར་བསམ། ཞེས་མནན་དོང་ཁ་བཅད་པ་ལ་མེ་ཆུའི་རྒྱས་འདེབས་བྱ། མཆེད་རྣམས་ལག་གཡས་སྟེང་དུ་བྱས་ནས་བསྣོལ་བའི་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ། སུ་མྦྷ་ནི་ལན་གཅིག་དང༌། ཧཱུྃ༔ ཨེ་ཡི་དཀྱིལ་འཁོར་ཆེན་པོ་རུ༔ བར་དུ་གཅོད་པའི་དམ་སྲིའི་ཚོགས༔ མནན་ནོ་ཀློང་ཆེན་ཡུམ་ལྔའི་རྒྱ༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ སུམྦྷ་ནི་ལན་གཅིག་དང༌། སྟྭམྦྷ་ཡ་ནན༔ ཞེས་བྲོ་བརྡུང༌། གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་གམ་རས་བསེ་སོགས་སུ་གཤིན་རྗེ་གཤེད་དང༌། བདུད་རྩི་འཁྱིལ་བའི་སྐུ་མངོན་རྟོགས་བཞིན་བྲིས་པའི་རྒྱབ་ཏུ་སོ་སོའི་སྙིང་པོ་དང༌། འདོད་གསོལ་ཅན་ལ་ཕུར་བུ་རེ་བཅས་གཤིན་རྗེ་སྒོའི་ཕྱི་ངོས་དང༌། བདུད་འཁྱིལ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། མདུན་ཏུ་མཆོད་གཏོར་དམར་གྱི་བཤོས་བུ་རེ་དང༌། ཉེར་སྤྱོད་ལྔ་སོ་སོར་བཤམས། ཐོག་མར་ཕྱི་སྒོའི་མཆོད་གཏོར། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་དུ་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་པ་མེད་པ་འཆར་བས་ནམ་མཁའ་གང་བ། གཏོར་སྣོད་བྷནྡྷ་འབར་བར་གཏོར་རྫས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་རླབས། ལས་སྔགས་རྟས་བསང༌། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་གཤིན་རྗེ་ནག་པོ་བེ་ཅོན་དང་འཁོར་ལོ་ཐོགས་པ་ཁྲོ་བོའི་ཆས་ལྡན་མ་ཧེ་ཉི་ཟླ་པདྨའི་གདན་ལ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ། ལན་བདུན། ཨརྒྷཾ་སོགས་ནས། ཤབྡའི་བར་གྱི་མཆོད། ཀྲོ་དྷ་ཡ་མ་རཱ་ཛ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར༔ བདག་ཅག་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་བཞིན་འདི་བསྒྲུབ་པས༔ འདི་ལ་གནོད་ཅིང་བར་གཅོད་རྣམས༔ ས་འདི་ཡན་ཆད་མ་བཏང་ཞིག༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། ཞེས་ལན་གསུམ་བཟླས་ནས་མེ་ཏོག་འཐོར་ཞིང༌། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་ནང་སྒོའི་མཆོད་གཏོར་གོང་ལྟར་བྱིན་བརླབ། ལས་སྔགས་རྟས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་གདན་ལ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དགྲ་སྟྭ་ཐོགས་ཏེ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ལན་བདུན། ཨརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ ཁྲོ་བོ་བདུད་རྩི་འཁྱིལ་བའི་སྐུ༔ སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ༔ དངོས་གྲུབ་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ དམ་སྲི་ཐལ་བ་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་ཚིནྡྷ་དམ་སྲི་མཱ་ར་ཡ་ཕཊ༔ ཅེས་དང༌། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །སྒོ་བྱང་གཉིས་མ་འབྱོར་ན་ཕྱི་སྒོའི་གཤིན་རྗེ་ཁོ་ནས་ཆོག་གོ །གསུམ་པ་གསང་མཚམས་བཅད་པ་ནི། སློབ་དཔོན་གཞིའི་སྟེགས་ཀྱི་དབུས་སུ་ཁྲིའུའི་ཁར་ཞལ་ཤར་དུ་ཕྱོགས་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་བཅུ་ཙནྡན་དམར་པོས་ཁ་བསྒྱུར་མེ་ཏོག་ཕྲེང་བའམ་དར་གྱི་ཅོད་པན་བཅིངས་པ་འདུ་བྱ། དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་བཞིར། ཤར་ནུབ་བཅས་སུ་ཕུར་གདན་བཅུ་ཡང་བཀོད་དེ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་འཕྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། ཧཱུྃ་བཞི་པའི་སྔགས་འདོན་བཞིན་པས་ཐམས་ཅད་ཀྱི་འདོད་རྒྱལ་གྱི་རྒྱ་དང་བཅས་ཕྱོགས་བཅུའི་བགེགས་རྣམས་བཀུག་པ་ལ། སློབ་དཔོན་གྱི་ལག་གཡས་ཀྱི་ཐོ་བ་དང༌། གཡོན་པ་ཕུར་བུ་བཟུང་ལ། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཇིག་རྟེན་ཀུན༔ འདོད་ཆགས་རྡོ་རྗེ་བླ་ན་མེད༔ སྐུ་གསུང་ཐུགས་སྤྲུལ་སྟོབས་དང་ལྡན༔ ཏ་ཀྲྀཏ་ཁྲག་འཐུང་ཁྲོ་རྒྱལ་བཅུ༔ འཇིགས་ཚུལ་རྔམས་པའི་སྟངས་སྟབས་ཀྱིས༔ གདུག་པའི་ཚོགས་རྣམས་བརླག་པར་མཛོད༔ འཆི་མེད་གསང་བའི་དཀྱིལ་འཁོར་འདིར༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ༔ ལོག་འདྲེན་འབྱུང་པོ་མཚམས་བཅད་ཕྱིར༔ ཁྲོ་བཅུའི་ཕུར་པ་གདབ་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་ཕུར་གདབ་ཀྱིས་སྟངས་ཀས་སྟེང་ཕུར་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས་དེ་བཞིན་སྦྱར་ཏེ། བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་ཤར་ནས་ཕྱོགས་བཞི་གཡས་བསྐོར་དང༌། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བནྡྷ་བནྡྷ་ཧཱུྃ་ཕཊ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨཱརྻ་ཨ་ཙཱ་ལ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཅེས་མཚམས་བཞི་བྱང་ཤར་ནས་གཡོན་བསྐོར་དང༌། མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འོག་ཕུར་ནུབ་ཀྱི་ནུབ་ཏུ་གདབ་པ་དང་བཅས་མཐར། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་ཞིང༌། ཕུར་བུ་ལས་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར་སྙམ་པས་ལས་གཞུང་གི་སྲུང་འཁོར། ཧྲཱིཿ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ གཉིས་སུ་མེད་པའི་དཀྱིལ་འཁོར་ཏེ༔ ཀུན་ཀྱང་འབར་བའི་ཕྱག་རྒྱར་ཤར༔ བགེགས་དང་བར་ཆད་མིང་ཡང་མེད༔ མི་ཤིགས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་གྱི༔ གུར་ཁང་འབར་བས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམས་ལ་བསྲུང་བྱ་སྲུང་བྱེད་ཐམས་ཅད་གཟོད་ནས་སྤྲོས་བྲལ་དུ་འོད་གསལ་བ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་བསྒོམ་པ་སྟེ། དེ་དག་ནི་སྒྲུབ་པའི་གནས་ཀྱི་སྟ་གོན་ཏེ་ནུབ་དང་པོའི་བྱ་བའོ། །གཉིས་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ། དཀྱིལ་འཁོར་གྱི་གཞིར་ཆག་ཆག་གདབ་པ་སྟེ། དུང་ཕོར་རམ་ཀ་པཱ་ལར་བདུད་རྩི་རྣམ་ལྔ་དང་དྲི་བཟང་གི་ཆུ་སྦྱར་བ་ཐོགས་ལ། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པ༔ འཆི་མེད་རྒྱལ་བའི་སྐུ་གསུང་ཐུགས་བསྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཞེས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེའི་ཁུ་ཚུར་གྱིས་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ །གསུམ་པ་སྟ་གོན་ལ། རང་གཞུང་ལས། ལྷ་ཚོགས་སྟ་གོན་སྙན་གསན་དབབ༔ ཅེས་དང༌། ལས་སུ་རུང་བའི་སྟེགས་བུ་རུ༔ ཐིག་ཚོན་བྱ་བ་སྤྱི་ལྟར་བྱ༔ ཞེས་གསུངས་པ་ལྟར་ལས། བསྒྲུབ་གཞི་ལྷ་དང༌། སྒྲུབ་རྫས་བུམ་པ། སློབ་མ་སྟ་གོན། ཐིག་ཚོན་གྱི་བྱ་བ་དང་བཞི་ལས། དང་པོ་ལའང་སྦྱོར་དངོས་གཉིས་ལས། དང་པོ་ནི། ས་ཆོག་སོང་ནས་ཞག་གིས་བཅད་ན་མཆོད་གཏོར་གཤམ་པ་སོགས་ཉིན་སྔ་མ་ལྟར་ནས་བདག་བསྐྱེད་ལྷ་ལྡང་གི་བར་སྔར་བཞིན་དགོས་ལ། གལ་ཏེ་མ་བཅད་ན་གོང་གིས་ཆོག་པ་སོགས་འཕྲུལ་ཤེས་པར་བྱས་ནས། དཀྱིལ་འཁོར་གྱི་གཞི་ལ་དབུས་སུ་སློབ་དཔོན་གྱི་དྲི་བཟང་དང་བདུད་རྩི་སྦྱར་བའི་ཐིག་ལེ་གཙོ་བོ་ལ་གྲུ་བཞི་ཆེ་བ་གཅིག་དང༌། ཕྱོགས་བཞིར་ཟླུམ་པོ་རེ། དེ་བཞི་པོ་སོ་སོའི་གཡས་གཡོན་དུ་རེ་རེ་སྟེ་བརྒྱད་དང༌། ཕྱོགས་ཀྱི་རྒྱབ་བཞིར་རེ་རེ་སྟེ་དེ་རྣམས་རིམ་པར་ཆུང་དུ་བཏང་བ་སྟེ། གཙོ་བོ་ལས་བྱང་ལྟར་དང༌། འཁོར་རྣམས་བདག་འཇུག་གི་ལྷ་དབང་སོ་སོའི་སྔགས་ལ་ཨ་བྷི་ཥིཉྩ་དོར་ནས་བཟླ་བཞིན་པར་བཀོད་དེ། ལས་རྡོར་གྱིས་དེ་རྣམས་ཀྱིས་ཁར་འབྲུའི་ཚོམ་བུ་ཡང་དེ་བཞིན་དུ་བཀོད། ཡང་ལྷ་དང་བུམ་པ་སྟ་གོན་གཉིས་མཐར་ཆགས་སུ་མཛད་ཚེ་འོག་ཏུ་བུམ་པ་སྟ་གོན་གྱི་སྐབས་སུ་བཤད་པའི་གཙོ་ལས་ཀྱི་བུམ་པའང་སྐབས་འདིར་འདུ་འགོད་མཛད་པ་ཕྱག་བཞེས་ཚད་ལྡན་དུ་སྣང༌། སྤྲོ་ན་ལྷ་གྲངས་དང་མཉམ་པའི་སྤོས། མར་མེ། ཞལ་ཟས་ཀྱང་མཐོང་རྒྱུན་བཞིན་དང༌། གང་ལྟར་མཐར་མཚམས་འཛིན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། གཉིས་པ་དངོས་གཞི་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བར་བསམ་ལ། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ ཞེས་སོགས་ནས། ས་མ་ཡ་སྟྭྃ༔ ཞེས་པའི་བར་སྤྱན་འདྲེན་གྱི་ཚིག་གིས་བསྐུལ་ཏེ། གདོད་ནས་གྲུབ་པའི་བཅོམ་ལྡན་འདས་འཆི་མེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་གྱི་གཞིའི་སྟེང་གི་ནམ་མཁའ་ལ་བཞུགས་པར་བསམ་ཞིང༌། མཆོད་བསྟོད་རྒྱས་པ་ལས་བྱང་གི་དཀྱུས་བཞིན་བྱས་ནས། སྐབས་སུ་དབང་བསྐུར་དང་མ་འབྲེལ་བས་ན་སྙན་གསན་འདིར་དབབ་པར་བྱ་སྟེ། པུས་གཡས་གཙུགས་ཀྱི་སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། ཨོཾ༔ མགོན་པོ་ཀུན་གཟིགས་ཐམས་ཅད་མཁྱེན༔ དཀྱིལ་འཁོར་ལྷ་རྣམས་དགོངས་སུ་གསོལ༔ བདག་གི་གནས་འདིར་ཡེ་ཤེས་ལྷའི༔ ཕོ་བྲང་ཆེན་པོ་བཞེངས་འཚལ་ན༔ བདག་ཅག་རྡོ་རྗེའི་རིག་པ་འཛིན༔ ཡང་དག་མཆོག་གི་ལམ་འདོད་ཀྱིས༔ བརྩེ་བ་ཆེན་པོས་དགོངས་ནས་ཀྱང༔ ས་ཡི་གནས་འདིར་དཀྱིལ་འཁོར་བཞེངས༔ བསྙེན་སྒྲུབ་གཞུང་བཞིན་བགྱིད་ལགས་ཀྱིས༔ དགྱེས་པའི་གར་གྱིས་གནང་བ་དང༔ དངོས་གྲུབ་སྐལ་བ་བཟང་པོ་སྩོལ༔ ཞེས་ལན་གསུམ་གྱིས་སྙན་གསན་ཕབས། སླར་ཡང༌། ཧྲཱིཿ དག་པའི་ཞིང་ཁམས་རབ་འབྱམས་ནས༔ སོགས་ཀྱིས་མཆོད་ནས། སེ་གོལ་དང་བཅས། བཛྲ་མུཿས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བར་བསམ་པ་སྟེ་ལྷ་དང་བུམ་པ་སོ་སོར་ཕྲལ་ནས་བསྒྲུབ་པའི་ཚེ་ཚོམ་བུ་བསྡུའོ། །གཉིས་པ་སྒྲུབ་རྫས་ཡོ་བྱད་བུམ་པ་སྟ་གོན་ལ། སྦྱོར་དངོས་གཉིས་ལས། དང་པོ་ནི། མཚན་ཉིད་དང་ལྡན་པའི་བུམ་པ་གཉིས་གཙང་ཞིང་དག་པར་བྱས་ལ་ཆས་སུ་བཅུག །སོ་ལྔའི་རྫས་དང་ཚེའི་བཅུད་ཀྱིས་བཀང་བ་འདུ་བྱས་ལ། དྲག་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག་ཡུངས་ཀར་གྱིས་བྲབས་ནས་རང་གི་མདུན་དུ་བཞག་པར་གསུངས་ཀྱང༌། གོང་བཤད་ལྟར་ལྷ་བུམ་གཉིས་མཐར་ཆགས་སུ་མཛད་ཚེ། ཕྱག་ལེན་དུ་ལྷ་སྟ་གོན་གྱི་སྐབས་སུ་གཙོ་བུམ་འཕྲུལ་སྟེགས་ལ་དབུས་སུ་འགོད་པ་དང༌། ལས་བུམ་དེའི་བྱང་ཤར་མཚམས་སུ་དེ་བཞིན་དུ་བཀོད། མཐར་མཚམས་འཛིན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། གཉིས་པ་དངོས་གཞི་ལ། གཙོ་ལས་ཀྱི་བུམ་པ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ཆེ༔ མཚན་ཉིད་རྫོགས་པའི་གཞལ་ཡས་ཁང༔ བདུད་རྩིའི་རྒྱ་མཚོ་ཡངས་པའི་དབུས༔ པདྨ་སྡོང་པོ་འདབ་རྒྱས་སྟེང༔ ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་མཚན་དཔེའི་གཟི་བྱིན་འབར༔ ཞེས་པ་ནས། བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ ཞེས་པའི་བར་ལས་བྱང་བཞིན་དང༌། ལས་བུམ་ནང་དུ་པད་ཉིའི་སྟེང༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འབྲུས༔ སྐུ་གསུང་ཐུགས་སུ་བྱིན་རླབས་བསྡུས༔ སྤྱི་བོར་གནས་ལྔར་ས་བོན་ལྔ༔ ཡོངས་གྱུར་རིགས་ལྔའི་ཆོ་འཕྲུལ་གྱི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ དབང་བསྐུར་རིགས་ཀྱི་འཁོར་ལོས་བསྒྱུར༔ སྣང་མཐའ་ཡས་པས་རྒྱས་བཏབ་སྟེ༔ དཀྱིལ་འཁོར་ཆེན་པོར་རྫོགས་པར་གྱུར༔ བཛྲ་ཛྙཱ་ན་ཀཱ་ཡ་ཨོཾ། བཛྲ་ཛྙཱ་ན་ཝཱཀ་ཨཱཿ བཛྲ་ཛྙཱ་ན་ཙིཏྟ་ཧཱུྃ། ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཿ ཨ་བྷི་ཥིཉྩ་མི། ཞེས་དང༌། ལས་བྱང་བཞིན་ཡེ་ཤེས་པ་སྤྱན་འདྲེན། བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་རྒྱས་པར་བཏང་ཞིང༌། གཟུངས་ཐག་གཙོ་བུམ་ལ་གཏད་དེ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལ་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་བརྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཞེས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཅི་ནུས་བཟླ། ལས་བུམ་ལ་དམིགས་ཏེ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱཀྞ་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་སོགས་བཟླ། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ་གཙང་བའི་སྟེགས་གང་བདེར་བཞག་གོ །གསུམ་པ་སློབ་མ་སྟ་གོན་ནི། སྒྲུབ་དབང་དགོས་པ་ཡོད་ན་སྐབས་འདིར་བྱ་ཞིང༌། སྒྲུབ་ཆེན་དཀྱུས་ལ་དགོས་པ་དབེན་ནོ། །བཞི་པ་ཐིག་ཚོན་གྱི་བྱ་བ་ལའང་གསུམ་ལས། དང་པོ་གོ་མ་ཡེ་གཏོང་བ་ནི། ཧཱུྃ༔ རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་འདིར༔ རང་བྱུང་བདུད་རྩི་རྣམ་པ་ལྔ༔ ཡེ་ཤེས་དངོས་གྲུབ་མཆོག་གྲུབ་ཕྱིར༔ ཁྱབ་བརྡལ་ཆེན་པོར་ཆག་ཆག་འདེབས༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་དྷ་ལ་བྷྲཱུྃ་སྭཱ་ཧཱ། ཞེས་འཇམ་རོལ་དང་བཅས་པའི་དཀྱིལ་འཁོར་གྱི་གཞི་ལ་དྲི་བཟང་དང༌། བདུད་རྩི་ལྔ་དང་སྦྱར་བའི་ཆུ་རྡོ་རྗེའི་ཁུ་ཚུར་གྱིས་གཏོར་བ་བྱང་ཤར་ནས་གཡས་སྐོར་དུ་ཁྱེམ་མེད་པར་བྱུགས་པའོ། །གཉིས་པ་ཐིག་དངོས་ལ་ཡེ་ཐིག་དང༌། ལས་ཐིག་གཉིས་ལས། དང་པོ་ནི། ཐིག་སྐུད་སྒྲིལ་མ་ཚར་ན་ཁ་དོག་སྣ་ལྔ་ཚོམ་དང༌། ཚར་ན་དབུས་སུ་བཞག་ཀྱང་རུང༌། བདག་དང་ཐིག་གཡོག་ལྷ་ཡབ་ཡུམ་དུ་གསལ་ལ། ཐིག་སྐུད་ལས་སྔགས་རྟས་བསངས། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་ཐིག་སྐུད་རྣམས་དེ་བཞིན་གཤེགས་པ་ཚེ་ལྷ་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་གནས་གྱུར་པ་བདག་ཉིད་ཀྱི་སྐུ་ལ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཐིག་སྐུད་དང་རོ་གཅིག་པ་ཡུམ་གྱི་མཁའ་ལ་སྤྲོས་པར་བསམ་ཞིང༌། ཛཿཛཿཛཿ ཞེས་རླུང་ཕྱིར་འགྲོ་བས་ཐིག་སྣ་སློབ་མའི་ལག་ཏུ་གཏད་དེ། དེས་ཀྱང་དེ་བརྗོད་ཅིང་རླུང་ནང་དུ་འདྲེན་པས་དྲངས་ལ་གཅིག་ཏུ་དྲིལ་ནས། ཨེ་མ་ཧོ་བདེ་ཆེན་ཚེ་ཡི་ཡུམ༔ བྱང་སེམས་རྡོ་རྗེའི་ཐིག་འདེབས་ཀྱི༔ སྟོང་གསུམ་འཇིག་རྟེན་ཞིང་ཁམས་ཀུན༔ རང་བྱུང་དཀྱིལ་འཁོར་ཆེན་པོར་གྲུབ༔ ཞེས་ཚེ་ལྷ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁར་སྐར་མདའ་ལྟར་སྦྲེང་བས་རྒྱལ་བའི་དཀྱིལ་འཁོར་རང་བྱུང་བར་བསམ་ལ། གོང་གི་སྔགས་བརྗོད་བཞིན་དུ་ཐོག་མར་ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་སྟེ། དང་པོ་སློབ་དཔོན་ནུབ་ཏུ་བཞུགས། །སློབ་མ་ཤར་དུ་གནས་པ་ཡིས། །ཚངས་ཐིག་དང་པོ་མཁའ་ལ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་་ནི། །སློབ་མ་བྱང་དུ་གཉིས་པ་གདབ། །སློབ་དཔོན་མེ་ཡི་མཚམས་སུ་འདུག །སློབ་མ་དབང་ལྡན་གནས་པ་ཡིས། །ཤར་གྱི་ལོགས་ཐིག་གདབ་པར་བྱར། །སློབ་དཔོན་རླུང་དང་སློབ་མ་ནི། །སྲིན་པོར་འདུག་པས་ནུབ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་ནི། །བྱང་ཤར་འདུག་པས་བྱང་ཕྱོགས་གདབ། །སློབ་དཔོན་མེ་དང་སློབ་མ་ནི། །སྲིན་པོར་འདུག་པས་ལྷོ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་ནི། །རླུང་གནས་ཟུར་ཐིག་དང་པོ་གདབ། །སློབ་དཔོན་སྲིན་པོ་སློབ་མ་ནི། །བྱང་ཤར་འདུག་པས་གཉིས་པ་སྟེ། །ཀུན་ལ་གཡས་སྐོར་ཁྱད་པར་དུ། །ཚངས་ལོགས་རྒྱབ་འགྲོས་ཚུལ་གྱིས་གདབ། །སློབ་དཔོན་དབང་ལྡན་སློབ་མ་ནི། །མེ་ལྷ་སྤང་བྱ་ཉིད་དུ་གསུངས། །དེ་ཡི་ཚེ་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་རང་བཞིན་གྱི་དཀྱིལ་འཁོར་བཀྲ་གསལ་བར་བསམ་ཞིང༌། སྔགས་ནི། བྷྲཱུྃ་ཛྙཱ་ན་མ་དྷ་ལ་ཧཱུྃ་བྷྲཱུྃ། ཞེས་ཁོ་ན་བརྗོད་བཞིན་དུ་རྡོ་རྗེ་དང་བཅས་པའི་ལག་གིས་གནམ་ཐིག་གི་ཐིག་སྣེ་སློབ་དཔོན་གྱི་ལྟེ་བ་དང༌། སློབ་མས་སྙིང་གར་བཟུང་ནས་མཐོང་རྒྱུན་བཞིན་རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གུང་མོས་ཐིག་སྐུད་འོག་ནས་གྱེན་དུ་བཅུས་ཏེ་སེ་གོལ་གྱིས་མ་འཁྲུལ་བར་གདབ་པར་བྱའོ། །ཐིག་ལས་ཟིན་པ་དང༌། ཨོཾ་བཛྲ་མུཿ ཞེས་ཡེ་ཐིག་གི་ཡེ་ཤེས་པ་གཤེགས་སོ། །གཉིས་པ་ལས་ཐིག་ནི། ཐིག་སྐུད་གཞན་ཡོད་ན་དང༌། མེད་ཚེ་ཡེ་ཐིག་གི་སྐུད་པས་ཀྱང་གདབ་ཏུ་རུང་སྟེ། དེ་ཡང༌། དང་པོ་ཤར་ནུབ་ཚངས་ཐིག་གདབ། དབུས་སུ་ཟླུམ་སྐོར་མཚན་མ་བྱ། །དེ་ནས་གཡས་གཡོན་བྱ་རྗེས་ལ། །ཚངས་ཐིག་གཉིས་པ་གདབ་པར་བྱ། །དེ་ནས་མཚམས་བཞིར་མཚན་མ་ལ། །ཟུར་ཐིག་བཞི་པོ་གདབ་པར་བྱ། །དེ་ལ་ཐིག་ཆེན་བརྒྱད་དེ་གྲགས། །མདའ་ཐིག་ཆེ་ཆུང་གང་བྱེད་ཀྱང༌། །དབུས་ནས་ཚད་དེ་མཚམས་བཞིར་བཏབ། །དེ་ནས་ཕྱོགས་བཞིར་མདའ་ཐིག་བཏབ། །དབུས་ནས་མདའ་ཐིག་བར་དག་ཏུ། །ཟུར་ཐིག་བཞི་ལ་ཤོག་ཚད་བྱ། །ཤོག་ཚད་སུམ་ཆར་བགོས་བྱས་ནས། །སུམ་གཉིས་ནང་དུ་དོར་བ་ལ། །སུམ་གཅིག་སྟེང་ལ་ཁྱམས་ཐིག་བཏབ། །དེ་ཡང་དུམ་བུ་བརྒྱད་བགོས་ནས། །དུམ་བུ་བཞི་ལ་ཆ་ཆེན་ཟེར། །དེ་ནས་ཆ་ཕྲན་བརྩི་ལུགས་ནི། །ཁྱམས་ནས་མདའ་ཐིག་བར་གྱི་ས། །རྩིག་པར་ཆ་གཅིག་འདོད་སྣམ་ལ། །ཆ་གཉིས་ཕ་གུར་ཆ་གཅིག་ནས། །དྲྭ་ཕྱེད་ཆ་གཉིས་ཤར་བུ་དང༌། །མདའ་ཡབ་བཅས་ལ་ཆ་རེའོ། །རྟ་བབ་སྣམ་བུ་བརྒྱད་པའམ། །བཅུ་གཅིག་བཞི་པ་གང་རིགས་ལ། །སོ་སོར་ཆ་ཕྲན་རེ་རེའོ། །པདྨར་ཆ་གཅིག་འཁོར་ལོ་ལ། །ཆ་གཉིས་གདུགས་ལ་ཆ་གཅིག་ཡིན། །དེ་ནས་སྒོ་ཐིག་གདབ་ལུགས་ནི། །སྒོ་ལ་ཆ་ཕྲན་གཉིས་ཡིན་ཏེ། །ཁྱུད་འགྲམ་ལོགས་མུན་ཀ་བ་དང༌། །ཀ་རྒྱན་བཅས་ལ་ཆ་ཕྲན་རེ། །དེ་ཕྱིར་ཆ་ཕྲན་གཅིག་བཏབ་བོ། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །ཚངས་ཐིག་འཛོམས་ས་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། །མདའ་གཡབ་སྒོ་ཐིག་འཛོམ་ས་ནས། །ཆ་ཕྲན་གཉིས་རེའི་གཡས་གཡོན་བསྐོར། །ཆ་གཅིག་རྐྱང་པས་དེ་བཞིན་བསྐོར། །སྣ་ཚོགས་རྡོ་རྭ་བསྐོར་ཚུལ་ནི། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །སྒོ་ཐིག་འཛོམ་ས་ནས་བཟུང་སྟེ། །ཀ་རྒྱན་རྩེ་ནས་གཡས་གཡོན་བསྐོར། །དེ་ནས་ཕྲད་གཉིས་ཕྱི་རུ་གཅིག །སྔར་གྱི་ཚད་ཀྱི་གཡས་གཡོན་བསྐོར། །ཕྱི་དཀྱིལ་མུ་ཁྱུད་བསྐོར་ཚུལ་ནི། །སྣམ་བུ་དང་པོའི་ཕྱི་རྩེ་ནས། །ཆ་ཕྲན་གསུམ་གྱིས་པདྨ་བསྐོར། །རྡོ་རྭ་ཆ་གཅིག་མེ་རི་ལ། །ཆ་ཆེན་གཅིག་གིས་བསྐོར་བར་བྱ། །དེ་ནས་རྟ་བབ་བརྩི་ལུགས་ནི། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། །ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གིས་རིང༌། །ཟར་ཚག་དེ་ལས་གཉིས་ཀྱིས་ཐུང༌། །སྣ་འཕྱང་དེ་ལས་གཅིག་གིས་རིང༌། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང༌། །ཤར་བུ་དེ་ལས་གཅིག་གིས་རིང༌། །དེ་སྟེང་ཁྱུང་མགོ་གཅིག་འཕྱར་རོ། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ནི། །རྩ་ཐིག་ནང་ནས་ཆ་ཆེན་རེ། །དོར་བ་གྲུ་ཆད་ཉིད་དུ་འགྱུར། །རྩ་ཐིག་ནང་གི་མུ་ཁྱུད་ནས། །ལྟེ་བའི་བར་དུ་ཕྱེད་མཉམ་བསྐོར། །ནང་མའི་ནང་མཐར་ཆ་ཕྲན་གཅིག །བསྐོར་བས་ལྟེ་བ་མུ་ཁྱུད་དང༌། །པད་འདབ་བཅུ་གཉིས་མུ་ཁྱུད་དོ། །ཞེས་པ་ལྟར་མ་འཁྲུལ་བར་གདབ་བོ། །གསུམ་པ་ཚོན་གྱི་ལས་ནི། དེ་ཡང་ཚོན་སྣ་ལྔ་ལ་འབྲུ་ལྔ་བྲིས་པ་ཐིག་གི་སྟེང་དུ་ལྔ་ཚོམས་སུ་བཞག་ལ། ལས་སྔགས་རྟས་བསངས། སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿལས་ཚོན་སྣ་ལྔ་འཆི་མེད་ཚེ་ལྷ་རིགས་ལྔའི་ངོ་བོར་གནས་གྱུར་པ་བདག་ཉིད་ཀྱི་སྐུ་ལས་བྱང་ཆུབ་སེམས་སུ་ཞུ་བ་རྡུལ་ཚོན་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང༌། ཧཱུྃ༔ རང་བྱུང་དཔའ་བོ་འབྲུ་ལྔ་ལས༔ བྱང་ཆུབ་སེམས་ཀྱི་རྡུལ་ཚོན་འབར༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ རྒྱལ་བའི་དཀྱིལ་འཁོར་འབྲི་བར་བྱ༔ ཞེས་བརྗོད་དེ། ཐོག་མར་དབང་ལྡན་ནས་ནང་དམར་དཀར་སེར་སྔོ་ལྗང་བའི་རེ་ཁཱ་ལྔ་སྒོ་ཚད་ཙམ་དུ་སློབ་དཔོན་གྱིས་བྲིས་ཏེ་ཐོད་པས་བཀབ། དེའི་ཁར་རྡོ་རྗེ་ལ་ཡེ་ཐིག་གིས་དཀྲིས་པ་འཇོག་པར་གསུངས་ཀྱང༌། བཅས་མི་བདེ་བར་ཕྱག་ལེན་དུ་མཛད་པ་ཉུང་བས་སྐབས་དང་བསྟུན་ནོ། །དེ་ནས་ཚོན་ཇི་ལྟར་དབྱེ་བའི་ཚུལ་ནི། ལྟེ་བ་དམར་ལ་མུ་ཁྱུད་ལྗང༌། །པད་འདབ་བཅུ་གཉིས་མཛེས་ཚོན་ལ། །མུ་ཁྱུད་མཐིང་ཁ་ཉིད་དུ་མཚོན། །གྲུ་ཆད་སྒོ་ཁྱམས་ཕྱོགས་མདོག་ལ། །རྩིག་པ་ནང་ནས་རིམ་པ་བཞིན། །དམར་དཀར་སེར་མཐིང་ལྗང་གུར་བྱ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཤར་བུ་དཀར། །མདའ་གཡབ་དཀར་པོ་པདྨའི་རིས། །མུན་པ་པ་ཏི་གླང་རྒྱབ་ནག །ཀ་བ་ཕྱོགས་མདོག་རྒྱན་མཛེས་ཚོན། །ཟར་ཚག་དཀར་ལ་གཞི་མ་ནག །སྣ་འཕྱང་སེར་པོ་ཕ་གུ་འདྲ། །སྒྲིལ་འཕྱང་དཀར་ལ་གཞི་མ་ནག །ཤར་བུ་དཀར་ལ་གཞི་མ་སྔོ། །རྒྱ་ཕུབ་ཁྱུང་མགོ་མཐིང་ཁ་འོ། །པདྨ་དམར་ལ་འཁོར་ལོ་དང༌། །རི་དྭགས་གསེར་མདོག་གདུགས་དཀར་པོ། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །པད་འདབ་སོ་གཉིས་མདངས་མཛེས་ཚོན། །རྡོ་རྭ་གཞི་ནག་རྡོར་ཕྲེང་སེར། །མེ་རི་སྣ་ཚོགས་ཆོས་འཁོར་རོ། །ལྷ་གནས་རྣམས་སུ་མཚན་མ་ནི། །སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་ནམ། །མ་གྲུབ་གཙོ་བོ་རང་རང་གི །སྐུ་མདོག་དང་མཚུངས་ཚོན་སྤུངས་བྱ། །ཚོན་རྩི་མི་མཐུག་མི་སྲབ་ཅིང༌། །མ་འདྲེས་ཆད་དང་ཡོ་བ་སོགས། །ཉེས་པའི་སྐྱོན་ཀུན་རབ་སྤངས་ཏེ། །སྒྲིན་པོའི་བློ་ཡིས་ལེགས་པར་བྲི། །ཞེས་པའི་དོན་བཞིན་ཡིད་དབང་འཕྲོག་ནུས་པར་དགྱེ་བར་བྱའོ། །དེ་ནས་ཚོན་གྱི་བྱ་བ་རྫོགས་པ་ན། །ཚོན་ལྷ་ཡེ་ཤེས་པ་རྣམས། བཛྲ་མུཿས་གཤེགས་གསོལ་བྱའོ། །ཡང་རྡུལ་ཚོན་གྱི་ཐིག་ཚོན་མི་འགྲུབ་ཚེ་གོ་མ་ཡེ་བཏང་ནས་སྔར་བྲིས་ཟིན་པའི་རས་བྲིས་ཉིད་ལ་བརྟེན་པས་ཀྱང་རུང་བར་གསུངས་སོ། །བཞི་པ་རྒྱན་བཀོད་ནི། རང་གཞུང་ལས། གནས་ཁང་བཀོད་པའི་བརྒྱན་པ་རུ༔ གཙང་སྦྲ་དང་བཅས་མཆོད་པའི་ཚོགས༔ ཞེས་གསུངས་པ་ལྟར། སྔོན་དུ་སྒྲུབ་ཁང་ཕྱག་དར་སོགས་གཙང་ཞིང་ཡིད་དུ་འོང་བར་བྱས་ལ། སྤྲོས་པ་དང་བཅས་པའི་ཚེ་ན་རང་གཞུང་ཚེ་ཡི་རྒྱུད་ལེའུ་དྲུག་པར་གསུངས་པ་བཞིན་དུ་བསྒྲུབ་པའི་སྐུ་རྟེན་བྲིས་སྐུ་མཚན་ཉིད་དང་ལྡན་པ། གསུང་རྟེན་ཚེ་ཡི་འཁོར་ལོ། ཐུགས་རྟེན་སཱཙྪ་སོགས་འབྱོར་ན་བཤམས། ལྷག་པར་བདུད་རྩིའི་བཅུད་ལེན་རིལ་བུ་ཡང་རྒྱུད་གཞུང་ལས་ཇི་ལྟར་གསུང་བའི་རྫས་རྣམས་མ་ཚང་བ་མེད་པར་བྱས་ཏེ། ལག་ལེན་སླ་བཅོས་སུ་མ་སོང་བར་འདུ་བྱས་ནས་སྦྱང་ཁྲུས་ལེགས་པར་བགྱིས་ལ་བྷནྡྷའི་ནང་དུ་དར་སྣ་ལྔ་ག་འམ། དམར་པོར་དྲིལ་ནས་དལ་གྱི་དབུས་སུ་མཉྫིའི་ཁྲིའུར་འགོད་པར་ཆས་སུ་བཅུག །གལ་ཏེ་མ་གྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གང་ལྟར་ཡང་སྔར་ལྷག་གནས་ཀྱི་སྐབས་སུ་འདུ་བྱས་པའི་གཙོ་ལས་ཀྱི་བུམ་པ་དང༌། སྙིང་པོ་ལྔ་ཚོགས་ཀྱི་རྒྱུ་ལས་བསྐྲུན་པའི་ཚེ་ཡི་འབྲང་རྒྱས་ཤིས་པའི་རྒྱན་སྤྲོས་ཀྱིས་མཛེས་པ། འཆི་མེད་ཚེའི་རིལ་བུ་འཁོར་འདས་ཀྱི་ཚེ་རྫས་བཏབ་པ། བདུད་རྩི་ཨ་མྲྀ་ཏ་ལ་མངར་གསུམ་སྦྱར་བ། ཚེ་མདའ་རྒོད་སྒྲོ་མདེའུ་ལྕགས་ཅན་དང་དར་ཁ་ཛར་མ་ཉམས་པའི་ཚོན་སྣ་ལྔ་ལྡན། མེ་ལོང་བླ་གཡུ་བྱེ་རུ་མུ་ཏིག་སྤོས་ཤེལ་མུ་མེན་རྣམས་བཏགས་པ་དང༌། གཞན་ཡང་ཉེ་བར་མཁོ་བ་སྤྱི་དང༌། བྱེ་བྲག་སྒྲུབ་རྟེན་སོགས་མ་ཚང་བ་མེད་པ་ཐམས་ཅད་ཚོགས་པར་བྱས་ནས། རྒྱན་བཀོད་དངོས་ལ། བརྒྱུད་འདེབས་ནས་བཟུང་བདག་གི་རྣལ་འབྱོར་བཟླས་པའི་བསྡུ་ལྡང་གི་བར་ས་ཆོག་ལྟར་རྒྱས་བསྡུས་སྐབས་བསྟུན་བྱ། སླར་རྩ་སྔགས་ཀྱི་ཛཔ་དབྱངས་བྱ་བའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་སྤོས་ཀྱི་རེང་བུ་འཛིན། དྲིལ་བུ་གསིལ་བཞིན་པའི་སྣ་དྲངས། འོག་ཏུ་གསལ་བའི་དཀྱིལ་འཁོར་དུ་འགོད་རྒྱུའི་མཆོད་རྫས་ཚིག་རིམ་བཞིན་དུ་སྒྲུབ་གྲོགས་གཞན་གྱིས་ཐོགས་ལ། སེར་སྦྲེང་གི་བཀོད་པ་དང་བཅས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ཏེ་མདུན་དུ་འཁོད་པའི་དབྱངས་དང་བཅས། ཧྲཱིཿ ཡེ་ཤེས་བྷནྡྷ་ཚེ་ཡི་གཞལ་ཡས་ཁང༔ རབ་འབྱམས་དཀྱིལ་འཁོར་ཚེ་ཡི་ལྷ་ཚོགས་བཞུགས༔ སྐུ་དང་གསུང་དང་ཐུགས་སུ་དབྱེར་མེད་ཅིང༔ དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་བཞུགས་སུ་གསོལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་སྐུ་གསུང་ཐུགས་ཀྱི་ཚེ་རྟེན་དང་ཚེ་བུམ་རྣམས་དཀྱིལ་འཁོར་གྱི་དབུས་དང༌། གཙོ་ལས་ཀྱི་བུམ་པ་སྨིན་གླིང་ཕྱག་བཞེས་བདག་འཇུག་སོགས་ཀྱི་སྐབས་འཇུག་པ་བདེ་ཕྱིར་སློབ་དཔོན་གྱི་མདུན་དུ་དགོད་སྲོལ་སོགས་ཇི་ལྟར་རིགས་པ་བཀོད། དེ་བཞིན་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་ཏུ་ཚེ་མདའ་རྣམས་བཀོད་དོ། །དེ་ནས། ཧཱུྃ༔ ཤེས་རབ་རལ་གྲིས་ཉོན་མོངས་དྲྭ་བ་གཅོད༔ ཡེ་ཤེས་མདའ་ཡིས་མ་རིག་དུག་གསུམ་འབིགས༔ ཕྲིན་ལས་ཕུར་པས་བར་ཆད་བདུད་དཔུང་འདུལ༔ དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་དཀྱིལ་འཁོར་གྱི་ཕྱོགས་བཞིར་རལ་གྲི་བཞི། ཟུར་བཞིར་མདའ་དར་ཚོན་དང་བཅས་པ་བཞི། སྒོ་བཞིར་ཕུར་བུ་བཞི་རྣམས་བཀོད་དོ། ཧཱུྃ༔ བྱམས་པའི་གདུགས་མཆོག་འཁོར་བའི་ཚ་གདུང་སྐྱོབས༔ ཆོས་ཀྱི་རྒྱལ་མཚན་བར་ཆད་བདུད་ལས་རྒྱལ༔ ཤེས་རབ་འཕན་དར་བྱང་ཆུབ་ཆོས་རྣམས་རྫོགས༔ རྒྱལ་བའི་དཀྱིལ་འཁོར་མཛེས་པའི་རྒྱན་དུ་འབུལ༔ བཛྲ་སྥ་ར་ཎ་ཕཊ༔ ཞེས་གདུགས་སྔོན་དུ་དབུབ་པའི་ཕྱག་ལེན་དུ་སྣང༌། ཟུར་བཞིར་འཕན་བཞི་རྣམས་རིམ་པར་བཀོད། ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་ཕྱིར་འབུལ་བར་བགྱི༔ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་དབང་ལྡན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔས་གཡས་བསྐོར་དང༌། དཀྱིལ་འཁོར་གྱི་མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར་རྒྱན་སྤྲོས་ཅན། དེའི་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་སྤྱིའི་སྤུངས་གཏོར། གཏེར་བདག་སྒོས་སྲུང༌། ཆད་མདོ། སྨན་ཐོད། གཡོན་དུ་ཆོས་སྐྱོང་མོ་རྒྱུད་སྤྱིའི་སྤུངས་གཏོར། གཞི་བདག་སྤྱི་གཏོར། བརྟན་མ། རཀྟ་རྣམས་དང༌། མདུན་དུ་ཁ་གསོའི་ཉེར་སྤྱོད་སོགས་དང༌། དཀྱིལ་འཁོར་གྱི་འོག་གི་བྱང་ཕྱོགས་སུ་ལྕགས་ཧོམ་ནང་ཉུལ་ལེའི་ལིང་ག་སོགས་དང༌། ལས་ཕུར། ཐུན་སྣོད་སོགས་ཀྱང་བཀོད། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། མེ་ཏོག་གི་སྣོད། གཡབ་དར་རྣམས་དང༌། གཞན་ཡང་རྔ་སིལ་སོགས་རོལ་མོའི་བྱེ་བྲག །ཉིན་རེ་བཞིན་འབུལ་རྒྱུའི་ཚོགས་དང༌། གཏོར་མའི་ཡོ་བྱད་སོགས་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པ་བཤམ་མོ། །མཆོད་རྫས་སྤྱི་ཁྱབ་ཏུ་རྩ་བའི་ལས་གཞུང་ལྟར། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕུན་ཚོགས་བདེ་ཆེན་ཞིང༔ རང་སྣང་ཀུན་བཟང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་གང་བའི་ཚོགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡའི་བར། སརྦ་ས་མ་ཡ་པཱུ་ཛ་ཛྙཱ་ན་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབ་པར་བྱའོ། །ལྔ་པ་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱིས་སྤྲོ་ན་གཙོ་བོས་འདུས་པའི་གྲལ་གཤམ་ནས་འབྲེལ་ཆགས་ཀྱི་གཏོང་ཐུན་སྔོན་འགྲོས་དབྱངས་བོར་ལེན་དང་ཐོད་ཆང་མར་བཟེད་ཅན་ཚིག་བསྟུན་སོ་སོར་དྲང་བར་མངའ་གསོལ་ནི། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟན་པའི་སྒྲོན་མེ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང༌། རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པ་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་བསྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེ་ལས་པ་ལ། ཕྲིན་ལས་གཞུང་བསྲང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨ་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁན༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚང་པར། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས༔ བྱན་པོར། གཡོ་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ རྡུལ་ཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་ཕྱག་སྐྱེས་བུ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་སོ་སོར་མངའ་གསོལ་ཞིང་རང་གྲལ་དུ་འཁོད་པ་ལས་ནམ་ཡང་མ་འཕྱུགས་པར་བྱ། དྲུག་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་མ་ནས༔ རྣམ་དག་ལྷུན་གྲུབ་རྒྱལ་བའི་ཞིང༔ མ་རྟོགས་གཉིས་འཛིན་སྒྲིབ་གཡོགས་སྒོ༔ རང་རིག་བརྡ་ཡིས་དབྱེ་བར་བྱ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒྲིབ་བསལ། རང་སྣང་དཀྱིལ་འཁོར་གྱི་ལྷ་དང་མཇལ་བ་ལ། ཧྲཱིཿ བདེ་ཆེན་འོད་འབར་ཆོས་ཀྱི་སྐུ༔ ལོངས་སྤྱོད་ཡོངས་རྫོགས་འཆི་མེད་ལྷ༔ དཀྱིལ་འཁོར་རྒྱ་མཚོའི་ཚོགས་བཅས་ལ༔ མི་ཕྱེད་གུས་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ ལྷ་བདག་གཉིས་མེད་མི་ཕྱེད་པའི་ལྟ་བའི་ཀློང་ཕྱག་འཚལ། བདུན་པ་བསྲེ་བསྣན་བྱ་བ་ནི། སྐབས་འདིར་དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། བདུད་རྩི་ཡུངས་ཐུན་སོགས་བཀོད་ནས། བདུད་རྩི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ཏེ། ཧྲཱིཿ དུག་ལྔའི་ནད་སེལ་སྨན་གྱི་མཆོག༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ རིགས་ལྔ་རྒྱལ་བ་སྒྲུབ་པའི་རྫས༔ དམ་ཚིག་ལོངས་སྤྱོད་ཆེན་པོར་འབུལ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་པའི་མཚན་དོན་སྦྱར། སྨན་མཆོད་ཁཱ་ཧི་བཅས་རྒྱས་པར་ཕུལ། སློབ་དཔོན་གྱིས། བདག་ཉིད་དཔལ་རྟ་མཆོག་འབར་བར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། ཧྲཱིཿ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་རྗེ་བཙན་ཏེ༔ ཚེ་བདུད་ལོག་འདྲེན་བར་ཆད་བདུད༔ སྔོན་གྱི་བག་ཆགས་ངན་པ་ཡིས༔ གསང་སྤྱོད་ལྟ་བའི་སྐབས་མེད་ཕྱིར༔ གནས་འདི་མ་འདུག་གཞན་དུ་སོང༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ དབང་གི་རྒྱལ་པོའི་ཏིང་ངེ་འཛིན༔ འབར་བའི་བརྟུལ་ཞུགས་རོལ་པ་ཡི༔ ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས༔ བརླག་པར་འགྱུར་གྱིས་ཕྱིར་དེངས་ཤིག༔ བཀའ་བསྒོ་བརྗོད་ལ་དྲགས་སྔགས་ཡུངས་ཐུན་གུ་གུལ་དུད་པ་རོལ་མོ་ཚམས་རྔམས་དང་བཅས་པས་བགེགས་བསྐྲད། གསར་བུ་རྣམས་རྒྱུད་སྦྱངས་ཕྱིར་ལས་བྱང་ལྟར་སྐྱབས་སེམས་ཚོགས་བསགས་སམ། བསྡུ་ན། རྡོ་རྗེ་སློབ་དཔོན་སངས་རྒྱས་སོགས་རྗེས་ཟློས་བྱར་གཞུག སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་ཡོད་པར་བསྒོམས་ལ་བྱིན་བརླབས་པའི་བདུད་རྩི་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ནས༔ རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ལ་ཞུགས་ཏེ་འཐུང༔ སྙིང་ལ་ཡང་དག་གནས་པའོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་བསྲེག་པར་བྱེད༔ དམ་ཚིག་སྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་པས། སློབ་མས་ཀྱང༌། ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱོང་བ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །ཐམས་ཅད་ཀྱི་ལག་ཐལ་སྦྱར་གྱི་བར་མེ་ཏོག་བཟུང་ལ། ཧྲཱིཿ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ རྒྱུད་ལས་མི་འགལ་དམ་ཚིག་མཆོག༔ འདི་ནས་ཀུན་མཁྱེན་མ་ཐོབ་བར༔ སྲོག་ཕྱིར་མི་གཏོང་དངོས་གྲུབ་སྩོལ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷཱི་ཧཱུྃ་ཨཱཿ ཞེས་མེ་ཏོག་འཐོར། མཆེད་གསར་རྙིང་གཉིས་ཀར་བདུད་རྩི་གཡས་བསྐོར་གཡོན་བསྐོར་བསྣོལ་མར་དྲང༌། མཆེད་གསར་རྙིང་གྲལ་བསྲེས་ཏེ་རང་གྲལ་དུ་འཁོད་དུ་བཅུག་ལ། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །ཅེས་བསྒོ་ཞིང༌། སློབ་དཔོན་གྱིས། ཧཱུྃ༔ རྡོ་རྗེ་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ དམ་ཚིག་སྲོག་གིས་བསྡུས་པའི་མཆེད་དང་ལྕམ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་སྨོན་ལམ་གདབ་བོ། །བརྒྱད་པ་སྐོས་གདབ་པ་ནི། ཐམས་ཅད་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གཎྜེ་ཧཱུྃ༔ ཞེས་དྲིལ་བུ་དཀྲོལ་ཞིང་དཀུར་བསྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾཿ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་དྲིལ་བུ་དཀྲོལ་བས་རོལ་ཆེན་བརྒྱ་བརྡུང་སོགས་རོལ་མོ་ཆེར་བསྒྲག་ཅིང༌། ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཚེ་ཡི་ལྷ༔ དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་སྤྲུལ་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱི༔ སྤྲུལ་པ་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཅེས་དང༌། རྩ་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཞེས་བཏགས་པ་བརྗོད་པས་ལྷ་རྣམས་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་པར་བསམ་མོ། །དགུ་པ་བྱིན་དབབ་པ་ནི། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་བཞིན་བྱོན་ནས་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ་ཞིང་ཕྲིན་ལས་བསྒྲུབ་པར་མོས་ལ། གྲལ་ནས་དཀྱིལ་འཁོར་ལ་ཕྱོགས་པར་བཞེངས། ཞྭ་གོས་སོགས་གཟི་བྱིན་བསྐྱེད། གཡབ་དར་སྤོས་རོལ་བཅས། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་བདེ་ཆེན་བརྡལ་བ་ཆེ༔ ལྷུན་གྲུབ་རོལ་པ་བཅོམ་ལྡན་སྣང་མཐའ་ཡས༔ རིག་སྟོང་ཡེ་ཤེས་ཆོས་སྐུའི་ལྷ་ཚོགས་ཀྱིས༔ གཉིས་མེད་མཉམ་པ་ཆེན་པོར་བྱིན་ཕོབ་ཅིག༔ ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས། གསུང་གི་རྡོ་རྗེ་འཆི་མེད་ཚེ་ཡི་ལྷ༔ རང་སྣང་ཁྱབ་བརྡལ་ལོངས་སྐུའི་ལྷ་ཚོགས་ཀྱིས༔ སྣང་སྲིད་དཀྱིལ་འཁོར་རྫོགས་པའི་བྱིན་ཕོབ་ཅིག༔ སྣོད་བཅུད་དག་པའི་འཁོར་ལོའི་ཕོ་བྲང་ནས༔ འགྲོ་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ ཏིང་འཛིན་སྒྱུ་མར་རོལ་པའི་ཆོ་འཕྲུལ་གྱིས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་བྱིན་ཕོབ་སྐུ་གསུང་ཐུགས་དབང་བསྐུར༔ དབང་ཆེན་དབང་བསྐུར་གཉིས་མེད་བྱིན་གྱིས་རློབས༔ སྣོད་བཅུད་བདེ་ཆེན་ཞིང་གི་རང་བཞིན་དང༔ སྒྲུབ་རྫས་ཡེ་ཤེས་རོལ་མོར་འཆར་བར་མཛོད༔ ཨོཾ་བཛྲ་མ་ཧཱ་ཨཱ་ཡུར་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་གནས་དང་སྒྲུབ་པ་པོ་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་ལ་བྱིན་དབབ་པས་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོའི་རོལ་པར་གྱུར་པར་བསམས་ལ་རང་གྲལ་དུ་འཁོད། ཛཔ་དབྱངས་ལན་གསུམ་དང༌། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་རྒྱུན་སྤྱོད་ལ་འཇུག་གོ །གཉིས་པ་ལྷ་དང་དབྱེར་མེད་དུ་བསྒྲུབ་པའི་རིམ་པ་ལ་གསུམ། ཕྲིན་ལས་ཀྱི་གཞུང་བསྲང་བ། སྒྲུབ་པའི་བར་ཆད་བསལ་བ། རྟགས་ཚད་གཏན་ལ་འབེབས་པའོ། །དང་པོ་ལ། སྒྲུབ་པ་པོ་རྣམས་ཁྲུས་བྱས་དྲིས་བྱུག་ཅིང༌། རྒྱན་དང་ཆས་གོས་གཙང་ཞིང་ལེགས་པར་བརྒྱན། དང་བའི་ཡིད་ཀྱིས་ཀུན་སློང་ལེགས་པར་བཅོས་ནས་མཉམ་པར་བཞག་ལ། ཚིག་བདུན་གསོལ་འདེབས་དང༌། རྗེ་གཏེར་ཆེན་གྱི་རྣམ་ཐར་དང༌། འཁྲུངས་རབས་གསོལ་འདེབས་གང་མོས་སམ་རེས་མོས་དང་བཅས། བརྒྱུད་འདེབས་སོགས་སྔོན་དུ་བཏང༌། དེ་ནས་སྔོན་གཏོར་དང༌། རྒྱུད་སྦྱང་བ། བགེགས་སྐྲོད། མཚམས་གཅོད་སོགས་ལས་བྱང་གི་དཀྱུས་བཞིན་དང༌། བྱིན་འབེབས་ཀྱི་མཐར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བྃ་ཧོཿ ཞེས་བཏགས་པ་མང་དུ་བཟླ་ཞིང་སྤོས་དང་རོལ་མོའི་སྒྲས་བསྐུལ། དེ་བཞིན་དུ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ། ཨ་ཝེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བྃ་ཧོཿ བཟླས་ནས་སྤོས་རོལ་བྱ། ཡང༌། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཛཿཤནྟིཾ་ཀུ་རུ་ཧཱུྃ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བྃ་ཧོཿ སྔར་བཞིན་དང༌། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བྃ་ཧོཿ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ བྃ་ཝ་ཤྃ་ཀུ་རུ་ཧོཿ ཨ་ཝེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བྃ་ཧོཿ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཧོ་མཱ་ར་ཡ་ཕཊ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བྃ་ཧོཿ བཏགས་པ་རྣམས་སོ་སོར་སྤོས་རོལ་རེ་རེ་བྱ་བ་ནི་ཉིན་སྔ་མ་ཁོ་ན་མ་གཏོགས་མི་དགོས་ཏེ་ཉིན་ཕྱི་མ་རྣམས་ལ་ནི་ལས་བྱང་གི་དཀྱུས་བཞིན་བྱ་བ་ཉིད་དེ། དེས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དབྱེར་མེད་དུ་ཐིམ་པར་བསམ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་རྣམས་སོ། །དངོས་གཞི་དཀྱིལ་འཁོར་བསྐྱེད་པ་ན། བསྒྲུབ་གཞི་བདག་གི་སྒོ་གསུམ་བསྒྲུབ་བྱ་དཀྱིལ་འཁོར་བའི་རྡོ་རྗེ་གསུམ་དུ་ཡེ་ནས་དབྱེར་མེད་པའི་རང་བཞིན་མཉམ་པ་ཉིད། དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པར་མཚོན་བྱར་བྱས་ནས། མཚོན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྣང་བ་སྟེ། བདག་མདུན་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་པ་ནི། གཟུགས་བརྙན་གྱི་བརྡས་མཚོན་པའི་གཟུང་བའི་རྣམ་པ་དེ་ཉིད་ལས་འཛིན་རྣམ་སེམས་རྩེ་གཅིག་ཏུ་ཞུགས་པ་ནི་འདོད་ཆགས་ཆེན་པོ་སྟེ་རྣམ་རྟོག་གཞན་གྱིས་མི་གཡེང་བར་བྱས་ནས། འདི་ལྟར་འཁོར་འདས་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་པ་ནི་བསམ་ཡས་ཏེ། ཏིང་ངེ་འཛིན་དང་ལྡན་པའི་དོན་ཡིན་ལ། གནས་སྐབས་རྒྱུ་འབྲས་ཀྱི་རྣམ་པ་མ་འགག་པ་ཙམ་ལ་བལྟོས་ནས་མཆོད་པ་དང་བསྙེན་པ་ལ་སོགས་པའི་སྐབས་སུ་ལྷ་ལ་དབང་མི་ཟ་བའི་ཕྱིར་དམ་ཡེ་ཐ་སྙད་དུ་སོ་སོར་ཕྱེ་ནས་ལས་དེ་དག་སྒྲུབ་པ་ནི་བཀག་པ་མེད་པར་གསུང༌། དེའི་ཕྱིར་ཏིང་འཛིན་གསུམ་གྱི་ཁོག་དབུབ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། བྱིན་གྱིས་བརླབ་ཅིང་དབང་བསྐུར་བ། ཡེ་ཤེས་པ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་རྣམས་དཀྱུས་བཞིན་བྱས་ནས། ཕྱག་དང་མཆོད་པའི་ལས་རིམ་ལ་འཇུག་པ་ན། རང་གི་སྙིང་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་འཕྲུལ་དགའི་ལྷ་བཞིན་ལྷ་ལ་ལྷས་མཆོད་ཚུལ་གྱིས་མཆོད་པར་དམིགས་ནས། ལས་གཞུང་ལྟར་ཕྱི་ནང་གསང་བའི་མཆོད་པ་དཀྱུས་ལྟར་དང༌། ཁྱད་པར་སྤྲོས་བཅས་མཆོད་ཕྲེང་དང་བཅས་མཆོད་ཅིང་བསྟོད་ལ། བཟླས་པའི་སྐབས་བསྙེན་སྒྲུབ་ལས་གསུམ་སྟེ། རང་ཉིད་གཙོ་བོ་ཡབ་ཡུམ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པས་ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨཱ་ཡུརྫྙཱ་ན་སོགས་ལས་བྱང་ལྟར་ཛཔ་ཁང་དབྱེ་ཞིང༌། ཅུང་ཟད་རྒྱས་པར་སྤྲོ་ན། ཡེ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་པའི་དྲི་མ་བསལ་བའི་ཕྱིར༔ ཡེ་ཤེས་དཀྱིལ་འཁོར་མདུན་དུ་བཞུགས་ནས་ཀྱང༔ དངོས་གྲུབ་རྣམ་གཉིས་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་དང༌། ཛཔ་བསྐུལ་ལ་སྤྱིར་བསྐུལ་བ་དང༌། སོ་སོར་བསྐུལ་བ་གཉིས་ལས། དང་པོ་སྤྱིར་བསྐུལ་བ་ནི། ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་དབྱིངས་ནས་བཞེངས༔ སོགས་མཐར། བདག་མདུན་གཙོ་བོའི་ཐུགས་ཀ་རུ༔ སོགས་ནས་བསྙེན་པའི་བཟླས་པ་བྱ། ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིག་ཕུལ། གཉིས་པ་སྒྲུབ་པ་རིགས་ལྔ་སོ་སོའི་བཟླས་པ་སྟེ། དང་པོ་གཙོ་བོ་ཡབ་ཡུམ་གསུང་པདྨ་རིགས་ཀྱི་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ དབུས་ཕྱོགས་སོར་རྟོག་ཡེ་ཤེས་ཀློང་ཡངས་ནས༔ རིན་ཆེན་རྨ་བྱ་པདྨ་ཉི་ཟླའི་སྟེང༔ བདེ་སྟོང་དབྱེར་མེད་མཐའ་ཡས་ཚེ་དཔག་མེད༔ གོས་དཀར་ཡུམ་མཆོག་པདྨ་ཡབ་ཡུམ་གཉིས༔ མཛེས་པའི་སྐུ་མཆོག་མཚན་དང་དཔེ་བྱད་འབར༔ སྙན་པའི་གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཐུགས་མཆོག་སོར་རྟོག་ཡེ་ཤེས་ཀུན་ལ་ཁྱབ༔ ཡབ་ཡུམ་གཉིས་སུ་མེད་པའི་སྐུར་བསྒོམ་སྟེ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་འཕྲོ་འདུ་ཡིས༔ བདེ་ཆེན་སོར་རྟོག་ཡེ་ཤེས་བསྒོམ་ལགས་ན༔ རིག་འཛིན་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ༔ སོར་རྟོག་ཡེ་ཤེས་ཚེ་བདག་ཡབ་ཡུམ་གཉིས༔ མ་གསལ་བར་དུ་ཡང་ཡང་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་དགོངས་པ་མི་གཏོང་བས༔ ད་ལྟ་ཉིད་དུ་རྡོ་རྗེའི་སྐུ་གསུང་ཐུགས༔ དཀའ་བ་མེད་པར་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བསྐུལ་ཏེ་གསུང་པདྨ་རིགས་ཀྱི་བཟླས་དམིགས་ནི། སྣང་མཐའི་ཐུགས་ཀར་པད་ཟླའི་སྟེང༔ པདྨ་ཐོད་ཕྲེང་སྐུ་མདོག་དམར༔ གཅེར་བུ་བརྟུལ་ཞུགས་གྲུབ་པའི་ཚུལ༔ མདའ་དར་བུམ་འཛིན་ཡུམ་དང་སྦྱོར༔ ཐུགས་དབུས་ཆུ་སྐྱེས་ཉི་ཟླའི་ཀློང༔ ཧྲཱིཿདམར་སྔགས་ཀྱི་སྤྲོ་བསྡུ་ཡིས༔ དོན་གཉིས་བྱས་ཤིང་ཁྱད་པར་དུ༔ མཁའ་ཁྱབ་འཇིག་རྟེན་མ་ལུས་པའི༔ མེ་ཁམས་དྲོད་ཀྱི་དྭངས་མ་ཀུན༔ བསྡུས་ཏེ་ལུས་གང་བདེ་དྲོད་ཀྱིས༔ དྲོད་ཉམས་ནད་གདོན་བར་ཆད་བསལ༔ གཟི་བྱིན་རྡོ་རྗེའི་སྲོག་གྲུབ་པའི༔ ཚེ་དང་ཡེ་ཤེས་སྣང་བ་སྤེལ༔ དཀྱིལ་འཁོར་ལྷ་ཡི་འོད་ཟེར་གྱིས༔ དཔག་མེད་ཞིང་གི་མེ་ཡི་ཁམས༔ པདྨ་ཚེ་མཐའ་ཡས་པར་ཤར༔ ཀུན་ཀྱང་ཛཔ་ཀྱི་སྒྲ་སྒྲོག་ཅིང༔ ཏིང་འཛིན་དགོངས་པས་གསུང་གི་ཚེ༔ སྙིང་པོ་བྱང་ཆུབ་སེམས་ཀྱི་མཆོག༔ བསྡུས་ཏེ་ལུས་ཀྱི་དྲོ་བའི་དབྱིངས༔ ཐིམ་ནས་དྲོད་ཀྱི་ཚེ་རྒྱས་བསམ༔ ལྷ་ཚོགས་དགྱེས་པའི་འོད་སྣང་གིས༔ མཁའ་ཁྱབ་ཞིང་གི་ཡིད་ཅན་གྱི༔ ངག་གི་ཚེ་ཉམས་ལས་སྒྲིབ་སྦྱངས༔ རྡོ་རྗེ་མེ་ཡི་སྟོབས་བསྐྱེད་པའི༔ དྭངས་མ་བདག་ཐིམ་ཚེ་བདུད་བགེགས༔ བར་ཆད་བསྒྲལ་ཞིང་གསུང་གི་ཚེ༔ ཡིད་བཞིན་འགྲུབ་པའི་སྐལ་ལྡན་བསམ༔ ཨཾ་ཨ་རོ་ལྀཀ་པྃ་རཱ་ག་ར་ཏི། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏཱ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ ཅེས་བཟླ། ཐུན་མཚམས་ཚེ་འགུགས་ནི། མདའ་དར་གཡབ་ལ། ཧཱུྃ༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ བདེ་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས༔ སྣང་བ་མཐའ་ཡས་ཡབ་ཡུམ་གཉིས༔ རང་རིག་རང་གསལ་ཐུགས་དམ་བསྐུལ༔ འཛིན་མེད་བདེ་ཆེན་ཕོ་ཉ་སྤྲོས༔ གཉིས་འཛིན་འཁོར་འདས་ཚེ་བཅུད་རྣམས༔ གཉིས་མེད་ཡེ་ཤེས་ཆེན་པོར་སྡུས༔ རང་རིག་བདེ་ཆེན་ཀློང་དུ་སྟིམས༔ མ་བཅོས་ངང་དུ་རྒྱས་ཐོབ་ཅིག༔ ཞེན་སྣང་འཆི་བདག་བདུད་རྣམས་ཆོམས༔ རྣམ་རྟོག་ནད་གདོན་བར་ཆད་སོལ༔ བདེ་ཆེན་ཀ་དག་ཀློང་ཡངས་སུ༔ ལུས་སྣང་རྡོ་རྗེ་ལྷ་ཡི་སྐུ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་གདངས༔ དྲན་རྟོག་བདེ་ཆེན་ཐུགས་ཀྱི་དབྱིངས༔ འཆི་མེད་སྐུ་གསུང་ཐུགས་འགྲུབ་པའི༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཞེས་བསྐུལ། ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིག་སྦྱར། ཤར་མི་བསྐྱོད་རྡོ་རྗེའི་རིགས་ཀྱི་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ ཤར་ཕྱོགས་མེ་ལོང་ཡེ་ཤེས་ཀློང་ཡངས་ནས༔ རིན་ཆེན་གླང་པོ་པདྨ་ཉི་ཟླའི་སྟེང༔ གསལ་སྟོང་དབྱེར་མེད་མི་བསྐྱོད་ཚེ་དཔག་མེད༔ མཱ་ཀི་ཡུམ་མཆོག་རྡོ་རྗེ་ཡབ་ཡུམ་གཉིས༔ མཛེས་པའི་སྐུ་མཆོག་མཚན་དང་དཔེ་བྱད་འབར༔ སྙན་པའི་གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཐུགས་མཆོག་མེ་ལོང་ཡེ་ཤེས་ཀུན་ལ་ཁྱབ༔ ཡབ་ཡུམ་གཉིས་སུ་མེད་པའི་སྐུར་བསྒོམ་སྟེ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་འཕྲོ་འདུ་ཡིས༔ བདེ་ཆེན་མེ་ལོང་ཡེ་ཤེས་བསྒོམ་ལགས་ན༔ རིག་འཛིན་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ༔ མེ་ལོང་ཡེ་ཤེས་ཚེ་བདག་ཡབ་ཡུམ་གཉིས༔ མ་གསལ་བར་དུ་ཡང་ཡང་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་དགོངས་པ་མི་གཏོང་བས༔ ད་ལྟ་ཉིད་དུ་རྡོ་རྗེའི་སྐུ་གསུང་ཐུགས༔ དཀའ་བ་མེད་པར་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བསྐུལ། ཐུགས་རྡོ་རྗེའི་རིགས་ཀྱི་བཟླས་དམིགས་ནི། མི་བསྐྱོད་ཚེ་དཔག་མེད་མགོན་གྱི༔ ཐུགས་དབུས་རྡོ་རྗེ་ཐོད་ཕྲེང་རྩལ༔ མཐིང་གསལ་གཅེར་བུ་རུས་པས་བརྒྱན༔ མདའ་དར་ཚེ་བུམ་བསྣམས་པའི་ཡུམ༔ རྡོ་རྗེ་ཌཱ་ཀི་གཉིས་མེད་སྦྱོར༔ དྭངས་མ་ཙིཏྟའི་གཞལ་ཡས་སུ༔ ཉི་ཟླའི་གྭའུ་ཧཱུྃ་གིས་མཚན༔ མཐིང་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ ཁྱད་པར་སྲིད་དང་ཞི་བའི་དབྱིངས༔ བརྟན་གཡོའི་འཇིག་རྟེན་མ་ལུས་པའི༔ དྭངས་བཅུད་སྤྱི་དང་ཕྱི་ནང་གི༔ འབྱུང་བ་ཆུ་ཡི་ཁམས་ཐམས་ཅད༔ འོད་ཟེར་མཐིང་གསལ་ག་བུར་རྡུལ༔ ཆར་ལྟར་བསྡུས་ཏེ་རང་ལ་ཐིམ༔ ས་བོན་ལས་བྱུང་བདུད་རྩི་ཡིས༔ ཁྲག་གི་ཁམས་ནས་ཚེ་ཉམས་པའི༔ ནད་གདོན་བར་ཆད་མ་ལུས་བསལ༔ རྒྱུན་རིང་མི་འཆད་ཚེ་ཡི་མཆོག༔ རྡོ་རྗེ་མི་འགྱུར་ཐུགས་ཀྱི་ཚེ༔ གཡོ་བ་མེད་པ་ཐོབ་པར་བསམ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ སྐུ་ལས་འོད་བྱུང་སྣོད་བཅུད་ཁྱབ༔ བརླན་གཤེར་ཆུ་ཡི་ཁམས་ཐམས་ཅད༔ མི་བསྐྱོད་ཚེ་བདག་ཡབ་ཡུམ་བཞེངས༔ རྡོ་རྗེའི་སྔགས་དང་དགོངས་པ་ཡིས༔ ཐུགས་ཀྱི་ཚེ་སྤེལ་ལྷ་ཚོགས་ཀྱི༔ བྱང་སེམས་དྭངས་མ་འོད་ཀྱི་སྤྲིན༔ བདག་ལ་ཐིམ་པས་ཆུ་ཡི་ཁམས༔ གསོས་ཤིང་རྒྱས་པས་ཚེ་འཕེལ་བསམ༔ ལྷ་ཚོགས་ཐུགས་རྗེའི་འོད་ཟེར་གྱིས༔ མཁའ་ཁྱབ་འཇིག་རྟེན་རབ་འབྱམས་ན༔ ཐུགས་ཀྱི་ཚེ་ཉམས་ལས་བསགས་པའི༔ ཡིད་ཅན་སེམས་ཀྱི་སྒྲིབ་པ་སྦྱངས༔ རྡོ་རྗེའི་སེམས་ཀྱི་བཅུད་ཀུན་སྤེལ༔ དྭངས་མ་དབང་བྱས་ཚེ་བདུད་བསྒྲལ༔ འཆི་མེད་ཡེ་ཤེས་སྐུ་ཐོབ་བསམ༔ ཧཱུྃ་བཛྲ་དྷྲྀཀ་མཱུྃ་དྷཱ་ཏི་ཤྭ་རི༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏཱ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ ཚེ་འགུགས་ནི། ཧཱུྃ༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ བདེ་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས༔ མི་བསྐྱོད་རྡོ་རྗེ་ཡབ་ཡུམ་གཉིས༔ རང་རིག་རང་གསལ་ཐུགས་དམ་བསྐུལ༔ འཛིན་མེད་བདེ་ཆེན་ཕོ་ཉ་སྤྲོས༔ གཉིས་འཛིན་འཁོར་འདས་ཚེ་བཅུད་རྣམས༔ གཉིས་མེད་ཡེ་ཤེས་ཆེན་པོར་སྡུས༔ རང་རིག་བདེ་ཆེན་ཀློང་དུ་སྟིམས༔ མ་བཅོས་ངང་དུ་རྒྱས་ཐོབ་ཅིག༔ ཞེན་སྣང་འཆི་བདག་བདུད་རྣམས་ཆོམས༔ རྣམ་རྟོག་ནད་གདོན་བར་ཆད་སོལ༔ བདེ་ཆེན་ཀ་དག་ཀློང་ཡངས་སུ༔ ལུས་སྣང་རྡོ་རྗེ་ལྷ་ཡི་སྐུ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་གདངས༔ དྲན་རྟོག་བདེ་ཆེན་ཐུགས་ཀྱི་དབྱིངས༔ འཆི་མེད་སྐུ་གསུང་ཐུགས་འགྲུབ་པའི༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིག་སྦྱར། ལྷོ་རིན་འབྱུང་ཚེ་དཔག་མེད་ཀྱི་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ ལྷོ་ཕྱོགས་མཉམ་ཉིད་ཡེ་ཤེས་ཀློང་ཡངས་ནས༔ རིན་ཆེན་རྟ་མཆོག་པདྨ་ཉི་ཟླའི་སྟེང༔ ཚོར་སྟོང་དབྱེར་མེད་རིན་འབྱུང་ཚེ་དཔག་མེད༔ སྤྱན་མ་ཡུམ་མཆོག་རིན་ཆེན་ཡབ་ཡུམ་གཉིས༔ མཛེས་པའི་སྐུ་མཆོག་མཚན་དང་དཔེ་བྱད་འབར༔ སྙན་པའི་གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཐུགས་མཆོག་མཉམ་ཉིད་ཡེ་ཤེས་ཀུན་ལ་ཁྱབ༔ ཡབ་ཡུམ་གཉིས་སུ་མེད་པའི་སྐུར་བསྒོམ་སྟེ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་འཕྲོ་འདུ་ཡིས༔ བདེ་ཆེན་མཉམ་ཉིད་ཡེ་ཤེས་བསྒོམ་ལགས་ན༔ རིག་འཛིན་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ༔ མཉམ་ཉིད་ཡེ་ཤེས་ཚེ་བདག་ཡབ་ཡུམ་གཉིས༔ མ་གསལ་བར་དུ་ཡང་ཡང་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་དགོངས་པ་མི་གཏོང་བས༔ ད་ལྟ་ཉིད་དུ་རྡོ་རྗེ་སྐུ་གསུང་ཐུགས༔ དཀའ་བ་མེད་པར་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བསྐུལ། ཡོན་ཏན་རིན་ཆེན་རིགས་ཀྱི་བཟླས་དམིགས་ནི། རིན་འབྱུང་ཚེ་དཔག་མེད་མགོན་གྱི༔ ཐུགས་དབུས་རཏྣ་ཐོད་ཕྲེང་རྩལ༔ སེར་གསལ་གཅེར་བུ་ཧེ་རུ་ཀའི༔ ཆ་བྱད་མདའ་དར་ཚེ་བུམ་བསྣམས༔ རིན་ཆེན་ཌཱ་ཀི་དང་སྦྱོར་བའི༔ ཐུགས་དབུས་ཉི་ཟླའི་གྭའུར་ཏྲཱྃ༔ གསེར་མདོག་སྔགས་ལས་བྱུང་བ་ཡི༔ འོད་ཀྱིས་རང་གཞན་དོན་གཉིས་སྒྲུབ༔ ཁྱད་པར་ས་ཁམས་དྭངས་མ་ཀུན༔ གསེར་ཞུན་ལྟར་བསྡུས་སྙིང་གར་ཐིམ༔ སླར་ཡང་ས་བོན་ལས་བྱུང་བའི༔ འོད་ཀྱི་བདུད་རྩིས་ལུས་གང་སྟེ༔ ཤ་ཡི་ཁམས་ཉམས་ནད་གདོན་ཞི༔ མི་འགྱུར་རྟག་ཏུ་བརྟན་པ་ཡི༔ ཡོན་ཏན་རིན་ཆེན་སྙིང་པོའི་སྲོག༔ ད་ལྟ་ཉིད་དུ་ཐོབ་པར་དམིགས༔ ལྷ་ཚོགས་ཐུགས་རྗེའི་འོད་ཟེར་གྱིས༔ མཁའ་ཁྱབ་ཞིང་གི་ས་ཁམས་ཀུན༔ རིན་ཆེན་ཚེ་བདག་རྣམ་པར་བཞེངས༔ རྡོ་རྗེའི་སྔགས་སྒྲ་ཏིང་འཛིན་གྱིས༔ ཡོན་ཏན་ཚེ་ཡི་དཔལ་བསྐྱེད་པའི༔ དངོས་གྲུབ་བྱང་ཆུབ་སེམས་ཀྱི་སྙིང༔ ལུས་ལ་ཐིམ་པས་ཤ་ཁམས་ཚེ༔ འཕེལ་རྒྱས་ནམ་ཡང་མི་འགྱུར་བསམ༔ དཀྱིལ་འཁོར་ལྷ་ཡི་འོད་ཟེར་ནི༔ མཁའ་མཉམ་ཞིང་དུ་བརྡལ་བ་ལས༔ སྒོ་གསུམ་ཆ་མཉམ་ལས་ངན་གྱིས༔ ཚེ་ཉམས་རྒྱུ་འབྲས་མ་ལུས་སྦྱངས༔ རྡོ་རྗེ་ཕུང་པོའི་སྟོབས་བསྐྱེད་པའི༔ དྭངས་མ་ཀུན་བསྡུས་ཐིམ་པ་ཡིས༔ བདུད་བགེགས་བསྒྲལ་ཞིང་ཡོན་ཏན་གྱི༔ ཚེ་ལ་རང་དབང་ཐོབ་པར་འགྱུར༔ སྭཱ་རཏྣ་དྷྲྀཀ་མཾ་མོ་ཧ་ར་ཏི༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏཱ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ ཚེ་འགུགས་ནི། ཧཱུྃ༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ བདེ་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་གཉིས༔ རང་རིག་རང་གསལ་ཐུགས་དམ་བསྐུལ༔ འཛིན་མེད་བདེ་ཆེན་ཕོ་ཉ་སྤྲོས༔ གཉིས་འཛིན་འཁོར་འདས་ཚེ་བཅུད་རྣམས༔ གཉིས་མེད་ཡེ་ཤེས་ཆེན་པོར་སྡུས༔ རང་རིག་བདེ་ཆེན་ཀློང་དུ་སྟིམས༔ མ་བཅོས་ངང་དུ་རྒྱས་ཐོབ་ཅིག༔ ཞེན་སྣང་འཆི་བདག་བདུད་རྣམས་ཆོམས༔ རྣམ་རྟོག་ནད་གདོན་བར་ཆད་སོལ༔ བདེ་ཆེན་ཀ་དག་ཀློང་ཡངས་སུ༔ ལུས་སྣང་རྡོ་རྗེ་ལྷ་ཡི་སྐུ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་གདངས༔ དྲན་རྟོག་བདེ་ཆེན་ཐུགས་ཀྱི་དབྱིངས༔ འཆི་མེད་སྐུ་གསུང་ཐུགས་འགྲུབ་པའི༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཡེ་ཤེས་ལྷ་ཚོགས་སོགས་མཆོད་བསྟོད་བྱ། སྐུ་རྣམ་སྣང་ཚེ་དཔག་མེད་ཀྱི་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ ནུབ་ཕྱོགས་ཆོས་དབྱིངས་ཡེ་ཤེས་ཀློང་ཡངས་ནས༔ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ སྣང་སྟོང་དབྱེར་མེད་རྣམ་སྣང་ཚེ་དཔག་མེད༔ དབྱིངས་ཕྱུག་ཡུམ་མཆོག་བདེ་གཤེགས་ཡབ་ཡུམ་གཉིས༔ མཛེས་པའི་སྐུ་མཆོག་མཚན་དང་དཔེ་བྱད་འབར༔ སྙན་པའི་གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཐུགས་མཆོག་ཆོས་དབྱིངས་ཡེ་ཤེས་ཀུན་ལ་ཁྱབ༔ ཡབ་ཡུམ་གཉིས་སུ་མེད་པའི་སྐུར་བསྒོམ་སྟེ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་འཕྲོ་འདུ་ཡིས༔ བདེ་ཆེན་ཆོས་དབྱིངས་ཡེ་ཤེས་བསྒོམ་ལགས་ན༔ རིག་འཛིན་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ༔ ཆོས་དབྱིངས་ཡེ་ཤེས་ཚེ་བདག་ཡབ་ཡུམ་གཉིས༔ མ་གསལ་བར་དུ་ཡང་ཡང་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་དགོངས་པ་མི་གཏོང་བས༔ ད་ལྟ་ཉིད་དུ་རྡོ་རྗེའི་སྐུ་གསུང་ཐུགས༔ དཀའ་བ་མེད་པར་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བསྐུལ། སྐུ་རྣམ་སྣང་བདེ་གཤེགས་རིགས་ཀྱི་བཟླས་དམིགས་ནི། རྣམ་སྣང་ཚེ་དཔག་མེད་མགོན་གྱི༔ ཐུགས་དབུས་བུདྡྷ་ཐོད་ཕྲེང་རྩལ༔ དཀར་གསལ་གཅེར་བུ་རུས་པས་བརྒྱན༔ མདའ་དར་ཚེ་བུམ་བསྣམས་པའི་ཡུམ༔ བདེ་གཤེགས་ཌཱ་ཀི་གཉིས་མེད་སྦྱོར༔ དྭངས་མ་ཙིཏྟའི་གཞལ་ཡས་སུ༔ ཉི་ཟླའི་གྭའུར་ཨོཾ་གྱིས་མཚན༔ དཀར་གསལ་སྔགས་ཀྱི་ཕྲེང་བས་མཚན༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ ཁྱད་པར་རབ་འབྱམས་འཇིག་རྟེན་གྱི༔ ནམ་མཁའི་བཅུད་ཀུན་བསྡུས་ལ་ཐིམ༔ སེམས་ཀྱི་ཚེ་ཉམས་ནད་གདོན་བགེགས༔ བར་ཆད་གསལ་ཏེ་དྭངས་མ་ཡིས༔ ལུས་གང་རིག་རྩལ་རྒྱས་པར་བསམ༔ ལྷ་ཚོགས་འོད་ཀྱིས་ཞིང་ཀུན་ཁྱབ༔ ནམ་མཁའི་དབྱིངས་ཀུན་རྣམ་སྣང་གི༔ ལྷར་ཤར་ཀུན་ཀྱང་ཛཔ་སྒྲ་སྒྲོགས༔ དགོངས་པའི་རྩལ་གྱིས་ནམ་མཁའི་བཅུད༔ ཀུན་བསྡུས་སེམས་ཀྱི་ཁམས་ཐིམ་པས༔ ཚེ་ཡི་དངོས་གྲུབ་ཐོབ་པར་བསམ༔ ལྷ་ཚོགས་དགྱེས་པའི་འོད་ཟེར་གྱིས༔ འགྲོ་ཀུན་སེམས་ཀྱི་ཚེ་ཉམས་པའི༔ ལས་ཀྱི་བྱས་བསགས་རྒྱུ་འབྲས་སྦྱངས༔ སེམས་ཀྱི་གསལ་སྟོང་ནུས་པའི་སྟོབས༔ དྭངས་མ་བསྡུས་ཐིམ་ཡོངས་གྱུར་པས༔ གདོན་བགེགས་བར་ཆད་མ་ལུས་ཞི༔ ཐུན་མཆོག་ཚེ་དབང་རིག་རྩལ་རྒྱས༔ དངོས་གྲུབ་མཆོག་གི་སྐལ་ལྡན་གྱུར༔ ཨོཾ་ཛི་ན་ཛྀཀ༔ ལཾ་དེ་ཥ་ར་ཏི༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏཱ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ ཚེ་འགུགས་ནི། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ངང་ཉིད་ལས༔ བདེ་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས༔ རྣམ་པར་སྣང་མཛད་ཡབ་ཡུམ་གཉིས༔ རང་རིག་རང་གསལ་ཐུགས་དམ་བསྐུལ། འཛིན་མེད་བདེ་ཆེན་ཕོ་ཉ་སྤྲོས༔ གཉིས་འཛིན་འཁོར་འདས་ཚེ་བཅུད་རྣམས༔ གཉིས་མེད་ཡེ་ཤེས་ཆེན་པོར་སྡུས༔ རང་རིག་བདེ་ཆེན་ཀློང་དུ་སྟིམས༔ མ་བཅོས་ངང་དུ་རྒྱས་ཐོབ་ཅིག༔ ཞེན་སྣང་འཆི་བདག་བདུད་རྣམས་ཆོམས༔ རྣམ་རྟོག་ནད་གདོན་བར་ཆད་སོལ༔ བདེ་ཆེན་ཀ་དག་ཀློང་ཡངས་སུ༔ ལུས་སྣང་རྡོ་རྗེ་ལྷ་ཡི་སྐུ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་གདངས༔ དྲན་རྟོག་བདེ་ཆེན་ཐུགས་ཀྱི་དབྱིངས༔ འཆི་མེད་སྐུ་གསུང་ཐུགས་འགྲུབ་པའི༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིག་སྦྱར། བྱང་ཕྱོགས་དོན་གྲུབ་ཚེ་དཔག་མེད་ཀྱི་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ བྱང་ཕྱོགས་བྱ་གྲུབ་ཡེ་ཤེས་ཀློང་ཡངས་ནས༔ རིན་ཆེན་མཁའ་ལྡིང་པདྨ་ཉི་ཟླའི་སྟེང༔ དབྱིངས་རིག་དབྱེར་མེད་དོན་འགྲུབ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་མཆོག་ལས་རབ་ཡབ་ཡུམ་གཉིས༔ མཛེས་པའི་སྐུ་མཆོག་མཚན་དང་དཔེ་བྱད་འབར༔ སྙན་པའི་གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཐུགས་མཆོག་བྱ་གྲུབ་ཡེ་ཤེས་ཀུན་ལ་ཁྱབ༔ ཡབ་ཡུམ་གཉིས་སུ་མེད་པའི་སྐུར་བསྒོམ་སྟེ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་འཕྲོ་འདུ་ཡིས༔ བདེ་ཆེན་བྱ་གྲུབ་ཡེ་ཤེས་བསྒོམ་ལགས་ན༔ རིག་འཛིན་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ༔ བྱ་གྲུབ་ཡེ་ཤེས་ཚེ་བདག་ཡབ་ཡུམ་གཉིས༔ མ་གསལ་བར་དུ་ཡང་ཡང་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་དགོངས་པ་མི་གཏོང་བས༔ ད་ལྟ་ཉིད་དུ་རྡོ་རྗེའི་སྐུ་གསུང་ཐུགས༔ དཀའ་བ་མེད་པར་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བསྐུལ། དོན་གྲུབ་ཚེ་དཔག་མེད་ཀྱི་བཟླས་དམིགས་ནི། དོན་གྲུབ་ཚེ་མཐའ་ཡས་པ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཀརྨ་ཐོད་ཕྲེང་གཅེར་བུ་ལྗང༔ ཡུམ་དང་གཉིས་མེད་སྦྱོར་བའི་ཕྱག༔ མདའ་དར་བུམ་འཛིན་ཐུགས་ཀ་རུ༔ པདྨ་ཉི་ཟླའི་གྭའུ་ལ༔ ས་བོན་ཨཱ་ཡིག་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་དོན་གཉིས་ཡིད་བཞིན་སྒྲུབ༔ ཁྱད་པར་མཁའ་ཁྱབ་རླུང་གི་ཁམས༔ དྭངས་མར་བསྡུས་ཐིམ་ལུས་གང་སྟེ༔ རླུང་གི་ནད་གདོན་བར་ཆད་བསལ༔ ཡེ་ཤེས་ཚེ་ཡི་མཆོག་ཐོབ་དམིགས༔ དལ་གྱི་ལྷ་ལས་འོད་འཕྲོས་པས༔ ཞིང་ཁམས་ཀུན་གྱི་རླུང་གི་ཁམས༔ དོན་ཡོད་ཚེ་ཡི་རྒྱལ་པོར་བཞེངས༔ སྔགས་སྒྲ་སྒྲོགས་ཤིང་དགོངས་པ་བསྐྱེད༔ དྭངས་མ་བདག་ལ་ཐིམ་པ་ལས༔ གཡོ་བ་རླུང་གི་ཚེ་རྒྱས་ཤིང༔ དོན་འགྲུབ་མཐའ་དག་ཐོབ་པར་བསམ༔ དཀྱིལ་འཁོར་ལྷ་ཡི་ཏིང་འཛིན་གྱིས༔ སྐུ་ལས་སྐྱེས་པའི་འོད་ཟེར་སྤྲོས༔ སྒོ་གསུམ་བྱ་བ་མཐའ་དག་གིས༔ ཚེ་ཉམས་རྒྱུ་འབྲས་མ་ལུས་སྦྱངས༔ ཡེ་ཤེས་རླུང་གི་བཅུད་འཕེལ་བའི༔ དངོས་གྲུབ་གཟི་བྱིན་འུབ་ཀྱིས་བསྡུས༔ གདོན་བགེགས་བར་ཆད་ཞི་བར་བྱས༔ ཕྲིན་ལས་ཚེ་ལ་དབང་ཐོབ་གྱུར༔ ཧཱ་པྲཛྙཱ་དྷྲྀཀ་ཏཱྃ་བཛྲ་ར་ཏི༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏཱ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ ཚེ་འགུགས་ནི། ཧཱུྃ༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ བདེ་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས༔ དོན་ཡོད་གྲུབ་པ་ཡབ་ཡུམ་གཉིས༔ རང་རིག་རང་གསལ་ཐུགས་དམ་བསྐུལ༔ འཛིན་མེད་བདེ་ཆེན་ཕོ་ཉ་སྤྲོས༔ གཉིས་འཛིན་འཁོར་འདས་ཚེ་བཅུད་རྣམས༔ གཉིས་མེད་ཡེ་ཤེས་ཆེན་པོར་སྡུས༔ རང་རིག་བདེ་ཆེན་ཀློང་དུ་སྟིམས༔ མ་བཅོས་ངང་དུ་རྒྱས་ཐོབ་ཅིག༔ ཞེན་སྣང་འཆི་བདག་བདུད་རྣམས་ཆོམས༔ རྣམ་རྟོག་ནད་གདོན་བར་ཆད་སོལ༔ བདེ་ཆེན་ཀ་དག་ཀློང་ཡངས་སུ༔ ལུས་སྣང་རྡོ་རྗེ་ལྷ་ཡི་སྐུ༔ རྩ་རླུང་ཐིག་ལེ་སྔགས་ཀྱི་གདངས༔ དྲན་རྟོག་བདེ་ཆེན་ཐུགས་ཀྱི་དབྱིངས༔ འཆི་མེད་སྐུ་གསུང་ཐུགས་འགྲུབ་པའི༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཡེ་ཤེས་ལྷ་ཚོགས་སོགས་མཆོད་བསྟོད་བྱ། གསུམ་པ་ལས་སྦྱོར་ནི། གཙོ་འཁོར་ཡོངས་རྫོགས་ཐུགས་ཀྱི་འོད༔ སྒོ་མ་བཞི་བསྐུལ་ཕོ་ཉའི་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཚེ་བདུད་བར་ཆད་གཟུང་འཛིན་ཞི༔ བསོད་ནམས་ལོངས་སྤྱོད་དྭངས་མ་འཕེལ༔ དྭངས་མས་རླུང་སེམས་དབང་དུ་བསྡུས༔ བདུད་བགེགས་ཚོགས་བསྒྲལ་ཐུན་མོང་དང༔ ཁྱད་པར་ལས་བཞི་ལྷུན་གྲུབ་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཛཿཤནྟིཾ་ཀུ་རུ་ཧཱུྃ༔ ཨོཾ་ཨ་མཱ་ར་ཎི་ཛཱི༴ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཨ་མཱ་ར་ཎི་ཛཱི༴ བྃ་ཝཱ་ཤཾ་ཀུ་རུ་ཧོ༔ ཨོཾ་ཨ་མཱ་ར་ཎི་ཛཱི༴ ཧོ་མཱ་ར་ཡ་ཕཊ྄༔ བཟླས་པ་བཅས་བྱས་མཐར། ཚེ་རྫས་སྒྲུབ་དམིགས་ནི། ཧཱུྃ་ཧྲཱིཿ བྷྲཱུྃ་ལས་བྷཉྫ་གཞལ་ཡས་ཁང་པའི་ནང༔ རིལ་བུ་ཉི་ཟླ་གྭའུ་རྣམས་ཀྱི་ནང༔ ཚེ་ཡི་བདག་པོ་རིགས་ལྔ་ཡབ་ཡུམ་བཞུགས༔ བདེ་ཆེན་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ༔ རིལ་བུའི་ལྷ་ཚོགས་རྣམས་ཀྱི་སྦྱོར་མཚམས་ལ༔ ཕོག་པས་དེས་བསྐུལ་རྗེས་ཆགས་འོད་ཟེར་ཚོགས༔ ནམ་མཁའི་མཐར་སྤྲོས་སྣོད་བཅུད་མ་དག་སྦྱངས༔ ཐམས་ཅད་དག་པ་བདུད་རྩིའི་ངང་དུ་བསྒྱུར༔ འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་སུ་ཞུ༔ འུབ་ཀྱིས་རིལ་བུ་ལྷ་ཚོགས་སྐུ་ལ་འདུས༔ མཉམ་སྦྱོར་དགའ་བས་འོད་ཞུ་བདུད་རྩི་ཡི༔ གོང་བུ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿས་མཚན་པ༔ འོད་འབར་རབ་འཕེལ་འབར་གཡོ་ནུས་པར་ལྡན༔ ཚེ་དཔལ་སྤེལ་བའི་བདུད་རྩི་ཆེན་པོར་གྱུར༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏཱ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ མཐར། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱ་ན་ཏིཥྛ་ཨོཾ། ཞེས་བཟླའོ། །དེ་ནས་བཟུང་གྲོལ་ཉིན་གྱི་ཐུན་ཐ་མའི་བར་སྔགས་ཀྱི་གསུང་སྒྲ་མ་ཆད་པ་བྱ། དབང་དོན་དུ་བུམ་ཛཔ་ནི་གཏེར་ཆེན་ཉིད་ཀྱིས་མཛད་པའི་བདག་འཇུག་འཆི་མེད་ཡེ་ཤེས་བདུད་རྩིའི་བུམ་བཟང་བཞིན་དུ་དང༌། དེ་ནས་ཚེ་འགུགས་དང༌། དབྱངས་གསལ་སོགས་ཀྱིས་ཁ་བསྐང༌། སྟོང་ཚིགས་ཀྱི་མཆོད་བསྟོད་དང༌། བུམ་པ་འོད་ཞུ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟན་པར་བྱ། ཐུན་རེ་རེ་བཞིན་ཚོགས་འཁོར་རེའང་མཁྱེན་ཀོང་རྣམ་གཉིས་ཀྱི་ཕྱག་བཞེས་སུ་སྣང་བས་གྲུབ་ན་ལེགས་ཆེ། མཐར་ཉུལ་ལེ་བསྐྲད་གཟིར་དང༌། བྱིན་འབེབས་བྱས་རྗེས་སྔགས་རྒྱུན་བསྐུལ་བས་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ་མཆོད་པ་ཁ་གསོས་ལ། ཕྱི་མཆོད་བྱིན་རླབས་ཚིགས་བཅད་བཅས་དང་ནང་མཆོད་སྔགས་རྣམས་ལན་གསུམ་རེས་བྱིན་གྱིས་བརླབས། ཏིང་འཛིན་རྣམ་གསུམ་ནས་བཟླས་པ་སོགས་ཛཔ་བསྐུལ་རྒྱས་བསྡུས་སྐབས་བསྟུན་དང༌། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་དཀྱུས་ལྟར་དང༌། བུམ་སྒྲུབ་དོར་བ་ཙམ་ལས་ཡིག་བརྒྱས་བརྟན་པར་བྱས་པའི་བར་མཐར་ཆགས་སུ་བཏང༌། ཐུན་གསུམ་བྱེད་ན་སླར་ཡང་ལས་བྱང་དྲིལ་སྒྲུབ་ཚར་གཅིག་ཙམ་གྱིས་བཟླས་པའི་མཐར། རྩ་བའི་ཚོགས་བྱིན་རླབས་ནས་བཟུང་མཐའ་མའི་བར་དང༌། དེ་ནས་བདག་ཉིད་འཇུག་པའི་སྔོན་དུ་བུམ་སྒྲུབ་ལས་གཞུང་ལྟར་སྔར་སོང་བས། དངོས་གཞི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང༌། དབང་གི་བྱ་བ་རྣམས་གཙོ་བོ་ལས་བྱེ་བའི་རྒྱལ་ཐེབས་ཀྱིས་མཛད་ཅིང༌། བདག་ཉིད་ཀྱི་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་པ་པོར་བྱས་ནས། ལས་བུམ་གྱི་ཆུས་ཁྲུས་བྱ་བ་སོགས་དབང་གི་ཆོ་ག་གོང་དུ་སྨོས་པ་བཞིན་བདུད་རྩིའི་བུམ་བཟང་ལྟར་མཐར་དབྱུང་ངོ༌། །སྤྱིར་རྙིང་ལུགས་དཀྱུས་ལ་བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་རྟོགས་པས་རིག་པའི་མེ་ཏོག་དོར་བ་ཉིད་ཀྱིས་ཀྱང་དོན་གྱི་དགོས་པ་འགྲུབ་པར་གསུངས་རུང༌། ལས་དང་འབྲས་བུའི་དབང་གི་ཐོབ་བྱ་རྣམས་ཐོབ་པའི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་དང༌། རང་རྒྱུད་ཀྱི་སྔགས་སྡོམ་ཇེ་དག་ཇེ་བཟང་དུ་འགྱུར་བ་དང༌། བསོད་ནམས་ཀྱི་ཚོགས་འཕེལ་བ་སོགས་དགོས་པ་དུ་མ་དང་ལྡན་པས་ན་བདག་ཉིད་འཇུག་པའི་ཆོ་ག་ནི་གལ་ཆེ་བའི་ཡན་ལག་ཏུ་འགྱུར་བར་གསུངས་སོ། །དེ་ནས་བཀའ་གཏེར་གྱི་སྲུང་མ་སྤྱི་དང༌། སྒོས་ཀྱི་བཀའ་སྲུང་ལྷ་མོ་ཙཎྜི་ཀ་དང༌། གཏེར་བདག་དང༌། གཞི་བདག་སྤྱི་གཏོར། ཆ་གསུམ་སོགས་དང༌། ཚོགས་ལ་རོལ་ཞིང༌། མཐར་ཚོགས་ལྷག་བཙོན་དུ་བཟུང་ཞིང་བསྔོ་ཞིང་སྨོན་ལམ་གདབ། ཆོས་སྐྱོང་གཏོར་འབུལ་བཀྲ་ཤིས་ཀྱིས་མཐར་ཐུག་པ་དང༌། ལས་གཞུང་གི་བསྐུལ་དང༌། ཆད་ཐོ་བསྒྲགས། བརྟན་མ་བསྐྱང༌། སྒབ་འདྲེ་དམ་སྲི་མནན། རྗེས་ཆོག་མཆོད་བསྟོད་དང༌། ནོངས་བཤགས། བརྟན་བཞུགས་རྒྱས་པ། ཕྱོགས་བཅུ་ན་བཞུགས་པའི་སོགས་ལ། རྡུལ་ཚོན་གྱི་ཚེ། རྡུལ་ཚོན་གྱི་དཀྱིལ་འཁོར་འདིར་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། སོགས་རས་བྲིས་དང་རྡུལ་ཚོན་གྱིས་སྐབས་ཕྱེད་པར་བྱེད། བསྡུ་ལྡང་དང༌། བསྔོ་སྨོན། བཀྲ་ཤིས་ཀྱི་མཐར་ཉུལ་ལེ་བསྐྲད་གཟིར། བྱིན་འབེབས། སྔགས་རྒྱུན་བསྐུལ་ཏེ། ཛཔ་དབྱངས་ལན་འགས་གྲོལ། ཛཔ་རྒྱུན་ཉིན་མཚན་ཁོར་ཡུག་ཏུ་ཆད་མེད་བཟླ་བའི་ཐུན་པ་བརྗེ་ལེན་སྐབས་ཀྱི་བྱ་བའང་ཕྱག་ལེན་ལྟར་མཛད་པ་གནད་ཆེའོ། །མཚན་ཐུན་གཉིས་སམ་གསུམ་གྲུབ་ནའང་ཉིན་ཐུན་དང་མཚུངས། ཐུན་འཇུག་སོ་སོར་བར་ཆད་བསལ་བ་དང༌། བྱིན་འབེབས་མ་ཆད་པར་བྱའོ། །སྤྱིར་ལས་བྱང་བཟླས་པ་བཅས་ཉིན་མཚན་དུས་དྲུག་བྱུང་ན་ཤིན་ཏུ་ལེགས་ཀྱང༌། སྤྲོས་བཅས་སྒྲུབ་མཆོད་ཀྱིས་དེ་ཙམ་མ་ལྕོགས་ན་ཉིན་སྔ་ཕྱི་ཆོ་ག་གཉིས་བྱས་པས་འགལ་བ་མེད་ཅིང༌། སྤྲོས་པ་ཤིན་ཏུ་རྒྱས་པའི་ལུགས་སུ་བྱེད་ན། རྡོར་སེམས་སམ་དོང་སྤྲུགས་ལྟ་བུ་དང༌། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་བརྟེན་ནས་བར་ཆད་འདུལ་བ་སོགས་ཀྱི་ཟུར་ཚོགས་རེ་རེ་བྱུང་ན་དགོས་པ་དང་ལྡན་པར་གསུངས། གཞན་ཡང་རྒྱུད་ལས། འཁོར་ལ་བཀའ་བསྒོ་དགེ་སྦྱོང་བསྐུལ། ཅེས་ཆེད་དུ་བསྔགས་པས། རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་པའི་མཆེད་རྣམས་ལ་སྐབས་སྐབས་སུ་བླང་དོར་གྱི་བསླབ་བྱ་དང་དམ་ཚིག་བཤད། བསྐྱེད་བཟླས་ཀྱི་དམིགས་པ་གོ་སླ་དོན་བསྡུས་བཤད་གྲུབ་ན་གལ་ཆེ་བར་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་ཕྱག་བཞེས་སུ་སྣང་གསུངས་སོ། །གཉིས་པ་སྒྲུབ་པའི་བར་གཅོད་བསལ་བས་བྱིན་རླབས་གཟི་བྱིན་དབབ་པ་ནི། དེ་སྐབས་བསྒྲུབ་པའི་སྐབས་སུ་བར་ཆད་ཀྱི་མཚན་མ་བྱུང་ན་རེ་དོགས་ཀྱི་ཞེན་འཁྲིས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཏུ་ཉུལ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། སློབ་དཔོན་ནམ་རྡོ་རྗེ་རྒྱལ་ཐེབས་སོགས་དྲག་པོའི་ཆས་སུ་ཞུགས་པའི་མདུན་དུ་ལིངྒ་དང༌། ལས་ཕུར་ཐུན་རྫས་རྣམས་བཀོད་ལ། བདག་ཉིད་སྐད་ཅིག་གི་དཔལ་ཆེན་རྟ་མགྲིན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་བའི་མེ་ལྟར་འབར་བའི་སྐུར་གྱུར། རྟེན་བསྐྱེད་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་གཟུགས་ཅན་དུ་གྱུར། ན་མོ། རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་འཆི་མེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་འགུགས་གཞུག་བྱས་ལ། གིང་པ་ལས་ཀྱི་ཕོ་ཉར་གསལ་བའི་ཐུགས་ལས་མཚོན་ཆའི་ཆར་ཕབ་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ཞིང༌། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དབང་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་དབང་གི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་ཧྲཱིཿཔདྨ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་བཅས་པས་གདབ་ཅིང་ཌཱ་ཀིས་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསྭེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུག༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབ་ལ་དོན་སྙིང་སྲེག༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ བྲུ་བུ་བྲུ་ཨ་པ་ཙེ་རུ་པ་ཙེ་ན་ར་ཙེ་ཙ་མེ་ཐུན་ཐུན་ན་ཤ་སྟྭྃ་་ཡ་ཡཀྵ་འབྱིན་ཡཀྵ་འབྱིན་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲཱ་མ་རཱ་ཛ་ཏྲིག་ནན༔ སུ་ན་རཀྵ་རྦུད་ལིང༔ ཏྲིའུ་ཏྲིའུ་མ་ཡ་ན་མོ་ཤོ་ཛ་མཱ་ར་རྦད་རྦད༔ ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞི་པའི་དྲག་སྔགས་སྤོས་རོལ་དང༌། ཁྱད་པར་ཀུན་ཐུབ་མའི་ཕྱག་མཚན་དབྱུག་པས་བསྡིགས་ཤིང་གཟིར། ཌཱ་ཀི་དཀར་པོས་གྲི་ཤར་དང༌། ཌཱ་ཀི་ནག་པོས་གྲི་ལག་ལ་མི་ལྤགས་ཀྱི་ལྕག་འབྲས་བཏགས་པ་དང༌། ཐུན་གྱིས་བྲབ་བོ། །ཉུལ་ལེ་བསྐྲད་གཟིར་རྒྱས་པ་མི་ལྕོགས་ན་རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང༌། ཐུན་བྲབ་ནས་དཀྱིལ་འཁོར་བསྐོར་ལ། ལས་སྔགས། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སརྦ་བིགྷྣཱཀྞ་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བཟླ་ཞིང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཾ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིལྟ་ན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་རྡོ་རྗེ་སྡེར་མོའི་སྔགས་དྲག་ཏུ་བརྗོད་ནས་ཚར་བཅད་ལ་སྲུང་འཁོར་གསལ་བཏབ་པས་ཀྱང་རུང་ངོ༌། །དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་འབྱུང་བས་བྱིན་དབབ་དགོས་པར་གསུངས་པས་སྒྲུབ་པ་པོ་རྣམས་ཆས་སོགས་སྔར་བྱིན་འབེབས་སྐབས་ལྟར་བྱས་ལ། སྤྲོས་པ་དང་བཅས་པའི་ཚེ་ན་འཇམ་མགོན་དགོངས་གཏེར་བྱིན་རླབས་ཡེ་ཤེས་མཆོག་སྩོལ་དང༌། བསྡུ་ན་ལས་བྱང་ལྟར། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་བདེ་ཆེན་བརྡལ་བ་ཆེ༔ སོགས་གྱེར་ལ་སྔགས་དང༌། ཐོད་རྔ་རོལ་མོའི་སྒྲ་སྦྱར་ཞིང༌། དར་སྣའི་གཡབ་མོ་འདོར་བས་བྱིན་དབབ། སྔགས་རྒྱུན་བསྐུལ་སྙིང་པོའི་ཛཔ་དབྱངས་ལན་གསུམ་གྱེར་ལ་ཚོགས་གསེང་ངོ༌། །གསུམ་པ་རྟགས་ཚད་གཏན་ལ་དབབ་པ་ནི། དུས་ནི། སྤྱིར་ཚོགས་སྒྲུབ་སྨིན་སློབ་ཀྱི་དབང་དུ་ཟླ་བ་དྲུག་ཏུ་གསུངས་ཀྱང་མོས་སློབ་ཀྱི་དབང་དུ་མཛད་ནས་ཟླ་བ་གཅིག་གམ། ཞག་བདུན་ནམ། ཉིན་ཞག་གསུམ་གྱིས་མཐའ་བརྟེན་པས་ཀྱང་རུང་བར་གསུང་མོད། ཡོངས་སུ་གྲགས་པ་སྔོན་དངོས་རྗེས་མཐའ་རྒྱས་དང་བཅས་པར་ཞག་བཅོ་ལྔ་ཙམ་མཛད་པ་མང་སྟེ། རྡོ་རྗེ་ཐེག་པའི་ཚོགས་སྒྲུབ་གཞུང་བཞིན་མ་གྲུབ་ཀྱང་དབང་དང་དམ་ཚིག་ཅན་གྱིས་བསྙེན་སྒྲུབ་ལེགས་པར་ཐེམས་པའི་སློབ་དཔོན་གྱིས་མོས་སློབ་ཚོགས་སྒྲུབ་ཀྱིས་ཀྱང་རང་དོན་ཉམས་ཆག་སྐོང་ཞིང་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌། ཚེ་དཔལ་བསོད་ནམས་ཀྱི་སྟོབས་འཕེལ། ནད་གདོན་བར་ཆད་ཞི་བ་སོགས་དགོས་པ་ཁྱད་པར་དུ་མ་དང་ལྡན་པ་སྟེ། རང་གཞུང་རྡོ་རྗེ་ཚེ་ཕྲེང་ལས། དོན་དུ་གཉེར་བྱ་རྡོ་རྗེའི་ཚེ༔ འཆི་མེད་སྲོག་གི་བཅུད་ལེན་ཏེ༔ ཐབས་ཀྱི་རྣལ་འབྱོར་དུ་མ་དང༔ ལྡན་པའི་རྩེ་གཅིག་ཉམས་བླངས་པས༔ འགལ་རྐྱེན་སེལ་ཞིང་ལེགས་ཚོགས་འཕེལ༔ མྱུར་དུ་རྡོ་རྗེའི་སར་སྦྱོར་བས༔ དོན་གཉིས་འགྲུབ་པ་གདོན་མི་ཟ༔ ཞེས་དང༌། གཞན་ཡང༌། རྗེ་འབངས་སོ་སོའི་ངོ་སྐལ་དུ༔ རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་ཐབས༔ རྒྱུད་ལུང་མན་ངག་སྣ་ཚོགས་པ༔ རྒྱས་བསྡུས་བསམ་མི་ཁྱབ་པ་ཞིག༔ ལ་ལ་ས་ཡི་གཏེར་དུ་སྦས༔ འགའ་ཞིག་དགོངས་པའི་དབྱིངས་སུ་སྦས༔ སྙན་རྒྱུད་གསང་བ་ངེས་པ་སོགས༔ དུ་མ་སྦས་པ་སྐལ་བ་བཞིན༔ ལས་འཕྲོ་སྨོན་ལམ་དག་པ་ལ༔ དུས་སུ་སྣང་ཞིང་ཕན་པར་སྤྱོད༔ འདི་ནི་དེ་དག་ཐམས་ཅད་ཀྱི༔ ངེས་པའི་གསང་བ་བླ་ན་མེད༔ ཟབ་ལམ་སྙིང་པོའི་བཅུད་དྲིལ་ཏེ༔ ཆ་ཤས་ཙམ་ཞིག་ཉམས་བླངས་ཀྱང༔ དུས་མིན་འཆི་བའི་འཇིགས་སྐྱོབ་ཅིང༔ ཚེ་ཡི་དཔལ་མཆོག་སྟེར་བྱེད་ན༔ མཐའ་དག་ཉམས་སུ་བླངས་པ་ཡིས༔ དངོས་གྲུབ་ཐོབ་པ་གདོན་མི་ཟ༔ དེ་ལྟར་བརྩོན་པས་གྲུབ་པའི་རྟགས༔ རིག་པའི་རྩལ་རྒྱས་ཉམས་དགའི་མདངས༔ ཏིང་འཛིན་འཕེལ་ཞིང་སེམས་སྟོབས་རྒྱས༔ ཤེས་རབ་རྣོ་མྱུར་ཟབ་སོགས་འབྱུང༔ གྲངས་ནི། བསྙེན་པའི་སྐབས་མ་གཏོགས་ཚོགས་སྒྲུབ་ལ་དམིགས་བསལ་མི་མཛད། རྟགས་ནི། དངོས་ཉམས་རྨི་ལམ་གང་རུང་དུ་དངོས་གྲུབ་ཐོབ་པའི་དགེ་མཚན་ཅི་རིགས་འབྱུང་བར་གསུངས་སོ། །གལ་ཏེ་མཚན་ལྟས་ངན་ན་ཉུལ་ལེ་བསྐྲད། རྟ་བྲོ་བརྡུང༌། དམ་སེལ་གྱི་ལྟས་ལ་ཡིག་བརྒྱ་བཟླ་ཞིང་བཤགས་རྒྱུད་བཀླག །གྲིབ་དང་མི་གཙང་བ་ལ་རྣམ་སྨེའི་ཁྲུས་བྱ་བར་གསུངས། མདོར་ན་རྟག་ཚད་བཟང་ངན་གང་ལའང་རེ་དོགས་གང་ཡང་མི་བྱ་བ་གནད་ཆེ། དངོས་གྲུབ་ཀྱི་རྟགས་བཟང་ངེས་ཅན་བྱུང་ན་དེ་ཉིན་རྒྱུན་གྱི་དངོས་གྲུབ་མདོར་བསྡུས་པའི་ཚུལ་གྱིས་གཞུང་ལྟར་ལེན་པར་གསུངས་སོ། ༈ གསུམ་པ་གྲུབ་ནས་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོའི་ལམ་རིམ་ནི། འདི་ཉིད་ཏ་ན་ལམ་བྱེད་དགྲ་དང༌། ག་ཎ་ལམ་བྱེད་ཡུམ་ལ་བསྟེན་པ་ཡིན་ཀྱང་ད་ལྟ་མོས་སློབ་ཀྱི་སྐབས་སུ་རྫས་ལ་བརྟེན་ནས་བླང་བར་བྱ་བ་ལ་གསུམ། དངོས་གྲུབ་ཀྱི་རྫས་བཤམ་པ། སྐབས་ཀྱི་སྔོན་འགྲོའི་རིམ་པ། དངོས་གྲུབ་ལེན་ཆོག་དངོས་སོ། །དང་པོ་དངོས་གྲུབ་ཀྱི་རྫས་བཤམ་པ་ནི། སྒྲུབ་པ་སང་ཉིན་གྲོལ་རྒྱུའི་དགོང་ཐུན་གྱི་འགོར་དངོས་གྲུབ་ཀྱི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་དཀར་པོས་གཡོགས་པར་འབྲུ་དཀར་གྱི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་ལ་འོ་ཞོ་མར་ཁུས་སྦྲུས་པའི་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་རྒྱན་ལྡན། མཐའ་སྐོར་དུ་ལས་བཞིའི་འབྲང་རྒྱས། ལ་དུ། ཟླ་རྒྱས། ཟླ་ཕྲུམ། གལ་ཕྱེ། རྒུན་འབྲུམ། བཅའ་སྒ་སོགས་སྤོས་དང་ཤིང་ཏོག་རིགས་སོགས་བཟའ་བཅའ་སྣ་ཚོགས་པས་བསྐོར་བའི་སྟེང་དུ་མཉྫི་ལ་བྷནྡྷ་བཟང་པོ་ཨ་མྲྀ་ཏ་དང་སྦྱར་བའི་བདུད་རྩིས་བཀང་བ་དར་དམར་གྱིས་བཀབ། གཡས་སུ་མངར་གསུམ་ཕུད་དང་བསྲེས་པའི་རིལ་བུ་དང༌། གཡོན་དུ་བྷནྡྷ་བཟང་པོར་འབྲུ་བཅུད་བདུད་རྩིས་བྲན་པ་བཤམ། གཞན་ཡང་སང་ཉིན་མཁོ་བའི་རྒྱས་པའི་སྦྱིན་སྲེག་གི་སླད་དུ་དགོང་ཐུན་གཏང་རག་གི་མཆོད་བསྟོད་ཀྱི་འགོར་རིན་པོ་ཆེའི་མཎྜལ་ལ་སློབ་དཔོན་གྱིས་ལྷ་གྲངས་མཉམ་པའི་དྲིས་ཐིག་ལེ་གཙོ་འཁོར་གྱི་སྔགས་དང་བཅས་བཀོད་པ་ལ་ཚོམ་བུའང་ཕྱག་ལེན་ལྟར་བཤམ་མོ། །གཉིས་པ་སྐབས་ཀྱི་སྔོན་འགྲོའི་རིམ་པ་ནི། ཕྱིན་ཉིན་ཐོ་རེངས་སྔ་བར་ལས་བྱང་གི་གཞུང་བསྲངས་ལ། བསྙེན་རྒྱུན་སྔ་མ་གྲོལ་ནས་བསྙེན་སྒྲུབ་ལས་གསུམ་སྔགས་ལ། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་དངོས་གྲུབ་བླང་བའི་སྔགས་བཏགས་པ་བཟླས་ཏེ་བཟླས་པའི་མཇུག་བསྡུས་ལ་བདག་འཇུག་ཀྱང་བླང་ངོ༌། །དེ་ནས་དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་ཚར་གཅོད་པའི་ཕྱིར་ལས་བྱང་ལྟར་བགེགས་བསྐྲད། དྲག་སྔགས་ཡུངས་ཐུན་གྱི་ཚམས་རྔམས་བྱས་ལ། ཧྲཱིཿ སྣང་སྲིད་ཡེ་ཤེས་སོགས་སྲུང་འཁོར་བསྒོམ། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་བདེ་ཆེན་སོགས་ལས་བྱང་བཞིན་སྤོས་རོལ་གཡབ་དར་དང་བཅས་བྱིན་དབབ་བོ། །གསུམ་པ་དངོས་གྲུབ་བསྡུ་ཞིང་བླང་བ་དངོས་ནི། བདག་མདུན་བཞིན་དང་མེ་ལོང་ལྟ་བུར་བསྒོམ་ལ་གདུང་ཤུགས་ཀྱིས་བསྐུལ་ཏེ། ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་དབྱིངས་ནས་བཞེངས༔ སོགས་ཀྱི་ཛཔ་བསྐུལ་ལས་བྱང་བཞིན་དང༌། རྒྱས་པར་སྤྲོ་ན། ཧྲཱིཿ འཆི་མེད་རྩ་གསུམ་ལྷ་ཚོགས་དགོངས༔ འདིར་འདུས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱི་རྒྱུད་སྦྱངས་ཤིང༔ བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡིས༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ་ཨཱཿ དེ་ལྟར་རྩེ་གཅིག་ཐུགས་དམ་རྒྱུད་བསྐུལ་བས། །རྩ་བའི་དཀྱིལ་འཁོར་ལྷ་ཚོགས་མཉམ་སྦྱོར་བས། །སྦྱོར་མཚམས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྒྱུད་སྦྱངས་མཁའ་ཁྱབ་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱི་དགྱེས་པ་བསྐྱེད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་ཚུར་བསྡུས་བདག་དང་སྒྲུབ་རྫས་ལ། །ཐིམ་པས་འཆི་མེད་བདུད་རྩིའི་དྭངས་མ་ཚེ། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཞེས་གསལ་བཏབ་ལ། སྔར་བཞིན་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཤམ་དུ། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ ཞེས་བཏགས་པ་སྟོང་ཕྲག་གམ་བརྒྱ་རྩ་སོགས་ཅི་ནུས་བཟླས་པས། དངོས་གྲུབ་ཐམས་ཅད་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པས་བདག་གི་གནས་ལྔར་ཐིམ་པར་བསམ། ལས་བྱང་བཞིན་སྨན་མཆོད་རྒྱས་པ་དང༌། རཀྟ་གཏོར་མས་མཆོད། ཧོཿ ཚེ་ཡི་ལྷ་ཚོགས་མ་ལུས་སོགས་ལས་བྱང་ལྟར་འཁོན་གཅུགས་བཤགས་ལ། སྐྱ་རེངས་འཆར་བ་དང་བསྟུན་རྡོ་རྗེ་རྒྱལ་ཚབ་པས་བྷནྡྷའམ་བུམ་པ། ཡུམ་གྱི་ཚེ་འབྲང༌། ལས་རྡོར་སོགས་ཀྱི་སྒྲུབ་རྫས་དངོས་གྲུབ་ཀྱི་རྫས་རྣམས་སྦྲེང་ཚར་དུ་ཐོགས་ལ། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་གསུང་ཐུགས་སོགས་ལས་བྱང་གི་དངོས་གྲུབ་བསྐུལ་ཚིག་རྫོགས་པར་བཏང་ནས་ལྷ་ཛཔ་རྣམས་སྦྲེལ་ལ། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཏགས་པ་བཟླ་བཞིན་པར་རོལ་མོ་དང་བཅས་གནས་གསུམ་དུ་གཏུགས་ཤིང་དངོས་གྲུབ་ཐབས་ཤེས་རྫས་རྣམས་གཡས་སྐོར་གཡོན་སྐོར་གྱིས་སྟོབ་ཅིང་རོལ། །མཐར་ཚེ་བརྟན་པར་བྱ་བའི་སླད་དུ། ཧཱུྃ་བྷྲཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོཿ ཏིཥྛ་ལྷན༔ ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ལ། ཧྲཱིཿ སྙིང་པོ་བརྟན་པར་མི་ནུབ་ཏེ༔ རྡོ་རྗེ་འཆང་གི་ཚེ་ཡང་མཆོག༔ སྤྲོས་པས་སྟོང་ཁམས་བཀྲག་མདངས་ལྡན༔ བསྡུས་པས་རྣལ་འབྱོར་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པའི་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་སྐལ་ལྡན་རྣལ་འབྱོར་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་དངོས་གྲུབ་བླངས་པས། བདག་ཉིད་ལྷ་དང་དངོས་གྲུབ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་འཆི་མེད་རྟག་པ་དམ་པའི་རང་བཞིན་དུ་གྱུར་པར་བསམ་ལ། མེ་ཏོག་འཐོར་ཞིང༌། ཨོཾ། སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱཿ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་ཀུན་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོཿ ཞེས་ཚེ་བརྟན་པའི་བཀྲ་ཤིས་བརྗོད་དོ། །འདིར་རྒྱས་པའི་བསྲེགས་བླུགས་ཀྱི་སྒོ་ནས་ཚེ་སྤེལ་བའི་ལས་སྦྱོར་བརྩམས་ན་མཆོག་ཏུ་འགྱུར་བ་སྟེ། དེ་དག་གི་ཚུལ་གུད་དུ་བྱུང་བ་ལས་ཤེས་པར་བྱ་བ་ལྟར་རོ། །གཞན་ཡང་སྒྲུབ་ཁང་དུ་འཇུག་པར་འོས་པ་མཆེད་ནང་མ་ཙམ་ལ་རྩ་བའི་དབང་དང་ཟབ་ཁྲིད་སྤེལ་བ་ལྟར་ཕྱི་ནང་འཇུག་པའི་ཆོས་རྣམས་སྔོན་དུ་འགྲོ་བས། ཕྱི་ནང་གསང་བའི་དབང་མཐའ་རྟེན་བཅས་པ་རྗེ་གཏེར་ཆེན་ཉིད་ཀྱི་རྡོ་རྗེའི་གསུང་ཁྲིགས་སུ་བསྡེབས་པ་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་མཐའ་རྒྱས་ཀྱི་ལས་རིམ་དྲུག་ལས། དང་པོ་ཚོགས་དང་གཏོར་མ་གཏོང་བ་ནི། ལས་བྱང་ཚོགས་བྱིན་རླབས་ནས་བརྩམ་ཚོགས་མཆོད་རྒྱས་པར་བྱ། ཞལ་བསྟབ་སྐབས་ཉུལ་ལེའི་ལིངྒ་མེ་ཧོཾ་དུ་བསྲེག་སྟེ་ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། ཚོགས་ལ་རོལ་མཐར་ལྷག་མ་བསྡུས་ལ་སྔར་གྱི་ལྷག་གཏར་བཟུང་བ་དང་ལྷན་ཅིག་ལྷག་ཆོག་བྱ་ཞིང༌། སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་བར་སྐྱེལ། ཆོས་སྲུང་གཏོར་འབུལ་སྐབས་དེ་དག་གི་གཏོར་མ་རྣམས་ཡང་ཐོག་ལྟ་བུར་ཕུལ། ཆད་བརྟན་འང་རྒྱུན་བཞག་ཕྱིར་འབུལ་ཞིང་རྟ་བྲོ་བརྡུང་ངོ༌། །གཉིས་པ་གཏེར་སྦེད་པ་ནི། བཀྲ་ཤིས་པའི་རྟེན་འབྲེལ་དུ་རིན་པོ་ཆེའམ་རྫའི་བུམ་པ་ལྔ་ཚན་ལྔ་དང་འབྲུ་སྣ་སྨན་སྣ་རིན་པོ་ཆེ་ཆོས་སྨན་གྱི་གཏམས་པའི་ཁར་ཚེ་རིལ་རྟེན་གཏོར་སོགས་སྒྲུབ་རྫས་དང་དངོས་གྲུབ་ཕུད་བཅུག་སྟེ་ཁ་དམ་པར་བཅད་ནས་རིགས་ལྔའི་ཕྱག་མཚན་བྲིས་པ་ཉིད་སློབ་དཔོན་ནམ་རྒྱལ་ཚབ་ཀྱི་ཕྱག་ཏུ་ཐོགས་ལ། ཧཱུྃ༔ འབྱུང་ལྔ་ཡེ་ནས་མངོན་སངས་རྒྱས༔ ས་ཡི་ལྷ་མོའི་ཁ་ཕྱེས་ཤིག༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཞི༔ སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ༔ སྙིང་པོ་རིན་ཆེན་དར་སྣ་འབྲུ༔ སྨན་སྣ་དམ་རྫས་གཏོར་ཆེན་སོགས༔ མི་ཟད་གཏེར་མཆོག་འདི་སྦས་པས༔ འདིར་ཚོགས་རྣལ་འབྱོར་བདག་ཅག་རྣམས༔ སྙིང་པོ་བྱང་ཆུབ་མ་ཐོབ་བར༔ སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ༔ གཏེར་མཆོག་ཁྱོད་ཀྱི་བྱིན་རླབས་ཀྱིས༔ བདེ་ཐོབ་ལོངས་སྤྱོད་ཀུན་ལྡན་ཤོག༔ ནད་ཡམས་མུ་གེ་མཚོན་འཁྲུགས་སོགས༔ འཇིགས་པ་བརྒྱད་ལས་སྐྱོབ་པར་ཤོག༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པས༔ ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱ་ཡུ་སིདྡྷི་བྷྲཱུྃ་བྷྲཱུྃ༔ ཞེས་སྒྲུབ་ཁང་གི་ཕུག་སོགས་སུ་སྦ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་མཆོད་གཏོར་རྒྱས་པར་བྱས་ལ་ནོངས་པ་བཤགས། མདུན་བསྐྱེད་ལྷ་ཡེ་ཤེས་པ་རྣམས་རྡུལ་ཚོན་ལ་བརྟེན་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱིས་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་རྗེས་བདག་གི་རྣལ་འབྱོར་ཡང་འོད་གསལ་དུ་བསྡུ་ཞིང་སླར་ཡང་གཙོ་བོ་ཕྱག་རྒྱ་གཅིག་པའི་གསལ་སྣང་བཟུང༌། རས་བྲིས་སྐབས་བརྟན་བཞུགས་རྒྱས་པར་བྱས་རྗེས་བསྡུ་ལྡང་བྱ་བའི་ཁྱད་པར་རོ། །བཞི་པ་མཚམས་དཀྲོལ་བ་ནི། རྒྱལ་ཐོ་བཞི་དང༌། སྒོ་བྱང་གཉིས་ལ་མཆོད་གཏོར་ཕྱི་མཆོད་བཅས་སྔར་ལྟར་བཤམས། ཕྱི་རོལ་གྱི་ཐོའི་ཤར་ལ་སོགས་པར་སོང་སྟེ། མཆོད་གཏོར་བྱིན་རླབས་ནས་བཟུང་སྔར་མཚམས་གཅོད་ཀྱི་སྐབས་སུ་སྨོས་པ་ལྟར་ལ། ཤར་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་པའི་ཚབ་ཏུ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྒྱུར་བ་དང༌། སུ་པྲ་ཏིཥྛའི་ཚབ་ཏུ། བཛྲ་མུཾ། ཞེས་བསྒྱུར་བ་ཙམ་ལས་དེ་ཁོ་ན་ལྟར་ཏེ། ཐོ་རིམ་གྱིས་བསྡུ་བའི་ཁྱད་པར་རོ། །སྒོ་བྱང་ཕྱི་ནང་བཀྲོལ་བ་ནི། ཕྱི་སྒོར་མཆོད་གཏོར་བཤམས་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང༌། ཨོཾ་བཛྲ་ཀྲོ་དྷ་ཡ་མ་རཱ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ བགེགས་ཀྱི་གཉེན་པོ་གཤིན་རྗེའི་གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་པ་ཡི༔ ཕྱི་རོལ་སྒོ་ཡི་སྲུང་མ་མཛད༔ ཁྱེད་ཀྱི་ཐུགས་དམ་ངོ་མཚར་ཆེ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུ༔ ཞེས་ལྷ་གཤེགས་སྒོ་བྱང་བསྡུའོ། །ནང་སྒོར་མཆོད་གཏོར་བཤམས་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། ཨརྒྷཾ་སོགས། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ངོ་མཚར་རྨད་བྱུང་སྒྲུབ་པ་ཡི༔ ཕྱི་ནང་སྒོ་ཡི་སྲུང་མ་མཛད༔ ཁྱོད་ཀྱི་ཐུགས་དམ་ངོ་མཚར་ཆེ༔ གཏང་རག་མཆོད་བཞེས་དབྱིངས་སུ་གཤེགས༔ བཛྲ་མུཿ ལྷ་གཤེགས་སྒོ་བྱང་བསྡུའོ། དེ་ནས་སྒྲུབ་ཁང་གི་ནང་དུ་ལོག་ལ། རྒྱལ་ཚབ་པས་དཀྱིལ་འཁོར་གྱི་ནུབ་ཀྱི་ནུབ་ནས་འོག་ཕུར་བསྡུ་བ་ནས་བཟུང་ཤར་ལྷོ་ནས་བརྩམ་མཚམས་བཞི་གཡས་སྐོར་དང༌། བྱང་ནས་བརྩམ་ཕྱོགས་བཞི་གཡོན་གྱི་སྐོར་གྱི་སྟེང་ཕུར་གྱི་མཐར་ཐུག་པར་བསྡུ་བཞིན་པར། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་ཧཱུྃ་བཞི་པའི་སྔགས་བཟླ་བཞིན་དུ་རྐང་པ་གཡོན་རྐྱང་དང༌། ལག་གཉིས་སྐམ་པའི་རྒྱས་ཕུར་བུ་རྣམས་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བཟླས་ཏེ་ལྷ་རྣམས་གཤེགས་ལ་འོ་མས་ཕུར་རྩེ་བཀྲུ་ཞིང་ཕུར་ཁུང་དུ་བཀང་བའི་སྟངས་ཀས་བཏོན། ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་གསོལ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་གསིལ་ཞིང་རྡུལ་ཚོན་གྱི་དཀྱིལ་འཁོར་ཨ་ཀཱ་རོ་བཟླ་བཞིན་དུ་བྱང་སྒོ་ནས་བཟུང་དབུས་བར་གྱི་ལྷ་མཚན་རེ་རེ་བཞིན་རང་གི་སྤྱི་བོར་བཀོད་ལ། མཐར་ལག་གི་རྡོ་རྗེས་དབང་ལྡན་གྱི་རྩིག་པ་ནས་བརྩམས་ཏེ་ལྟེ་བའི་བར་བསྐོར་བའི་རེ་ཁཱ་གསུམ་འཐེན་ཅིང༌། ལས་རྡོར་སོགས་ཀྱི་ཕྱགས་ནས། བུམ་པའམ་ཟ་མ་ཏོག་ལ་སོགས་པའི་སྣོད་བཟང་པོར་བླུག་སྟེ་སྤྲོ་ན་དབུ་རྒྱན་གསོལ་ལ་བཀུར་སྟི་ཆེན་པོས་མཆོད་པར་གསུང་བས། ཇི་ལྟར་འོས་པའི་སྟེགས་ལ་མཉྫིའི་ཁར་རྡུལ་ཚོན་གྱི་སྣོད་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། དེ་ནས་རྡུལ་ཚོན་གྱི་ལྷག་མ་དོན་དུ་གཉེར་པ་རྣམས་ལའང་ཅུང་ཟད་བྱིན་དུ་རུང་བར་གསུང༌། ཐིག་ཤུལ་དྲི་བཟང་གི་ཆུས་མཐའ་ནས་རིམ་བཞིན་དབྱི་བ་དང་བཅས་ལས་ཀྱི་རྡོ་རྗེས་མི་མངོན་པར་བྱ། དུས་དེ་ཉིད་དུའམ་ཞག་རེ་ཟུང་གིས་བཅད་པའི་མཇུག་ཏུ་ཡང་རུང་སྟེ། རྡུལ་ཚོན་གྱི་བུམ་པ་མཆོད་རྫས་ཀྱིས་སྣ་དྲང་བའམ། གླང་ཆེན་ནོར་བུ་བཀལ་བའི་བཀུར་བསྟིར་བཅས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ཁར་སྤྱན་དྲངས་ལ་རྡུལ་ཚོན་དཀར་པོའི་མཎྜལ་པདྨ་འདབ་བརྒྱད་འདྲི་བའམ་པར་དུ་བཏབ་པའི་དབུས་དང་འདབ་མ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ། ཀླུ་སྨན་བཏབ་པའི་འོ་མ་གཏོར་མ་དང་བཅས་པ་དང༌། དེའི་རྒྱབ་མདུན་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་བཞུགས་སུ་གསོལ། ལས་བུམ་གྱི་ལྷའི་སྔགས་ཅི་རིགས་བཟླས་ནས་མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ནས། སླར་ཡང་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཝཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་པོ་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པ། སྨད་སྦྲུལ་འཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་གྱུར༔ ཨོཾ་བཛྲ་སཏྭ་ཨཥྚ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གདེང་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལག་གཡོན་གདེངས་ཀའི་ཚུལ་དང༌། གཡས་མཆོག་སྦྱིན་གྱི་རྒྱས། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་ཆེན་པོ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང༌། །ཚི་ལི་ཆེན་པོ་རྣམ་དག་གོ །ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུརྦྷུ་ཝ་ཕྲུྃ་ཕྲུྃ་སྭཱ་ཧཱ། ཞེས་པ་གསུམ་གྱིས་གཏོར་མ་ཕུལ་ནས། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང༌། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས། དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང༌། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་སོགས་སྐབས་སུ་བབ་པའི་ཕྲིན་ལས་གསོལ་ནས། ཨོཾ། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱི་ཤིས་བརྗོད་དང༌། ཡིག་བརྒྱ་དང༌། མ་རྙེད་ཡོངས་སུ་མ་ཚང་དང༌། སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ། ཨོཾ་ཨཱ་ཧཱུྃ་མུ། ཞེས་པས་རོལ་མོའི་སྒྲ་དང་བཅས་པས་གཤེགས། ཛཿཧཱུྃ་བྃ་ཧོཿས་རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། རྡུལ་ཚོན་དང་མཆོད་གཏོར་རྣམས་རིམ་བཞིན་ཆུར་དོར། གཞིའི་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་འཁྲུ། རྡུལ་ཚོན་གྱི་སྣོད་ཀྱང་ཆུ་གཙང་གིས་བཀང་ནས་སྤྱན་མའི་སྔགས་བཟླ་བཞིན་དུ་སླར་ཁྱེར་བ་སྒྲུབ་ཁང་ནང་དུ་བསང་གཏོར་བྱ། དྲུག་པ་སྨོན་ལམ་གདབ་པ་ལ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་སྤྱི་ལྟར་གདབ་པ་ནི། ཐལ་མོ་སྦྱར་ལ། ཀྱེ་ཧོཿ མི་གནས་ཡེ་ཤེས་ཆོས་ཀྱི་དཀྱིལ་འཁོར་དུ༔ མ་བཅོས་ལྷུན་གྲུབ་ཡོན་ཏན་རྫོགས་པའི་དཔལ༔ རབ་འབྱམས་རྒྱལ་བའི་བཀའ་ལུང་ཡོངས་རྫོགས་རྣམས༔ འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག༔ འདི་ལྟ་བུ་ཡི་དཀྱིལ་འཁོར་རྟག་ཏུ་མཆོད༔ བཀའ་དྲིན་ཆེ་བའི་རྡོ་རྗེ་སློབ་དཔོན་དང༔ ལུ་གུ་རྒྱུད་ཀྱི་འབྲེལ་བའི་མཆེད་ལྕམ་རྣམས༔ འབྲལ་མེད་དག་པའི་ཞིང་དུ་ཚོགས་པར་སྨོན༔ བླ་མེད་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར༔ ས་ལམ་མཐར་ཕྱིན་འགྲོ་བ་ཐབས་ཀྱིས་སྒྲོལ༔ སྐུ་གསུམ་ཡེ་ཤེས་ལྔ་ལ་སྤྱོད་པར་ཤོག༔ ཅེས་རྩེ་གཅིག་པའི་ཡིད་ཀྱིས་བྱའོ། །གཉིས་པ་ཁྱད་པར་མར་མེའི་སྨོན་ལམ་ནི། ཐམས་ཅད་ཀྱིས་ལག་གཡས་སུ་མར་མེ་དང་སྤོས་རེང་ཐོགས། རྒྱལ་ཐེབས་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་བོར་ལེན་བཅས། ཧཱུྃ། བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང༌། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང༌། །འོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༌། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང༌། །གསུམ་པའི་དབང་གིས་སྦྲེལ་བའི་རིགས་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ཚེ། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང༌། །སྣང་བའི་སྒོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡིས་ཤུལ་མཚོན་ཅིང༌། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བསྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང༌། །རྡོ་རྗེ་ཁྲོ་རྒྱལ་ཁྱེད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང༌། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་དང༌། གཞན་ཡང་སྤྲོ་ན་ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་ཁྱད་པར་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་སོགས་རྒྱས་པར་བཏང་ན་དུས་གཉན་པའི་ཕྱིར་གལ་ཆེའོ། །དེ་ནས་ལས་གཞུང་གི་བསྔོ་སྨོན། ཧོ༔ ལེགས་སྤྱད་དགེ་བ་སོགས་དང༌། ཨོཾ༔ གསུང་གི་བདག་པོ་སོགས་ཕྲིན་ལས་དཀྱུས་ཀྱི་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་བསིལ་མར་བསྙིལ་རོལ་མོ་རྒྱུན་རིང་དུ་འཁྲོལ་བས་དགེ་ལེགས་སུ་བྱ། དེ་ནས་སྒྲུབ་པ་གྲོལ་རྗེས་གཏང་རག་གི་ཚུལ་དུ་དཀྱིལ་འཁོར་འདི་ཉིད་ཀྱི་ཚོགས་སྐོང་སྒྲུབ་མཆོད་ཞག་གསུམ་བྱ་བ་དང༌། དབང་བསྐུར་འཆད་ཉན་རྡོ་རྗེའི་གླུ་གར་གྱི་དགའ་སྟོན་ཀྱང་བྱས་པས་ཕྱིན་ཆད་དགེ་ལེགས་ཀྱི་དཔལ་ཡོན་འཕེལ་རྒྱས་བརྟན་པར་གསུངས་སོ། །ཡང་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མ་ལྕོགས་ཏེ་སྒྲུབ་མཆོད་དཀྱུས་མ་སྤྱི་འགྲོ་ལྟར་བྱེད་པར་སྤྲོ་ན། སྔར་སྨོས་པའི་ས་ཆོག་གི་ས་སྦྱང་བ་ཡན་དེ་བཞིན་ལས། ས་བཟུང་བའི་དང་པོ་བཀའ་བསྒོ་བའི་རྗེས་སུ་རྒྱབ་ཆོས་སྲི་བཟློག་བསྐུལ་ནས། མཚམས་གཅོད་རྣམ་གསུམ། ལྷ་དང་བུམ་པ་སྟ་གོན། ཆག་ཆག་གདབ་ཅིང་ཐིག་ཚོན་གྱི་དཀྱིལ་འཁོར་འབྲི་བའམ། ཡང་ན་རས་བྲིས་བཀྲམ། སྒྲུབ་རྫས་མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་བཀོད་བྱས་ཏེ། མཆོད་རྫས་བྱིན་རླབས་དང༌། བྱིན་དབབ་བཅས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ་བོ། །སྒྲུབ་མཆོད་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་པའི་བར་ཉིན་རེ་བཞིན་ལས་བྱང་གི་གཞུང་བསྲང་ལུགས་འདྲ་བ་ལས་ཐུན་བཞི་ངེས་པར་མ་གྲུབ་ཀྱང་རུང་སྟེ་བདག་འཇུག་རེ་ལེན། ནུབ་མཐའ་མར་དངོས་གྲུབ་ལེན་པ་དང༌། རྒྱས་པའི་བསྲེག་བླུགས། དཀྱིལ་འཁོར་བསྡུ་བ་དང༌། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱི་ཞིང་ཆུ་བོར་གཤེགས། མར་མེའི་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་རྒྱས་པར་བྱས་པ་ཙམ་གྱིས་འགྲུབ་སྟེ་འདོར་ལེན་གྱི་དམིགས་ཕྱེད་པར་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་དེ་ཉིད་སྒྲུབ་པའི་འབྲས་བུ་ནི། རང་གཞུང་ཚེ་སྒྲུབ་ལས། རྒྱལ་ཀུན་གསུང་གི་གསང་བ་ཆེ༔ བདེ་ཆེན་པདྨའི་རིགས་ཀྱི་གཙོ༔ དཀྱིལ་འཁོར་དབང་ཕྱུག་ཆེན་པོ་ཡི༔ ངེས་པའི་གསང་བ་ལ་བརྟེན་ནས༔ འཆི་མེད་སྒྲུབ་པའི་ལམ་བཟང་ནི༔ རྨད་བྱུང་ཐབས་ཀྱི་སྙིང་པོ་ལ༔ ཡང་དག་བརྩོན་པ་མི་འདོར་བས༔ སྐལ་པ་ཅན་གྱིས་ཉམས་བླངས་ན༔ གནས་སྐབས་ནད་གདོན་བར་ཆད་དང༔ ཁྱད་པར་དུས་མིན་འཆི་བ་ཞི༔ བསོད་ནམས་ཡེ་ཤེས་ཚེ་དཔལ་རྒྱས༔ རླུང་སེམས་དྭངས་མའི་སྟོབས་འཕེལ་ཞིང༔ ལུས་སེམས་ལྷ་ཡི་སྐུར་སྨིན་པ༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་བཞི༔ མཐར་ཕྱིན་འོད་གསལ་ཡེ་ཤེས་སྐུ༔ འཆི་མེད་གཉུག་མའི་མཚན་དཔེའི་མཆོག༔ ཚངས་དབྱངས་རྣམ་པ་ཐམས་ཅད་པའི༔ བདེ་ཆེན་ཡེ་ཤེས་རྡོ་རྗེའི་ཚེ༔ སྐུ་གསུང་ཐུགས་ཀྱི་གསང་བ་ནི༔ ཡོན་ཏན་ཕྲིན་ལས་མི་ཟད་པ༔ རྒྱན་གྱི་འཁོར་ལོའི་དབྱིངས་དམ་པ༔ གཉིས་སུ་མེད་པར་བྱང་ཆུབ་སྟེ༔ ནམ་མཁའ་ཇི་སྲིད་མཛད་པ་དང༔ ཕན་བདེ་བསམ་མི་ཁྱབ་པ་ཡི༔ མཁའ་མཉམ་འགྲོ་བའི་དོན་རྒྱ་མཚོ༔ རྩོལ་མེད་ལྷུན་གྱིས་གྲུབ་ནས་ཀྱང༔ སངས་རྒྱས་ཀུན་དང་ཐ་མི་དད༔ ཟག་མེད་འབྲས་བུ་ཡེ་ཤེས་ལ༔ ཚེ་འདིར་སྤྱོད་པ་གདོན་མི་ཟ༔ ས་མ་ཡ༔ ཞེས་བདེན་གསུང་རྡོ་རྗེའི་གསུང་གིས་རྗེས་སུ་གདམས་པ་དེ་དག་གིས་ནམ་ཡང་མི་བསླུ་བའི་མཚན་མ་མཆོག་ཏུ་ངེས་པ་ཡིན་ནོ། །སླར་སྨྲས་པ། ལེགས་བྱས་གང་དེའི་བསོད་ནམས་སྤྲིན་གྱི་ཆར། །ལུས་ཅན་ཀུན་གྱི་ཞིང་སར་རྟག་ཕབ་ནས། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ཐིག་ལེར་སྨིན། །འཕོ་བ་ཆེན་པོ་འཆི་མེད་ཕྱག་རྒྱས་བཏབ། །ལས་སད་སྐལ་བཟང་སྐྱེ་བོ་དག་གིས་མཚོན། །དུས་ཀྱི་དགྲ་ཆེན་འཇིགས་པའི་འཚེ་བ་ཡི། །སྐྱེ་འཆི་རྟོག་ཚོགས་ཡེ་ཤེས་གཞོན་ནུའི་སྐུའི། །རང་འབྲས་ཚེ་མཐའ་ཡས་པའི་དཔལ་ཐོབ་ཤོག །ཅེས་བཀའ་གཏེར་ཟུང་འཇུག་པདྨ་ཚེ་ཡི་སྙིང་གི་ཐིག་ལེའི་ནང་སྒྲུབ་ལྷ་བཅུ་བདུན་མའི་སྒྲུབ་པ་ཆེན་མོའི་ཁོག་དབུབ་ཟིན་བྲིས་འཆི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ་འདི་ནི་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་ནས་བཟང་གོས་ལས་མདོག་གི་མེ་ཏོག་དང་བཅས་རང་གཞུང་རྩ་བར་བཟུང་ནས་སྨིན་གླིང་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་བྲིས་ཤིག་པའི་བཀའི་ཅོད་པན་སྤྱི་བོར་ལྷུང་བ་དད་པའི་གཙུག་ཏུ་མཆོད་དེ། རྗེ་ཉིད་ཀྱིས་མཛད་པའི་མཁའ་འགྲོ་གསང་བ་འདུས་པའི་སྒྲུབ་ཁོག་གཞིར་བཞག་སྟེ། སྐབས་ཐོབ་སྨིན་གླིང་པའི་ཕྱག་བཞེས་ཀྱིས་ཀྱང་ཟུར་བརྒྱན་ནས་གསར་དུ་བསྡེབས་པ་པོ་ཤཱཀྱའི་དགེ་སྦྱོང་རྨོང་བརྟུལ་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་བགྲང་བྱ་ལྔ་བཅུ་རྩ་བརྒྱད་དུ་སོན་པ་ག་པུར་གྱི་ཁམས་དང་འགྲོགས་པའི་ཚངས་སྐྱེས་ཀྱི་ལོ་དབོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་རང་གནས་ཐུབ་བསྟན་ཆོས་གླིང་དུ་བྲིས་པའི་ཡི་གེ་གཉིས་པའི་འབེབས་པ་པོ་ཐུབ་དགེ་རིང་སྒང་བཀྲས་སྟེང་པ་ངག་དབང་བློ་གྲོས་ཀྱིས་བགྱིས་པ་སྟེ་འདིས་ཀྱང་གཏེར་ཆེན་བླ་མས་དབུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་འཆི་མེད་རྟག་པ་དམ་པར་འཚོ་ཞིང་གཞེས་ནས་ཟབ་ཆོས་ཀྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་པའི་རྒྱུར་གྱུར་ཅིག། །།
[edit]

@#/_/bka' gter zung 'jug pad+ma tshe yi snying gi thig le'i nang sgrub lha bcu bdun ma'i sgrub pa chen mo'i khog dbub zin bris 'chi med bdud rtsi'i rdzing bu zhes bya ba bzhugs so// @#/__/na mo gu ru b+ha ga wa te A yur+dz+nyA na maN+Da la b+h+yaH_mtshan snyan bdud rtsi'i zil 'od phra mos kyang*/_/mtshungs 'jug smag rum dpung 'joms 'chi med mgon/_/bdag blor gter chen pad+ma gar dbang du/_/yongs shar tshangs gnas 'khor lo'i rgyan du mchod/_/gang gi zab yangs gsang ba'i gan mdzod las/_/tshe yi snying thig bsam 'phel dbang gi rgyal/_/tshe'i sogs snyigs lnga'i rgud pa kun sel du/_bsngags de'i sgrub chen phyag bzhes khrigs su bsdeb/_/de la 'chi med rdo rje'i tshe dang ye shes sgrub pa'i nye lam rmad du byung ba 'di ni dus gsum rgyal ba'i spyi gzugs o rgyan gyi slob dpon chen po pad+ma kA ra nyid dang*/_'chi med grub pa'i paN+Di ta chen po dze tA ri dgra las rnam par rgyal ba gnyis kyi dgongs bcud gter chen chos kyi rgyal po pad+ma gar dbang 'od gsal mdo sngags gling pa tshe dbang grub pa rtsal chen po'i thugs gter gsang ba'i sgrom las brtol ba'i pad+ma tshe'i snying thig gi nang sgrub lha bcu bdun ma'i dkyil 'khor gyi sgo nas tshom bu tshogs su sgrub pa'i tshul rig 'dzin brgyud pa'i phyag len zin bris su 'god pa la spyi don gsum ste/_gang zhig bsgrub par bya ba'i gzhi/_gang gis sgrub pa'i thabs/_de nyid grub pa'i 'bras bu'o/__/dang po ni/_gzod nas rang bzhin rnam dag skye shi'i mtshan ma dang bral ba'i 'chi med ye shes rdo rje bde ba chen po tshe mtha' yas rigs 'dus brtan g.yo 'khor 'das kun gyi srog gam snying po'i tshul gang la glo bur dri mas ma gos par bzhugs pa nyid do/__/gnyis pa gang gis sgrub pa'i thabs la gsum/_phun sum tshogs pa lngas sgrub pa'i gzhi bzung ba/_bsnyen sgrub yan lag bzhis gzhung bsrang ba/_rjes sgrub pa mtha' rgyas su bya'o/__/dang po ni rgyud las/_gnas dang bdag nyid 'khor rdzas dus/_/phun sum tshogs pa lngar ldan na/_/las rnams gang yod 'grub par 'gyur/_/zhes gsungs pa'i tshul snga 'gyur bka' gter gyi gzhung spyir gsungs pa las shes par bya yi 'dir ma spros so/__/gnyis pa sgrub pa'i gzhung bsrang ba dngos la gnyis las/_sngon du 'gro ba dang*/_dngos gzhi'i las rim mo/__/dang po la gnyis/_bsod nams kyis dpung bskyed pa dang*/_sa'i cho ga'o/__/dang po la sgrub gzhung rnams su rnam grangs mang yang*/_mdor dril na/_lus sgrib sbyang phyir sAts+tsha gdab cing nye'u 'don sogs srog bslu ba/_rnam sme'i khrus bya ba/_ngag sgrib sbyang phyir na raka dong sprugs dang yig brgya bzla ba/_yid sgrib sbyang phyir sems bskyed blang ba dang*/_bla ma'i rnal 'byor nan tan du bsgom pa/_zhi ba'i sreg blugs 'bul ba/_gsum ka'i phyir du phyag bskor dang mkha' 'gro chos skyong la tshogs skong rgya cher bya ba sogs sngon du ci nus su bsgrub nas/_sgrub khang gi shar du chos nyid kyi don rtogs phyir sher phyin/_lhor bdud gzhom phyir stobs po che/_nub tu rgyu 'bras go phyir lang kar gshegs pa/_byang du bar chad zhi phyir tog gzungs dang grwa lnga bklag par bya ba dang*/_gzhan yang*/_dge 'dun la bsnyen bkur sogs dge ba'i tshogs rgya cher spel bar gsungs te/_khyad par rang gzhung tshe rgyud le'u bdun par gsungs pa'i tshe bdud zlog pa'i mdos kyi rim pa'ang bsgrub na shin tu legs par 'gyur ro/__/gnyis pa sa yi cho ga dngos la/_rang gzhung tshe rgyud las/_da la mtshan nyid ldan bzhengs phyir:_thog mar sa gzhi brtag bslang sbyong:_zhes gsungs pa ltar/_sa brtags pa/_bslang ba/_dbang du bya ba/_sbyang ba/_gzung zhing srung ba dang lnga las/_dang po ni/_lto 'phye brtags pa sogs te sgrub gnas rnying pa'i dbang du byas nas mi mdzad la/_gnyis pa bslang ba ni/_spyir gzugs can gyi bdag tu bzung na rin gyis bslu bar gsungs kyang zin pa'i dbang du byas nas/_gang du bya ba'i sgrub pa'i khang pa byi dor gyis gtsang bar byas la/_rgyan gyi khyad par du mas kyang brgyan nas mdzes shing yid du 'ong bar byas pa'i phug logs lta bur stegs ji ltar rigs pa khebs ldan bang rim can gyi dang por 'bru tshom gyi steng du bla gtor dang*/_g.yas g.yon sman raka_/bang rim gnyis par chu gnyis nyer spyod phreng tshar can bkod/_dkyil 'khor bya ba'i gzhir phyag bdar gyis dngos gtsang bar byas pa'i dbus su 'bru dkar gyi tshom bu gcig bkod pa'i mdun du many+dzi'i steng du sa lha dang*/_yul bdag spyi la gtor ma dkar zlum mtheb ril rgyan ldan re re bkod pa'i mdun gser skyems dang*/_mtha' bskor du mtshams 'dzin me tog nas brtsams te chu gnyis dang*/_nyer spyod g.yas skor du bshams/_gzhan yang sa bzung gi phur bu sogs 'og gi skabs so sor mkho ba'i yo byad thams cad tshang bar byas la/_bdag gi rnal 'byor rgyas bsdus ci rigs skabs dang sbyar te/_thog mar tshig bdun gsol 'debs dang*/_brgyud 'debs nas bzung bskyed bzlas nyer bsdu lha ldang gis mthar dbyung ngo*/__/de nas mchod gtor rnams rta sngags/_oM hrIHpad+mAn+ta kr-ita sarba big+h+nAn ha na ha na hU~M phaT:_ces pas bsang*/_swa b+hA was sbyang*/_thams cad stong nyid nam mkha'i ngang:_b+h+rU~M las rin chen snod nang du:_oM las phyi nang mchod pa'i tshogs:_so so'i lha mo'i rol par bcas:_rab 'byams nam mkha' gang bar gyur/_oM badz+ra puSh+pe d+hU pe A lo ke gan+d+ha nai wid+ya shab+da pU dza sa ma ya hU~M/_zhes mchod pa dang*/_gtor gzhong rat+na'i gzhal yas su:_gtor ma 'dod yon phung por spungs:_oM AHhU~M hoH_lan gsum rgya dang bcas pas gtor ma brlab/_tshom bu nyid pa~M las sa yi lha mo sku mdog gser btso ma lta bu zhal gcig phyag gnyis pa/_rin po che'i bum pa bsnams pa/_zhi zhing 'dzum pa'i nyams can dar gyi stod g.yogs dang rin po che'i rgyan sna tshogs kyis brgyan pa/_lte ba yan chad sa steng du thon par gyur/_rang gi snying ga'i 'od zer gyis sa 'og nas ye shes lha mo 'khor dang bcas pa badz+ra sa mA dzaHsa spyan drangs/_dzaHhU~M baM hoH_gnyis su med par gyur/_oM badz+rI b+ha wa a b+hi Shiny+tsa hU~M:_zhes dbang bskur/_rin chen 'byung ldan gyis gtso bor gyur pa'i rigs lngas dbu brgyan par bsam la rgyas gdab/_oM pri thi de wi sa pa ri wA ra ar+g+haM pra tIts+tsa swA hA nas/_shab+da'i bar gyis mchod/_a kA ro'i sngags kyis gtor ma phul la sa gnon gyi rgya dang bcas te/_skyob pa sangs rgyas thams cad kyi/_/spyod pa'i tshul dang khyad par du/_/sa dang pha rol phyin rnams la/_/lha mo khyod ni dpang du gsol/_/shAkya seng+ge skyob pa yis/_/ji ltar bdud kyi sde bcom pa/_/de bzhin bdag kyang bdud sde las/_rgyal bar byas te dkyil 'khor bri/_/zhes gsol ba btab pas rig pa 'dzin pa khyod ci dga' bar spyod cig ces gnang ba byin nas de nyid du thim par bsam/_zhi rol bcas gtor ma phyir 'bul/_de nas bye brag sa'i bdag po rnams/_b+hU mi pa ti sa pa ri wA ra badz+ra sa ma dzaHsa spyan drangs/_s+tha na pa ti k+She tra pA lany+tsa na maHsarba ta thA ga ta b+h+yo bi shwa mu khe b+h+yaHsarba thA khaM utag te s+pha ra Na i maM ga ga na khaM swA hA:_lan gsum gyis gtor ma phul/_hU~M:_dgongs shig sa bdag lha klu sde dang dpung:_gangs ri g.ya' rtse lu ma skyed mos tshal:_mtsho rdzing lteng ka so so'i gnas rnams nas:_lha klu sa bdag gnas 'dir spyan 'dren gyis:_'dzam gling gru bzhir sgrub pa'i sa bslang phyir:_sa bdag 'khor dang bcas pa 'dir gshegs te:_byin rlabs bsngos pa'i gtor ma 'di bzhes la:_rin chen gter gyi sa 'di bstsal du gsol:_b+hU mi pa ti sa pa ri wA ra gats+tsha:_gnang ba byin nas rang gnas su gshegs par bsam zhing*/_gtor ma gser skyems phyir phul/_mchod pa rnams bsdu'o/__/gsum pa dbang du bya ba ni/_seng ldeng gi phur bu sor brgyad pa dar dmar gyi cod pan can slob dpon gyis bzung la stegs bu'i mdun du 'khod de/_bdag nyid dbang chen pad+ma rta mgrin du gsal ba'i thugs ka'i hU~M las 'od zer 'phros phur bu la thim/_de nyid dpal rta mgrin sku mdog dmar po dbyug to dang thod khrag 'dzin pa sku smad phur bu'i dbal can du gyur par bsam la/_hU~M pad+mAn+ta kr-ita hU~M phaT:_ces lan bdun bzlas nas sa gzhi la btab pas/_phur bu las byung ba'i 'od zer dmar pos sa gzhi thams cad khyab/_bdag gis dbang du gyur par bsam mo/__/bzhi pa sbyang ba la/_thog mar ba byung dang dri bzang sbyar ba'i chus dkyil 'khor gyi gzhi la dbang ldan nas brtsams te/_oM hrIHpad+mAn+ta kr-ita sarba big+h+nAn ha na ha na hU~M phaT:_ces las sngags kyis slob dpon gyis khyab par byugs la las rdor gyis phyi tshul bya/_de nas sngags dang phyag rgyas sbyong ba las/_slob dpon gyi lag g.yas rdo rje rtse lnga bar bsams nas phyag rdo rje dang bcas stegs bu'i steng du bzhag_/thams cad kyis lag g.yas sa la reg pa'i tshul byas nas/_oM swa b+hA wa shud+d+haHsarba d+harmA swa b+ha wa shud+d+ho\u0f85 haM/_lan bdun gyis sa la bsnun tshul bya'o/__/lnga pa bzung zhing srung ba la/_bgegs gtor bshams nas bka' bsgo ba'i phyag bzhes shig dang*/_yang gong du bdag skyed kyi skabs su bgegs gtor song na slob dpon stegs bu'i dbus su bzhengs te las byang gi_hrIH_nga ni dbang chen he ru ka:_'khor 'das yongs kyi rje btsan te:_tshe bdud log 'dren bar chad bdud:_sngon gyi bag chags ngan pa yis:_gsang spyod lta ba'i skabs med phyir:_gnas 'dir ma 'dug gzhan du song:_gal te mi nyan 'tshe byed na:_dbang gi rgyal po'i ting nge 'dzin:_'bar ba'i rtul zhugs rol ba yi:_cho 'phrul bsam gyis mi khyab pas:_brlag par gyur gyis phyir dengs shig:_ces gyer nas hU~M bzhi pa'i sngags bcas las rdor gyis stegs bu'i mtha' phyi nas gu gul bdug cing*/_slob dpon stegs bu'i dbus su bzhengs nas yungs thun brab nas bskor ba'i phyag srol snang ba ste ji ltar mos pa ltar mdzad pas grub ste bgegs bskrad la/_de nas slob dpon sngar gzhi'i dbus su bzhengs mu nas phur bu thogs la/_bdag gi thugs ka nas khro bo'i sprin spros pa'i tshogs kyis sa gzhi gang bar gyur/_phur bu pad+ma kI la ya stod khro bo phyag gnyis phur bu 'dril ba sku smad lcags phur me'i tshwa tshwa 'phro bar gyur par mos te/_las phur bsgril zhing*/_oM g+ha g+ha g+hA ta ya g+hA ta ya sarba duSh+Tan badz+ra d+ha rod adz+nyA pa ya ti sarba kI la ya kA ya wAka tsit+ta kI li kI la ya hU~M hU~M phaT/_lan gsum/_phur bu las 'phros pa'i khro chung dang me'i 'od kyis phyogs thams cad du khyab cing 'bar bas bgegs rnams bsregs shing nye mi nus pas sa gzhi khengs par gyur/_de dag ni sa yi cho ga ste slob dpon gyis rgyab chos sri zlog gi dbu bskul nas tshar gcig dpon slob rnams lhan du gsung pa sogs mthong brgyud ltar ro/__/gnyis pa dngos gzhi la gsum/_ye shes kyi lha bsnyen pa dang nye bar bsnyen pa/_lha dang dbyer med du sgrub pa/_grub nas dngos grub len pa sgrub pa chen po'i rim pa'o/__/dang po la dgu ste/_mtshams bcad rten bca' sta gon bya/_rgyan 'god mnga' gsol brda sbyar cing*/_bsre bsnan skos 'dab byin 'bebs so/__/zhes pa'i dang po mtshams gcod la gsum ste/_dang po phyi mtshams bcad pa ni/_sgrub khang gi phyi rol gyi phyogs bzhir rgyal chen sde bzhi'i sku gzugs sngags byang btsugs pa/_so so'i mdun du stegs gtsang mar me tog gi tshom bu'i steng du gtor ma dkar zlum mtheb ril gyis mtshan pa dang*/_mdun du chu gnyis nyer spyod bcas bshams/_sgrub pa po rnams ser sbreng dang bcas sgrub khang nas don te shar gyi tho'i mdun du 'khod/_mchod gtor rnams rta sngags kyis bsangs/_swa b+hAs sbyang*/_thams cad stong nyid nam mkha'i ngang:_b+h+rU~M las rin chen snod nang du:_oM las phyi nang mchod pa'i tshogs:_so so'i lha mo'i rol par bcas:_rab 'byams nam mkha' gang bar gyur:_oM badz+ra puSh+pe nas shab+da pu dza sa ma ya hoH_zhes dang*/_gtor gzhong rat+na'i gzhal yas su:_gtor ma 'dod yon phung por spungs:_oM AHhU~M hoH_lan gsum rgya dang bcas pas brlab/_tho sku rten bcas rta sngags kyis bsang*/_swa b+hA was sbyangs/_shar du rgyal po chen po yul 'khor srung sku mdog dkar po mdzes shing brjid pa'i chas can pi waM 'dzin pa'i skur gyur/_rang gi thugs ka nas 'od zer 'phros pas ri rab kyi shar phyogs nas rgyal po chen po yul 'khor srung 'khor dang bcas pa badz+ra sa mA dzaHsa spyan drangs/_dzaHhU~M ba~M hoH_oM d+hr-iSh+TA raSh+Ta ya swA hAH_rang sngags lan bdun/_oM badz+ra ar+g+haM nas shab+da pra tIts+tsha swA hA'i bar gyis mchod/_oM na maHsarba ta thA ga te b+h+yo bi shwa mu khe b+h+yaHsarba thA khaM u[⁽1419⁾]rna[1$0000240]ga[1$0000300] te s+pha ra NA i maM ga ga na khaM swA hA/_zhes nam mkha' mdzod kyi sngags rgya lan gsum gyis gtor ma phul/_hU~M/_dri za dag gi bdag po che/_/rgyal po chen po yul 'khor srung*/_/btsun mo sras dang blon por bcas/_/de la bstod de phyag kyang 'tshal/_/mchod sbyin gtor ma 'di bzhes la/_/shar phyogs bgegs kyi mtshams chod cig_/ces bstod cing phrin las gsol/_oM d+h+riSh+TA raSh+Ta ya swA hA/_lan gsum/_tiSh+Tha badz+ra/_zhes me tog dor la brtan bzhugs bya/_de nas lho'i tho rtsar 'khod la/_mchod pa dang gtor ma rnams gong ltar byin gyis rlabs/_rten sngar bzhin bsang sbyangs/_lhor rgyal po chen po 'phags skyes po sku mdog sngon po mdzes shing brjid pa'i chas can ral gri 'dzin pa'i skur gyur/_rang gi thugs ka nas 'od zer 'phros/_ri rab kyi lho phyogs nas rgyal po chen po 'phags skyes po 'khor dang bcas pa badz+ra sa mA dzas spyan drangs/_dzaHhU~M ba~M ho:_oM bi rU d+ha ka ya swA hA/_lan bdun/_oM badz+ra ar+g+haM sogs nas/_shab+da pra tIts+tsha swA hA'i bar gyis mchod/_oM na maHsarba ta thA ga te sogs nam mkha' mdzod kyi sngags rgya lan gsum gyis gtor ma phul/_hU~M/_grul bum dag gi bdag po che/_/rgyal po chen po 'phags skyes po/_/btsun mo sras dang blon por bcas/_/de la bstod de phyag kyang 'tshal/_/mchod sbyin gtor ma 'di bzhes la/_/lho phyogs bgegs kyi mtshams chod cig_/ces bstod cing phrin las bcol/_oM bi rU d+ha ka ya swA hA/_lan gsum/_tiSh+Tha badz+ra zhes brtan bzhugs bya/_nub kyi tho rtsar 'khod la mchod gtor byin rlabs/_rten sngar bzhin bsang sbyangs/_nub tu rgyal po chen po mig mi bzang sku mdog dmar po sbrul zhags dang mchod rten 'dzin pa'i skur gyur/_rang gi thugs ka nas 'od zer 'phros pas/_ri rab kyi nub phyogs nas rgyal po chen po spyan mi bzang 'khor dang bcas pa badz+ra sa mA dzaHsa spyan drangs/_dzaHhU~M ba~M ho:_oM bi rU pak+ShA ya swA hA/_lan bdun/_oM badz+ra ar+g+haM sogs nas shab+da pra tIts+tsha swA hA'i bar gyis mchod/_oM na maHsarba ta thA ga te sogs nam mkha' mdzod kyi sngags rgyas lan gsum gyis gtor ma phul/_hU~M/_klu dbang dag gi bdag po che/_/rgyal po chen po mig mi bzang*/_/btsun mo sras dang blon po bcas/_/de la bstod de phyag kyang 'tshal/_/mchod sbyin gtor ma 'di bzhes la/_/nub phyogs bgegs kyi mtshams chod cig_/ces bstod cing phrin las bcol/_oM bi rU pak+ShA ya swA hA/_lan gsum/_tiSh+Tha badz+ra zhes brtan bzhugs bya/_byang gi tho rtsar 'khod la/_mchod gtor rnams byin rlabs/_rten sngar bzhin bsang sbyangs/_byang du rgyal po chen po rnam thos sras sku mdog ser po mdzes shing brjid pa'i chas can be con dang ne'u le 'dzin pa'i skur gyur/_rang gi thugs ka nas 'od zer 'phros pas/_ri rab kyi byang phyogs nas rgyal po chen po rnam thos sras 'khor dang bcas pa badz+ra sa mA dzas spyan drangs/_dzaHhU~M ba~M ho:_oM bai shra ma NA ya swA hA/_lan bdun/_oM badz+ra ar+g+haM sogs nas/_shab+da pra tIts+tsha swA hA'i bar gyis mchod/_oM na maHsarba ta thA ga te sogs nam mkha' mdzod kyi sngags rgyas lan gsum gyis gtor ma phul/_hU~M/_gnod sbyin dag gi bdag po che/_/rgyal po chen po rnam thos sras/_/btsun mo sras dang blon por bcas/_/de la bstod de phyag kyang 'tshal/_/mchod sbyin gtor ma 'di bzhes la/_/byang phyogs bgegs kyi mtshams chod cig_/ces bstod cing phrin las bcol/_oM bai shra ma NA ye swA hA/_lan gsum/_tiSh+Tha badz+ra zhes brtan bzhugs bya'o/__/gnyis pa bar mtshams la gnyis kyi dang po dam sri mnan pa ni/_dug shog la dam sri'i ling+ga bya chu can yan lag lcags sgrog gis bsdams pa'i snying khar dza tri dza kha sprod mthar/_mgrin pa nas brtsams te mgo phyir bstan pa/_ya ma dam sri gam pa ri mA ra ya dzaHdzaHnan:_tri'u tri'u mA ra ya na ma sho dzaH_khug khug nan:_zhes dang*/_gzugs kyi mthar yig mgo nang du bstan la/_dus drug dang bcur rgyu ba'i nyul le dam sri rgyal 'gong 'byung po'i tshogs dang bcas pa'i lus ngag yid gsum mthu stobs thams cad non cig:_bskal pa ma stong gi bar du ma ldangs shig:_oM laM hU~M laM s+t+wam+b+ha ya nan:_zhes pa rnams kyi mthar dza khram gyis bskor ba bris la ling khrus bya/_rdo rje mtshams pa lta bu zur du yod na dang*/_med kyang dpon slob mang nyung skabs bstun gyis gter kha nang mthun gnyags phur sogs kyi las gzhung btang ba'i tshogs tha ma'i gdab kha dang 'brel bar 'gugs bstim grangs mang yid ches par byas la thun brdeg pa dang bcas thun du bcad de nyin gsum tsam bsgrubs pa'i mthar 'dre lteb tu bcag cing mtshon skud sngo dmar gyis bcings/_thod ngan nam khyi thod lta bur bcug_/phung res dril la rtsang gis gzir ba'i mnan chas spyi ltar bya/_sgo drung du dong gru gsum brus pa la bkod dgos pa'i yo byad thams cad 'du byas la/_sngon du sdong grogs 'chol ba'i phyir slob dpon gyis gser skyems thogs la/_ra~M ya~M kha~M/_'dod yon zag pa med pa'i bdud rtsi'i rgya mtshor gyur/_oM AHhU~M ha hoHhrIH_lan gsum gyis byin gyis rlabs la/_hU~M/_rig 'dzin rtsa brgyud bla ma dam pa dang*/_bde gshegs kun 'dus zhi khro rab 'byams dang*/_khyad par tshe lha zhi khro'i lha tshogs kyis/_gser skyems 'di bzhes rnal 'byor mthu dpung bskyed/_ma mgon lcam dral bka' srung tsaN+Di ka_/dregs pa'i sde dpon sum cu yab yum sras/_bka' nyan bran g.yog mngags gzhug bcas rnams kyis/_gser skyems 'di bzhes rnal 'byor mthu dpung bskyed/_sngags 'chang bdag gi rigs kyi srung ma dang*/_sa phyogs 'di yi yul gzhis gnas kyi bdag_/lo zla zhag dus tshes la dbang ba'i lhas/_gser skyems 'di bzhes rnal 'byor mthu dpung bskyed/_ces pa'i tshig mtshams gsum so sor gser skyems phul la/_oM hrIHpad+mAn+ta kr-ita sarba big+h+nAn ha na ha na hU~M phaT:_ces pas/_rang nyid dbang chen rta mgrin khro gtum bzod par dka' ba'i gzi brjid bskal pa'i me ltar 'bar ba'i skur gyur par bsam la/_dmigs bya bskyed pa ni/_e yaM dz+wa la raM/_brub khung yangs shing gting zab pa'i nang du tri las dam sri 'byung po rid cing nyam thag pa'i lus can du gsal/_na mo/_rig 'dzin rtsa brgyud kyi dpal ldan bla ma dam pa rnams kyi bka' bden pa dang*/_sangs rgyas kyi bka' bden pa dang*/_chos kyi bka' bden pa dang*/_dge 'dun gyi bka' bden pa dang*/_gsang sngags dang rigs sngags dang gzungs sngags dang snying po dang phyag rgya dang ting nge 'dzin gyi bden pa dang*/_chos nyid gdod nas stongs kyang chos can rgyu 'bras bslu ba med pa'i bden pa dang*/_khyad par du 'chi med tshe dang ye shes dpag tu med pa zhi khro sgyu 'phrul drwa ba'i dkyil 'khor gyi lha tshogs rnams kyi bden pa dang*/_bden pa chen po'i mthus/_ma rung pa'i sems can ya ma dam sri nyul le sgab 'dre'i rigs su gyur pa thams cad mtshan ma rdzas kyi rten 'di la gnyis su med par gyur cig_/tri yaM dzaH_tri badz+ra aM ku sha dzaH_dzaHhU~M baM hoH_zhes bden bdar 'gugs bstim lan gsum byas pa/_'og gi 'don tshig dang bstun te skyer phur sor bzhi pa mi g.yo bar bskyed pa slob dpon gyi phyag tu thogs te/_oM badz+ra kro d+ha a r+Ya A tsa la hU~M b+han+d+ha b+han+d+ha hU~M phaTa?H_ces tshar gsum gyis gzi byin bskyed pa gdab/_thun rdzas brab/_gu gul bdug_/dur rdor ri gling dang rgya gram bris pas mnan la/_dam sri bya ba'i las ngan 'dis:_rdo rje slob dpon sku la bdos:_mched lcam rnams la gnod cing gtses:_rgyal khams kun tu mi dge btang:_gsang sngags lam gyi sgo yang bkag:_bka' 'das nam yang mi btang bas:_da ni khro bo'i phur tshogs gdab:_thun tshogs gdab ste dud tshogs gtib:_btub cing srin po'i zhal du bstab:_ri rab brjid pa'i 'og tu mnan:_zhes pa'i mthar 'bebs/_thams cad kyi a tsA la brjod bzhin par sa chu me rlung ri rab bcu gsum ris g.yogs shing sAts+tsha nag pos mnan la/_hU~M:_gcig ni brjod med nyag cig rgya:_gnyis pa thabs dang shes rab rgya:_gsum pa sku gsung thugs kyi rgya:_bzhi pa phyag rgya bzhi yi rgya:_lnga pa ye shes lnga yi rgya:_drug pa pha rol phyin drug rgya:_bdun pa yan lag bdun gyi rgya:_brgyad pa rnam thar brgyad kyi rgya:_dgu pa theg pa rim dgu'i rgya:_bcu pa khro rgyal bcu yi rgya:_khyod la rgya bcu brtsegs te btab:_ri rab brjid pas steng nas mnan:_dpa' bo'i bro ra byas te brdungs:_bskal pa ji snyed mtha' ru mnan:_oM laM hU~M laM s+t+waM d+ha ya nan:_'byung bzhi ri rab dang bcas pa'i steng du dbang gi pho brang btab par bsam/_zhes mnan dong kha bcad pa la me chu'i rgyas 'debs bya/_mched rnams lag g.yas steng du byas nas bsnol ba'i mthe'u chung rnams lu gu rgyud du sbrel/_su m+b+ha ni lan gcig dang*/_hU~M:_e yi dkyil 'khor chen po ru:_bar du gcod pa'i dam sri'i tshogs:_mnan no klong chen yum lnga'i rgya:_nam yang ldang bar ma gyur cig:_sum+b+ha ni lan gcig dang*/_s+t+wam+b+ha ya nan:_zhes bro brdung*/_gnyis pa sgo byang gdags pa ni/_ra sog gam ras bse sogs su gshin rje gshed dang*/_bdud rtsi 'khyil ba'i sku mngon rtogs bzhin bris pa'i rgyab tu so so'i snying po dang*/_'dod gsol can la phur bu re bcas gshin rje sgo'i phyi ngos dang*/_bdud 'khyil sgo'i nang logs kyi steng du bkod/_mdun tu mchod gtor dmar gyi bshos bu re dang*/_nyer spyod lnga so sor bshams/_thog mar phyi sgo'i mchod gtor/_raM yaM khaM/_stong pa'i ngang las a las b+hany+dza'i snod du mchod pa'i dngos po 'dod yon gyi rnam pa ma tshang pa med pa 'char bas nam mkha' gang ba/_gtor snod b+han+d+ha 'bar bar gtor rdzas oM AHhU~M zhu ba las 'dod yon gyi phung po zad mi shes pa'i longs spyod kyi gter du gyur/_oM AHhU~M/_lan gsum gyis byin gyis rlabs/_las sngags rtas bsang*/_swa b+ha was sbyangs/_stong pa'i ngang las las kyi gshin rje nag po be con dang 'khor lo thogs pa khro bo'i chas ldan ma he nyi zla pad+ma'i gdan la bzhengs pa'i gnas gsum oM AHhU~M gis mtshan pa las 'od 'phros/_rang 'dra'i ye shes pa badz+ra sa mA dzaH_dzaHhU~M baM hoH_oM badz+ra karma ya ma rA dza hU~M/_lan bdun/_ar+g+haM sogs nas/_shab+da'i bar gyi mchod/_kro d+ha ya ma rA dza i daM ba ling+ta kha kha khA hi khA hi/_zhes lan gsum gyis gtor ma phul/_hU~M/_gsang chen lhun grub pho brang nas:_bcom ldan chos rjes bka' bstsal ltar:_bdag cag rig 'dzin sgrub pa pos:_bka' gsang gzhung bzhin 'di bsgrub pas:_'di la gnod cing bar gcod rnams:_sa 'di yan chad ma btang zhig:_phyi 'khor skyong ba'i mu ran la:_rdo rje'i yal gam thub par mdzod:_oM badz+ra ya ma rA dza sa ma ya s+t+waM/_zhes lan gsum bzlas nas me tog 'thor zhing*/_tiSh+Tha badz+ras brtan bzhugs bya/_de nas nang sgo'i mchod gtor gong ltar byin brlab/_las sngags rtas bsang*/_swa b+hA was sbyang*/_stong pa'i ngang las pad nyi'i gdan la bdud rtsi 'khyil ba ljang nag rgya gram dang dgra s+t+wa thogs te bzhengs pa'i gnas gsum oM AHhU~M gis mtshan pa las 'od zer 'phros/_rang 'dra'i ye shes pa badz+ra sa mA dzaH_dzaHhU~M baM hoH_oM badz+ra kro d+ha a mr-i ta kuN+Da lI hU~M:_lan bdun/_ar+g+haM sogs nas/_shab+da'i bar gyis mchod/_badz+ra kro d+ha a mr-i ta kuN+Da lI i daM ba ling+ta kha kha khA hi khA hi:_lan gsum gyis gtor ma phul/_hU~M:_khro bo bdud rtsi 'khyil ba'i sku:_sprul pa'i 'od zer dgra bgegs 'dul:_dngos grub bdud rtsi'i rgya mtshor bskyil:_dam sri thal ba rdul du rlog:_oM badz+ra kro d+ha a mr-i ta kuN+Da lI tshin+d+ha tshin+d+ha tshin+d+ha dam sri mA ra ya phaT:_ces dang*/_tiSh+Tha badz+ras brtan bzhugs bya'o/__/sgo byang gnyis ma 'byor na phyi sgo'i gshin rje kho nas chog go_/gsum pa gsang mtshams bcad pa ni/_slob dpon gzhi'i stegs kyi dbus su khri'u'i khar zhal shar du phyogs pa'i mdun du seng ldeng gi phur bu bcu tsan+dan dmar pos kha bsgyur me tog phreng ba'am dar gyi cod pan bcings pa 'du bya/_dkyil 'khor gyi phyogs dang mtshams bzhir/_shar nub bcas su phur gdan bcu yang bkod de/_rang gi thugs ka nas hU~M yig bcu 'phros phur bu rnams la thim pa yongs su gyur pa las stod khro bo'i gzugs can smad phur bu 'bar ba'i rnam pa can du gyur par bsam la/_hU~M bzhi pa'i sngags 'don bzhin pas thams cad kyi 'dod rgyal gyi rgya dang bcas phyogs bcu'i bgegs rnams bkug pa la/_slob dpon gyi lag g.yas kyi tho ba dang*/_g.yon pa phur bu bzung la/_hU~M:_steng 'og phyogs mtshams 'jig rten kun:_'dod chags rdo rje bla na med:_sku gsung thugs sprul stobs dang ldan:_ta kr-ita khrag 'thung khro rgyal bcu:_'jigs tshul rngams pa'i stangs stabs kyis:_gdug pa'i tshogs rnams brlag par mdzod:_'chi med gsang ba'i dkyil 'khor 'dir:_rang byung khro rgyal chen po bcu:_log 'dren 'byung po mtshams bcad phyir:_khro bcu'i phur pa gdab par bya:_oM badz+ra kI li kI la ya ma hA kro d+ha hU~M ka ra hU~M:_gnod byed 'byung po gardza gardza hU~M phaT:_ces phur gdab kyis stangs kas steng phur shar gyi shar du gdab/_oM badz+ra kI li kI la ya sogs de bzhin sbyar te/_bi dza ya hU~M:_ha na ha na hU~M phaT:_ya mAn+ta ka hU~M:_pa tsa pa tsa hU~M phaT:_h+ya gr-I wa hU~M:_hu lu hu lu hU~M phaTa?:_a mr-i ta kuN+Da lI hU~M:_tshin+d+ha tshin+d+ha hU~M phaT:_ces shar nas phyogs bzhi g.yas bskor dang*/_trai lo kya bi dza ya hU~M:_ban+d+ha ban+d+ha hU~M phaT:_a pa rA dzi ta hU~M:_tiSh+Tha tiSh+Tha hU~M phaT:_Ar+Ya a tsA la hU~M:_b+hin+d+ha b+hin+d+ha hU~M phaT:_nI la daN+Da hU~M:_da ha da ha hU~M phaT:_ces mtshams bzhi byang shar nas g.yon bskor dang*/_ma hA ba la hU~M:_s+pho Ta s+pho Ta hU~M phaT:_ces 'og phur nub kyi nub tu gdab pa dang bcas mthar/_bgegs rnams kyi snying phug nas g.yo 'gul med cing 'od gsal bar bsam zhing*/_phur bu las 'od zer srung ba'i 'khor lor 'khrigs pas phyogs mtshams thams cad khyab par gyur snyam pas las gzhung gi srung 'khor/_hrIH_snang srid ye shes lha yi dal:_snang grags rig pa sku gsung thugs:_gnyis su med pa'i dkyil 'khor te:_kun kyang 'bar ba'i phyag rgyar shar:_bgegs dang bar chad ming yang med:_mi shigs rdo rje 'khor lo dang:_rin chen pad+ma rgya gram gyi:_gur khang 'bar bas phyogs mtshams gtams:_mtshams kyi dkyil 'khor lhun gyis grub:_dz+nyA na badz+ra tsakra rat+na pad+ma khang+ga rak+Sha rak+Sha b+h+rU~M b+h+rU~M b+h+rU~M:_zhes srung 'khor bsgoms la bsrung bya srung byed thams cad gzod nas spros bral du 'od gsal ba de kho na nyid kyi srung 'khor bsgom pa ste/_de dag ni sgrub pa'i gnas kyi sta gon te nub dang po'i bya ba'o/__/gnyis pa rten gyi dkyil 'khor bca' ba la/_dkyil 'khor gyi gzhir chag chag gdab pa ste/_dung phor ram ka pA lar bdud rtsi rnam lnga dang dri bzang gi chu sbyar ba thogs la/_hU~M:_bla med gsang ba mchog gi dkyil 'khor du:_dam rdzas bdud rtsi ye shes lnga ldan pa:_'chi med rgyal ba'i sku gsung thugs bsgrub phyir:_bka' gsang rmad du byung ba'i chag chag 'debs:_oM badz+ra a mr-i ta kuN+Da lI hU~M/_zhes dkyil 'khor gyi gzhi la rdo rje'i khu tshur gyis byang shar nas g.yas bskor du khyem med par byug go_/gsum pa sta gon la/_rang gzhung las/_lha tshogs sta gon snyan gsan dbab:_ces dang*/_las su rung ba'i stegs bu ru:_thig tshon bya ba spyi ltar bya:_zhes gsungs pa ltar las/_bsgrub gzhi lha dang*/_sgrub rdzas bum pa/_slob ma sta gon/_thig tshon gyi bya ba dang bzhi las/_dang po la'ang sbyor dngos gnyis las/_dang po ni/_sa chog song nas zhag gis bcad na mchod gtor gsham pa sogs nyin snga ma ltar nas bdag bskyed lha ldang gi bar sngar bzhin dgos la/_gal te ma bcad na gong gis chog pa sogs 'phrul shes par byas nas/_dkyil 'khor gyi gzhi la dbus su slob dpon gyi dri bzang dang bdud rtsi sbyar ba'i thig le gtso bo la gru bzhi che ba gcig dang*/_phyogs bzhir zlum po re/_de bzhi po so so'i g.yas g.yon du re re ste brgyad dang*/_phyogs kyi rgyab bzhir re re ste de rnams rim par chung du btang ba ste/_gtso bo las byang ltar dang*/_'khor rnams bdag 'jug gi lha dbang so so'i sngags la a b+hi Shiny+tsa dor nas bzla bzhin par bkod de/_las rdor gyis de rnams kyis khar 'bru'i tshom bu yang de bzhin du bkod/_yang lha dang bum pa sta gon gnyis mthar chags su mdzad tshe 'og tu bum pa sta gon gyi skabs su bshad pa'i gtso las kyi bum pa'ang skabs 'dir 'du 'god mdzad pa phyag bzhes tshad ldan du snang*/_spro na lha grangs dang mnyam pa'i spos/_mar me/_zhal zas kyang mthong rgyun bzhin dang*/_gang ltar mthar mtshams 'dzin nas brtsams te chu gnyis nyer spyod bskor bsham bya/_gnyis pa dngos gzhi la/_rang gi thugs ka'i 'od zer gyis bskul bar bsam la/_hrIH_nub phyogs bde chen dbang gi zhing:_pad+ma sgyu 'phrul drwa ba yi:_zhes sogs nas/_sa ma ya s+t+wa~M:_zhes pa'i bar spyan 'dren gyi tshig gis bskul te/_gdod nas grub pa'i bcom ldan 'das 'chi med tshe dang ye shes dpag tu med pa'i dkyil 'khor gyi 'khor lo thams cad dkyil 'khor gyi gzhi'i steng gi nam mkha' la bzhugs par bsam zhing*/_mchod bstod rgyas pa las byang gi dkyus bzhin byas nas/_skabs su dbang bskur dang ma 'brel bas na snyan gsan 'dir dbab par bya ste/_pus g.yas gtsugs kyi spos dang bcas pa'i rdor dril 'dzin bzhin pas/_oM:_mgon po kun gzigs thams cad mkhyen:_dkyil 'khor lha rnams dgongs su gsol:_bdag gi gnas 'dir ye shes lha'i:_pho brang chen po bzhengs 'tshal na:_bdag cag rdo rje'i rig pa 'dzin:_yang dag mchog gi lam 'dod kyis:_brtse ba chen pos dgongs nas kyang:_sa yi gnas 'dir dkyil 'khor bzhengs:_bsnyen sgrub gzhung bzhin bgyid lags kyis:_dgyes pa'i gar gyis gnang ba dang:_dngos grub skal ba bzang po stsol:_zhes lan gsum gyis snyan gsan phabs/_slar yang*/_hrIH_dag pa'i zhing khams rab 'byams nas:_sogs kyis mchod nas/_se gol dang bcas/_badz+ra muHsa rang bzhin gyi gnas su gshegs su gsol bar bsam pa ste lha dang bum pa so sor phral nas bsgrub pa'i tshe tshom bu bsdu'o/__/gnyis pa sgrub rdzas yo byad bum pa sta gon la/_sbyor dngos gnyis las/_dang po ni/_mtshan nyid dang ldan pa'i bum pa gnyis gtsang zhing dag par byas la chas su bcug_/so lnga'i rdzas dang tshe'i bcud kyis bkang ba 'du byas la/_drag sngags bzla zhing gu gul gyis bdug yungs kar gyis brabs nas rang gi mdun du bzhag par gsungs kyang*/_gong bshad ltar lha bum gnyis mthar chags su mdzad tshe/_phyag len du lha sta gon gyi skabs su gtso bum 'phrul stegs la dbus su 'god pa dang*/_las bum de'i byang shar mtshams su de bzhin du bkod/_mthar mtshams 'dzin nas brtsams te chu gnyis nyer spyod bskor bsham bya/_gnyis pa dngos gzhi la/_gtso las kyi bum pa las sngags kyis bsangs/_swa b+hA was sbyangs la/_stong pa'i ngang las pad zla'i steng:_b+h+rU~M las rin chen bum pa che:_mtshan nyid rdzogs pa'i gzhal yas khang:_bdud rtsi'i rgya mtsho yangs pa'i dbus:_pad+ma sdong po 'dab rgyas steng:_hrIHlas bcom ldan tshe dpag med:_dmar gsal mtshan dpe'i gzi byin 'bar:_zhes pa nas/_bsam yas bkod pa 'phro zhing 'du:_zhes pa'i bar las byang bzhin dang*/_las bum nang du pad nyi'i steng:_pad+ma rta mgrin sku mdog dmar:_phyag gnyis pad+ma dril bu 'dzin:_dur khrod chas rdzogs dor stabs bzhugs:_de ltar lha tshogs thams cad kyi:_gnas gsum oM AHhU~M gi 'brus:_sku gsung thugs su byin rlabs bsdus:_spyi bor gnas lngar sa bon lnga:_yongs gyur rigs lnga'i cho 'phrul gyi:_byang chub sems kyi bdud rtsi yis:_dbang bskur rigs kyi 'khor los bsgyur:_snang mtha' yas pas rgyas btab ste:_dkyil 'khor chen por rdzogs par gyur:_badz+ra dz+nyA na kA ya oM/_badz+ra dz+nyA na wAka AH_badz+ra dz+nyA na tsit+ta hU~M/_hrIHhU~M trA~M oM aH_a b+hi Shiny+tsa mi/_zhes dang*/_las byang bzhin ye shes pa spyan 'dren/_bzhugs gsol phyag mchod bstod pa'i bar rgyas par btang zhing*/_gzungs thag gtso bum la gtad de/_rang gi thugs nas sngags kyi phreng:_rdo rje'i gzungs thag la brgyud de:_bum lha'i thugs dam brgyud bskul bas:_bde stong rol pa'i 'od zer sprin:_mkha' khyab kun tu snang ba yis:_'phags mchod 'gro ba'i don kun bsgrubs:_tshur 'dus thugs kyi dpal ber 'khyil:_sku dang sngags las bdud rtsi'i rgyun:_dpag med byung nas bum pa'i bcud:_dngos grub kun gyi snying por gyur:_zhes bsnyen sgrub las gsum gyi sngags ci nus bzla/_las bum la dmigs te/_oM hrIHpad+mAn+ta kr-ita sarba big+h+nAk+Na ha na ha na hU~M phaTaH_ces brgya rtsa sogs bzla/_oM AHhU~M/_zhes dung zhal gyi chu mchod yon du phul bas/_lha tshogs bde ba chen po'i ngo bor 'od du zhu ba bum pa'i chu dang ro gcig tu gyur par bsam la gtsang ba'i stegs gang bder bzhag go_/gsum pa slob ma sta gon ni/_sgrub dbang dgos pa yod na skabs 'dir bya zhing*/_sgrub chen dkyus la dgos pa dben no/__/bzhi pa thig tshon gyi bya ba la'ang gsum las/_dang po go ma ye gtong ba ni/_hU~M:_rdo rje tshe yi dkyil 'khor 'dir:_rang byung bdud rtsi rnam pa lnga:_ye shes dngos grub mchog grub phyir:_khyab brdal chen por chag chag 'debs:_oM sarba pany+tsa a mr-i ta ma d+ha la b+h+rU~M swA hA/_zhes 'jam rol dang bcas pa'i dkyil 'khor gyi gzhi la dri bzang dang*/_bdud rtsi lnga dang sbyar ba'i chu rdo rje'i khu tshur gyis gtor ba byang shar nas g.yas skor du khyem med par byugs pa'o/__/gnyis pa thig dngos la ye thig dang*/_las thig gnyis las/_dang po ni/_thig skud sgril ma tshar na kha dog sna lnga tshom dang*/_tshar na dbus su bzhag kyang rung*/_bdag dang thig g.yog lha yab yum du gsal la/_thig skud las sngags rtas bsangs/_swa b+hA was sbyang*/_stong pa'i ngang las oM hU~M trA~M hrIHaH_mU~M lA~M mA~M pA~M tA~M las thig skud rnams de bzhin gshegs pa tshe lha rigs lnga yab yum gyi ngo bor gnas gyur pa bdag nyid kyi sku la zhugs byang chub kyi sems su zhu ba thig skud dang ro gcig pa yum gyi mkha' la spros par bsam zhing*/_dzaHdzaHdzaH_zhes rlung phyir 'gro bas thig sna slob ma'i lag tu gtad de/_des kyang de brjod cing rlung nang du 'dren pas drangs la gcig tu dril nas/_e ma ho bde chen tshe yi yum:_byang sems rdo rje'i thig 'debs kyi:_stong gsum 'jig rten zhing khams kun:_rang byung dkyil 'khor chen por grub:_zhes tshe lha rigs lnga yab yum snyoms par zhugs pa'i byang chub sems sprin yum gyi mkhar skar mda' ltar sbreng bas rgyal ba'i dkyil 'khor rang byung bar bsam la/_gong gi sngags brjod bzhin du thog mar nam mkha' la ye shes kyi thig gdab par bya ste/_dang po slob dpon nub tu bzhugs/_/slob ma shar du gnas pa yis/_/tshangs thig dang po mkha' la gdab/_/de bzhin slob dpon lho dang ni/_/slob ma byang du gnyis pa gdab/_/slob dpon me yi mtshams su 'dug_/slob ma dbang ldan gnas pa yis/_/shar gyi logs thig gdab par byar/_/slob dpon rlung dang slob ma ni/_/srin por 'dug pas nub phyogs gdab/_/slob dpon de nyid slob ma ni/_/byang shar 'dug pas byang phyogs gdab/_/slob dpon me dang slob ma ni/_/srin por 'dug pas lho phyogs gdab/_/slob dpon de nyid slob ma ni/_/rlung gnas zur thig dang po gdab/_/slob dpon srin po slob ma ni/_/byang shar 'dug pas gnyis pa ste/_/kun la g.yas skor khyad par du/_/tshangs logs rgyab 'gros tshul gyis gdab/_/slob dpon dbang ldan slob ma ni/_/me lha spang bya nyid du gsungs/_/de yi tshe dkyil 'khor gyi steng gi nam mkha' la rang bzhin gyi dkyil 'khor bkra gsal bar bsam zhing*/_sngags ni/_b+h+rU~M dz+nyA na ma d+ha la hU~M b+h+rU~M/_zhes kho na brjod bzhin du rdo rje dang bcas pa'i lag gis gnam thig gi thig sne slob dpon gyi lte ba dang*/_slob mas snying gar bzung nas mthong rgyun bzhin rdo rje dang bcas pa'i mthe bong dang gung mos thig skud 'og nas gyen du bcus te se gol gyis ma 'khrul bar gdab par bya'o/__/thig las zin pa dang*/_oM badz+ra muH_zhes ye thig gi ye shes pa gshegs so/__/gnyis pa las thig ni/_thig skud gzhan yod na dang*/_med tshe ye thig gi skud pas kyang gdab tu rung ste/_de yang*/_dang po shar nub tshangs thig gdab/_dbus su zlum skor mtshan ma bya/_/de nas g.yas g.yon bya rjes la/_/tshangs thig gnyis pa gdab par bya/_/de nas mtshams bzhir mtshan ma la/_/zur thig bzhi po gdab par bya/_/de la thig chen brgyad de grags/_/mda' thig che chung gang byed kyang*/_/dbus nas tshad de mtshams bzhir btab/_/de nas phyogs bzhir mda' thig btab/_/dbus nas mda' thig bar dag tu/_/zur thig bzhi la shog tshad bya/_/shog tshad sum char bgos byas nas/_/sum gnyis nang du dor ba la/_/sum gcig steng la khyams thig btab/_/de yang dum bu brgyad bgos nas/_/dum bu bzhi la cha chen zer/_/de nas cha phran brtsi lugs ni/_/khyams nas mda' thig bar gyi sa/_/rtsig par cha gcig 'dod snam la/_/cha gnyis pha gur cha gcig nas/_/drwa phyed cha gnyis shar bu dang*/_/mda' yab bcas la cha re'o/__/rta bab snam bu brgyad pa'am/_/bcu gcig bzhi pa gang rigs la/_/so sor cha phran re re'o/__/pad+mar cha gcig 'khor lo la/_/cha gnyis gdugs la cha gcig yin/_/de nas sgo thig gdab lugs ni/_/sgo la cha phran gnyis yin te/_/khyud 'gram logs mun ka ba dang*/_/ka rgyan bcas la cha phran re/_/de phyir cha phran gcig btab bo/__/glang rgyab mig gsum bskor tshul ni/_/snam bu gsum pa'i phyi thig dang*/_/tshangs thig 'dzoms sa nas bzung ste/_/cha phran gnyis kyi dbus ma bskor/_/mda' g.yab sgo thig 'dzom sa nas/_/cha phran gnyis re'i g.yas g.yon bskor/_/cha gcig rkyang pas de bzhin bskor/_/sna tshogs rdo rwa bskor tshul ni/_/snam bu gsum pa'i phyi thig dang*/_/sgo thig 'dzom sa nas bzung ste/_/ka rgyan rtse nas g.yas g.yon bskor/_/de nas phrad gnyis phyi ru gcig_/sngar gyi tshad kyi g.yas g.yon bskor/_/phyi dkyil mu khyud bskor tshul ni/_/snam bu dang po'i phyi rtse nas/_/cha phran gsum gyis pad+ma bskor/_/rdo rwa cha gcig me ri la/_/cha chen gcig gis bskor bar bya/_/de nas rta bab brtsi lugs ni/_/rta rkang ka rgyan mtha' dang mnyam/_/chu skyes dang ni sgrom bu gnyis/_/de las cha phran gcig gis ring*/_/zar tshag de las gnyis kyis thung*/_/sna 'phyang de las gcig gis ring*/_/chun 'phyang de las gnyis kyis thung*/_/shar bu de las gcig gis ring*/_/de steng khyung mgo gcig 'phyar ro/__/lte ba'i lha gnas bskor tshul ni/_/rtsa thig nang nas cha chen re/_/dor ba gru chad nyid du 'gyur/_/rtsa thig nang gi mu khyud nas/_/lte ba'i bar du phyed mnyam bskor/_/nang ma'i nang mthar cha phran gcig_/bskor bas lte ba mu khyud dang*/_/pad 'dab bcu gnyis mu khyud do/__/zhes pa ltar ma 'khrul bar gdab bo/__/gsum pa tshon gyi las ni/_de yang tshon sna lnga la 'bru lnga bris pa thig gi steng du lnga tshoms su bzhag la/_las sngags rtas bsangs/_swa b+hA was sbyangs la/_stong pa'i ngang las oM hU~M trA~M hrIHaHlas tshon sna lnga 'chi med tshe lha rigs lnga'i ngo bor gnas gyur pa bdag nyid kyi sku las byang chub sems su zhu ba rdul tshon dang ro gcig tu gyur par bsam zhing*/_hU~M:_rang byung dpa' bo 'bru lnga las:_byang chub sems kyi rdul tshon 'bar:_ye shes lnga yi 'od zer 'phro:_rgyal ba'i dkyil 'khor 'bri bar bya:_zhes brjod de/_thog mar dbang ldan nas nang dmar dkar ser sngo ljang ba'i re khA lnga sgo tshad tsam du slob dpon gyis bris te thod pas bkab/_de'i khar rdo rje la ye thig gis dkris pa 'jog par gsungs kyang*/_bcas mi bde bar phyag len du mdzad pa nyung bas skabs dang bstun no/__/de nas tshon ji ltar dbye ba'i tshul ni/_lte ba dmar la mu khyud ljang*/_/pad 'dab bcu gnyis mdzes tshon la/_/mu khyud mthing kha nyid du mtshon/_/gru chad sgo khyams phyogs mdog la/_/rtsig pa nang nas rim pa bzhin/_/dmar dkar ser mthing ljang gur bya/_/'dod snam dmar la pha gu ser/_/drwa ba'i gzhi nag drwa ba dkar/_/shar bu'i gzhi sngo shar bu dkar/_/mda' g.yab dkar po pad+ma'i ris/_/mun pa pa ti glang rgyab nag_/ka ba phyogs mdog rgyan mdzes tshon/_/zar tshag dkar la gzhi ma nag_/sna 'phyang ser po pha gu 'dra/_/sgril 'phyang dkar la gzhi ma nag_/shar bu dkar la gzhi ma sngo/__/rgya phub khyung mgo mthing kha 'o/__/pad+ma dmar la 'khor lo dang*/_/ri dwags gser mdog gdugs dkar po/_/sna tshogs rdo rje phyogs kyi mdog_/pad 'dab so gnyis mdangs mdzes tshon/_/rdo rwa gzhi nag rdor phreng ser/_/me ri sna tshogs chos 'khor ro/__/lha gnas rnams su mtshan ma ni/_/sku gzugs yig 'bru phyag mtshan nam/_/ma grub gtso bo rang rang gi_/sku mdog dang mtshungs tshon spungs bya/_/tshon rtsi mi mthug mi srab cing*/_/ma 'dres chad dang yo ba sogs/_/nyes pa'i skyon kun rab spangs te/_/sgrin po'i blo yis legs par bri/_/zhes pa'i don bzhin yid dbang 'phrog nus par dgye bar bya'o/__/de nas tshon gyi bya ba rdzogs pa na/_/tshon lha ye shes pa rnams/_badz+ra muHsa gshegs gsol bya'o/__/yang rdul tshon gyi thig tshon mi 'grub tshe go ma ye btang nas sngar bris zin pa'i ras bris nyid la brten pas kyang rung bar gsungs so/__/bzhi pa rgyan bkod ni/_rang gzhung las/_gnas khang bkod pa'i brgyan pa ru:_gtsang sbra dang bcas mchod pa'i tshogs:_zhes gsungs pa ltar/_sngon du sgrub khang phyag dar sogs gtsang zhing yid du 'ong bar byas la/_spros pa dang bcas pa'i tshe na rang gzhung tshe yi rgyud le'u drug par gsungs pa bzhin du bsgrub pa'i sku rten bris sku mtshan nyid dang ldan pa/_gsung rten tshe yi 'khor lo/_thugs rten sAts+tsha sogs 'byor na bshams/_lhag par bdud rtsi'i bcud len ril bu yang rgyud gzhung las ji ltar gsung ba'i rdzas rnams ma tshang ba med par byas te/_lag len sla bcos su ma song bar 'du byas nas sbyang khrus legs par bgyis la b+han+d+ha'i nang du dar sna lnga ga 'am/_dmar por dril nas dal gyi dbus su many+dzi'i khri'ur 'god par chas su bcug_/gal te ma grub kyang chad pa'i skyon du mi 'gyur ro/__/gang ltar yang sngar lhag gnas kyi skabs su 'du byas pa'i gtso las kyi bum pa dang*/_snying po lnga tshogs kyi rgyu las bskrun pa'i tshe yi 'brang rgyas shis pa'i rgyan spros kyis mdzes pa/_'chi med tshe'i ril bu 'khor 'das kyi tshe rdzas btab pa/_bdud rtsi a mr-i ta la mngar gsum sbyar ba/_tshe mda' rgod sgro mde'u lcags can dang dar kha dzar ma nyams pa'i tshon sna lnga ldan/_me long bla g.yu bye ru mu tig spos shel mu men rnams btags pa dang*/_gzhan yang nye bar mkho ba spyi dang*/_bye brag sgrub rten sogs ma tshang ba med pa thams cad tshogs par byas nas/_rgyan bkod dngos la/_brgyud 'debs nas bzung bdag gi rnal 'byor bzlas pa'i bsdu ldang gi bar sa chog ltar rgyas bsdus skabs bstun bya/_slar rtsa sngags kyi dzapa dbyangs bya ba'i tshe rdo rje slob dpon gyis rdo rje dang bcas pa'i spos kyi reng bu 'dzin/_dril bu gsil bzhin pa'i sna drangs/_'og tu gsal ba'i dkyil 'khor du 'god rgyu'i mchod rdzas tshig rim bzhin du sgrub grogs gzhan gyis thogs la/_ser sbreng gi bkod pa dang bcas rdul tshon gyi dkyil 'khor la g.yas su lan gsum bskor te mdun du 'khod pa'i dbyangs dang bcas/_hrIH_ye shes b+han+d+ha tshe yi gzhal yas khang:_rab 'byams dkyil 'khor tshe yi lha tshogs bzhugs:_sku dang gsung dang thugs su dbyer med cing:_dngos grub rnam gnyis stsol phyir bzhugs su gsol:_oM hU~M trA~M hrIHaH_mU~M lA~M mA~M pA~M tA~M a mA ra Ni dzI wan+ti ye swA hA:_A yur+dz+nyA na puSh+TiM ku ru oM:_zhes sku gsung thugs kyi tshe rten dang tshe bum rnams dkyil 'khor gyi dbus dang*/_gtso las kyi bum pa smin gling phyag bzhes bdag 'jug sogs kyi skabs 'jug pa bde phyir slob dpon gyi mdun du dgod srol sogs ji ltar rigs pa bkod/_de bzhin g.yas su tshe ril/_g.yon du tshe chang*/_rgyab tu tshe mda' rnams bkod do/__/de nas/_hU~M:_shes rab ral gris nyon mongs drwa ba gcod:_ye shes mda' yis ma rig dug gsum 'bigs:_phrin las phur pas bar chad bdud dpung 'dul:_dkyil 'khor chen po'i rgyan du bzhugs su gsol:_sa ma ya tiSh+Tha lhan:_zhes dkyil 'khor gyi phyogs bzhir ral gri bzhi/_zur bzhir mda' dar tshon dang bcas pa bzhi/_sgo bzhir phur bu bzhi rnams bkod do/_hU~M:_byams pa'i gdugs mchog 'khor ba'i tsha gdung skyobs:_chos kyi rgyal mtshan bar chad bdud las rgyal:_shes rab 'phan dar byang chub chos rnams rdzogs:_rgyal ba'i dkyil 'khor mdzes pa'i rgyan du 'bul:_badz+ra s+pha ra Na phaT:_zhes gdugs sngon du dbub pa'i phyag len du snang*/_zur bzhir 'phan bzhi rnams rim par bkod/_ar+g+haM me tog bdug spos mar me dang:_dri chab zhal zas rol mo la sogs pa:_dngos 'byor yid sprul kun bzang mchod pa rnams:_dkyil 'khor lha tshogs mchod phyir 'bul bar bgyi:_sarba pU dza sa ma ya hU~M/_zhes dbang ldan nas brtsams te chu gnyis nyer spyod lngas g.yas bskor dang*/_dkyil 'khor gyi mdun rgyab gang bder rtsa ba'i mchod gtor rgyan spros can/_de'i g.yas su chos skyong pho rgyud spyi'i spungs gtor/_gter bdag sgos srung*/_chad mdo/_sman thod/_g.yon du chos skyong mo rgyud spyi'i spungs gtor/_gzhi bdag spyi gtor/_brtan ma/_rak+ta rnams dang*/_mdun du kha gso'i nyer spyod sogs dang*/_dkyil 'khor gyi 'og gi byang phyogs su lcags hom nang nyul le'i ling ga sogs dang*/_las phur/_thun snod sogs kyang bkod/_slob dpon gyi mdun du g.yon nas brtsams te nang mchod/_rdor dril/_DA ma ru/_me tog gi snod/_g.yab dar rnams dang*/_gzhan yang rnga sil sogs rol mo'i bye brag_/nyin re bzhin 'bul rgyu'i tshogs dang*/_gtor ma'i yo byad sogs dgos pa'i yo byad rnams ma tshang ba med pa bsham mo/__/mchod rdzas spyi khyab tu rtsa ba'i las gzhung ltar/_oM AHhU~M:_snod bcud phun tshogs bde chen zhing:_rang snang kun bzang mchod pa'i sprin:_zag med nam mkha' gang ba'i tshogs:_ye shes chen po'i rol par shar:_oM badz+ra ar+g+haM nas _shab+da'i bar/_sarba sa ma ya pU dza dz+nyA na AHhU~M:_oM sarba pany+tsa a mr-i ta AHhU~M:_oM ma hA rak+ta AHhU~M:_oM ma hA ba liM ta AHhU~M:_zhes mchod rdzas rnams byin gyis brlab par bya'o/__/lnga pa mnga' gsol zhing gnas su 'god pa ni/_rgyal tshab bam rgyal thebs kyis spro na gtso bos 'dus pa'i gral gsham nas 'brel chags kyi gtong thun sngon 'gros dbyangs bor len dang thod chang mar bzed can tshig bstun so sor drang bar mnga' gsol ni/_hU~M:_sangs rgyas gdung 'tshob rdo rje rgyal po nyid:_sku gsung thugs dang yon tan phrin las rdzogs:_dug lnga rtsad gcod dngos grub kun 'byung gnas:_stan pa'i sgron me mnga' gsol dgyes par bzhugs:_zhes dang*/_rgyal tshab la/_hU~M:_bla ma'i gdung 'tshob sku gsung thugs kyi sras:_dam chos char 'bebs tshe dang dngos grub spel:_dbang bskur phrin las rnam bzhi mthar phyin pa:_rgyal tshab ston pa mnga' gsol dgyes par bzhugs:_yum la/_gnyis med bde bskyed mtshan nyid rab tu bzang:_kun bzang yum du mnga' gsol dgyes par bzhugs:_rdo rje las pa la/_phrin las gzhung bsrang bsnyen sgrub mthar phyin mdzad:_rdo rje karma mnga' gsol dgyes par bzhugs:_ging la/_bar gcod bgegs bsgral gzugs phung lha la stob:_rdo rje ging mchog mnga' gsol dgyes par bzhugs:_mtshams par/_phyi nang mtshams gcod bar chad thams cad srung:_rdo rje mtshams par mnga' gsol dgyes par bzhugs:_spyan par/_dngos grub bgegs gnyis dus dang drod tshad mkhyen:_rdo rje spyan par mnga' gsol dgyes par bzhugs:_dus mtshams par/_phrin las skabs sbyar dus 'dzin nam tshod mkhan:_rdo rje dus mtshams mnga' gsol dgyes par bzhugs:_phyag tshang par/_phud gtsang g.yos mkhas phyi nang bya byed mkhas:_rdo rje phyag tshang mnga' gsol dgyes par bzhugs:_byan por/_g.yo mkhan chad lhag med cing gtsang sbra ldan:_rdo rje byan por mnga' gsol dgyes par bzhugs:_mched lcam gzhan rnams la/_gsal dag dzapa mkhas dad ldan brtson par bzhugs:_gser phreng mched lcam mnga' gsol dgyes par bzhugs:_rdul phyag la/_kun gyi bka' sgrub phyi yi nyul le skrod:_rdul phyag skyes bu mnga' gsol dgyes par bzhugs:_zhes so sor mnga' gsol zhing rang gral du 'khod pa las nam yang ma 'phyugs par bya/_drug pa brda sgo dbye ba ni/_hU~M:_snang srid 'khor 'das gdod ma nas:_rnam dag lhun grub rgyal ba'i zhing:_ma rtogs gnyis 'dzin sgrib g.yogs sgo:_rang rig brda yis dbye bar bya:_b+h+rU~M pra be sha ya phaT:_ces sgrib bsal/_rang snang dkyil 'khor gyi lha dang mjal ba la/_hrIH_bde chen 'od 'bar chos kyi sku:_longs spyod yongs rdzogs 'chi med lha:_dkyil 'khor rgya mtsho'i tshogs bcas la:_mi phyed gus pas brda phyag 'tshal:_na mo pu ru sha ya hoH_lha bdag gnyis med mi phyed pa'i lta ba'i klong phyag 'tshal/_bdun pa bsre bsnan bya ba ni/_skabs 'dir dbang ma thob pa'i mched gsar bu rnams dkyil 'khor byang shar logs su phye/_slob dpon gyi mdun du rdor dril/_bdud rtsi yungs thun sogs bkod nas/_bdud rtsi/_oM AHhU~M ha ho hrIHsa byin gyis brlabs te/_hrIH_dug lnga'i nad sel sman gyi mchog:_rtsa ba brgyad la yan lag stong:_rigs lnga rgyal ba sgrub pa'i rdzas:_dam tshig longs spyod chen por 'bul:_ma hA a mr-i ta khA hi:_brgyud pa'i mtshan don sbyar/_sman mchod khA hi bcas rgyas par phul/_slob dpon gyis/_bdag nyid dpal rta mchog 'bar bar gsal ba'i thugs ka nas ya las lcags kyi sdig pa mgo dgu rwa bco brgyad pa spros/_de las ye shes kyi me 'bar bas slob bu'i sdig sgrib thams cad bsregs par gyur/_oM AHhU~M badz+ra yak+Sha kro d+ha ha na ha na hU~M phaT:_ces bzla zhing yungs thun gyis brab/_hrIH_nga ni dbang chen he ru ka:_'khor 'das yongs kyi rje btsan te:_tshe bdud log 'dren bar chad bdud:_sngon gyi bag chags ngan pa yis:_gsang spyod lta ba'i skabs med phyir:_gnas 'di ma 'dug gzhan du song:_gal te mi nyan 'tshe byed na:_dbang gi rgyal po'i ting nge 'dzin:_'bar ba'i brtul zhugs rol pa yi:_cho 'phrul bsam gyis mi khyab pas:_brlag par 'gyur gyis phyir dengs shig:_bka' bsgo brjod la drags sngags yungs thun gu gul dud pa rol mo tshams rngams dang bcas pas bgegs bskrad/_gsar bu rnams rgyud sbyangs phyir las byang ltar skyabs sems tshogs bsags sam/_bsdu na/_rdo rje slob dpon sangs rgyas sogs rjes zlos byar gzhug_snying gar ye shes sems dpa' tshon gang ba re yod par bsgoms la byin brlabs pa'i bdud rtsi lce thog tu lan gsum bzhag nas/_hU~M:_ji snyed sangs rgyas thams cad dang:_byang chub sems dang rdo rje 'dzin:_de bzhin sgrub pa'i rnal 'byor pa:_de dag la ni snying ring nas:_rdo rje yak+Sha gnod sbyin gyis:_khyod kyi snying la zhugs te 'thung:_snying la yang dag gnas pa'o:_'di ni sems can dmyal ba'i chu:_dam tshig nyams na bsreg par byed:_dam tshig srung na dngos grub ni:_rdo rje bdud rtsi'i chu 'dis 'grub:_ces byin pas/_slob mas kyang*/_i dan+te na ra kan sa ma ya yak+Sha hU~M:_zhes myong ba snying ga'i ye shes sems dpa' la thim nas dbyer med du gyur par bsam mo/__/thams cad kyi lag thal sbyar gyi bar me tog bzung la/_hrIH_rnam dag lta spyod bla ma'i bka':_rgyud las mi 'gal dam tshig mchog:_'di nas kun mkhyen ma thob bar:_srog phyir mi gtong dngos grub stsol:_sarba ta thA ga ta kA ya wAka tsit+ta sid+d+hI hU~M AH_zhes me tog 'thor/_mched gsar rnying gnyis kar bdud rtsi g.yas bskor g.yon bskor bsnol mar drang*/_mched gsar rnying gral bsres te rang gral du 'khod du bcug la/_slob dpon gyis/_deng phyin chad mched gsar rnying thams cad skal pa mnyam zhing dam tshig gcig tu 'dus pa yin pas dam tshig gzhung bzhin du bsrung bar gyis shig_/ces bsgo zhing*/_slob dpon gyis/_hU~M:_rdo rje 'du 'bral med pa'i gzungs thag la:_dam tshig srog gis bsdus pa'i mched dang lcam:_sku gsung thugs kyi dngos grub thob bya'i phyir:_thams cad dkyil 'khor gcig tu 'grub par shog:_ces smon lam gdab bo/__/brgyad pa skos gdab pa ni/_thams cad lha'i nga rgyal dang ldan pas/_oM ma hA badz+ra hU~M:_zhes rdo rje thugs kar gsor/_oM badz+ra gaN+De hU~M:_zhes dril bu dkrol zhing dkur bsten/_oM sarba ta thA ga ta ma hA a nu rA ga Na badz+ra swa b+hA wa at+ma ko\u0f85 haMH_zhes thugs kar 'khyud rgya byas la dril bu dkrol bas rol chen brgya brdung sogs rol mo cher bsgrag cing*/_hU~M:_spros med rtog bral mkha' dbyings dag pa nas:_skye med rdo rje'i sku gsung thugs mnga' ba:_'gro don rang byung bcom ldan tshe yi lha:_dkyil 'khor lha tshogs yab yum sprul 'khor bcas:_stong nyid dbyings nas thugs dam rgyud bskul gyi:_sprul pa dbyings nas rol zhing gshegs su gsol:_ces dang*/_rtsa sngags mthar/_sa ma ya tiSh+Tha lhan:_zhes btags pa brjod pas lha rnams dkyil 'khor du rang rang gi gnas su bzhugs par bsam mo/__/dgu pa byin dbab pa ni/_rang lhar gsal ba'i thugs ka nas 'od zer 'phros pas bla ma rtsa gsum tshe yi lha tshogs rnams kyi thugs rgyud bskul/_thams cad sprin gtibs pa bzhin byon nas byin rlabs dbang bskur dngos grub stsol zhing phrin las bsgrub par mos la/_gral nas dkyil 'khor la phyogs par bzhengs/_zhwa gos sogs gzi byin bskyed/_g.yab dar spos rol bcas/_hU~M hrIH_'og min chos dbyings bde chen brdal ba che:_lhun grub rol pa bcom ldan snang mtha' yas:_rig stong ye shes chos sku'i lha tshogs kyis:_gnyis med mnyam pa chen por byin phob cig:_kha sbyor longs spyod rdzogs pa'i zhing khams nas/_gsung gi rdo rje 'chi med tshe yi lha:_rang snang khyab brdal longs sku'i lha tshogs kyis:_snang srid dkyil 'khor rdzogs pa'i byin phob cig:_snod bcud dag pa'i 'khor lo'i pho brang nas:_'gro 'dul sgyu 'phrul drwa ba'i dkyil 'khor lha:_ting 'dzin sgyu mar rol pa'i cho 'phrul gyis:_sku gsung thugs kyi ye shes byin phob cig:_byin chen byin phob sku gsung thugs dbang bskur:_dbang chen dbang bskur gnyis med byin gyis rlobs:_snod bcud bde chen zhing gi rang bzhin dang:_sgrub rdzas ye shes rol mor 'char bar mdzod:_oM badz+ra ma hA A yur maN+Dal dz+nyA na a be sha ya a a:_hrIM hrIM:_phaiM phaiM:_hU~M hU~M hU~M:_zhes byin dbab/_dkyil 'khor la bskor ba lan gsum byas te gnas dang sgrub pa po dkyil 'khor yo byad dang bcas pa la byin dbab pas sku gsung thugs ye shes chen po'i rol par gyur par bsams la rang gral du 'khod/_dzapa dbyangs lan gsum dang*/_bdag bskyed bsdu ldang bsngo smon rgyun spyod la 'jug go_/gnyis pa lha dang dbyer med du bsgrub pa'i rim pa la gsum/_phrin las kyi gzhung bsrang ba/_sgrub pa'i bar chad bsal ba/_rtags tshad gtan la 'bebs pa'o/__/dang po la/_sgrub pa po rnams khrus byas dris byug cing*/_rgyan dang chas gos gtsang zhing legs par brgyan/_dang ba'i yid kyis kun slong legs par bcos nas mnyam par bzhag la/_tshig bdun gsol 'debs dang*/_rje gter chen gyi rnam thar dang*/_'khrungs rabs gsol 'debs gang mos sam res mos dang bcas/_brgyud 'debs sogs sngon du btang*/_de nas sngon gtor dang*/_rgyud sbyang ba/_bgegs skrod/_mtshams gcod sogs las byang gi dkyus bzhin dang*/_byin 'bebs kyi mthar/_oM a mA ra Ni dzI wan+ti ye swA hA:_A yur+dz+nyA na puSh+TiM ku ru oM:_a we sha ya a a:_dzaHhU~M ba~M hoH_zhes btags pa mang du bzla zhing spos dang rol mo'i sgras bskul/_de bzhin du/_oM hU~M trA~M hrIHaH_mU~M lA~M mA~M pA~M tA~M:_oM a mA ra Ni dzI wan+ti ye swA hA:_A yur+dz+nyA na puSh+TiM ku ru oM/_a we sha ya a a:_dzaHhU~M ba~M hoH_bzlas nas spos rol bya/_yang*/_oM a mA ra Ni dzI wan+ti ye swA hA:_dzaHshan+tiM ku ru hU~M:_a we sha ya a a:_dzaHhU~M ba~M hoH_sngar bzhin dang*/_oM a mA ra Ni dzI wan+ti ye swA hA:_hU~M puSh+TiM ku ru oM:_a we sha ya a a:_dzaHhU~M ba~M hoH_oM a mA ra Ni dzI wan+ti ye swA hA:_ba~M wa sha~M ku ru hoH_a we sha ya a a:_dzaHhU~M ba~M hoH_oM a mA ra Ni dzI wan+ti ye swA hA:_ho mA ra ya phaT:_a we sha ya a a:_dzaHhU~M ba~M hoH_btags pa rnams so sor spos rol re re bya ba ni nyin snga ma kho na ma gtogs mi dgos te nyin phyi ma rnams la ni las byang gi dkyus bzhin bya ba nyid de/_des ye shes kyi dkyil 'khor gzugs brnyan gyi dkyil 'khor la dbyer med du thim par bsam nas mchod rdzas byin gyis brlab pa rnams so/__/dngos gzhi dkyil 'khor bskyed pa na/_bsgrub gzhi bdag gi sgo gsum bsgrub bya dkyil 'khor ba'i rdo rje gsum du ye nas dbyer med pa'i rang bzhin mnyam pa nyid/_dkyil 'khor gyi 'khor lor rdzogs par mtshon byar byas nas/_mtshon byed rdul tshon gyi dkyil 'khor du snang ba ste/_bdag mdun dam tshig gi dkyil 'khor gcig gis bsdus pa ni/_gzugs brnyan gyi brdas mtshon pa'i gzung ba'i rnam pa de nyid las 'dzin rnam sems rtse gcig tu zhugs pa ni 'dod chags chen po ste rnam rtog gzhan gyis mi g.yeng bar byas nas/_'di ltar 'khor 'das snod bcud thams cad dag pa rab 'byams rten dang brten par bcas pa'i dkyil 'khor gyi 'khor lor bsgom pa ni bsam yas te/_ting nge 'dzin dang ldan pa'i don yin la/_gnas skabs rgyu 'bras kyi rnam pa ma 'gag pa tsam la bltos nas mchod pa dang bsnyen pa la sogs pa'i skabs su lha la dbang mi za ba'i phyir dam ye tha snyad du so sor phye nas las de dag sgrub pa ni bkag pa med par gsung*/_de'i phyir ting 'dzin gsum gyi khog dbub/_rten dang brten pa'i dkyil 'khor bskyed pa/_byin gyis brlab cing dbang bskur ba/_ye shes pa spyan drangs nas bzhugs su gsol ba rnams dkyus bzhin byas nas/_phyag dang mchod pa'i las rim la 'jug pa na/_rang gi snying nas sprul pa'i lha mo rnams kyis 'phrul dga'i lha bzhin lha la lhas mchod tshul gyis mchod par dmigs nas/_las gzhung ltar phyi nang gsang ba'i mchod pa dkyus ltar dang*/__khyad par spros bcas mchod phreng dang bcas mchod cing bstod la/_bzlas pa'i skabs bsnyen sgrub las gsum ste/_rang nyid gtso bo yab yum las mar me gcig las gnyis chad kyi rnam pas oM a mA ra Ni dzI wan+ti ye swA hA/_A yur+dz+nyA na sogs las byang ltar dzapa khang dbye zhing*/_cung zad rgyas par spro na/_ye nas dam tshig ye shes dbyer med kyang:_glo bur 'khrul pa'i dri ma bsal ba'i phyir:_ye shes dkyil 'khor mdun du bzhugs nas kyang:_dngos grub rnam gnyis 'grub pa'i phrin las mdzod:_ces dang*/_dzapa bskul la spyir bskul ba dang*/_so sor bskul ba gnyis las/_dang po spyir bskul ba ni/_hU~M hrIH_tshe dpag med mgon lha tshogs dbyings nas bzhengs:_sogs mthar/_bdag mdun gtso bo'i thugs ka ru:_sogs nas bsnyen pa'i bzlas pa bya/_ye shes lha tshogs sogs stong tshig phul/_gnyis pa sgrub pa rigs lnga so so'i bzlas pa ste/_dang po gtso bo yab yum gsung pad+ma rigs kyi dzapa bskul ni/_hU~M hrIH_dbus phyogs sor rtog ye shes klong yangs nas:_rin chen rma bya pad+ma nyi zla'i steng:_bde stong dbyer med mtha' yas tshe dpag med:_gos dkar yum mchog pad+ma yab yum gnyis:_mdzes pa'i sku mchog mtshan dang dpe byad 'bar:_snyan pa'i gsung dbyangs yan lag drug cur ldan:_thugs mchog sor rtog ye shes kun la khyab:_yab yum gnyis su med pa'i skur bsgom ste:_rtsa rlung thig le sngags kyi 'phro 'du yis:_bde chen sor rtog ye shes bsgom lags na:_rig 'dzin tshe yi dngos grub deng 'dir stsol:_sor rtog ye shes tshe bdag yab yum gnyis:_ma gsal bar du yang yang bskyed cing bsgom:_ma 'grub bar du dgongs pa mi gtong bas:_da lta nyid du rdo rje'i sku gsung thugs:_dka' ba med par 'grub par byin gyis rlobs:_zhes bskul te gsung pad+ma rigs kyi bzlas dmigs ni/_snang mtha'i thugs kar pad zla'i steng:_pad+ma thod phreng sku mdog dmar:_gcer bu brtul zhugs grub pa'i tshul:_mda' dar bum 'dzin yum dang sbyor:_thugs dbus chu skyes nyi zla'i klong:_hrIHdmar sngags kyi spro bsdu yis:_don gnyis byas shing khyad par du:_mkha' khyab 'jig rten ma lus pa'i:_me khams drod kyi dwangs ma kun:_bsdus te lus gang bde drod kyis:_drod nyams nad gdon bar chad bsal:_gzi byin rdo rje'i srog grub pa'i:_tshe dang ye shes snang ba spel:_dkyil 'khor lha yi 'od zer gyis:_dpag med zhing gi me yi khams:_pad+ma tshe mtha' yas par shar:_kun kyang dzapa kyi sgra sgrog cing:_ting 'dzin dgongs pas gsung gi tshe:_snying po byang chub sems kyi mchog:_bsdus te lus kyi dro ba'i dbyings:_thim nas drod kyi tshe rgyas bsam:_lha tshogs dgyes pa'i 'od snang gis:_mkha' khyab zhing gi yid can gyi:_ngag gi tshe nyams las sgrib sbyangs:_rdo rje me yi stobs bskyed pa'i:_dwangs ma bdag thim tshe bdud bgegs:_bar chad bsgral zhing gsung gi tshe:_yid bzhin 'grub pa'i skal ldan bsam:_aM a ro l-ika pa~M rA ga ra ti/_oM na mo b+ha ga wa te a pa ri mi ta A yur+dz+nyA na su bi nish+tsi tA te dzo rA dza ya:_ta thA ga ta ya:_ar+ha te samyak+saM bud+d+ha yaH_tad+ya thA/_oM puN+ye puN+ye ma hA puN+ye:_a pa ri mi ta puN+ye a pa ri mi ta puN+ye dz+nyA na sam+b+hA ro pa tsi te:_oM sarba saM skA ra pa ri shud+d+ha d+harmA te ga ga na sa mu[⁽1419⁾]rna[1$0000240]ga[1$0000300] te swa b+hA wa bi shud+d+he ma hA na ya pa ri wa re swA hA:_ces bzla/_thun mtshams tshe 'gugs ni/_mda' dar g.yab la/_hU~M:_sor rtog ye shes ngang nyid las:_bde stong dbyer med longs spyod rdzogs:_snang ba mtha' yas yab yum gnyis:_rang rig rang gsal thugs dam bskul:_'dzin med bde chen pho nya spros:_gnyis 'dzin 'khor 'das tshe bcud rnams:_gnyis med ye shes chen por sdus:_rang rig bde chen klong du stims:_ma bcos ngang du rgyas thob cig:_zhen snang 'chi bdag bdud rnams choms:_rnam rtog nad gdon bar chad sol:_bde chen ka dag klong yangs su:_lus snang rdo rje lha yi sku:_rtsa rlung thig le sngags kyi gdangs:_dran rtog bde chen thugs kyi dbyings:_'chi med sku gsung thugs 'grub pa'i:_phrin las gnyan po'i dus la bab:_zhes bskul/_ye shes lha tshogs sogs stong tshig sbyar/_shar mi bskyod rdo rje'i rigs kyi dzapa bskul ni/_hU~M hrIH_shar phyogs me long ye shes klong yangs nas:_rin chen glang po pad+ma nyi zla'i steng:_gsal stong dbyer med mi bskyod tshe dpag med:_mA ki yum mchog rdo rje yab yum gnyis:_mdzes pa'i sku mchog mtshan dang dpe byad 'bar:_snyan pa'i gsung dbyangs yan lag drug cur ldan:_thugs mchog me long ye shes kun la khyab:_yab yum gnyis su med pa'i skur bsgom ste:_rtsa rlung thig le sngags kyi 'phro 'du yis:_bde chen me long ye shes bsgom lags na:_rig 'dzin tshe yi dngos grub deng 'dir stsol:_me long ye shes tshe bdag yab yum gnyis:_ma gsal bar du yang yang bskyed cing bsgom:_ma 'grub bar du dgongs pa mi gtong bas:_da lta nyid du rdo rje'i sku gsung thugs:_dka' ba med par 'grub par byin gyis rlobs:_zhes bskul/_thugs rdo rje'i rigs kyi bzlas dmigs ni/_mi bskyod tshe dpag med mgon gyi:_thugs dbus rdo rje thod phreng rtsal:_mthing gsal gcer bu rus pas brgyan:_mda' dar tshe bum bsnams pa'i yum:_rdo rje DA ki gnyis med sbyor:_dwangs ma tsit+ta'i gzhal yas su:_nyi zla'i gwa'u hU~M gis mtshan:_mthing gsal sngags kyi phreng bas bskor:_'od zer spro bsdus don gnyis byas:_khyad par srid dang zhi ba'i dbyings:_brtan g.yo'i 'jig rten ma lus pa'i:_dwangs bcud spyi dang phyi nang gi:_'byung ba chu yi khams thams cad:_'od zer mthing gsal ga bur rdul:_char ltar bsdus te rang la thim:_sa bon las byung bdud rtsi yis:_khrag gi khams nas tshe nyams pa'i:_nad gdon bar chad ma lus bsal:_rgyun ring mi 'chad tshe yi mchog:_rdo rje mi 'gyur thugs kyi tshe:_g.yo ba med pa thob par bsam:_dkyil 'khor lha tshogs thams cad kyi:_sku las 'od byung snod bcud khyab:_brlan gsher chu yi khams thams cad:_mi bskyod tshe bdag yab yum bzhengs:_rdo rje'i sngags dang dgongs pa yis:_thugs kyi tshe spel lha tshogs kyi:_byang sems dwangs ma 'od kyi sprin:_bdag la thim pas chu yi khams:_gsos shing rgyas pas tshe 'phel bsam:_lha tshogs thugs rje'i 'od zer gyis:_mkha' khyab 'jig rten rab 'byams na:_thugs kyi tshe nyams las bsags pa'i:_yid can sems kyi sgrib pa sbyangs:_rdo rje'i sems kyi bcud kun spel:_dwangs ma dbang byas tshe bdud bsgral:_'chi med ye shes sku thob bsam:_hU~M badz+ra d+hr-ika mU~M d+hA ti shwa ri:_oM na mo b+ha ga wa te a pa ri mi ta A yur+dz+nyA na su bi nish+tsi tA te dzo rA dza ya:_ta thA ga ta ya:_ar+ha te samyak+saM bud+d+ha yaH_tad+ya thA/_oM puN+ye puN+ye ma hA puN+ye:_a pa ri mi ta puN+ye a pa ri mi ta puN+ye dz+nyA na sam+b+hA ro pa tsi te:_oM sarba saM skA ra pa ri shud+d+ha d+harmA te ga ga na sa mud+ga te swa b+hA wa bi shud+d+he ma hA na ya pa ri wa re swA hA:_tshe 'gugs ni/_hU~M:_me long ye shes ngang nyid las:_bde stong dbyer med longs spyod rdzogs:_mi bskyod rdo rje yab yum gnyis:_rang rig rang gsal thugs dam bskul:_'dzin med bde chen pho nya spros:_gnyis 'dzin 'khor 'das tshe bcud rnams:_gnyis med ye shes chen por sdus:_rang rig bde chen klong du stims:_ma bcos ngang du rgyas thob cig:_zhen snang 'chi bdag bdud rnams choms:_rnam rtog nad gdon bar chad sol:_bde chen ka dag klong yangs su:_lus snang rdo rje lha yi sku:_rtsa rlung thig le sngags kyi gdangs:_dran rtog bde chen thugs kyi dbyings:_'chi med sku gsung thugs 'grub pa'i:_phrin las gnyan po'i dus la bab:_ye shes lha tshogs sogs stong tshig sbyar/_lho rin 'byung tshe dpag med kyi dzapa bskul ni/_hU~M hrIH_lho phyogs mnyam nyid ye shes klong yangs nas:_rin chen rta mchog pad+ma nyi zla'i steng:_tshor stong dbyer med rin 'byung tshe dpag med:_spyan ma yum mchog rin chen yab yum gnyis:_mdzes pa'i sku mchog mtshan dang dpe byad 'bar:_snyan pa'i gsung dbyangs yan lag drug cur ldan:_thugs mchog mnyam nyid ye shes kun la khyab:_yab yum gnyis su med pa'i skur bsgom ste:_rtsa rlung thig le sngags kyi 'phro 'du yis:_bde chen mnyam nyid ye shes bsgom lags na:_rig 'dzin tshe yi dngos grub deng 'dir stsol:_mnyam nyid ye shes tshe bdag yab yum gnyis:_ma gsal bar du yang yang bskyed cing bsgom:_ma 'grub bar du dgongs pa mi gtong bas:_da lta nyid du rdo rje sku gsung thugs:_dka' ba med par 'grub par byin gyis rlobs:_zhes bskul/_yon tan rin chen rigs kyi bzlas dmigs ni/_rin 'byung tshe dpag med mgon gyi:_thugs dbus rat+na thod phreng rtsal:_ser gsal gcer bu he ru ka'i:_cha byad mda' dar tshe bum bsnams:_rin chen DA ki dang sbyor ba'i:_thugs dbus nyi zla'i gwa'ur trA~M:_gser mdog sngags las byung ba yi:_'od kyis rang gzhan don gnyis sgrub:_khyad par sa khams dwangs ma kun:_gser zhun ltar bsdus snying gar thim:_slar yang sa bon las byung ba'i:_'od kyi bdud rtsis lus gang ste:_sha yi khams nyams nad gdon zhi:_mi 'gyur rtag tu brtan pa yi:_yon tan rin chen snying po'i srog:_da lta nyid du thob par dmigs:_lha tshogs thugs rje'i 'od zer gyis:_mkha' khyab zhing gi sa khams kun:_rin chen tshe bdag rnam par bzhengs:_rdo rje'i sngags sgra ting 'dzin gyis:_yon tan tshe yi dpal bskyed pa'i:_dngos grub byang chub sems kyi snying:_lus la thim pas sha khams tshe:_'phel rgyas nam yang mi 'gyur bsam:_dkyil 'khor lha yi 'od zer ni:_mkha' mnyam zhing du brdal ba las:_sgo gsum cha mnyam las ngan gyis:_tshe nyams rgyu 'bras ma lus sbyangs:_rdo rje phung po'i stobs bskyed pa'i:_dwangs ma kun bsdus thim pa yis:_bdud bgegs bsgral zhing yon tan gyi:_tshe la rang dbang thob par 'gyur:_swA rat+na d+hr-ika maM mo ha ra ti:_oM na mo b+ha ga wa te a pa ri mi ta A yur+dz+nyA na su bi nish+tsi tA te dzo rA dza ya:_ta thA ga ta ya:_ar+ha te samyak+saM bud+d+ha yaH_tad+ya thA/_oM puN+ye puN+ye ma hA puN+ye:_a pa ri mi ta puN+ye a pa ri mi ta puN+ye dz+nyA na sam+b+hA ro pa tsi te:_oM sarba saM skA ra pa ri shud+d+ha d+harmA te ga ga na sa mud+ga te swa b+hA wa bi shud+d+he ma hA na ya pa ri wa re swA hA:_tshe 'gugs ni/_hU~M:_mnyam nyid ye shes ngang nyid las:_bde stong dbyer med longs spyod rdzogs:_rin chen 'byung ldan yab yum gnyis:_rang rig rang gsal thugs dam bskul:_'dzin med bde chen pho nya spros:_gnyis 'dzin 'khor 'das tshe bcud rnams:_gnyis med ye shes chen por sdus:_rang rig bde chen klong du stims:_ma bcos ngang du rgyas thob cig:_zhen snang 'chi bdag bdud rnams choms:_rnam rtog nad gdon bar chad sol:_bde chen ka dag klong yangs su:_lus snang rdo rje lha yi sku:_rtsa rlung thig le sngags kyi gdangs:_dran rtog bde chen thugs kyi dbyings:_'chi med sku gsung thugs 'grub pa'i:_phrin las gnyan po'i dus la bab:_ye shes lha tshogs sogs mchod bstod bya/_sku rnam snang tshe dpag med kyi dzapa bskul ni/_hU~M hrIH_nub phyogs chos dbyings ye shes klong yangs nas:_rin chen seng khri pad+ma nyi zla'i steng:_snang stong dbyer med rnam snang tshe dpag med:_dbyings phyug yum mchog bde gshegs yab yum gnyis:_mdzes pa'i sku mchog mtshan dang dpe byad 'bar:_snyan pa'i gsung dbyangs yan lag drug cur ldan:_thugs mchog chos dbyings ye shes kun la khyab:_yab yum gnyis su med pa'i skur bsgom ste:_rtsa rlung thig le sngags kyi 'phro 'du yis:_bde chen chos dbyings ye shes bsgom lags na:_rig 'dzin tshe yi dngos grub deng 'dir stsol:_chos dbyings ye shes tshe bdag yab yum gnyis:_ma gsal bar du yang yang bskyed cing bsgom:_ma 'grub bar du dgongs pa mi gtong bas:_da lta nyid du rdo rje'i sku gsung thugs:_dka' ba med par 'grub par byin gyis rlobs:_zhes bskul/_sku rnam snang bde gshegs rigs kyi bzlas dmigs ni/_rnam snang tshe dpag med mgon gyi:_thugs dbus bud+d+ha thod phreng rtsal:_dkar gsal gcer bu rus pas brgyan:_mda' dar tshe bum bsnams pa'i yum:_bde gshegs DA ki gnyis med sbyor:_dwangs ma tsit+ta'i gzhal yas su:_nyi zla'i gwa'ur oM gyis mtshan:_dkar gsal sngags kyi phreng bas mtshan:_'od zer spro bsdus don gnyis byas:_khyad par rab 'byams 'jig rten gyi:_nam mkha'i bcud kun bsdus la thim:_sems kyi tshe nyams nad gdon bgegs:_bar chad gsal te dwangs ma yis:_lus gang rig rtsal rgyas par bsam:_lha tshogs 'od kyis zhing kun khyab:_nam mkha'i dbyings kun rnam snang gi:_lhar shar kun kyang dzapa sgra sgrogs:_dgongs pa'i rtsal gyis nam mkha'i bcud:_kun bsdus sems kyi khams thim pas:_tshe yi dngos grub thob par bsam:_lha tshogs dgyes pa'i 'od zer gyis:_'gro kun sems kyi tshe nyams pa'i:_las kyi byas bsags rgyu 'bras sbyangs:_sems kyi gsal stong nus pa'i stobs:_dwangs ma bsdus thim yongs gyur pas:_gdon bgegs bar chad ma lus zhi:_thun mchog tshe dbang rig rtsal rgyas:_dngos grub mchog gi skal ldan gyur:_oM dzi na dz-ika:_laM de Sha ra ti:_oM na mo b+ha ga wa te a pa ri mi ta A yur+dz+nyA na su bi nish+tsi tA te dzo rA dza ya:_ta thA ga ta ya:_ar+ha te samyak+saM bud+d+ha yaH_tad+ya thA/_oM puN+ye puN+ye ma hA puN+ye:_a pa ri mi ta puN+ye a pa ri mi ta puN+ye dz+nyA na sam+b+hA ro pa tsi te:_oM sarba saM skA ra pa ri shud+d+ha d+harmA te ga ga na sa mud+ga te swa b+hA wa bi shud+d+he ma hA na ya pa ri wa re swA hA:_tshe 'gugs ni/_hU~M:_chos dbyings ye shes ngang nyid las:_bde stong dbyer med longs spyod rdzogs:_rnam par snang mdzad yab yum gnyis:_rang rig rang gsal thugs dam bskul/_'dzin med bde chen pho nya spros:_gnyis 'dzin 'khor 'das tshe bcud rnams:_gnyis med ye shes chen por sdus:_rang rig bde chen klong du stims:_ma bcos ngang du rgyas thob cig:_zhen snang 'chi bdag bdud rnams choms:_rnam rtog nad gdon bar chad sol:_bde chen ka dag klong yangs su:_lus snang rdo rje lha yi sku:_rtsa rlung thig le sngags kyi gdangs:_dran rtog bde chen thugs kyi dbyings:_'chi med sku gsung thugs 'grub pa'i:_phrin las gnyan po'i dus la bab:_ye shes lha tshogs sogs stong tshig sbyar/_byang phyogs don grub tshe dpag med kyi dzapa bskul ni/_hU~M hrIH_byang phyogs bya grub ye shes klong yangs nas:_rin chen mkha' lding pad+ma nyi zla'i steng:_dbyings rig dbyer med don 'grub tshe dpag med:_sgrol ma yum mchog las rab yab yum gnyis:_mdzes pa'i sku mchog mtshan dang dpe byad 'bar:_snyan pa'i gsung dbyangs yan lag drug cur ldan:_thugs mchog bya grub ye shes kun la khyab:_yab yum gnyis su med pa'i skur bsgom ste:_rtsa rlung thig le sngags kyi 'phro 'du yis:_bde chen bya grub ye shes bsgom lags na:_rig 'dzin tshe yi dngos grub deng 'dir stsol:_bya grub ye shes tshe bdag yab yum gnyis:_ma gsal bar du yang yang bskyed cing bsgom:_ma 'grub bar du dgongs pa mi gtong bas:_da lta nyid du rdo rje'i sku gsung thugs:_dka' ba med par 'grub par byin gyis rlobs:_zhes bskul/_don grub tshe dpag med kyi bzlas dmigs ni/_don grub tshe mtha' yas pa yi:_thugs kar ye shes sems dpa' ni:_karma thod phreng gcer bu ljang:_yum dang gnyis med sbyor ba'i phyag:_mda' dar bum 'dzin thugs ka ru:_pad+ma nyi zla'i gwa'u la:_sa bon A yig sngags kyis bskor:_spro bsdus don gnyis yid bzhin sgrub:_khyad par mkha' khyab rlung gi khams:_dwangs mar bsdus thim lus gang ste:_rlung gi nad gdon bar chad bsal:_ye shes tshe yi mchog thob dmigs:_dal gyi lha las 'od 'phros pas:_zhing khams kun gyi rlung gi khams:_don yod tshe yi rgyal por bzhengs:_sngags sgra sgrogs shing dgongs pa bskyed:_dwangs ma bdag la thim pa las:_g.yo ba rlung gi tshe rgyas shing:_don 'grub mtha' dag thob par bsam:_dkyil 'khor lha yi ting 'dzin gyis:_sku las skyes pa'i 'od zer spros:_sgo gsum bya ba mtha' dag gis:_tshe nyams rgyu 'bras ma lus sbyangs:_ye shes rlung gi bcud 'phel ba'i:_dngos grub gzi byin 'ub kyis bsdus:_gdon bgegs bar chad zhi bar byas:_phrin las tshe la dbang thob gyur:_hA pradz+nyA d+hr-ika tA~M badz+ra ra ti:_oM na mo b+ha ga wa te a pa ri mi ta A yur+dz+nyA na su bi nish+tsi tA te dzo rA dza ya:_ta thA ga ta ya:_ar+ha te samyak+saM bud+d+ha yaH_tad+ya thA/_oM puN+ye puN+ye ma hA puN+ye:_a pa ri mi ta puN+ye a pa ri mi ta puN+ye dz+nyA na sam+b+hA ro pa tsi te:_oM sarba saM skA ra pa ri shud+d+ha d+harmA te ga ga na sa mud+ga te swa b+hA wa bi shud+d+he ma hA na ya pa ri wa re swA hA:_tshe 'gugs ni/_hU~M:_bya grub ye shes ngang nyid las:_bde stong dbyer med longs spyod rdzogs:_don yod grub pa yab yum gnyis:_rang rig rang gsal thugs dam bskul:_'dzin med bde chen pho nya spros:_gnyis 'dzin 'khor 'das tshe bcud rnams:_gnyis med ye shes chen por sdus:_rang rig bde chen klong du stims:_ma bcos ngang du rgyas thob cig:_zhen snang 'chi bdag bdud rnams choms:_rnam rtog nad gdon bar chad sol:_bde chen ka dag klong yangs su:_lus snang rdo rje lha yi sku:_rtsa rlung thig le sngags kyi gdangs:_dran rtog bde chen thugs kyi dbyings:_'chi med sku gsung thugs 'grub pa'i:_phrin las gnyan po'i dus la bab:_ye shes lha tshogs sogs mchod bstod bya/_gsum pa las sbyor ni/_gtso 'khor yongs rdzogs thugs kyi 'od:_sgo ma bzhi bskul pho nya'i tshogs:_nam mkha' gang ba'i spro bsdu yis:_tshe bdud bar chad gzung 'dzin zhi:_bsod nams longs spyod dwangs ma 'phel:_dwangs mas rlung sems dbang du bsdus:_bdud bgegs tshogs bsgral thun mong dang:_khyad par las bzhi lhun grub gyur:_oM a mA ra Ni dzI wan+ti ye swA hA:_dzaHshan+tiM ku ru hU~M:_oM a mA ra Ni dzI=_hU~M puSh+TiM ku ru oM:_oM a mA ra Ni dzI=_ba~M wA shaM ku ru ho:_oM a mA ra Ni dzI=_ho mA ra ya phaTa?:_bzlas pa bcas byas mthar/_tshe rdzas sgrub dmigs ni/_hU~M hrIH_b+h+rU~M las b+hany+dza gzhal yas khang pa'i nang:_ril bu nyi zla gwa'u rnams kyi nang:_tshe yi bdag po rigs lnga yab yum bzhugs:_bde chen 'od zer gzungs thag la 'khril te:_ril bu'i lha tshogs rnams kyi sbyor mtshams la:_phog pas des bskul rjes chags 'od zer tshogs:_nam mkha'i mthar spros snod bcud ma dag sbyangs:_thams cad dag pa bdud rtsi'i ngang du bsgyur:_'khor 'das thams cad byang chub sems su zhu:_'ub kyis ril bu lha tshogs sku la 'dus:_mnyam sbyor dga' bas 'od zhu bdud rtsi yi:_gong bu oM hU~M trA~M hrIHAHsa mtshan pa:_'od 'bar rab 'phel 'bar g.yo nus par ldan:_tshe dpal spel ba'i bdud rtsi chen por gyur:_oM na mo b+ha ga wa te a pa ri mi ta A yur+dz+nyA na su bi nish+tsi tA te dzo rA dza ya:_ta thA ga ta ya:_ar+ha te samyak+saM bud+d+ha yaH_tad+ya thA/_oM puN+ye puN+ye ma hA puN+ye:_a pa ri mi ta puN+ye a pa ri mi ta puN+ye dz+nyA na sam+b+hA ro pa tsi te:_oM sarba saM skA ra pa ri shud+d+ha d+harmA te ga ga na sa mud+ga te swa b+hA wa bi shud+d+he ma hA na ya pa ri wa re swA hA:_mthar/_oM hU~M trA~M hrIHaH_mU~M lA~M mA~M pA~M tA~M sarba ta thA ga ta A yur+dz+nyA na tiSh+Tha oM/_zhes bzla'o/__/de nas bzung grol nyin gyi thun tha ma'i bar sngags kyi gsung sgra ma chad pa bya/_dbang don du bum dzapa ni gter chen nyid kyis mdzad pa'i bdag 'jug 'chi med ye shes bdud rtsi'i bum bzang bzhin du dang*/_de nas tshe 'gugs dang*/_dbyangs gsal sogs kyis kha bskang*/_stong tshigs kyi mchod bstod dang*/_bum pa 'od zhu/_yi ge brgya pa lan gsum gyis brtan par bya/_thun re re bzhin tshogs 'khor re'ang mkhyen kong rnam gnyis kyi phyag bzhes su snang bas grub na legs che/_mthar nyul le bskrad gzir dang*/_byin 'bebs byas rjes sngags rgyun bskul bas thun dang po grub/_thun gnyis pa la mchod pa kha gsos la/_phyi mchod byin rlabs tshigs bcad bcas dang nang mchod sngags rnams lan gsum res byin gyis brlabs/_ting 'dzin rnam gsum nas bzlas pa sogs dzapa bskul rgyas bsdus skabs bstun dang*/_bsnyen sgrub las gsum gyi bzlas pa dkyus ltar dang*/_bum sgrub dor ba tsam las yig brgyas brtan par byas pa'i bar mthar chags su btang*/_thun gsum byed na slar yang las byang dril sgrub tshar gcig tsam gyis bzlas pa'i mthar/_rtsa ba'i tshogs byin rlabs nas bzung mtha' ma'i bar dang*/_de nas bdag nyid 'jug pa'i sngon du bum sgrub las gzhung ltar sngar song bas/_dngos gzhi bla ma dang dkyil 'khor gyi gtso bo tha mi dad pa dbang len pa'i yul dang*/_dbang gi bya ba rnams gtso bo las bye ba'i rgyal thebs kyis mdzad cing*/_bdag nyid kyi rnam 'gyur glo bur ba'i rang bzhin dbang zhu pa por byas nas/_las bum gyi chus khrus bya ba sogs dbang gi cho ga gong du smos pa bzhin bdud rtsi'i bum bzang ltar mthar dbyung ngo*/__/spyir rnying lugs dkyus la bdag nyid dkyil 'khor gyi lha dang rang bzhin dbyer med du rtogs pas rig pa'i me tog dor ba nyid kyis kyang don gyi dgos pa 'grub par gsungs rung*/_las dang 'bras bu'i dbang gi thob bya rnams thob pa'i rten 'brel khyad par can sgrig pa dang*/_rang rgyud kyi sngags sdom je dag je bzang du 'gyur ba dang*/_bsod nams kyi tshogs 'phel ba sogs dgos pa du ma dang ldan pas na bdag nyid 'jug pa'i cho ga ni gal che ba'i yan lag tu 'gyur bar gsungs so/__/de nas bka' gter gyi srung ma spyi dang*/_sgos kyi bka' srung lha mo tsaN+Di ka dang*/_gter bdag dang*/_gzhi bdag spyi gtor/_cha gsum sogs dang*/_tshogs la rol zhing*/_mthar tshogs lhag btson du bzung zhing bsngo zhing smon lam gdab/_chos skyong gtor 'bul bkra shis kyis mthar thug pa dang*/_las gzhung gi bskul dang*/_chad tho bsgrags/_brtan ma bskyang*/_sgab 'dre dam sri mnan/_rjes chog mchod bstod dang*/_nongs bshags/_brtan bzhugs rgyas pa/_phyogs bcu na bzhugs pa'i sogs la/_rdul tshon gyi tshe/_rdul tshon gyi dkyil 'khor 'dir ji srid gshegs gsol gyi cho ga ma byas kyi bar du brtan par bzhugs su gsol/_sogs ras bris dang rdul tshon gyis skabs phyed par byed/_bsdu ldang dang*/_bsngo smon/_bkra shis kyi mthar nyul le bskrad gzir/_byin 'bebs/_sngags rgyun bskul te/_dzapa dbyangs lan 'gas grol/_dzapa rgyun nyin mtshan khor yug tu chad med bzla ba'i thun pa brje len skabs kyi bya ba'ang phyag len ltar mdzad pa gnad che'o/__/mtshan thun gnyis sam gsum grub na'ang nyin thun dang mtshungs/_thun 'jug so sor bar chad bsal ba dang*/_byin 'bebs ma chad par bya'o/__/spyir las byang bzlas pa bcas nyin mtshan dus drug byung na shin tu legs kyang*/_spros bcas sgrub mchod kyis de tsam ma lcogs na nyin snga phyi cho ga gnyis byas pas 'gal ba med cing*/_spros pa shin tu rgyas pa'i lugs su byed na/_rdor sems sam dong sprugs lta bu dang*/_rdo rje gzhon nu'i dkyil 'khor la brten nas bar chad 'dul ba sogs kyi zur tshogs re re byung na dgos pa dang ldan par gsungs/_gzhan yang rgyud las/_'khor la bka' bsgo dge sbyong bskul/_ces ched du bsngags pas/_rdo rje slob dpon gyis sgrub pa'i mched rnams la skabs skabs su blang dor gyi bslab bya dang dam tshig bshad/_bskyed bzlas kyi dmigs pa go sla don bsdus bshad grub na gal che bar 'jam mgon mkhyen kong rnam gnyis kyi phyag bzhes su snang gsungs so/__/gnyis pa sgrub pa'i bar gcod bsal bas byin rlabs gzi byin dbab pa ni/_de skabs bsgrub pa'i skabs su bar chad kyi mtshan ma byung na re dogs kyi zhen 'khris bcad de lta bas zil gyis gnon/_bye brag tu nyul le bskrad pa'i cho ga bya ste/_slob dpon nam rdo rje rgyal thebs sogs drag po'i chas su zhugs pa'i mdun du ling+ga dang*/_las phur thun rdzas rnams bkod la/_bdag nyid skad cig gi dpal chen rta mgrin khro gtum bzod par dka' ba'i gzi brjid bskal ba'i me ltar 'bar ba'i skur gyur/_rten bskyed ni/_e yaM dz+wa la raM/_brub khung yangs shing gting zab pa'i nang du tri las dngos grub la bar du gcod cing log par lta ba'i 'byung po nyul le bdud kyi rigs su gyur pa thams cad rid cing nyam thag pa'i gzugs can du gyur/_na mo/_rig 'dzin rtsa ba dang brgyud par bcas pa'i dpal ldan bla ma dam pa rnams kyi bka' bden pa dang*/_sangs rgyas kyi bka' bden pa dang*/_chos kyi bka' bden pa dang*/_dge 'dun gyi bka' bden pa dang*/_gsang sngags dang rigs sngags dang gzungs sngags dang snying po dang phyag rgya dang ting 'dzin gyi bden pa dang*/_chos nyid gdod nas stong kyang chos can rgyu 'bras bslu ba med pa'i bden pa dang*/_khyad par du 'chi med tshe dang ye shes dpag tu med pa zhi khro sgyu 'phrul drwa ba'i dkyil 'khor gyi lha tshogs rnams kyi bden pa dang*/_bden pa chen po'i byin gyis brlabs kyis/_dngos grub la bar du gcod cing log par 'dren pa'i 'byung po nyul le bdud kyi rigs su gyur pa thams cad mtshan ma rdzas kyi rten 'di la mchis par gyur cig_nr-i yaM dzaH_nr-i badz+ra ang+ku sha dzaH_tri yaM dzaHtri badz+ra ang+ku sha dzaH_dzaHhU~M baM hoH_zhes lan gsum 'gugs gzhug byas la/_ging pa las kyi pho nyar gsal ba'i thugs las mtshon cha'i char phab pas gnod byed rdul du brlag par bsam zhing*/_phur thun tshom bur bskul ba ni/_hU~M:_chos kyi dbyings las rang byung grub pa'i lha:_khro bo rol pa'i dur khrod chen po nas:_shin tu mi bzad khro gtum skur ston pa:_dbang chen yongs rdzogs drag po'i phrin las mdzod:_hU~M:_nga ni pad+ma dbang gi sku:_sras 'khor sprul pa bye ba 'bum:_bka' sdod rab 'jigs pho nyar bcas:_dbang drag lha tshogs dus la bab:_g.yas kyi phyag na phur pa 'dril:_g.yon gyi phyag na lcags kyus 'gugs:_lcags kyus zungs la phur bus thob:_gnod byed dgra bgegs rdul du rlog:_oM hrIHpad+ma ma hA kro d+ha pad+ma kro d+hI shwa ri badz+ra kI li kI la ya ma hA yak+Sha kA la rU pa karma raM raM dz+wa la raM hU~M phaTa?:_gnod byed dgra bgegs 'byung po thams cad mA ra ya hU~M hU~M phaT:_ces drag sngags phur bskor bcas pas gdab cing DA kis thun gyis brab/_khyad par dpal gyi pho nya kun thub rgyal mo bskul ba ni/_hU~M:_shar phyogs dkar mo dung gi gzhal yas nas:_khrag mdog dmar mo bswe yi lan phran can:_spyan rtsa dmar zlum nyi ma'i zer ltar 'phro:_smin ma glog 'khyug bar snang go skabs 'byed:_bu yug thog 'bebs shangs nas rdo rje 'khrug:_bzhad pa he dang dpal gyi spu gris gtams:_rngams pa'i ljags 'dril bskal pa'i me chen 'bar:_ag tshom me 'bar rab 'byams srid pa sreg:_bskal pa'i 'brug sgra snyan nas gsung sgra sgrogs:_lag pa dmar po spu gri 'bum gyis gtams:_sen mo lcags kyu'i bskal pa'i me chen 'bar:_ba spu rdo rje gnam lcags zhun ma 'khrug:_smin mtshams lcags kyi khro chung char 'bebs shing:_zhabs kyi phur pas srin mo lnga brgya gzir:_ral pa'i gseb nas khrag gi char pa 'bebs:_shin tu mi bzad gtum chen khrag 'thung ma:_srin mo'i snying 'byin changs par bcug nas gsol:_shin tu mi bzad 'bar ba'i sku gcig ma:_dpag tshad lnga brgyar rgyug cing klu srin ma lus sgrol:_khros pa'i zhal mdog khrag gi mchin pa kha:_na bza' dmar po srin gyi g.yang gzhi gsol:_phyogs bcur kha bltas phyogs skyong zhabs kyis mnan:_bdud la bab na snying khrag dron mo 'thung:_srin la bab na srog rtsa dmar po gcod:_dgra la bab na dug gi kha chu 'debs:_bgegs la bab na rU pa rdul du rlog:_dpal gyi pho nya dpal gyi thugs las byung:_dam nyams dgra dang 'byung po bgegs kyi tshogs:_phung po dum bur gtub la don snying sreg:_dam nyams nyul le'i bar chad rdul du rlog:_dam tshig dus la bab bo sa ma ya:_bru bu bru a pa tse ru pa tse na ra tse tsa me thun thun na sha s+t+wa~M [⁽14a4⁾⁽14ab⁾] ya yak+Sha 'byin yak+Sha 'byin phye ma phye ma:_rdul phran rdul phran:_tsit+ta rbad nan:_oM badz+ra kI li kI la ya prA ma rA dza trig nan:_su na rak+Sha rbud ling:_tri'u tri'u ma ya na mo sho dza mA ra rbad rbad:_oM sum+b+ha ni sogs hU~M bzhi pa'i drag sngags spos rol dang*/_khyad par kun thub ma'i phyag mtshan dbyug pas bsdigs shing gzir/_DA ki dkar pos gri shar dang*/_DA ki nag pos gri lag la mi lpags kyi lcag 'bras btags pa dang*/_thun gyis brab bo/__/nyul le bskrad gzir rgyas pa mi lcogs na rdo rje mtshams pas gu gul dud pa dang*/_thun brab nas dkyil 'khor bskor la/_las sngags/__oM hrIHpad+mAn+ta kr-ita sarba big+h+nAk+Na ha na ha na hU~M phaTaH_ces bzla zhing*/_oM g+ha g+ha g+hA ta ya sarba duSh+TaM badz+ra d+ha rod a dz+nyA pa ya ti sarba bilta na kA ya wAka tsit+ta badz+ra kI la ya hU~M hU~M phaT:_ces rdo rje sder mo'i sngags drag tu brjod nas tshar bcad la srung 'khor gsal btab pas kyang rung ngo*/_/de ma thag dngos grub ster ba'i lha 'byung bas byin dbab dgos par gsungs pas sgrub pa po rnams chas sogs sngar byin 'bebs skabs ltar byas la/_spros pa dang bcas pa'i tshe na 'jam mgon dgongs gter byin rlabs ye shes mchog stsol dang*/_bsdu na las byang ltar/_hU~M hrIH_'og min chos dbyings bde chen brdal ba che:_sogs gyer la sngags dang*/_thod rnga rol mo'i sgra sbyar zhing*/_dar sna'i g.yab mo 'dor bas byin dbab/_sngags rgyun bskul snying po'i dzapa dbyangs lan gsum gyer la tshogs gseng ngo*/__/gsum pa rtags tshad gtan la dbab pa ni/_dus ni/_spyir tshogs sgrub smin slob kyi dbang du zla ba drug tu gsungs kyang mos slob kyi dbang du mdzad nas zla ba gcig gam/_zhag bdun nam/_nyin zhag gsum gyis mtha' brten pas kyang rung bar gsung mod/_yongs su grags pa sngon dngos rjes mtha' rgyas dang bcas par zhag bco lnga tsam mdzad pa mang ste/_rdo rje theg pa'i tshogs sgrub gzhung bzhin ma grub kyang dbang dang dam tshig can gyis bsnyen sgrub legs par thems pa'i slob dpon gyis mos slob tshogs sgrub kyis kyang rang don nyams chag skong zhing nyams rtogs khyad par can rgyud la skye ba dang*/_tshe dpal bsod nams kyi stobs 'phel/_nad gdon bar chad zhi ba sogs dgos pa khyad par du ma dang ldan pa ste/_rang gzhung rdo rje tshe phreng las/_don du gnyer bya rdo rje'i tshe:_'chi med srog gi bcud len te:_thabs kyi rnal 'byor du ma dang:_ldan pa'i rtse gcig nyams blangs pas:_'gal rkyen sel zhing legs tshogs 'phel:_myur du rdo rje'i sar sbyor bas:_don gnyis 'grub pa gdon mi za:_zhes dang*/_gzhan yang*/_rje 'bangs so so'i ngo skal du:_rdo rje'i tshe mchog sgrub pa'i thabs:_rgyud lung man ngag sna tshogs pa:_rgyas bsdus bsam mi khyab pa zhig:_la la sa yi gter du sbas:_'ga' zhig dgongs pa'i dbyings su sbas:_snyan rgyud gsang ba nges pa sogs:_du ma sbas pa skal ba bzhin:_las 'phro smon lam dag pa la:_dus su snang zhing phan par spyod:_'di ni de dag thams cad kyi:_nges pa'i gsang ba bla na med:_zab lam snying po'i bcud dril te:_cha shas tsam zhig nyams blangs kyang:_dus min 'chi ba'i 'jigs skyob cing:_tshe yi dpal mchog ster byed na:_mtha' dag nyams su blangs pa yis:_dngos grub thob pa gdon mi za:_de ltar brtson pas grub pa'i rtags:_rig pa'i rtsal rgyas nyams dga'i mdangs:_ting 'dzin 'phel zhing sems stobs rgyas:_shes rab rno myur zab sogs 'byung:_grangs ni/_bsnyen pa'i skabs ma gtogs tshogs sgrub la dmigs bsal mi mdzad/_rtags ni/_dngos nyams rmi lam gang rung du dngos grub thob pa'i dge mtshan ci rigs 'byung bar gsungs so/__/gal te mtshan ltas ngan na nyul le bskrad/_rta bro brdung*/_dam sel gyi ltas la yig brgya bzla zhing bshags rgyud bklag_/grib dang mi gtsang ba la rnam sme'i khrus bya bar gsungs/_mdor na rtag tshad bzang ngan gang la'ang re dogs gang yang mi bya ba gnad che/_dngos grub kyi rtags bzang nges can byung na de nyin rgyun gyi dngos grub mdor bsdus pa'i tshul gyis gzhung ltar len par gsungs so/__!__gsum pa grub nas dngos grub blang ba sgrub pa chen po'i lam rim ni/_'di nyid ta na lam byed dgra dang*/_ga Na lam byed yum la bsten pa yin kyang da lta mos slob kyi skabs su rdzas la brten nas blang bar bya ba la gsum/_dngos grub kyi rdzas bsham pa/_skabs kyi sngon 'gro'i rim pa/_dngos grub len chog dngos so/__/dang po dngos grub kyi rdzas bsham pa ni/_sgrub pa sang nyin grol rgyu'i dgong thun gyi 'gor dngos grub kyi rdzas bsham ste/_dkyil 'khor gyi mdun du stegs bu khebs dkar pos g.yogs par 'bru dkar gyi g.yung drung g.yas 'khyil du bris pa'i dbus su rin po che'i snod du 'bru bzang gi phye la 'o zho mar khus sbrus pa'i 'brang rgyas nor bu 'bar ba'i dbyibs can rgyan ldan/_mtha' skor du las bzhi'i 'brang rgyas/_la du/_zla rgyas/_zla phrum/_gal phye/_rgun 'brum/_bca' sga sogs spos dang shing tog rigs sogs bza' bca' sna tshogs pas bskor ba'i steng du many+dzi la b+han+d+ha bzang po a mr-i ta dang sbyar ba'i bdud rtsis bkang ba dar dmar gyis bkab/_g.yas su mngar gsum phud dang bsres pa'i ril bu dang*/_g.yon du b+han+d+ha bzang por 'bru bcud bdud rtsis bran pa bsham/_gzhan yang sang nyin mkho ba'i rgyas pa'i sbyin sreg gi slad du dgong thun gtang rag gi mchod bstod kyi 'gor rin po che'i maN+Dal la slob dpon gyis lha grangs mnyam pa'i dris thig le gtso 'khor gyi sngags dang bcas bkod pa la tshom bu'ang phyag len ltar bsham mo/__/gnyis pa skabs kyi sngon 'gro'i rim pa ni/_phyin nyin tho rengs snga bar las byang gi gzhung bsrangs la/_bsnyen rgyun snga ma grol nas bsnyen sgrub las gsum sngags la/_kA ya wAka tsit+ta gu Na karma sarba sid+d+hi pha la hU~M hU~M:_zhes dngos grub blang ba'i sngags btags pa bzlas te bzlas pa'i mjug bsdus la bdag 'jug kyang blang ngo*/__/de nas dngos grub la mi dbang ba'i lta nyan gyi bgegs tshar gcod pa'i phyir las byang ltar bgegs bskrad/_drag sngags yungs thun gyi tshams rngams byas la/_hrIH_snang srid ye shes sogs srung 'khor bsgom/_hU~M hrIH_'og min chos dbyings bde chen sogs las byang bzhin spos rol g.yab dar dang bcas byin dbab bo/__/gsum pa dngos grub bsdu zhing blang ba dngos ni/_bdag mdun bzhin dang me long lta bur bsgom la gdung shugs kyis bskul te/_hU~M hrIH_tshe dpag med mgon lha tshogs dbyings nas bzhengs:_sogs kyi dzapa bskul las byang bzhin dang*/_rgyas par spro na/_hrIH_'chi med rtsa gsum lha tshogs dgongs:_'dir 'dus rig 'dzin bdag cag rnams:_smin grol gnyis kyi rgyud sbyangs shing:_bskyed rdzogs gnyis kyi las gzhung bsrangs:_bsnyen sgrub rnam bzhi mtha' ru phyin:_las dang thugs rje mthun pa yis:_zhi rgyas dbang drag yid bzhin gter:_sku gsung thugs kyi dngos grub stsol:_oM AHhU~M/_kA ya wAka tsit+ta sarba sid+d+hi hU~M AH_de ltar rtse gcig thugs dam rgyud bskul bas/_/rtsa ba'i dkyil 'khor lha tshogs mnyam sbyor bas/_/sbyor mtshams 'od zer dmar po phyogs bcur 'phros/_/'gro drug sems can rgyud sbyangs mkha' khyab kyi/_/bde bar gshegs pa rnams kyi dgyes pa bskyed/_/sku gsung thugs dang yon tan phrin las kyi/_/dngos grub tshur bsdus bdag dang sgrub rdzas la/_/thim pas 'chi med bdud rtsi'i dwangs ma tshe/_/dngos grub kun gyi snying por 'khyil bar gyur/_/zhes gsal btab la/_sngar bzhin bsnyen sgrub las gsum gyi sngags sham du/_kA ya wAka tsit+ta sarba sid+d+hi pha la hU~M hrIH_zhes btags pa stong phrag gam brgya rtsa sogs ci nus bzlas pas/_dngos grub thams cad 'od zer 'ja' tshon lta bu'i rnam pas bdag gi gnas lngar thim par bsam/_las byang bzhin sman mchod rgyas pa dang*/_rak+ta gtor mas mchod/_hoH_tshe yi lha tshogs ma lus sogs las byang ltar 'khon gcugs bshags la/_skya rengs 'char ba dang bstun rdo rje rgyal tshab pas b+han+d+ha'am bum pa/_yum gyi tshe 'brang*/_las rdor sogs kyi sgrub rdzas dngos grub kyi rdzas rnams sbreng tshar du thogs la/_hrIH_bcom ldan mgon po tshe dpag med:_sku gsung thugs sogs las byang gi dngos grub bskul tshig rdzogs par btang nas lha dzapa rnams sbrel la/_oM AHhU~M sarba sid+d+hi pha la hU~M:_btags pa bzla bzhin par rol mo dang bcas gnas gsum du gtugs shing dngos grub thabs shes rdzas rnams g.yas skor g.yon skor gyis stob cing rol/_/mthar tshe brtan par bya ba'i slad du/_hU~M b+h+rU~M tra tra shag:_mu tra hoH_tiSh+Tha lhan:_zhes bdun nam nyer gcig tsam bzlas la/_hrIH_snying po brtan par mi nub te:_rdo rje 'chang gi tshe yang mchog:_spros pas stong khams bkrag mdangs ldan:_bsdus pas rnal 'byor gzi mdangs bskyed:_bcings pas rdo rje lu gu rgyud:_brtan pa'i mi 'gyur rdo rje 'dra:_bdag cag skal ldan rnal 'byor la:_tshe dang ye shes dngos grub stsol:_'chi med rdo rje'i don rtogs shog:_ces dngos grub blangs pas/_bdag nyid lha dang dngos grub dbyer med bde ba chen po'i ye shes de bzhin gshegs pa thams cad kyi rdo rje gsum gyi ngo bo 'chi med rtag pa dam pa'i rang bzhin du gyur par bsam la/_me tog 'thor zhing*/_oM/_sku yi sku ste sku la thim:_phung po lnga la rab tu thim:_AH_gsung gi gsung ste gsung la thim:_ljags kyi dbang po mchog la thim:_hU~M:_thugs kyi thugs te thugs la thim:_rang byung ye shes thugs la thim:_nyin mo bkra shis mtshan bkra shis:_nyin mtshan kun tu bkra shis pa:_skal ldan rnams la bkra shis shog:_snying po nyi zla gsal gyur cig__oM AHhU~M dz+nyA na hU~M hoH_zhes tshe brtan pa'i bkra shis brjod do/__/'dir rgyas pa'i bsregs blugs kyi sgo nas tshe spel ba'i las sbyor brtsams na mchog tu 'gyur ba ste/_de dag gi tshul gud du byung ba las shes par bya ba ltar ro/__/gzhan yang sgrub khang du 'jug par 'os pa mched nang ma tsam la rtsa ba'i dbang dang zab khrid spel ba ltar phyi nang 'jug pa'i chos rnams sngon du 'gro bas/_phyi nang gsang ba'i dbang mtha' rten bcas pa rje gter chen nyid kyi rdo rje'i gsung khrigs su bsdebs pa ltar shes par bya'o/__/gsum pa rjes mtha' rgyas kyi las rim drug las/_dang po tshogs dang gtor ma gtong ba ni/_las byang tshogs byin rlabs nas brtsam tshogs mchod rgyas par bya/_zhal bstab skabs nyul le'i ling+ga me hoM du bsreg ste thal ba chos skyong gi gtor mar bstab/_tshogs la rol mthar lhag ma bsdus la sngar gyi lhag gtar bzung ba dang lhan cig lhag chog bya zhing*/_sgrub khang lho nub gom pa bdun cu'i bar skyel/_chos srung gtor 'bul skabs de dag gi gtor ma rnams yang thog lta bur phul/_chad brtan 'ang rgyun bzhag phyir 'bul zhing rta bro brdung ngo*/__/gnyis pa gter sbed pa ni/_bkra shis pa'i rten 'brel du rin po che'am rdza'i bum pa lnga tshan lnga dang 'bru sna sman sna rin po che chos sman gyi gtams pa'i khar tshe ril rten gtor sogs sgrub rdzas dang dngos grub phud bcug ste kha dam par bcad nas rigs lnga'i phyag mtshan bris pa nyid slob dpon nam rgyal tshab kyi phyag tu thogs la/_hU~M:_'byung lnga ye nas mngon sangs rgyas:_sa yi lha mo'i kha phyes shig:_rnam dag yum lnga'i mkha' klong du:_sku gsung thugs yon phrin las bzhi:_sgrub pa las kyi gter sbed do:_snying po rin chen dar sna 'bru:_sman sna dam rdzas gtor chen sogs:_mi zad gter mchog 'di sbas pas:_'dir tshogs rnal 'byor bdag cag rnams:_snying po byang chub ma thob bar:_skye rga na 'chi'i dus byung tshe:_gter mchog khyod kyi byin rlabs kyis:_bde thob longs spyod kun ldan shog:_nad yams mu ge mtshon 'khrugs sogs:_'jigs pa brgyad las skyob par shog:_sku lnga lhun gyis grub pa yi:_ye shes lnga dang ldan par shog:_phyag rgya lnga yis rgyas btab pas:_yon tan mtha' rgyas bkra shis shog:_bud+d+ha badz+ra rat+na pad+ma karma A yu sid+d+hi b+h+rU~M b+h+rU~M:_zhes sgrub khang gi phug sogs su sba zhing shis brjod kyi me tog 'thor ro/__/gsum pa dkyil 'khor bsdu ba ni/_gtang rag gi mchod gtor rgyas par byas la nongs pa bshags/_mdun bskyed lha ye shes pa rnams rdul tshon la brten na/_oM/_khyed kyis sems can don kun sogs kyis gshegs su gsol/_dam tshig pa rang la bsdus rjes bdag gi rnal 'byor yang 'od gsal du bsdu zhing slar yang gtso bo phyag rgya gcig pa'i gsal snang bzung*/_ras bris skabs brtan bzhugs rgyas par byas rjes bsdu ldang bya ba'i khyad par ro/__/bzhi pa mtshams dkrol ba ni/_rgyal tho bzhi dang*/_sgo byang gnyis la mchod gtor phyi mchod bcas sngar ltar bshams/_phyi rol gyi tho'i shar la sogs par song ste/_mchod gtor byin rlabs nas bzung sngar mtshams gcod kyi skabs su smos pa ltar la/_shar phyogs bgegs kyi mtshams chod cig_/ces pa'i tshab tu/_bcol ba'i phrin las 'grub par mdzod/_/ces bsgyur ba dang*/_su pra tiSh+Tha'i tshab tu/_badz+ra muM/_zhes bsgyur ba tsam las de kho na ltar te/_tho rim gyis bsdu ba'i khyad par ro/__/sgo byang phyi nang bkrol ba ni/_phyi sgor mchod gtor bshams la/_ra~M ya~M kha~M/_oM AHhU~M lan gsum dang*/_oM badz+ra kro d+ha ya ma rA dza i daM ba liM ta kha kha khA hi khA hi:_lan gsum gyis gtor ma phul/_oM badz+ra ar+g+haM sogs kyis mchod/_hU~M:_bgegs kyi gnyen po gshin rje'i gshed:_ngo mtshar rmad byung sgrub pa yi:_phyi rol sgo yi srung ma mdzad:_khyed kyi thugs dam ngo mtshar che:_gtang rag mchod bzhes dbyings su gshegs:_badz+ra mu:_zhes lha gshegs sgo byang bsdu'o/__/nang sgor mchod gtor bshams la/_ra~M ya~M kha~M/_oM AHhU~M lan gsum/_oM badz+ra kro d+ha a mr-i ta kuN+Da lI i daM ba liM ta khA hi khA hi:_lan gsum/_ar+g+haM sogs/_hU~M:_khro bo'i rgyal po bdud rtsi 'khyil:_ngo mtshar rmad byung sgrub pa yi:_phyi nang sgo yi srung ma mdzad:_khyod kyi thugs dam ngo mtshar che:_gtang rag mchod bzhes dbyings su gshegs:_badz+ra muH_lha gshegs sgo byang bsdu'o/__de nas sgrub khang gi nang du log la/_rgyal tshab pas dkyil 'khor gyi nub kyi nub nas 'og phur bsdu ba nas bzung shar lho nas brtsam mtshams bzhi g.yas skor dang*/_byang nas brtsam phyogs bzhi g.yon gyi skor gyi steng phur gyi mthar thug par bsdu bzhin par/_oM badz+ra kI la ya ut+kI la ya sarba kI la ya badz+ra d+ha rod Adz+nyA pa ya hU~M hU~M hU~M hU~M phaTa? swA hA/_zhes hU~M bzhi pa'i sngags bzla bzhin du rkang pa g.yon rkyang dang*/_lag gnyis skam pa'i rgyas phur bu rnams bton la/_oM ru ru s+phu ru dz+wa la tiSh+Tha sid+d+hi lo tsa ni sarba ar+tha sA d+ha ni swA hA/_zhes bzlas te lha rnams gshegs la 'o mas phur rtse bkru zhing phur khung du bkang ba'i stangs kas bton/_lnga pa rdul tshon bsdu zhing gshegs gsol ni/_chos thams cad skye ba med pa'i don yid la byas te dril bu gsil zhing rdul tshon gyi dkyil 'khor a kA ro bzla bzhin du byang sgo nas bzung dbus bar gyi lha mtshan re re bzhin rang gi spyi bor bkod la/_mthar lag gi rdo rjes dbang ldan gyi rtsig pa nas brtsams te lte ba'i bar bskor ba'i re khA gsum 'then cing*/_las rdor sogs kyi phyags nas/_bum pa'am za ma tog la sogs pa'i snod bzang por blug ste spro na dbu rgyan gsol la bkur sti chen pos mchod par gsung bas/_ji ltar 'os pa'i stegs la many+dzi'i khar rdul tshon gyi snod bkod/_mthar chu gnyis nyer spyod g.yas skor du bsham/_de nas rdul tshon gyi lhag ma don du gnyer pa rnams la'ang cung zad byin du rung bar gsung*/_thig shul dri bzang gi chus mtha' nas rim bzhin dbyi ba dang bcas las kyi rdo rjes mi mngon par bya/_dus de nyid du'am zhag re zung gis bcad pa'i mjug tu yang rung ste/_rdul tshon gyi bum pa mchod rdzas kyis sna drang ba'am/_glang chen nor bu bkal ba'i bkur bstir bcas rgya mtshor 'bab pa'i chu klung gi khar spyan drangs la rdul tshon dkar po'i maN+Dal pad+ma 'dab brgyad 'dri ba'am par du btab pa'i dbus dang 'dab ma la me tog gi tshom bu bkod/_mthar chu gnyis nyer spyod lnga/_klu sman btab pa'i 'o ma gtor ma dang bcas pa dang*/_de'i rgyab mdun gang 'os kyi stegs bu mtho ba la rdul tshon bzhugs su gsol/_las bum gyi lha'i sngags ci rigs bzlas nas mchod pa rnams bsangs sbyangs byin gyis brlabs nas/_slar yang rten bsangs sbyangs/_stong pa'i ngang las waM las byung ba'i rgya mtsho rin po che dang me tog gis gang ba'i dbus su pad+ma dkar po 'dab ma brgyad pa'i lte bar hU~M gis mtshan pa las rdo rje sems dpa' dkar po rdo rje dang dril bu 'dzin pa rang snang gi yum dang bcas pa'o/__/snying ga nas 'od zer 'phros pas klu chen po brgyad 'khor dang bcas pa badz+ra sa mA dzaHsa spyan drangs/_'dab ma brgyad la 'khod pa ni/_stod lha'i lus can thal mo sbyar ba/_sbrul mgo'i gdengs ka dang ldan pa/_smad sbrul 'jug tu 'khyil zhing dar dang rin po che'i rgyan gyis brgyan pa 'khor dang bcas par gyur:_oM badz+ra satwa aSh+Ta nA ga a d+hi pa ti sa pa ri wA ra ar+g+haM nas/_shab+da'i bar gyis mchod/_gdeng ka nor bu 'bar ba'i 'od zer gyis/_/sa 'og mun pa'i tshogs rnams rab 'joms shing*/_/bstan la rab dga' mthu stobs bsam mi khyab/_/klu rgyal 'khor dang bcas la phyag 'tshal bstod/_/lag g.yon gdengs ka'i tshul dang*/_g.yas mchog sbyin gyi rgyas/_oM/_klu rgyal mtha' yas nor rgyas bu/_/'jog po dang ni stobs kyi rgyu/_/pad+ma pad+ma chen po dang*/_/dung skyong dang ni rigs ldan no/__/lha mo lha mo chen po dang*/_/zla ba'i spyi gtsug spyi gtsug che/_/dbyug 'dzin dbyug 'dzin chen po dang*/_/sog ma med dang hu luN+Da/_/dga' bo dang ni nyer dga' bo/__/rgya mtsho rgya mtsho chen po dang*/_/tsha ba tsha ba chen po dang*/_/dpal gyi 'od dang 'od chen po/_/rin chen 'od dang gzugs mdzes dang*/_/gzugs mdzes chen po sbrul bzang dang*/_/lto 'phye chen po tshi li dang*/_/tshi li chen po rnam dag go_/oM b+hak+Sha b+hak+Sha A gats+tsha A gats+tsha ma hA nA ga a d+hi pa ti sarba b+hur+b+hu wa phru~M phru~M swA hA/_zhes pa gsum gyis gtor ma phul nas/_gong bzhin mchod bstod dang*/_mchod sbyin gtor ma 'di bzhes la/_/zhes pa nas/_yid la 'dod pa kun 'grub shog_/ces dang*/_klu'i rgyal po 'khor dang bcas pa rnams kyis/_deng de bzhin gshegs pa rnams kyis byin gyis brlabs pa'i rdul tshon rin po che'i rang bzhin 'di rnams bdag gir mdzad nas mchod pa dang*/_'jig rten gyi khams spyi dang khyad par sa phyogs 'di dag tu bde legs kyi dpal phun sum tshogs pa 'phel zhing rgyas par mdzad du gsol/_zhes sogs skabs su bab pa'i phrin las gsol nas/_oM/_phun sum tshogs pa mnga' ba sogs kyi shis brjod dang*/_yig brgya dang*/_ma rnyed yongs su ma tshang dang*/_sogs kyis bzod par gsol/_oM/_khyed kyi sems can don kun mdzad/_sogs kyi mthar/_gats+tsha gats+tsha swa b+hA wa nAM/_oM A hU~M mu/_zhes pas rol mo'i sgra dang bcas pas gshegs/_dzaHhU~M ba~M hoHsa rdo rje sems dpa' rang la bstim/_rdul tshon dang mchod gtor rnams rim bzhin chur dor/_gzhi'i maN+Dal gyi tshom bu rnams chur gshegs shing re khA yang 'khru/_rdul tshon gyi snod kyang chu gtsang gis bkang nas spyan ma'i sngags bzla bzhin du slar khyer ba sgrub khang nang du bsang gtor bya/_drug pa smon lam gdab pa la spyi dang khyad par gnyis las/_dang po spyi ltar gdab pa ni/_thal mo sbyar la/_kye hoH_mi gnas ye shes chos kyi dkyil 'khor du:_ma bcos lhun grub yon tan rdzogs pa'i dpal:_rab 'byams rgyal ba'i bka' lung yongs rdzogs rnams:_'gro ba yongs kyi dpal du 'gyur bar shog:_'di lta bu yi dkyil 'khor rtag tu mchod:_bka' drin che ba'i rdo rje slob dpon dang:_lu gu rgyud kyi 'brel ba'i mched lcam rnams:_'bral med dag pa'i zhing du tshogs par smon:_bla med sgrub pa'i dkyil 'khor chen po 'dir/_sku gsung thugs kyi dngos grub ma thob bar:_sa lam mthar phyin 'gro ba thabs kyis sgrol:_sku gsum ye shes lnga la spyod par shog:_ces rtse gcig pa'i yid kyis bya'o/__/gnyis pa khyad par mar me'i smon lam ni/_thams cad kyis lag g.yas su mar me dang spos reng thogs/_rgyal thebs pas gtong thun sngon du 'gro bas dbyangs bor len bcas/_hU~M/_bla med gsang ba mchog gi dkyil 'khor du/_/snying po byang chub lam la zhugs pa yis/_/'khor ba'i g.yang sa chen por mi ltung zhing*/_/chags sdang gcong rong gnas su mi skye dang*/_/'og lta dmyal ba'i zangs khar rbab mi 'gril/_/'khon 'dzin gcan gzan gdug pa'i skad mi thos/_/nyon mongs mtshon rtse gdug pa'i zer mi phog_/dge ba'i bshes gnyen bka' drin che ba dang*/_/srog gis sbrel ba'i mched dang lcam dral dang*/_/gsum pa'i dbang gis sbrel ba'i rigs ma gsum/_/skye ba 'di dang tshe rabs thams cad du/_/mi 'bral rtse gcig 'grogs pa'i ting 'dzin gyis/_/sa bcu khyad par rim gyis bgrod par shog_/nam zhig tshe 'phos lus brje'i dus byung tshe/_/'khor ba'i g.yang sar lan gcig ltung srid kyang*/_/snang ba'i sgo 'byed zhun mar mdangs gsal 'dis/_/rig 'dzin sgrub pa po yis shul mtshon cing*/_/kun tu 'od kyi sa la rgyud sbyangs nas/_/pad+ma chen po'i sa la lhun gyis grub/_/'khor lo tshogs chen sa la gshegs pa'i tshe/_/sngon gyi rgyal ba rnams kyis mdun bsus shig_/yi dam lha yis rgyab nas srog bsten cig_/byang chub sems dpa' rnams kyis mtha' skyor cig_/mchod pa'i lha mo rnams kyis sna drongs shig_/ma tshogs dbang mo rnams kyis rjes skyongs shig_/lcang lo can gyi sa la phyin pa'i tshe/_/mi ldog pa yi sa la gnas nas kyang*/_/rdo rje khro rgyal khyed kyi zhal mthong nas/_/rig 'dzin rnams dang dbyer med gyur nas kyang*/_/bla med sku gsung thugs su 'grub par shog_/ces dang*/_gzhan yang spro na theg pa chen po'i smon lam spyi dang khyad par snga 'gyur bstan pa rgyas pa'i smon lam sogs rgyas par btang na dus gnyan pa'i phyir gal che'o/__/de nas las gzhung gi bsngo smon/_ho:_legs spyad dge ba sogs dang*/_oM:_gsung gi bdag po sogs phrin las dkyus kyi shis brjod rgyas par spel la me tog gi char bsil mar bsnyil rol mo rgyun ring du 'khrol bas dge legs su bya/_de nas sgrub pa grol rjes gtang rag gi tshul du dkyil 'khor 'di nyid kyi tshogs skong sgrub mchod zhag gsum bya ba dang*/_dbang bskur 'chad nyan rdo rje'i glu gar gyi dga' ston kyang byas pas phyin chad dge legs kyi dpal yon 'phel rgyas brtan par gsungs so/__/yang sgrub chen 'dra 'bag tsam yang ma lcogs te sgrub mchod dkyus ma spyi 'gro ltar byed par spro na/_sngar smos pa'i sa chog gi sa sbyang ba yan de bzhin las/_sa bzung ba'i dang po bka' bsgo ba'i rjes su rgyab chos sri bzlog bskul nas/_mtshams gcod rnam gsum/_lha dang bum pa sta gon/_chag chag gdab cing thig tshon gyi dkyil 'khor 'bri ba'am/_yang na ras bris bkram/_sgrub rdzas mchod gtor dkyil 'khor gyi rgyan bkod byas te/_mchod rdzas byin rlabs dang*/_byin dbab bcas kyis sbyor ba'i chos rnams grub bo/__/sgrub mchod dngos gzhi zhag grangs ji tsam byed pa'i bar nyin re bzhin las byang gi gzhung bsrang lugs 'dra ba las thun bzhi nges par ma grub kyang rung ste bdag 'jug re len/_nub mtha' mar dngos grub len pa dang*/_rgyas pa'i bsreg blugs/_dkyil 'khor bsdu ba dang*/_phur bu phyung la rdul tshon dbyi zhing chu bor gshegs/_mar me'i smon lam dang shis pa brjod pas mtha' rgyas par byas pa tsam gyis 'grub ste 'dor len gyi dmigs phyed par shes par bya'o/__/spyi don gsum pa de nyid sgrub pa'i 'bras bu ni/_rang gzhung tshe sgrub las/_rgyal kun gsung gi gsang ba che:_bde chen pad+ma'i rigs kyi gtso:_dkyil 'khor dbang phyug chen po yi:_nges pa'i gsang ba la brten nas:_'chi med sgrub pa'i lam bzang ni:_rmad byung thabs kyi snying po la:_yang dag brtson pa mi 'dor bas:_skal pa can gyis nyams blangs na:_gnas skabs nad gdon bar chad dang:_khyad par dus min 'chi ba zhi:_bsod nams ye shes tshe dpal rgyas:_rlung sems dwangs ma'i stobs 'phel zhing:_lus sems lha yi skur smin pa:_rnam smin tshe dbang phyag rgya che:_lhun gyis grub pa'i rig 'dzin bzhi:_mthar phyin 'od gsal ye shes sku:_'chi med gnyug ma'i mtshan dpe'i mchog:_tshangs dbyangs rnam pa thams cad pa'i:_bde chen ye shes rdo rje'i tshe:_sku gsung thugs kyi gsang ba ni:_yon tan phrin las mi zad pa:_rgyan gyi 'khor lo'i dbyings dam pa:_gnyis su med par byang chub ste:_nam mkha' ji srid mdzad pa dang:_phan bde bsam mi khyab pa yi:_mkha' mnyam 'gro ba'i don rgya mtsho:_rtsol med lhun gyis grub nas kyang:_sangs rgyas kun dang tha mi dad:_zag med 'bras bu ye shes la:_tshe 'dir spyod pa gdon mi za:_sa ma ya:_zhes bden gsung rdo rje'i gsung gis rjes su gdams pa de dag gis nam yang mi bslu ba'i mtshan ma mchog tu nges pa yin no/__/slar smras pa/_legs byas gang de'i bsod nams sprin gyi char/_/lus can kun gyi zhing sar rtag phab nas/_/sgo gsum rdo rje gsum gyi thig ler smin/_/'pho ba chen po 'chi med phyag rgyas btab/_/las sad skal bzang skye bo dag gis mtshon/_/dus kyi dgra chen 'jigs pa'i 'tshe ba yi/_/skye 'chi rtog tshogs ye shes gzhon nu'i sku'i/_/rang 'bras tshe mtha' yas pa'i dpal thob shog_/ces bka' gter zung 'jug pad+ma tshe yi snying gi thig le'i nang sgrub lha bcu bdun ma'i sgrub pa chen mo'i khog dbub zin bris 'chi med bdud rtsi'i rdzing bu zhes bya ba 'di ni rje gter chen chos kyi rgyal po mchog nas bzang gos las mdog gi me tog dang bcas rang gzhung rtsa bar bzung nas smin gling pa'i phyag bzhes ji lta ba bzhin du bris shig pa'i bka'i cod pan spyi bor lhung ba dad pa'i gtsug tu mchod de/_rje nyid kyis mdzad pa'i mkha' 'gro gsang ba 'dus pa'i sgrub khog gzhir bzhag ste/_skabs thob smin gling pa'i phyag bzhes kyis kyang zur brgyan nas gsar du bsdebs pa po shAkya'i dge sbyong rmong brtul ngag dbang chos kyi blo gros kyis bgrang bya lnga bcu rtsa brgyad du son pa ga pur gyi khams dang 'grogs pa'i tshangs skyes kyi lo dbo zla'i dkar phyogs kyi rgyal ba dang po'i nyin rang gnas thub bstan chos gling du bris pa'i yi ge gnyis pa'i 'bebs pa po thub dge ring sgang bkras steng pa ngag dbang blo gros kyis bgyis pa ste 'dis kyang gter chen bla mas dbus bstan 'dzin gyi skyes bu rnams 'chi med rtag pa dam par 'tsho zhing gzhes nas zab chos kyi phrin las phyogs mthar khyab pa'i rgyur gyur cig/_//

Footnotes

Other Information