Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
ཅེས་སྙུང་བར་གནས་པའི་ཆོ་ག་སྒྲོལ་ལྗང་ལུགས་འདི་ཉིད་ཆུ་སྦྲུལ་གྱི་ལོར་སྟོན་ཟླ་ར་བའི་ཚེས་བཅུའི་ཐོ་རངས་ཁམས་ཀྱི་རྩ་རི་ཊའི་དབུས་ཕྱོགས་ཌཱཀྐིའི་བླ་མཚོའི་འགྲམ་དུ་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་ལ་འཕཊ་མཆོག་ལོའི་ཀི་ཤྭ་ར་ནི་དངོས་སུ་གསུངས་པས་ཞག་དྲུང་ཅུའི་བར་གསངརྒྱས་བཏབ་པ་དེཿ སླར་གཟུགས་མེད་འགའ་དང་ཌཱཀྐིས་བསྐུལ་ལྟར་ཐ་སྐར་ཟླ་བའི་ཉིན་ལེགས་པར་བཀོད་པའི་ཡི་གེ་པ་ནི་རང་སློབ་དད་དམ་ནོར་ལྡན་དཔལ་གྱི་སེང་གེའི་བགྱི་པས་འདིས་ཀྱང་འཁོར་བ་དོང་ནས་སྤྲུགས་པའི་རྒྱུར་གྱུར་ཅིགཿ སརྦ་མངྒལཾ།།  +
* '''Treasure colophon:''' སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ནད་དང་གདོན་དང་༔ ཉམས་གྲིབ་བསལ་བའི་དོན་དུ་མཛད་པ༔ ཐུགས་རྗེ་ཆེན་པོའི་བུམ་ཁྲུས་ཀྱི་ཆོ་གའོ༔ ཨྠིྀ རྫོགས་སོ༔ དགེའོ།།   +
* '''First colophon (treasure) page 485:''' བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ༔ ཚེ་སྒྲུབ་ཆེན་པོ་འདི་བརྩམས་པས༔ འགྲོ་ཀུན་ཚེ་རིང་གྲུབ་ཐོབ་ཤོག༔ ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་ཆེན་མོ་རྫོགས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ༔ * '''Second colophon (treasure) page 494:''' སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི༔ ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་ཆེན་མོ་རྫོགས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ * '''Second colophon (author) page 494:''' ཨོ་རྒྱན་པདྨ། མཁའ་འགྲོ་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཆེན་པོ། འགྲོ་བའི་མགོན་པོ། སྲས་བློ་ལྡན། མངའ་བདག་བདུད་འདུལ། མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། དེ་ལ་བདག་ཆོས་སེང་གིས་ཞུས་པ་ལགས་སོ། །རྡོ་རྗེ་ལྟ་བུའི་ཚེ་ཐོབ་ཤོག །ལྷོ་བྲག་ལྕགས་ཕུར་དུ་བདག་ཆོས་སེང་གིས་སྨྱུ་གུ་ཕོག་ཚད་བྱས་ནས་བྲིས།།   +
།ཞེས་པའང་འཇམ་མགོན་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པའི་བྱ་བྲལ་མ་ཎི་བ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ།  +
།ཅེས་པའང་རྡོ་རྗེའི་གསུང་གི་གཞུང་ལ་རིགས་མཐུན་གྱི་མཚམས་སྦྱོར་འཇུག་པ་བདེ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  +
།ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་མཛད་པར་གྲགས་པའི་དབང་ཆོག་ཉིད་གཞིར་བཞག་སྟེ། དག་ཅིང་གསལ་བ་བཀླགས་པས་གྲུབ་པར་བྱ་བྲལ་མ་ཎི་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག  +
།ཅེས་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྡོ་རྗེ་ཐོགས་མེད་རྩལ་ཀྱི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་སྣང་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན། སྙིང་གི་རྒྱ་ཅན་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་ལྷ་དགུའི་ཕྲིན་ལས་ཀྱི་ཆོ་ག་འདིའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་རང་གཞུང་རྩ་བར་བཟུང་། གསལ་བྱེད་ཅུང་ཟད་དགོས་པ་རྣམས་རིགས་མཐུན་རྡོ་རྗེའི་གསུང་དང་། འགྲོ་འདུལ་གཏེར་བདག་གླིང་པ་སོགས་ལུགས་འདི་ལ་ཚད་མར་གྱུར་པའི་ལེགས་བཤད་ཀྱིས་མཚམས་སྦྱར་ཏེ་བཀླགས་པས་གྲུབ་པར་བྱ་བྲལ་མ་ཎི་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག  +
།ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་སྟེ། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།  +
* '''First colophon page 502:''' ཞེས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཐུགས་རྒྱུད་གཅིག་པ་མངའ་རིས་སྟོད་ཀྱི་གུ་གེ་རོང་དུ་བྱུང་བའི་སྦས་པའི་རྣལ་འབྱོར་པ་གྲུབ་མཆོག་ཚུལ་ཁྲིམས་བཟང་པོ་ཞེས་མི་ཡུལ་དུ་ལོ་བརྒྱ་དང་སུམ་ཅུ་བཞུགས་ཀྱང་བསྐུུ་ལ་བགྲེས་རྒུད་ཀྱི་སྐྱོན་མེད་ཅིང་མཐར་སྐུ་འོད་ཀྱི་ཕུང་པོར་ཐིམ་པ་དེ་ཉིད་ལ་འཕགས་པ་ཐུགས་རྗེ་ཆེན་པོས་མངོན་སུམ་དུ་སྩལ་བའི་རྡོ་རྗེའི་གསུང་བྱིན་རླབས་ཅན་གྱི་ལེ་ཚན་ནོ།། །།འདི་ལ་རིག་པ་གཏད་པའི་རྗེས་གནང་ཡང་ཡོད། མངྒ་ལཾ་བྷ་བ་ཏུ། * '''Second colophon page 504:''' །ཅེས་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་བའི་སྐབས་དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་པས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚིག་འདི་སྔོན་གནས་རྗེས་དྲན་དུ་གསུངས་པ་སྟེ། བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་ལགས་སོ།།   +
།ཅེས་རང་གཞན་ལ་ཕན་པར་འདོད་པའི་ལྷག་བསམ་གྱིས་ཉེ་བར་དྲངས་ཏེ། །ཀུན་མཁྱེན་བླ་མ་འཇིག་རྟེན་གསུམ་གྱི་མགོན་པོ་ཉིད་ཀྱི་ཞལ་ལུང་ཇི་ལྟར་གནང་བ་བཞིན། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཆེན་ལྔ་འདུས་སྒྲུབ་ཆེན་རྣམ་དགུའི་ཕོ་བྲང་གི་བྱེ་བྲག་གསུང་མཆོག་འཆི་མེད་པདྨའི་རྫོང་དུ་སྦྱར་བ་དགེ་ལེགས་འཕེལ།།  +
།ཅེས་ཟབ་གསང་འདོད་དགུའི་གཅེས་ནོར་རིག་འཛིན་རྩལ་འཆང་གསུམ་གྱི་ཕྱག་རྗེས་འདི་དག་ལ་ཞབས་ཏོག་བགྱི་འོས། འཁོར་ལོས་མགོན་པོ་འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་ཡི་གནང་བ་ཇི་ལྟར་བསྩལ་བཞིན་མྱུར་དུ་བསྒྲུབ་པར་བྱ་ཕྱིར། གཏེར་ཆེན་བླ་མའི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་མཆོག་སྤྲུལ་གསུམ་པ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་མཆོག་དང༌། མཁྱེན་ཡོན་དད་བློ་མཚུངས་བྲལ་བྱང་འདྲེན་པདྨ་བཀྲ་ཤིས་དཔོན་སློབ་ནས་བསྐུལ་གནང་བ་བཞིན། ཀ་ཋ་མཎྚུའི་རྒྱལ་ཁབ་ཀྱི་སྤོ་ན་མཛེས་པའི་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གསུམ་གྱི་མཆོག་སྤྲུལ་དབུས་སྐལ་བཟང་འདུས་པའི་ཚོགས་ལ་མཆོག་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཟབ་མོ་འབུལ་བའི་སྐབས་ཉེར་མཁོར་གྱུར་བ་བཞིན་མདོ་ཁམས་ཤར་གྱི་སྔགས་བཙུན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པའི་མཁོས་ཆུང་གི་ན་བས་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཉེར་དགུ་ལ་བརྩམས་ཏེ་གྲུབ་པར་བགྱིས་པས་གསང་ཆེན་རྡོ་རྗེ་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།།  +
།ཞེས་བརྗོད་ལམ་ཁྱེར་འབྲལ་མེད་ངང༌། །རྗེས་ཐོབ་དྲན་དང་ཤེས་བཞིན་པས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པར། །ཚོགས་གཉིས་རྫོགས་པའི་ཐབས་ལ་འབད། །འདི་ནི་བླ་མ་སྤྱན་རས་གཟིགས། །སྙིང་དབུས་བསྒོམ་ནས་གསོལ་བཏབ་པས། །བྱིན་རླབས་ཅུང་ཟད་ཐོབ་པ་ལས། །གང་ཤར་བཅོས་བསྒྱུར་བྲལ་བར་བཀོད། །དགེ་དེས་བདག་དང་གཞན་གྱི་འགྲོ། །ཐབས་ཤེས་ཟུང་འབྲེལ་ལམ་མཆོག་ལ། །བརྟེན་ནས་གོམས་པ་མཐར་ཕྱིན་པས། །སྐུ་དང་ཡེ་ཤེས་མཆོག་བརྙེས་ཤོག །སརྦ་མངྒ་ལཾ་བྷ་བ་ཏུ།།  +
ཞེས་པའང་མང་དུ་ཐོས་པའི་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཞན་ཕན་གྱི་ལྷག་བསམ་ཁོ་ནས་ཡིག་ཆ་སྔ་མ་རྣམས་ཀྱི་སྙིང་པོ་མདོར་བསྡུས་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག  +
།ཞེས་པའང་འཕགས་པ་དགྱེས་པའི་འབངས་ཀྱི་ཐ་ཆུང་མཁྱེན་བརྩེའི་དབང་པོས་རྒྱ་གཞུང་ཉིད་ངག་འདོན་དུ་བྲིས་པ་དགེ།  +
།ཅེས་པའང་ཀུན་མཁྱེན་བླ་མ་ཉིད་ཀྱི་རྡོ་རྗེའི་གསུང་ལ་རིགས་མཐུན་གྱི་མཚམས་སྦྱོར་རྒྱས་པར་སྤྲོས་ཏེ། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  +
།རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལས། གསང་སྒྲུབ་སྡུག་བསྔལ་རང་གྲོལ་ལ་བརྟེན་པས། །གནས་སྦྱོང་ཆོ་ག་རྣམ་གྲོལ་ལམ་བཟང་འདི། །རིགས་བདག་གྲུབ་དབང་བླ་མའི་རྡོ་རྗེ་གསུངས། །ཁ་བསྐང་ཚིག་ཚོགས་ཡུལ་ལུགས་དང་མཐུན་པར། །རང་གི་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར། །སྔགས་མིང་འཛིན་པ་འཇའ་ལུས་རྡོ་རྗེས་བཀོད། །བཀའ་ལ་གཟུ་ལམ་སྤྲིས་སླད་ཉེས་འགལ་རིགས། །བླ་མ་མགོན་པོ་དབྱེར་མེད་དྲུང་དུ་བཤགས། །དགེ་བའི་སྡུག་བསྔལ་གྱིས་མནར་རིག་དྲུག་འགྲོ། །ཕྱག་ན་པདྨའི་གོ་སར་དབྱུང་པར་ཤོག །ཡི་གེ་འདུ་བྱེད་སློབ་བུ་ཀློང་ཆེན་བགྱིས། དགེའོ།  +
།ཞེས་པའང་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ཆོག་ལས་ཁོལ་དུ་ཕྱུང་བ་དགེ།  +
།ཞེས་པའང་བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིན་ཏུ་བློ་དམན་རྣམས་ལ་ཕན་པའི་བསམ་པས་ངག་འདོན་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒལཾ།།  +
འཇ༷མ་པའི་དབྱང༷ས་སོགས་དཔའ་རྣམས་ཀྱི། །མཁྱེ༷ན་བརྩེའི༷་འཇུག་པ་གཅིག་བསྡུས་པའི། །གངས་ཅན་ལྷ་གཅིག་སྲོང་བཙན་རྗེའི། །ཐུགས་བཅུད་ཟབ་དོན་སྙིང་པོའོ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་རྩ་བའི་གཞུང་དང་། ཁྲིད་ཡིག་ཕྱི་མ་དག་གི་དགོངས་པ་ཕྱོགས་གཅིག་ཏུ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།།  +