ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་བཀའ་སྲུང་གསང་བ་ཡེ་ཤེས་མགོན་པོ་སྨུག་པོའི་དབང་ཆོག་ཁྲིགས་བསྡེབས་སུ་བཀོད་པ་དངོས་གྲུབ་འདོད་དགུའི་དཔལ་སྟེར།

From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-009
Wylie title thugs rje chen po yid bzhin 'khor lo'i bka' srung gsang ba ye shes mgon po smug po'i dbang chog khrigs bsdebs su bkod pa dngos grub 'dod dgu'i dpal ster DKR-KABUM-13-PA-009.pdf
Location dil mgo mkhyen brtse bka' 'bum
Volume 13, Text 9, Pages 119-135 (Folios 1a to 17a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Thugs rje chen po yid bzhin 'khor lo'i bka' srung gsang ba ye shes mgon po smug po'i dbang chog khrigs bsdebs su bkod pa dngos grub 'dod dgu'i dpal ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 119-135. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur
Cycle ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ (thugs rje chen po yid bzhin 'khor lo)
Deity ye shes mgon po phyag drug pa
Colophon

།ཅེས་ཟབ་གསང་འདོད་དགུའི་གཅེས་ནོར་རིག་འཛིན་རྩལ་འཆང་གསུམ་གྱི་ཕྱག་རྗེས་འདི་དག་ལ་ཞབས་ཏོག་བགྱི་འོས། འཁོར་ལོས་མགོན་པོ་འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་ཡི་གནང་བ་ཇི་ལྟར་བསྩལ་བཞིན་མྱུར་དུ་བསྒྲུབ་པར་བྱ་ཕྱིར། གཏེར་ཆེན་བླ་མའི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་མཆོག་སྤྲུལ་གསུམ་པ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་མཆོག་དང༌། མཁྱེན་ཡོན་དད་བློ་མཚུངས་བྲལ་བྱང་འདྲེན་པདྨ་བཀྲ་ཤིས་དཔོན་སློབ་ནས་བསྐུལ་གནང་བ་བཞིན། ཀ་ཋ་མཎྚུའི་རྒྱལ་ཁབ་ཀྱི་སྤོ་ན་མཛེས་པའི་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གསུམ་གྱི་མཆོག་སྤྲུལ་དབུས་སྐལ་བཟང་འདུས་པའི་ཚོགས་ལ་མཆོག་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཟབ་མོ་འབུལ་བའི་སྐབས་ཉེར་མཁོར་གྱུར་བ་བཞིན་མདོ་ཁམས་ཤར་གྱི་སྔགས་བཙུན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པའི་མཁོས་ཆུང་གི་ན་བས་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཉེར་དགུ་ལ་བརྩམས་ཏེ་གྲུབ་པར་བགྱིས་པས་གསང་ཆེན་རྡོ་རྗེ་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།།

/ces zab gsang 'dod dgu'i gces nor rig 'dzin rtsal 'chang gsum gyi phyag rjes 'di dag la zhabs tog bgyi 'os/_'khor los mgon po 'jam mgon pad+ma ye shes rdo rje'i bka' yi gnang ba ji ltar bstsal bzhin myur du bsgrub par bya phyir/_gter chen bla ma'i gsung gi gdan sa rten mchog 'gyur med gling mchog sprul gsum pa pad+ma 'gyur med theg mchog bstan 'dzin dang*/_grub sras o rgyan stobs rgyal mchog dang*/_mkhyen yon dad blo mtshungs bral byang 'dren pad+ma bkra shis dpon slob nas bskul gnang ba bzhin/_ka Tha maN+Tu'i rgyal khab kyi spo na mdzes pa'i bka' rnying bshad sgrub dar rgyas gling gi gtsug lag khang du 'jam mgon chos kyi rgyal po rnam gsum gyi mchog sprul dbus skal bzang 'dus pa'i tshogs la mchog gter yongs rdzogs kyi smin grol zab mo 'bul ba'i skabs nyer mkhor gyur ba bzhin mdo khams shar gyi sngags btsun/_'gyur med theg mchog bstan pa'i rgyal mtshan du 'bod pa'i mkhos chung gi na bas rgyal zla'i dmar phyogs kyi nyer dgu la brtsams te grub par bgyis pas gsang chen rdo rje snying po'i ring lugs dar zhing rgyas la yun ring du gnas pa'i rgyur gyur cig__/bkra shis//

[edit]
༄༅། །ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་བཀའ་སྲུང་གསང་བ་ཡེ་ཤེས་མགོན་པོ་སྨུག་པོའི་དབང་ཆོག་ཁྲིགས་བསྡེབས་སུ་བཀོད་པ་དངོས་གྲུབ་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

༄༅། །རྒྱལ་ཀུན་ཐུགས་རྗེའི་ཡེ་ཤེས་ལྷས། །གསང་བའི་མགོན་པོའི་སྐུར་བཞེངས་པའི། །སྒྲུབ་ཐབས་ཟབ་མོའི་སྨིན་བྱེད་ཀྱི། །ལས་འགྲིགས་བཀླག་པས་གྲུབ་འདི་སྤེལ། །དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་གསང་བ་ཧེ་རུ་ཀ་ལྟར་སྒྲུབ་པ་ལ་འཇུག་པའི་སྔོན་དུ་དབང་གིས་རྒྱུད་སྨིན་པར་སློབ་དགོས་པས་དེའི་ཚུལ་བཀླག་ཆོག་ཏུ་བཀོད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་དང་པོར་གནས་དགེ་བར་ཉེར་དགུ་ལ་སོགས་པ་མགོན་པོའི་དུས་ཆེན་གྱི་སྐབས། གཞི་གནས་ཁང་རྒྱན་གྱིས་སྤྲས་པར་དཀྱིལ་འཁོར་གཞུང་མཐུན་རས་བྲིས་བཀྲམ་པའམ། མ་འཛོམས་ན་མཎྜལར་འབྲུའི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་བཅས་བཀོད་པའི་ཁར། རྣམ་བུམ། གསང་ཐོད། མེ་ལོང༌། སིནྡྷུ་རའི་རྡུལ་གྱིས་བཀབ་པ། ཤེལ་རྡོ་བཅས་བརྩེགས་མར་བཤམས། སྟབས་གང་བདེར། སྐུ་ཙཀ །སྔགས་བྱང༌། ཕྱག་མཚན་བཅས། མདུན་དུ་མགོན་པོའི་དཔལ་གཏོར་ལ་གཙོ་བོ་ལས་ཆུང་བ། འཁོར་བཞི། དེ་ལས་ཆུང་བ་བཞི། བར་རྣམས་ཐེབས་ཀྱུས་བལྟམས་པ། སྐུ་ཙཀ །དར་གདུགས། ཤ་ཁྲག་གི་བརྒྱན་པ་དང༌། དཔལ་འབར་བཙུགས་པ། གཡས་གཡོན་དུ་སྨན་རཀ་དང་ཉེར་སྤྱོད། ཚོགས་ཀྱི་དམ་རྫས་སོགས་དགོས་པའི་རིགས་འདུ་བྱས་ལ། ཐོག་མར་བརྒྱུད་འདེབས་ནི། གསུང་གི་རྡོ་རྗེ་ཚེ་འོད་སྣང་མཐའ་ཡས། །ལྷུན་གྲུབ་ཞིང་ཀུན་ཁྱབ་བདག་པད་དཀར་འཆང༌། །དྲེགས་པ་ཀུན་འདུས་རྟ་མགྲིན་དབང་གི་རྒྱལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །སྣང་སྲིད་ཟིལ་གནོན་རང་བྱུང་པདྨ་རྒྱལ། །གསང་བའི་མཛོད་འཛིན་མཁར་ཆེན་ཌཱཀྐཱིའི་དབང༌། །ལས་ཅན་སེམས་དཔའ་མངའ་བདག་ཡབ་སྲས་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོའི་ཞབས། །ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང༌། །མཁས་གྲུབ་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་གཏེར། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །ཆོས་འདིའི་བཀའ་བབ་པདྨ་གར་གྱི་དབང༌། །མཆོག་བསྟན་སྲོག་འཛིན་གྲུབ་སྲས་ཚེ་དབང་ནོར། །ཆོས་ཀྱི་རྒྱ་མཚོ་འཇམ་དབྱངས་ཚུལ་ཁྲིམས་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །གཏེར་ཆེན་མཆོག་སྤྲུལ་ཐེག་མཆོག་བསྟན་འཕེལ་དང༌། །ཐུབ་བསྟན་ཡོངས་རྫོགས་མངའ་བདག་ཆོས་བློ་གྲོས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །ཁྱད་པར་རྒྱལ་ཀུན་ཐུགས་རྗེའི་གཏེར་ཆེན་པོ། །ཡེ་ཤེས་མྱུར་མཛད་མགོན་པོའི་སྐུར་བཞེངས་པ། །མཆོག་ཐུན་དངོས་གྲུབ་དྲན་པས་སྩོལ་མཛད་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །བླ་མ་ཡེ་ཤེས་མགོན་པོའི་རྡོ་རྗེ་བཞིར། །འཇུག་ཅིང་སྨིན་ནས་དད་དམ་རྣམ་པར་དག །སྣང་གྲགས་རིག་པ་རྡོ་རྗེའི་དཀྱིལ་འཁོར་དུ། །འཆར་བས་མྱུར་མཛད་དཔལ་དང་གཉིས་མེད་ཤོག །གཉིས་པ་ནང་གི་རྣལ་འབྱོར་ནི། རྡོ་རྗེའི་སློབ་དཔོན་སངས་རྒྱས་དཔལ། སོགས་རྒྱུན་བཤགས་ཡན་ལག་བརྒྱད་པའི་བསགས་སྦྱངས་ལན་གསུམ་སྔོན་དུ་འགྲོ་བས། ཧཱུྃ༔ ཆོས་ཉིད་སྤྲོས་པའི་མཐའ་བྲལ་ངང༔ སྙིང་རྗེའི་རང་མདངས་ཀུན་ལ་ཁྱབ༔ ཐུགས་རྗེའི་ཧཱུྃ་ཡིག་འོད་དུ་འབར༔ སྣོད་བཅུད་དངོས་འཛིན་ཐམས་ཅད་སྦྱངས༔ ཨེ་ཡྃ་ར་སུྃ་ཡུམ་ལྔའི་མཁའ༔ རྃ་ལས་རྡོ་རྗེ་མེ་ཡི་གུར༔ བྷྲཱུྃ་ལས་དབང་གི་ཞལ་ཡས་ཁང༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ ལྟེ་བར་པད་ཉི་ཀླུ་རྒྱལ་སྟེང༔ ཧཱུྃལས་དཔལ་ཆེན་རྟ་མཆོག་དཔལ༔ དམར་རྔམས་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་སྤྱན་དགུས་གཟིགས༔ རྟ་གདོང་ལྗང་གུ་མེ་འབར་བཞད༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ ཁ་ཊྭཱྃ་སྦྲུལ་ཕྱར་ཐོད་ཁྲག་རོལ༔ རལ་གྲི་མེ་འབར་ལྕགས་སྒྲོག་འཛིན༔ ཞབས་བཞི་རོལ་པའི་གར་དགུ་ལྡན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཁ་ཊྭཱྃ་ཐོད་ཁྲག་འཛིན་པས་འཁྱུད༔ རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔ བླ་མ་རྒྱལ་ཀུན་འདུས་པར་གྱུར༔ ཨོཾ་ཨཱ་ཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཿ ཐུགས་ཀར་ཉི་སྟེང་ཧྲཱིཿདམར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ མ་མོ་མཁའ་འགྲོ་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གདུག་པ་ཅན་རྣམས་ཚར་བཅད་ནས༔ ཐམས་ཅད་དཔལ་གྱི་ས་རུ་བཀོད༔ འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔ སྣང་སྲིད་དབང་གི་སྐུ་གསུང་ཐུགས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོར་བསམ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། ཧཱུྃ་གིས་དཀྱིལ་འཁོར་དབྱིངས་སུ་བསྡུ༔ འོད་གསལ་ཐུགས་ཀྱི་ངང་དུ་གནས༔ ཕཊ་ཀྱིས་ལྷ་རུ་ལྷག་གེར་གསལ༔ ཨོཾ་ཨཱ་ཧཱུྃ་གིས་གོ་བགོས་ནས༔ དག་པའི་སྣང་བས་སྤྱོད་པ་སྐྱོང༔ ཞེས་ལྷར་སྣང་འོད་གསལ་དུ་བསྡུས་ལ་ཐུན་མཚམས་ཀྱི་ལྷ་སྐུའི་ང་རྒྱལ་བཟུང༌། གསུམ་པ་མཆོད་རྫས་བྱིན་གྱིས་བརླབས་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་གི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ནས། ཤཔྟ་ཨཱ་ཧཱུྃ། སྨན་རཀ་གཏོར་མ་བྱིན་རླབས་ནི། རྃ་ཡྃ་ཁྃ་གིས་མཆོད་རྫས་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ བྷྲཱུྃ་ལས་བྷཉྫ་ཡངས་ཤིང་རྒྱ་ཆེའི་ནང༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང༔ བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ༔ ཁ་ཆོད་ཉི་མ་ཟླ་བ་རྡོ་རྗེས་མཚན༔ མེ་རླུང་སྦྱོར་བས་བདུད་རྩི་ཞུ་ཞིང་ཁོལ༔ རླངས་པས་འཁོར་འདས་དྭངས་མ་བཅུད་རྣམས་འདུས༔ རིགས་ལྔ་ཡབ་ཡུམ་སྐུར་གྱུར་བདེ་ཆེན་སྦྱོར༔ ཁ་ཆོད་བཅས་པ་བྱང་ཆུབ་སེམས་སུ་ཞུ༔ དམ་ཚིག་ཡེ་ཤེས་བདུད་རྩི་གཉིས་མེད་འདྲེས༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ལག་པ་གཡས་ཕྱར་གཡོན་གདེངས་ཤིང༔ མཐེབ་མཛུབ་སྦྲེལ་བའི་ཕྱག་རྒྱས་བརླབས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། བཛྲ་སྥ་རཎ་ཁཾ། ཞེས་པས་བྱིན་གྱིས་བརླབས། གཉིས་པ་དངོས་གཞི་ལྷ་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། ཆོས་ཉིད་སྟོང་པའི་ངང་ཉིད་ལས༔ སྙིང་རྗེའི་རང་མདངས་ཀུན་ལ་ཁྱབ། བདེ་ཆེན་བྱང་ཆུབ་ཧཱུྃ་སྔོན་པོ༔ འོད་ཟེར་འབར་བས་སྣོད་བཅུད་སྦྱངས༔ ཨེ་ཡཾ་ར་སུྃ་ཀེཾ་རྃ་སྤྲོས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ བྷྲཱྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ སྒོ་བཞི་རྒྱན་རྫོགས་དེ་ཡི་དབུས༔ འཁོར་ལོ་རྩིབས་བཞི་རྡོ་རྗེའི་བྲག༔ པདྨ་ཉི་མ་བགེགས་ཀྱི་སྟེང༔ རྒྱུ་ཡི་ཡི་གེ་ཡོངས་གྱུར་ལས༔ ཡེ་ཤེས་མགོན་པོ་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་དྲུག་པ༔ དང་པོ་གཉིས་ཀྱི་རྡོར་དྲིལ་འཛིན༔ བར་པ་ཐོད་རྔ་ཁ་ཊྭཱཾ་ག༔ འོག་མས་ཞགས་པ་བྷནྡྷ་ནི༔ ནོར་བུས་བཀང་ཞིང་ཆར་འབེབས་འཛིན༔ ཞབས་གཉིས་བཞེངས་སྟབས་དེ་ཡི་པང༔ ལྷ་མོ་གྲི་ཐོད་འཛིན་པ་འཁྱུད༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས༔ ལྗོན་པའི་ཤིང་ལ་རྒྱབ་བརྟེན་ཅིང༔ ཡེ་ཤེས་ཁྱུང་ཆེན་མཁའ་ལ་ལྡིང༔ རྩིབས་བཞིར་པདྨ་ཉི་མའི་སྟེང༔ དབང་ཕྱུག་གཤིན་རྗེ་གནོད་སྦྱིན་དང༔ ལས་ཀྱི་མགོན་པོ་ཐམས་ཅད་མཐིང༔ རང་འདྲའི་ཡུམ་ཆེན་དུར་ཁྲོད་ཆས༔ ཀུན་ཀྱང་གྲི་གུག་ཐོད་ཁྲག་འཛིན༔ སྒོ་བཞིར་དུར་ཁྲོད་བདག་པོ་བཞི༔ ཀེང་རུས་གཟུགས་ཅན་རང་འདྲའི་ཡུམ༔ ཐོད་དབྱུག་གདེངས་ཤིང་ཐོད་ཁྲག་འཐུང༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས༔ ཡེ་ཤེས་མགོན་པོ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཧཱུྃ༔ བདག་ལ་བྱིན་གྱིས་བརླབས་པ་དང༔ དངོས་གྲུབ་མ་ལུས་མཆོག་སྩོལ་ཞིང༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་ཀྱི་སྐུ་ལ་གཡོ་བ་མེད༔ ལོངས་སྤྱོད་རྫོགས་སྐུ་ལྷུན་གྱིས་གྲུབ༔ ཐུགས་རྗེ་སྤྲུལ་པའི་མགོན་པོ་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ འདོད་པའི་ཡོན་ཏན་རྣམ་པ་ལྔ༔ བདུད་རྩི་ཁྲག་ཆང་བ་ལིང་ཏ༔ སྦྱོར་སྒྲོལ་གཉིས་མེད་ལྟ་བ་ཡིས༔ མཆོད་དོ་འཁོར་བཅས་དགྱེས་གྱུར་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྟ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ གཏུམ་ཆེན་འབར་བ་མི་བཟད་ཧེ་རུ་ཀ༔ གདུག་པ་འདུལ་མཛད་ཐུགས་རྗེ་ཆེན་པོའི་སྐུ༔ ལོག་རྟོག་རབ་འཇོམས་ཧཱུྃ་དང་ཕཊ་སྒྲ་འབྱིན༔ ཡེ་ཤེས་ཐུགས་ལྡན་འཁོར་དང་བཅས་ལ་བསྟོད༔ བཟླས་པ་ལ། གཏེར་གཞུང་ལས། བསྙེན་སྒྲུབ་ཡན་ལག་བཞི་ལྡན་པའི༔ འཛབ་དགོངས་མན་ངག་བཞིན་དུ་བྱ༔ ཞེས་གསུངས་པས། ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པད་ཉིར་ཡེ་ཤེས་སེམས་དཔའ་དམར༔ འཇིག་རྟེན་དབང་ཕྱུག་ཞི་མ་ཁྲོ༔ རྡོར་དྲིལ་འཛིན་ཅིང་ཡུམ་དང་འཁྲིལ༔ དབང་གི་རྟ་སྐད་ཧི་ཧིར་བཞད༔ སྲོག་གོར་ཉི་སྟེང་རྡོ་རྗེ་མཐིང༔ ལྟེ་བ་ཧྲཱིཿལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྟོབས་དང་གཟི་བརྗིད་འབར་བ་ཡིས༔ དྲེགས་པ་ལས་ལ་བཀོལ་བར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླས། བུམ་པ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་ཡེ་ཤེས་མགོན་པོའི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབ་པས་བུམ་པའི་ཆུ་དང་རོ་གཅིག་ཏུ་འཁྱིལ་བར་གྱུར། ཅེས་དམིགས་ལ་གཟུངས་ཐག་དང་བཅས་མགོན་པོ་གཙོ་འཁོར་ཆིག་དྲིལ་གྱི་སྔགས་འོས་མཚམས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་ཞུ་བྱས་ལ། ལས་བུམ་རྟ་སྔགས་ཀྱིས་བྱིན་གྱིས་བརླབས། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་ལ་དོན་དུ་གཉེར་བའི་སློབ་མ་ལ། ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་གསལ་འདེབས་དང་བཅས། སེམས་བསྐྱེད་གསལ་བཏབ་སྟེ་ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ཐུགས་བརྩེའི་རྗེས་སུ་སྐྱོང་ཕྱིར་ངོ་བོ་ཡེ་ཤེས་ཀྱི་སར་བཞུགས་ཀྱང་རྣམ་འགྱུར་ཕྲིན་ལས་ཀྱི་ནུས་སྟོབས་བསྟན་སྲུང་དབང་པོའི་སྐུར་བཞེངས་པའི་མ་མགོན་ལྕམ་དྲལ་ཀུན་ལས་ཀྱང༌། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཉིད་ཐུགས་རྗེ་ཆེན་པོ་མ་ཧཱ་ཀཱ་ལའི་སྐུར་བཞེངས་ཏེ་སྙིགས་དུས་ཀྱི་ཆོས་བྱེད་འཁྲུལ་རྟོག་གིས་གཡེངས་བ་རྣམས་བར་དོའི་འཇིགས་པ་ལས་སྐྱོབ་ཅིང་བདེ་བ་ཅན་དུ་ལམ་སྣ་འདྲེན་པ་མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འབྱུང་བ་ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འབྱུང་བ་དྲན་པ་ཙམ་གྱིས་བྱིན་རླབས་འཇུག་པ། ཡུན་རིང་སྒྲུབ་མི་དགོས་པ་ཞལ་སྟོན་པ་སོགས་ཐུགས་བསྐྱེད་དུ་མས་ཁྱད་པར་འཕགས་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ལ། འཕགས་ཡུལ་དུ་གྲུབ་སྤྱིའི་སྤྱི་མེས་ས་ར་ཧ་པ་དང་ཤཱ་བ་རི་པ་སོགས་ཀྱི་བཀའ་སྲོལ་བཞུགས་པ་བོད་དུའང་གསར་རྙིང་ཀུན་ལ་དར་རྒྱས་ཆེ་ཞིང༌། གཏེར་གཞུང་རྩ་བ་ལས། ཧེ་རུ་ཀ་ཀུན་འདུས་པ་ལས༔ སངས་རྒྱས་ཀུན་གྱི་བསྟན་སྲུང་པ༔ རེ་བ་ཀུན་སྐོང་ཡིད་བཞིན་ནོར༔ མཚན་ཐོས་ཙམ་གྱིས་བར་ཆད་སེལ༔ དངོས་གྲུབ་མྱུར་བའི་མགོན་པོ་འདི༔ མཆོད་ན་བདེ་བ་ཅན་དུ་འདྲེན༔ བསྒྲུབས་ན་མཆོག་ཐུན་དངོས་གྲུབ་མྱུར༔ ཞེས་ཆེད་དུ་བསྔགས་པའི་དོན་ལ་གནས་པའི་བསྟན་སྲུང་ཁྱད་པར་འཕགས་པ་གང་འདིར་འོད་དཔག་མེད་དངོས་སངས་རྒྱས་པདྨ་རྒྱལ་པོའི་བཀའ་སྲོལ་སྤྲུལ་པའི་ལོ་ཆེན་བཻ་རོ་ཙཱ་ན་ལ་གསང་བའི་བཀའ་སྲུང་ཐུན་མོང་མ་ཡིན་པར་གནང་ཞིང༌། དེ་ཉིད་ཀྱིས་མ་འོངས་སྐྱེ་བོའི་སྐལ་བཟང་མདོ་ཁམས་ཡེ་རྒྱལ་ནམ་མཁའ་མཛོད་དུ་འགྲོ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་ཡེ་ཤེས་སེམས་དཔའ་དངོས་དང་རྣམ་དབྱེར་མ་མཆིས་པའི་སྐུ་རྟེན་མེ་འབར་མ་དང་ལྷན་ཅིག་སྦས་པ་ཉིད། ལོ་ཆེན་སྤྲུལ་པའི་སྐུ་མཆོག་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བཀའ་ཡི་བསྐུལ་མ་གནང་བ་ཁ་བྱང་དུ་གྱུར་ཏེ། སྙིགས་འགྲོ་སྐྱབས་མགོན་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་སྐྱིན་གཏེར་ཆེན་མཆོག་གྱུར་གླིང་པས་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་བཀའ་སྲུང་གསང་བའི་མགོན་པོའི་ཆོས་སྡེར་སྤྱན་དྲངས་ཏེ་ལུང་ཟིན་ཆོས་ཀྱི་བདག་པོ་ལ་བསྩལ་བས་ས་ལ་སྤྱོད་པའི་འོག་མིན་ཧེ་རུ་ཀའི་ཚོགས་ཁང་ཙཱ་འདྲ་རིན་ཆེན་བྲག་མཛོད་ལྔ་འདུས་པའི་གཞལ་མེད་ཁང་གི་སྐུ་རྟེན་ལ་བཞུགས་ཤིང༌། ཐུན་མོང་མ་ཡིན་པའི་བཀའ་སྲུང་དུ་བསྔགས་པའི་རྡོ་རྗེའི་ལུང་དོན་མངོན་དུ་གྱུར་པའི་སྤྲིན་གྱིས་མཚོའི་མཐའ་ཚུན་ཆད་དུ་བརྡལ་བའི་ཟབ་གསང་ཐུན་མོང་མ་ཡིན་པ་བགྱི་བ་ལ་མཎྜལ་ཕུལ། བླ་མ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དངོས་སུ་གསལ་བས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ཧེ་རུ་ཀ་དཔལ་དགོངས༔ བྱང་ཆུབ་ལམ་གྱི་དོན་བསྒྲུབ་ཕྱིར༔ བདག་ལ་ཡེ་ཤེས་མགོན་པོ་ཡི༔ དབང་བསྐུར་རྫོགས་པར་བསྩལ་དུ་གསོལ༔ དབང་གི་སྔོན་དུ་འགྲོ་བ་སྐྱབས་སེམས་བསག$་སྦྱང་གི་སླད་དུ། བླ་མ་དང་མདུན་བསྐྱེད་འཕགས་པ་སྤྱན་རས་གཟིགས་ཡེ་ཤེས་མགོན་པོ་དབྱེར་མེད་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དེའི་སྤྱོད་པ་ལ་འཇུག་པར་བྱའོ་སྙམ་པའི་འདིའི་རྗེས་ཟློས། ན་མོ། མཆོག་གསུམ་ངོ་བོ་ཐུགས་རྗེ་ཅན༔ བླ་མར་བཅས་ལ་སྐྱབས་སུ་མཆི༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཡིད་བཞིན་འཁོར་ལོ་མྱུར་དུ་བསྒྲུབ༔ སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་ཀུན་འགྲོ་ལ་བསྔོ༔ ཐམས་ཅད་མངོན་སངས་རྒྱས་གྱུར་ཅིག༔ དེ་ནས་བྱིན་རླབས་ཀྱི་གཞི་སྒྲུབ་པ་ལ་དམིགས་པ་འདི་བཞིན་མཛོད༔ རྟ་སྔགས་ཀྱིས་བསང༌། ཨོཾ་མ་ཧཱ་ཤཱུནྱ་ཏ་སོགས། ཆོས་ཉིད་སྟོང་པའི་ངང་ཉིད་ལས༔ སྙིང་རྗེའི་རང་མདངས་ཀུན་ལ་ཁྱབ༔ བདེ་ཆེན་བྱང་ཆུབ་ཧཱུྃ་སྔོན་པོ༔ འོད་ཟེར་འབར་བས་སྣོད་བཅུད་སྦྱངས༔ གནམ་ལྕགས་རྡོ་རྗེ་བྲག་ཆེན་དང༔ པདྨ་ཉི་མ་བགེགས་ཀྱི་སྟེང༔ རྒྱུ་ཡི་ཡི་གེ་ཡོངས་གྱུར་ལས༔ ཡེ་ཤེས་མགོན་པོ་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་དྲུག་པ༔ དང་པོ་གཉིས་ཀྱི་རྡོར་དྲིལ་འཛིན༔ བར་པས་ཐོད་རྔ་ཁ་ཊྭཱྃ་ག༔ འོག་མས་ཞགས་པ་བྷནྡྷ་ནི༔ ནོར་བུས་བཀང་ཞིང་ཆར་འབེབས་འཛིན༔ ཞབས་གཉིས་བཞེངས་སྟབས་དེ་ཡི་པང༔ ལྷ་མོ་གྲི་ཐོད་འཛིན་པ་འཁྱུད༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡེ་ཤེས་མེ་ཕུང་ཀློད་དུ་བཞུགས༔ ལྗོན་པའི་ཤིང་ལ་རྒྱབ་བརྟེན་ཅིང༔ ཡེ་ཤེས་ཁྱུང་ཆེན་མཁའ་ལ་ལྡིང༔ དེ་ལྟར་ཡེ་ཤེས་མགོན་པོ་ཡབ་ཡུམ་གཉིས་སུ་མེད་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་མཚན་པ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འབར་བ་ཆེན་པོའི་སྣང་བས་འོག་མིན་ཆོས་དབྱིངས་ཨེ་ཡི་ཕོ་བྲང་དང༌། དབུས་ཕྱོགས་མེ་རི་འབར་བའི་དུར་ཁྲོད་ཆེན་པོ་ལ་སོགས་པ་ནས་ཡེ་ཤེས་གསང་བའི་མགོན་པོ་འཁོར་དང་བཅས་པ་ཆར་སྤྲིན་དྲག་ཏུ་འཁྲུགས་པ་ལྟར་བྱོན་ནས་སློབ་མའི་སྒོ་གསུམ་ལ་སིབ་སིབ་ཏུ་ཐིམ་པར་སྒོམས་ཤིག །ཅེས་མོས་ལ་གུ་གུལ་ཚིལ་ཆེན་མགོན་པོའི་སྦྱར་སྤོས་ཀྱིས་སྦག་པ་བསྲེགས་ཤིང༌། རོ་རས་གཡབ། རྐང་གླིང་དང་ཐོད་རྔ་སོགས་དུར་ཁྲོད་ཀྱི་རོལ་མོ་དང་སྦྱར་བའི་གདུང་དབྱངས་ཀྱིས་བསྐུལ་ཏེ་ལས་བྱང་གི་སྤྱན་འདྲེན། ཧཱུྃ༔ རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས༔ ཡེ་ཤེས་མགོན་པོ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཡང་ཡང་བརྗོད་པས་དབབ། ཏིཥྛ་བཛྲས་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ་བརྟན་པར་བྱ། དེ་དག་གི་དབང་གི་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས། དབང་གི་རིམ་པ་དང་པོ་ལ། མཆོག་གི་ཕྲིན་ལས་ཀྱི་སླད་དུ་བླ་མ་ཧེ་རུ་ཀ་དང་མགོན་པོ་དབྱེར་མེད་དུ་ཤེས་པས་དབང་བཞི་བསྐུར་བ་དང༌། ཐུན་མོང་གི་ཕྲིན་ལས་ཀྱི་དོན་དུ་མགོན་པོ་ཡེ་ཤེས་ཀྱི་སྲུང་མ་ལྟར་གཏོར་མའི་བཀའ་སྒོ་བ་གཉིས་ལས། དང་པོ་ལའང་བཞིར་དབྱེ་བའི་ཐོག་མ་བུམ་དབང་གི་དོན་དུ་འདི་ལྟར་དམིགས་མཛོད། མདུན་བསྐྱེད་བླ་མ་ཡེ་ཤེས་ཀྱི་མགོན་པོའི་སྨིན་མཚམས་ཀྱི་འོད་ཟེར་ནམ་མཁའ་ཁྱབ་པར་སྤྲོས་ཏེ། རིག་པའི་ལྷ་མོ་རྣམས་ཀྱིས་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་བསྣམས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་མགོན་པོའི་ལྷ་ཚོགས་བཞུགས༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ བསྐྱེད་རིམ་གསལ་བརྟན་འབར་བར་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག །བུམ་ཆུ་སྦྱིན། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་ལུས་ཀྱི་ནང་ཐམས་ཅད་གང༌། སྦྱང་བྱ་ཉོན་མོངས་པ་དུག་ལྔ་དག །སྦྱངས་འབྲས་ཡེ་ཤེས་ལྔ་མངོན་དུ་བྱས། གཞི་འབྲས་གཉིས་མེད་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷའི་དཀྱིལ་འཁོར་དུ་སད་པར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེས་ཕྱི་ཕན་པའི་དབང་གིས་དྲི་མ་དག་པ་ལ། སླར་ནང་ནུས་པའི་དབང་གིས་རིགས་ཀྱི་ས་བོན་གྱི་མཐུ་སྨིན་པར་བྱ་བའི་སླད་དུ་བླ་མ་ཡེ་ཤེས་མགོན་པོའི་སྐུ་ལས་སྐུ་གཉིས་པ་ཞིག་འཕྲོས་ནས་སྨིན་མཚམས་སུ་ཐིམ་པས་སྐུ་རྡོ་རྗེ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་བྱིན་རླབས་ལུས་ལ་ཞུགས་པས། བསྐྱེད་པ་ཕྱག་རྒྱའི་ཏིང་འཛིན་སྒོམ་པའི་དབང་ཐོབ་པར་མོས་ཤིག །མགོན་པོའི་སྐུ་དཔྲལ་བར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་ལས་སྤྲུལ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ མགོན་པོའི་སྐུ་ཡི་དབང་བསྐུར་བས༔ ལུས་ལ་གཟི་མདངས་འབར་བར་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྔགས་ཕྲེང་མགྲིན་པར་བཞག་ལ། བླ་མ་ཡེ་ཤེས་མགོན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་བྱུང༌། མགྲིན་པ་ནས་མགལ་མེའི་ཕྲེང་བ་ལྟར་དམར་ནར་གྱིས་བྱུང་བ་སློབ་མའི་མགྲིན་པར་ཐིམ་པས་གསུང་རྡོ་རྗེ་གྲགས་སྟོང་རྡོ་རྗེ་ནཱ་དའི་བྱིན་རླབས་ངག་ལ་ཞུགས་པས་བསྙེན་སྒྲུབ་ལས་གསུམ་གྱིས་དོན་གཉིས་སྒྲུབ་པའི་དབང་ཐོབ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་གསང་བ༔ མ་ལུས་འདུས་པའི་གྲགས་སྟོང་གསུང༔ མགོན་པོ་གསུང་གི་དབང་བསྐུར་བས༔ ངག་ལ་ནུས་པ་འབར་བར་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་ཧཱུྃ་ཧཱུྃ་ཕཊ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཕྱག་མཚན་སྙིང་ཁར་བཞག་སྟེ། བླ་མ་ཡེ་ཤེས་མགོན་པོའི་ཐུགས་རྣམ་པར་མི་རྟོག་པའི་རང་གཟུགས་ཕྱག་མཚན་གྱི་རྣམ་པར་སྤྲོས་ཏེ་སྙིང་ཁར་ཐིམ་པས་ཐུགས་རྡོ་རྗེ་བདེ་སྟོང་རོལ་པ་ཆེན་པོའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་དགོངས་པ་ལ་དབང་འབྱོར་བར་མོས་མཛོད། ཕྱག་མཚན་སྙིང་ཁར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ཀུན་ཏུ་རོ་མཉམ་བདེ་བ་ཆེ༔ མགོན་པོའི་ཐུགས་ཀྱི་དབང་བསྐུར་བས༔ སེམས་ལ་ཡེ་ཤེས་འཆར་བར་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་ཧཱུྃ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག །དབྱིབས་ཕྱག་རྒྱའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གཉིས་པ་ཟབ་མོའི་དབང་གི་སྔོན་འགྲོ་གསང་བའི་དབང་སྦྱིན་པ་ལ། བླ་མ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ཡེ་ཤེས་ཀྱི་ངོ་བོ་ལྕེ་ལ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་ལྕེ་ལ་སྦྱིན་ཏེ། ཧཱུྃ༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བས༔ བྱང་ཆུབ་སེམས་ནི་བདེ་བའི་རྒྱུན༔ སྐལ་ལྡན་བུ་ལ་འདི་སྦྱིན་པས༔ རྩ་རླུང་ཁམས་རྣམས་འཕེལ་བར་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧོ༔ ཞེས་བདུད་རྩི་མྱངས་བས་རྩ་ཁམས་བདུད་རྩིས་གང༌། ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། དེས་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབས་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་ཟབ་མོའི་དབང་གི་དངོས་གཞི་གསུམ་པའི་དབང་སྦྱིན་པ་ལ། བདེ་སྟོང་དབྱེར་མེད་མཚོན་པའི་མེ་ལོང་སིནྡྷཱུ་རའི་ཐིག་ལས་བརྒྱན་པ་ལས་བྱུང་བའི་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་སྐུ་ལ་འཁྲིལ་ནས་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པ་མོས་ཤིག །སིནྡྷཱུ་རའི་མེ་ལོང་ལག་ཏུ་གཏད་ལ། ཧཱུྃ༔ བདེ་ཆེན་ལྷ་མོ་དགའ་བདེའི་དཔལ༔ ཕྱག་རྒྱའི་རེག་བྱ་ལ་བརྟེན་ཏེ༔ དགའ་བཞི་བདེ་བ་ཆེན་པོའི་རོ༔ ཟུང་འཇུག་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཨ་བྷི་ཥིཉྩ་ཧོ༔ ཕྱག་རྒྱའི་རེག་པ་ལས་བྱུང་བའི་ཡས་བབ་མས་བརྟན་གྱི་དགའ་བ་བཞིའི་རྒྱུ་འབྲས་རྒྱུད་ལ་སྐྱེས་པར་གྱུར། དེས་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག །ཕོ་ཉའི་ཟབ་ལམ་གཞན་ལུས་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཟབ་དབང་མཐར་སོན་པའི་རྗེས་དབང་བཞི་པ་ཚིག་གིས་ངོ་སྤྲད་ཅིང་བརྡ་མན་ཤེལ་གྱིས་དོན་གྱི་ཡེ་ཤེས་བསྐྱེད་པ་ནི། མན་ཤེལ་བསྟན་ལ། ཧཱུྃ༔ རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཏེ༔ མ་རྟོག་མཉམ་བཞག་ཡིན་ཀྱང་གོལ༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ དབྱིངས་རིག་ཟུང་འཇུག་རྟོག་པར་ཤོག༔ དྷརྨ་དྷ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་སློབ་དཔོན་གྱིས་དགོངས་པ་གཏད་ལ་མཉམ་པར་བཞག །དེས་ཡེ་ཤེས་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྣང་གསུམ་འཕོ་བའི་སྒྲིབ་པ་དག །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་ཐུན་མོང་གི་ཕྲིན་ལས་ཀྱི་སླད་དུ་མགོན་པོ་ཡེ་ཤེས་ཀྱི་སྲུང་མ་ལྟར་བསྟེན་པའི་སླད་དབང་བཞིའི་མཐའ་རྟེན་གཏོར་མ་ལ་བརྟེན་ནས་བཀའ་སྒོ་བ་ནི། དེ་ལྟར་ཡེ་ཤེས་གསང་བའི་མགོན་པོ་ཡི་དམ་ཧེ་རུ་ཀ་དང་གཉིས་མེད་དུ་སྒྲུབ་པའི་སྐལ་པ་ཅན་དུ་བྱ་བ་དབང་བཞིས་སྨིན་པར་བྱས་ནས། ཕྲིན་ལས་མྱུར་མཛད་མགོན་པོའི་ཚར་གཅོད་རྗེས་འཛིན་གྱིས་སྟོབས་ནུས་བསྐྱེད་པ་གཏོར་མ་ལ་བརྟེན་ནས་ཆོས་སྐྱོང་ལྟར་སྒྲུབ་ཕྱིར་བཀའ་སྒོ་བ་མཐའ་རྟེན་གྱི་ཚུལ་དུ་བགྱི་བ་ལ། གཏོར་སྣོད་དུར་ཁྲོད་རོལ་པ་ཨེ་ཀློང་འབར་བའི་ནང་དུ་གཏོར་མ་ཉིད་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས་དབང་མྱུར་མཛད་ཕྱག་དྲུག །ཡབ་ཡུམ་བཀའ་སྡོད་བཞི་དང་ལས་བྱེད་དྲེགས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱི་བོར་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་རྣམས་བྱིན་ཐིབས་སེ་བཞུགས་པ་ལ་སློབ་དཔོན་ཧེ་རུ་ཀ་གསལ་བའི་ཟིལ་གྱིས་མགོན་པོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ་ཇི་ལྟར་འདོད་པའི་ཕྲིན་ལས་ཐོག་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གཏོར་མ་མགོར་བཞག་ཏེ། ཧཱུྃ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ ཁྱབ་བདག་བླ་མ་ཡན་ཆད་ཀྱི༔ བཀའ་དང་དམ་ཚིག་ལ་དགོངས་ཏེ༔ མགོན་པོ་འཁོར་དང་བཅས་པ་ཡིས༔ སྒྲུབ་པའི་རྣལ་འབྱོར་འདི་ཉིད་ལ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བས༔ དབྱེར་མེད་གོ་འཕང་མཉམ་པར་མཛོད༔ དངོས་གྲུབ་མ་ལུས་ཆར་ལྟར་ཕོབ༔ དབང་མཆོག་མ་ལུས་བསྩལ་དུ་གསོལ༔ དམ་ལས་མ་འདའ་ས་མ་ཡ༔ ཞེས་ཐ་ཚིག་ཕོག་པས་མགོན་པོ་འཁོར་དང་བཅས་པས་རྣལ་འབྱོར་པ་ཁྱོད་ཀྱི་ཕྲིན་ལས་ཐམས་ཅད་དེས་སྒྲུབ་བར་ཆད་ཐམས་ཅད་དེས་སེལ་ཞེས་དགྱེས་བཞིན་ཞལ་གྱིས་བཞེས་པ་ལ་དད་སྤྲོ་གདུང་ཤུགས་སྐྱེད་པར་མཛོད་ཅིག །དེ་དང་རྗེས་སུ་འབྲེལ་བ་ཆོས་སྐྱོང་ཟབ་མོ་སྐོར་དགུ་ལས་བྱུང་བའི་འཁོར་གྱིས་དྲེགས་པའི་སྲོག་དབང་ཟབ་མོ་བགྱི་བ་ལ། ཐོད་པའི་ནང་དུ་བཀོད་པའི་གཟུགས་རྣམས་མགོན་པོའི་གཏོར་མའི་མདུན་དུ་བཀོད་ལ། སློབ་དཔོན་དང་མདུན་བསྐྱེད་མགོན་པོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་གྱི་དྲེགས་པ་རྣམས་ལ་ཕོག་པས་གཙོ་བོའི་ཟིལ་མ་བཟོད་པའི་གུས་འདུད་དང་བཅས་སྔོན་གྱི་ཐ་ཚིག་ཕོག་པར་མོས་ལ༔ རྡོ་རྗེ་བསྒྲིལ་ལ། ནང་མཆོད་ཀྱིས་བདུད་རྩི་གཏོར་མ་ལ་བྲན་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༔ ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ས་མ་ཡ་ཏིཥྛ་ལྷན༔ དྲེགས་པ་རྣམས་སྒྲུབ་པ་པོ་ལ་གུས་པས་སློབ་མ་ཡེ་ཤེས་མགོན་པོ་གསལ་བའི་ཞབས་ལ་བཏུད་ཅིང་ཇི་ལྟར་བསྒོ་བའི་ལས་སྒྲུབ་པར་ཁས་བླངས་པར་བསམས་ལ་འཁོར་གྱི་སྐུ་གཟུགས་རྣམས་སློབ་མའི་ལག་ཏུ་རིམ་པར་གཏད་དོ། ཧཱུྃ༔ དཔལ་ལྡན་ལྷ་མོ་རེ་མ་ཏཱི༔ ནག་མོ་གྲི་གུག་ཐོད་ཁྲག་འཛིན༔ བོང་བུ་གྭ་དམར་ཆིབས་སུ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨོཾ་ཤྲཱི་དེ་ཝཱི་རེ་མ་ཏི་ཏྲཀ་རཀྵ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ༔ ཧཱུྃ༔ ཛི་ན་མི་ཏྲ་སྐུ་མདོག་མཐིང༔ མཚོན་གྱི་གྲུ་གུ་ཕྱག་ན་འཛིན༔ གླང་ཆེན་ནག་པོ་ཆིབས་སུ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨོཾ་ཛི་ན་མི་ཏྲ་ཧཱུྃ༔ བཛྲ་ས་མ་ཡ༔ ཧཱུྃ༔ གཤིན་རྗེ་ཊཱ་ཀི་རཱ་ཛ་ནི༔ ནག་པོ་ཁྲམ་ཤིང་དགྲ་སྟ་འཛིན༔ ཆུ་གླང་གཏུམ་པོ་ཆིབས་སུ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨོཾ་ཊ་ཀཱི་རཱ་ཛ་ཧཱུྃ༔ བཛྲ་ས་མ་ཡ༔ ཧཱུྃ༔ གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ནི༔ ནག་པོ་ལྕགས་ཀྱུ་ཞགས་པ་འཛིན༔ དོམ་ནག་སྨྱོན་པ་ཆིབས་སུ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨོཾ་ཀྵེ་ཏྲ་པཱ་ལ་ཛ༔ མ་མ་རོ་ཏི་བྷྱོ༔ བཛྲ་ས་མ་ཡ༔ ཧཱུྃ༔བདུད་མགོན་ཏྲཀྴད་ནག་པོ་ནི༔ མཐིང་ནག་རལ་གྲི་ཐོ་བ་འཛིན༔ བདུད་རྟ་ནག་པོ་ཆིབས་སུ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཏྲཀྴད་ཛ༔ བཛྲ་ས་མ་ཡ༔ ཧཱུྃ༔ གསང་བའི་ཡུམ་མཆོག་དེ་བ་མ༔ ལྕགས་ཀྱུ་དང་ནི་མི་སྙིང་འཛིན༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ དེ་བཱི་ཨཾ་ཀུ་ཤ་བཛྲ་ས་མ་ཡ༔ ཧཱུྃ༔ གསང་བའི་ཡུམ་མཆོག་སྒྲོལ་བྱེད་མ༔ ཁྲམ་ཤིང་དང་ནི་ནད་རྐྱལ་འཛིན༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ མཱ་ར་ཡ་བཛྲ་ས་མ་ཡ༔ ཧཱུྃ༔ གསང་བའི་ཡུམ་མཆོག་རེ་ཏི་མ༔ སྤུ་གྲི་དང་ནི་ཙིཏྟ་འཛིན༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ རེ་ཏི་བཛྲ་ས་མ་ཡ༔ ཧཱུྃ༔ གསང་བའི་ཡུམ་མཆོག་དུང་སྐྱོང་མ༔ མེ་ལོང་ཙིཏྟ་བསྣམས་ནས་བོད་བུ་གྭ་དམར་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཤངྑ་བཱ་ལ་བཛྲ་ས་མ་ཡ༔ ཧཱུྃ༔ སྦས་པའི་ཤན་པ་ཀིང་ཀ་ར༔ ཀེང་རུས་གཟུགས་ཅན་ཐོད་དབྱུག་ཐོད་ཁྲག་འཐུང༔ སྦས་པའི་ཤན་མ་དེ་དང་འདྲ་བ་རོལ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨོཾ་ཀིང་ཀ་ར་བཛྲ་ས་མ་ཡ༔ ཧཱུྃ༔ སྦས་པའི་ཤན་པ་མོན་པ་ཨཱ་ཙ་ར༔ ཕྱག་ནས་ལྟས་ངན་སྣ་ཚོགས་འགྱེད༔ མོན་མོ་དེ་དང་འདྲ་བར་རོལ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ མོན་པ་མུན་ནག་ཛཿ བཛྲ་ས་མ་ཡ༔ ཧཱུྃ༔ ཚངས་པ་སེར་པོ་འཁོར་ལོ་འཛིན་ཅིང་ངང་པ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ པྲཧྨ་བཛྲ་ས་མ་ཡ༔ ཧཱུྃ༔ དྲི་ཟ་དཀར་པོ་རྡོ་རྗེ་འཛིན་ཅིང་མཁའ་ལྡིང་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨིནྡྲ་བཛྲ་ས་མ་ཡ༔ ཧཱུྃ༔ མེ་ལྷ་དམར་པོ་བགྲང་ཕྲེང་འཛིན་ཅིང་ར་སྐྱེས་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨགྣི་བཛྲ་ས་མ་ཡ༔ ཧཱུྃ༔ གཤིན་རྗེ་ལྗང་ནག་བེ་ཅོན་འཛིན་ཅིང་ཆུ་གླང་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཡ་མ་བཛྲ་ས་མ་ཡ༔ ཧཱུྃ༔ སྲིན་པོ་སྨུག་ནག་ཐོད་རློན་འཆང་ཞིང་མི་ལ་ཞོན༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ནིརེ་ཏེ་བཛྲ་ས་མ་ཡ༔ ཧཱུྃ༔ ཆུ་བདག་དཀར་པོ་སྦྲུལ་ཞགས་འཛིན་ཅིང་ཆུ་སྲིན་ཞོན༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ བཱ་རུ་ཎ་བཛྲ་ས་མ་ཡ༔ ཧཱུྃ༔ རླུང་ལྷ་ལྗང་གུ་བ་དན་འཛིན་ཅིང་ཤ་བ་ཞོན༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ བཱ་ཡུ་བཛྲ་ས་མ་ཡ༔ ཧཱུྃ༔ གནོད་སྦྱིན་སེར་པོ་རིན་ཆེན་འཛིན་ཅིང་སྟག་ལ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཀུ་བེ་ར་བཛྲ་ས་མ་ཡ༔ ཧཱུྃ༔ དབང་ལྡན་ནག་པོ་རྩེ་གསུམ་འཛིན་ཅིང་གླང་ཆེན་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཨི་ཤྭ་ན་བཛྲ་ས་མ་ཡ༔ ཧཱུྃ༔ ས་བདག་སེར་པོ་བུམ་པ་འཛིན་ཅིང་ཕག་ལ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ བྷཱུ་མི་པ་ཏི་བཛྲ་ས་མ་ཡ༔ ཧཱུྃ༔ ལྷ་ཡི་རྒྱལ་པོ་དར་བེར་གསོལ༔ དར་དཀར་ཕྱར་ཞིང་གཡག་དཀར་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ དེ་བ་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ མ་མོའི་རྒྱལ་པོ་རལ་གཅིག་དར་དམར་གསོལ༔ ཚོན་གྱི་གྲུ་གུ་ནད་རྐྱལ་བསྣམས་ནས་རྔ་མོང་ཞོན༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ མ་མ་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ གཤིན་རྗེའི་རྒྱལ་པོ་ཡ་མ་རཱ་ཛ་ནི༔ ནག་པོ་མི་ལྤགས་གསོལ་ནས་ཆུ་གླང་ཆིབ༔ ཁྲམ་ཤིང་དང་ནི་ནད་རྐྱལ་བསྣམས༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཡ་མ་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་བེར་གསོལ་ཁྲམ་ཤིང་ཤྭེ་རྡེལ་བསྣམས༔ མུན་པའི་མདོག་ཅན་རྟ་ནག་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ དུ་ན་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་སྔོན་པོ་སྦྲུལ་ཞགས་འཛིན༔ སྦྲུལ་གྱི་གདེང་ཀ་འཇུག་མ་གཡོབ་ཅིང་ཆུ་སྲིན་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ནཱ་ག་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ བཙན་གྱི་རྒྱལ་པོ་དམར་ནག་བསྭེ་མདའ་བཀང༔ རལ་པ་བརྫིས་ནས་བེར་གསོལ་རྟ་དམར་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཤུ་ལ་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་ལྗང་ནག་ནོར་བུ་བེར་ག་འཛིན༔ བེར་ནག་གསོལ་ཞིང་སྟག་ལ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཡཀྵ་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ དཀོར་བདག་རྒྱལ་པོ་མཐིང་ནག་འཐིབས་ཞུ་མནབ༔ སྤུ་གྲི་ཞགས་པ་འཛིན་ནས་གླང་ཆེན་སྨྱོན་པ་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ ཀིང་ཀ་ར་རཱ་ཛ་བཛྲ་ས་མ་ཡ༔ ཧཱུྃ༔ མ་སངས་རྡོ་རྗེ་ལེགས་པ་ནི༔ ཐོ་བ་དང་ནི་སྦུད་པ་ཐོགས༔ སྭག་ཞུ་དར་བེར་གསོལ་ནས་སེང་ཆེན་ཆིབ༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ བཛྲ་སཱ་དྷུ་བཛྲ་ས་མ་ཡ༔ ཧཱུྃ༔ གཟའ་བདུད་རྒྱལ་པོ་ར་ཧུ་ལ༔ མགོ་བཅུ་བྱ་རོག་ཏོང་སྐད་སྒྲོགས༔ མདའ་གཞུ་བཀང་ནས་སྦྲུལ་མཇུག་གཡོབ༔ འབྲུག་ལ་ཆིབ་ཅིང་ཐོག་སེར་འབེབས༔ ཁྱོད་ཀྱང་དཔལ་གྱི་བཀའ་བཞིན་དུ༔ སློབ་མ་འདི་ལ་གྲོགས་མཛོད་ཅིག༔ རཱ་ཧུ་ལ་བཛྲ་ས་མ་ཡ༔ སླར་ཡང་དྲེགས་པའི་སྐུ་གཟུགས་ལ་སློབ་མས་ནང་མཆོད་བྲན་པའི་གཏོར་མ་ཁ་གསོས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཤྲཱི་དེ་བི་རེ་མ་ཏི་ཏྲཀ་རཀྵ་ཛི་ན་མི་ཏྲ་ཊཱ་ཀི་རཱ་ཛ་ཀྵེ་ཏྲ་པཱ་ལ་ཏྲཀྴད་མ་མཏིང་ལཾ་མ་བྷྱོ༔ རཀྴ་རཀྴ༔ ཡཀྴ་ཡཀྴ༔ ཨིནྡྲ་ཡ༔ ཨགྣ་ཡེ༔ ཡ་མཱ་ཡ༔ ནཻརེ་ཏྱ༔ བཱ་རུ་ཎཱ་ཡ༔ ཝཱ་ཡ་བེ༔ ཀུ་བེ་རཱ་ཡ༔ ཨཱི་ཤྭ་ནཱ་ཡ༔ ཨུདྷཾ་པྲཧྨ༔ བྷཱུ་མི་པ་ཏི༔ སཱུརྻ་ཙནྡྲ༔ དྷྲྀཥྚཱ་རཱཥྚ་ཡ༔ བེ་རུ་དྷཱ་ཀཱ་ཡ༔ བི་རཱུ་པཀྵཱ་ཡ༔ བཻ་ཤྲཱ་བ་ཎཱ་ཡ༔ ཨཿཡཿམཿདུཿརུཿཙཿཤཿནཿས་པ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ་ཞིང་གཟུགས་ལ་ནང་མཆོད་བྲན་པས། གཙོ་འཁོར་ཐམས་ཅད་དགྱེས་པའི་མདངས་ཕྱུངས་ཏེ་དྲེགས་པ་རྣམས་ཀྱི་སྲོག་གི་དྭངས་མ་འོད་ཟེར་ཁ་དོག་སྣ་ཚོགས་པའི་ཚུལ་དུ་སློབ་མ་ཡེ་ཤེས་མགོན་པོར་གསལ་བའི་ལྟེ་བ་ནས་བརྒྱུད་ཐུགས་སྲོག་ས་བོན་གྱི་འོག་ཏུ་ཐིམ་པས་སྲོག་སྙིང་གཅིག་ཏུ་འདྲེས་པར་བསམ་ལ། ནད་མཆོད་ཀྱི་བདུད་རྩི་སློབ་མ་རྣམས་ལའང་སྤྱིན། ནོངས་བཤགས་ཀྱི་ཚུལ་དུ་ཡིག་བརྒྱ་བཟླའོ། །དེ་དག་ནི་གཞུང་ལས། འདི་ནི་སྲོག་ལྟར་གཅེས་པར་ཟུངས༔ དམ་ཚིག་ལྡན་པ་སྙིང་གི་བུ༔ བརྒྱུད་པ་འཛིན་ལ་གཅིག་བརྒྱུད་བྱ༔ ཞེས་གདམས་པས་ཤིན་ཏུ་བཀའ་གཉན་པ་ཡིན་ནོ། །མགོན་པོ་གཙོ་འཁོར་ཡོངས་རྫོགས་ཀྱི་དབང་བཞི་སྲོག་གཏད་དང་བཅས་པ་ཡོངས་སུ་རྫོགས་པས་སླར་ཡང༌། སློབ་དཔོན་གྱིས་གཙོ་འཁོར་དཔུང་བཅས་པ་ལ་ནན་ཏན་གྱིས་ཕྲིན་ལས་གསོལ་བས་སྲོག་སྙིང་གཅིག་ཏུ་འདྲེས་ཏེ་ཕ་དང་བུའི་བརྩེ་གདུང་ལྟར་སྐྱེས་ཞིང་ལས་མཛད་པར་མོས་མཛོད། གཏོར་མ་ཞལ་གསོ་ཞིང་བདུད་རྩིས་བྲན་ཏེ། ཧཱུྃ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས༔ རང་བཞིན་དབྱིངས་ལས་སྐུ་བསྐྱོད་ལ༔ གནས་འདིར་ད་ལྟ་ཉིད་དུ་བྱོན༔ འདིར་ཚོགས་རྣམས་ལ་བྱིན་གྱིས་རློབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ནད་དང་གནོད་པ་ཞི་བ་དང༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ ཁམས་གསུམ་མ་ལུས་དབང་དུ་སྡུས༔ སྲིད་གསུམ་ཐམས་ཅད་ཟིལ་གྱིས་ནོན༔ བྱད་ཟོར་ཕུར་ཁ་ཟློག་པ་དང༔ གདུག་པའི་དགྲ་བགེགས་ཚར་གཅོད་ཅིང༔ འདོད་པའི་རེ་བ་སྐོང་བ་དང༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ ཡེ་ཤེས་མགོན་པོ་འཁོར་བཅས་ཀྱིས༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཞེས་བརྗོད། དེ་དག་གིས་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོའི་གསང་སྒྲུབ་སྨུག་པོའི་དབང་བཞི་མཐར་རྟེན་དང་བཅས་པ་གྲུབ་སྟེ་ཚུལ་དེའི་དགོས་པ་ནི་གཞུང་ལས། འདི་ནི་ཨོ་རྒྱན་གཡར་དམ་སྟེ༔ རྗེས་འཇུག་རྣམས་ཀྱི་སྙིང་ལ་ཟུངས༔ དོན་རྣམས་ཐམས་ཅད་དེ་ཡིས་འགྲུབ༔ ཞེས་དང༌། གསང་བ་མགོན་པོའི་དབང་བཞི་དང༔ སྲོག་གཏད་ལ་སོགས་སྦྱོར་བ་རྣམས༔ ཤིན་ཏུ་གསང་ཞིང་སྤྱོད་པར་བྱ༔ ཞེས་གསུངས་པ་ལྟར་ཤིན་ཏུ་ཐུན་མོང་མ་ཡིན་པའི་ཟབ་ཆོས་ལགས་པས་ལས་དང་སྐལ་པ་ལྡན་པའི་ཆོས་བརྒྱུད་འཛིན་པའི་གང་ཟག་ལས། ཀུན་ལ་མི་སྟེར་བའི་བཀའ་རྒྱ་ཅན་དུ་གཟུང་བྱ་ལགས་པས་རྡོ་རྗེ་ཐེག་པའི་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཚུལ་བཞིན་སྲུང་ཞིང༌། ཡེ་ཤེས་མགོན་པོ་འདི་ཉིད་ལྷག་པའི་ལྷར་བརྟེན་སྒྲུབ་མཆོད་ཕྲིན་རྒྱུན་མི་འཆད་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར། ལན་གསུམ། གཏང་རག་མཎྜལ་ལུས་འབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ། སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་སླར་ཡང་གཏོར་ཆོག་བཏང་ཞིང་ཕྲིན་ལས་གསོལ། སྤྲོ་ན་ཟབ་བདུན་མཇུག་ཆིངས་ཀྱི་ཚོགས་ཀྱང་བྱ། རྗེས་ཀྱི་མཆོད་བསྟོད་དང་ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་བསྔོ་སྨོན། ཤིས་བརྗོད་བཅས་མཇུག་ཆིངས་ལྟར་བྱའོ། །རྒྱ་ཆེའི་བཀའ་བཅུའི་རྣམ་གྲངས་མང་ན་ཡང༌། །ཟབ་པ་བཅུད་དྲིལ་འདི་འདྲ་ཤིན་ཏུ་དཀོན། །ཡབ་མེས་བཟང་པོའི་བཀའ་དྲིན་རྗེས་གསོ་ཕྱིར། །བློ་མིག་ཞན་ཡང་དམ་པའི་གསུངས་བཞིན་སྤེལ། །རབ་དགེ་དྲི་མེད་གསེར་གྱི་སྙིང་པོའི་སྤྲིན། །མཆོག་བསྟན་མཁའ་ལ་མཛེས་པས་སྨིན་གྲོལ་ཆར། །རྒྱུན་མི་འཆད་པའི་དགེ་ལེགས་དབྱར་གྱི་སྟོན། །མི་ཉམས་ཕྱོགས་དུས་ཀུན་དུ་དར་རྒྱས་ཤོག །ཅེས་ཟབ་གསང་འདོད་དགུའི་གཅེས་ནོར་རིག་འཛིན་རྩལ་འཆང་གསུམ་གྱི་ཕྱག་རྗེས་འདི་དག་ལ་ཞབས་ཏོག་བགྱི་འོས། འཁོར་ལོས་མགོན་པོ་འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་ཡི་གནང་བ་ཇི་ལྟར་བསྩལ་བཞིན་མྱུར་དུ་བསྒྲུབ་པར་བྱ་ཕྱིར། གཏེར་ཆེན་བླ་མའི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་མཆོག་སྤྲུལ་གསུམ་པ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་མཆོག་དང༌། མཁྱེན་ཡོན་དད་བློ་མཚུངས་བྲལ་བྱང་འདྲེན་པདྨ་བཀྲ་ཤིས་དཔོན་སློབ་ནས་བསྐུལ་གནང་བ་བཞིན། ཀ་ཋ་མཎྚུའི་རྒྱལ་ཁབ་ཀྱི་སྤོ་ན་མཛེས་པའི་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གསུམ་གྱི་མཆོག་སྤྲུལ་དབུས་སྐལ་བཟང་འདུས་པའི་ཚོགས་ལ་མཆོག་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཟབ་མོ་འབུལ་བའི་སྐབས་ཉེར་མཁོར་གྱུར་བ་བཞིན་མདོ་ཁམས་ཤར་གྱི་སྔགས་བཙུན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པའི་མཁོས་ཆུང་གི་ན་བས་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཉེར་དགུ་ལ་བརྩམས་ཏེ་གྲུབ་པར་བགྱིས་པས་གསང་ཆེན་རྡོ་རྗེ་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།།
[edit]

@#/__/thugs rje chen po yid bzhin 'khor lo'i bka' srung gsang ba ye shes mgon po smug po'i dbang chog khrigs bsdebs su bkod pa dngos grub 'dod dgu'i dpal ster zhes bya ba bzhugs so// @#/__/rgyal kun thugs rje'i ye shes lhas/_/gsang ba'i mgon po'i skur bzhengs pa'i/_/sgrub thabs zab mo'i smin byed kyi/_/las 'grigs bklag pas grub 'di spel/_/dpal myur mdzad ye shes kyi mgon po gsang ba he ru ka ltar sgrub pa la 'jug pa'i sngon du dbang gis rgyud smin par slob dgos pas de'i tshul bklag chog tu bkod pa la/_sbyor dngos rjes gsum las/_sbyor ba'i dang por gnas dge bar nyer dgu la sogs pa mgon po'i dus chen gyi skabs/_gzhi gnas khang rgyan gyis spras par dkyil 'khor gzhung mthun ras bris bkram pa'am/_ma 'dzoms na maN+Dalar 'bru'i tshom bu gtso 'khor lnga/_de rgyab bzhi bcas bkod pa'i khar/_rnam bum/_gsang thod/_me long*/_sin+d+hu ra'i rdul gyis bkab pa/_shel rdo bcas brtsegs mar bshams/_stabs gang bder/_sku tsaka_/sngags byang*/_phyag mtshan bcas/_mdun du mgon po'i dpal gtor la gtso bo las chung ba/_'khor bzhi/_de las chung ba bzhi/_bar rnams thebs kyus bltams pa/_sku tsaka_/dar gdugs/_sha khrag gi brgyan pa dang*/_dpal 'bar btsugs pa/_g.yas g.yon du sman raka dang nyer spyod/_tshogs kyi dam rdzas sogs dgos pa'i rigs 'du byas la/_thog mar brgyud 'debs ni/_gsung gi rdo rje tshe 'od snang mtha' yas/_/lhun grub zhing kun khyab bdag pad dkar 'chang*/_/dregs pa kun 'dus rta mgrin dbang gi rgyal/_/gsol ba 'debs so phrin las mthar phyin shog_/snang srid zil gnon rang byung pad+ma rgyal/_/gsang ba'i mdzod 'dzin mkhar chen DAk+kI'i dbang*/_/las can sems dpa' mnga' bdag yab sras la/_/gsol ba 'debs so phrin las mthar phyin shog_/'jig rten mig gcig lo chen bai ro'i zhabs/_/zab gter sgo 'byed mchog gyur bde chen gling*/_/mkhas grub dbang phyug 'jam dbyangs mkhyen brtse'i gter/_/gsol ba 'debs so phrin las mthar phyin shog_/chos 'di'i bka' bab pad+ma gar gyi dbang*/_/mchog bstan srog 'dzin grub sras tshe dbang nor/_/chos kyi rgya mtsho 'jam dbyangs tshul khrims la/_/gsol ba 'debs so phrin las mthar phyin shog_/gter chen mchog sprul theg mchog bstan 'phel dang*/_/thub bstan yongs rdzogs mnga' bdag chos blo gros/_/rtsa brgyud bla ma yi dam mkha' 'gro la/_/gsol ba 'debs so phrin las mthar phyin shog_/khyad par rgyal kun thugs rje'i gter chen po/_/ye shes myur mdzad mgon po'i skur bzhengs pa/_/mchog thun dngos grub dran pas stsol mdzad la/_/gsol ba 'debs so phrin las mthar phyin shog_/bla ma ye shes mgon po'i rdo rje bzhir/_/'jug cing smin nas dad dam rnam par dag_/snang grags rig pa rdo rje'i dkyil 'khor du/_/'char bas myur mdzad dpal dang gnyis med shog__/gnyis pa nang gi rnal 'byor ni/_rdo rje'i slob dpon sangs rgyas dpal/_sogs rgyun bshags yan lag brgyad pa'i bsags sbyangs lan gsum sngon du 'gro bas/_hU~M:_chos nyid spros pa'i mtha' bral ngang:_snying rje'i rang mdangs kun la khyab:_thugs rje'i hU~M yig 'od du 'bar:_snod bcud dngos 'dzin thams cad sbyangs:_e ya~M ra su~M yum lnga'i mkha':_ra~M las rdo rje me yi gur:_b+h+rU~M las dbang gi zhal yas khang:_rab 'jigs dur khrod brgyad kyis bskor:_lte bar pad nyi klu rgyal steng:_hU~Mlas dpal chen rta mchog dpal:_dmar rngams zhal gsum phyag drug pa:_g.yas dkar g.yon sngo spyan dgus gzigs:_rta gdong ljang gu me 'bar bzhad:_rdo rje gsor zhing dril bu dkrol:_kha T+wA~M sbrul phyar thod khrag rol:_ral gri me 'bar lcags sgrog 'dzin:_zhabs bzhi rol pa'i gar dgu ldan:_dpal dang dur khrod chas kyis brgyan:_yum chen pad+ma gzi ldan ma:_kha T+wA~M thod khrag 'dzin pas 'khyud:_rdo rje gsum ldan ye shes lnga:_bla ma rgyal kun 'dus par gyur:_oM A hU~M:_hrIHhU~M trA~M oM aH_thugs kar nyi steng hrIHdmar po:_sngags kyi phreng bas bskor ba las:_'od 'phros rgyal ba sras bcas mchod:_byin rlabs dngos grub rang la bsdus:_ma mo mkha' 'gro las la btsud:_phrin las rnam bzhi lhun gyis grub:_gdug pa can rnams tshar bcad nas:_thams cad dpal gyi sa ru bkod:_'gro ba rnams kyi sgrib pa sbyangs:_snang srid dbang gi sku gsung thugs:_ye shes dkyil 'khor chen por bsam:_hrIHpad+mAn+ta kr-ita badz+ra kro d+ha ha ya gr-I wa hu lu hu lu hU~M phaT:_zhes brgya rtsa sogs ci nus bzlas mthar/_hU~M gis dkyil 'khor dbyings su bsdu:_'od gsal thugs kyi ngang du gnas:_phaT kyis lha ru lhag ger gsal:_oM A hU~M gis go bgos nas:_dag pa'i snang bas spyod pa skyong:_zhes lhar snang 'od gsal du bsdus la thun mtshams kyi lha sku'i nga rgyal bzung*/__gsum pa mchod rdzas byin gyis brlabs pa ni/_a mr-i tas bsangs/_swa b+hA was sbyangs/_stong pa'i ngang las gnas khang b+h+rU~M las byung ba'i gzhal yas khang gi dbus su/_a las ye shes kyi ka pA la yangs shing rgya che ba rnams kyi nang du/_hU~M las byung ba'i mchod yon/_zhabs bsil/_me tog_/bdug spos/_mar me/_dri chab/_zhal zas/_rol mo rnams nam mkha'i khams thams cad gang bar gyur/_oM badz+ra ar+g+haM AHhU~M:_nas/_shap+ta A hU~M/_sman raka gtor ma byin rlabs ni/_ra~M ya~M kha~M gis mchod rdzas bsregs gtor bkrus:_stong pa'i ngang las rlung me thod sgyed steng:_b+h+rU~M las b+hany+dza yangs shing rgya che'i nang:_go ku da ha na las sha lnga dang:_bi mu ma ra shu las bdud rtsi lnga:_kha chod nyi ma zla ba rdo rjes mtshan:_me rlung sbyor bas bdud rtsi zhu zhing khol:_rlangs pas 'khor 'das dwangs ma bcud rnams 'dus:_rigs lnga yab yum skur gyur bde chen sbyor:_kha chod bcas pa byang chub sems su zhu:_dam tshig ye shes bdud rtsi gnyis med 'dres:_'dod yon mchod sprin nam mkha' gang bar gyur:_oM AHhU~M ho:_lag pa g.yas phyar g.yon gdengs shing:_mtheb mdzub sbrel ba'i phyag rgyas brlabs:_oM AHhU~M sarba pany+tsa a mr-i ta hU~M hrIHTha:_lan gsum/_oM AHhU~M ma hA rak+ta dz+wa la maN+Dal hU~M hrIHTha:_lan gsum/_oM AHhU~M ma hA ba liM ta te dz+wo ba liM ta ba la ba te gu h+ya sa ma ya hU~M hrIHTha:_lan gsum/_badz+ra s+pha raN khaM/_zhes pas byin gyis brlabs/__gnyis pa dngos gzhi lha bskyed ni/_oM ma hA shU n+ya ta sogs/_chos nyid stong pa'i ngang nyid las:_snying rje'i rang mdangs kun la khyab/_bde chen byang chub hU~M sngon po:_'od zer 'bar bas snod bcud sbyangs:_e yaM ra su~M keM ra~M spros:_'byung ba rim brtsegs ri rab steng:_b+h+rA~M las dur khrod gzhal yas khang:_sgo bzhi rgyan rdzogs de yi dbus:_'khor lo rtsibs bzhi rdo rje'i brag:_pad+ma nyi ma bgegs kyi steng:_rgyu yi yi ge yongs gyur las:_ye shes mgon po he ru ka:_smug nag zhal gcig phyag drug pa:_dang po gnyis kyi rdor dril 'dzin:_bar pa thod rnga kha T+wAM ga:_'og mas zhags pa b+han+d+ha ni:_nor bus bkang zhing char 'bebs 'dzin:_zhabs gnyis bzhengs stabs de yi pang:_lha mo gri thod 'dzin pa 'khyud:_dur khrod rol pa'i chas kyis brgyan:_ye shes me phung klong du bzhugs:_ljon pa'i shing la rgyab brten cing:_ye shes khyung chen mkha' la lding:_rtsibs bzhir pad+ma nyi ma'i steng:_dbang phyug gshin rje gnod sbyin dang:_las kyi mgon po thams cad mthing:_rang 'dra'i yum chen dur khrod chas:_kun kyang gri gug thod khrag 'dzin:_sgo bzhir dur khrod bdag po bzhi:_keng rus gzugs can rang 'dra'i yum:_thod dbyug gdengs shing thod khrag 'thung:_sku gsung thugs su byin brlabs shing:_ye shes lnga yi dbang bskur ro:_oM AHhU~M oM hU~M trA~M hrIHaH_hU~M:_rang bzhin dbyings kyi dkyil 'khor dang:_dur khrod chen po brgyad rnams nas:_ye shes mgon po 'khor dang bcas:_gnas 'dir spyan 'dren gshegs su gsol:_oM shrI ma hA kA la sa pa ri wA ra badz+ra sa mA dza:_hU~M:_bdag la byin gyis brlabs pa dang:_dngos grub ma lus mchog stsol zhing:_sangs rgyas bstan pa bsrung ba'i phyir:_dgyes shing brtan par bzhugs su gsol:_sa ma ya tiSh+Tha lhan:_hU~M:_chos kyi sku la g.yo ba med:_longs spyod rdzogs sku lhun gyis grub:_thugs rje sprul pa'i mgon po la:_gus pa'i yid kyis phyag 'tshal lo:_a ti pu ho:_pra tIts+tsha ho:_hU~M:_'dod pa'i yon tan rnam pa lnga:_bdud rtsi khrag chang ba ling ta:_sbyor sgrol gnyis med lta ba yis:_mchod do 'khor bcas dgyes gyur cig:_oM shrI ma hA kA la sa pa ri wA ra ar+g+haM nas/_shab+ta a mr-i ta rak+ta ba ling+ta ta na ga Na d+harma d+hA tu pU dza ho:_hU~M:_gtum chen 'bar ba mi bzad he ru ka:_gdug pa 'dul mdzad thugs rje chen po'i sku:_log rtog rab 'joms hU~M dang phaT sgra 'byin:_ye shes thugs ldan 'khor dang bcas la bstod:_bzlas pa la/_gter gzhung las/_bsnyen sgrub yan lag bzhi ldan pa'i:_'dzab dgongs man ngag bzhin du bya:_zhes gsungs pas/_thugs kar 'od kyi gur khyim dbus:_pad nyir ye shes sems dpa' dmar:_'jig rten dbang phyug zhi ma khro:_rdor dril 'dzin cing yum dang 'khril:_dbang gi rta skad hi hir bzhad:_srog gor nyi steng rdo rje mthing:_lte ba hrIHla sngags kyis bskor:_'od 'phros rgyal mchod byin rlabs bsdus:_'gro ba'i sgrib sbyangs dgra bgegs bsgral:_stobs dang gzi brjid 'bar ba yis:_dregs pa las la bkol bar bsam:_oM shrI ma hA kA la k+SheM k+She tra big+h+nAn hU~M hU~M phaT:_ces bzlas/_bum pa la dmigs te/_bum pa rang byung gi gzhal med khang du ye shes mgon po'i lha tshogs dwangs pa'i mtsho la gza' skar shar ba bzhin skad cig gis gsal ba'i sku las ye shes bdud rtsi'i rgyun bab pas bum pa'i chu dang ro gcig tu 'khyil bar gyur/_ces dmigs la gzungs thag dang bcas mgon po gtso 'khor chig dril gyi sngags 'os mtshams bzlas mthar/_oM AHhU~M gis mchod yon phul bas bum lha 'od zhu byas la/_las bum rta sngags kyis byin gyis brlabs/_bdag 'jug gam rig pa'i me tog dor la gnang ba nod la don du gnyer ba'i slob ma la/_khrus bya/_bgegs bskrad/_srung 'khor gsal 'debs dang bcas/_sems bskyed gsal btab ste lo rgyus kyi khyad par/_de yang sangs rgyas kyi bstan pa spyi dang khyad par theg pa chen po'i chos dang gang zag thugs brtse'i rjes su skyong phyir ngo bo ye shes kyi sar bzhugs kyang rnam 'gyur phrin las kyi nus stobs bstan srung dbang po'i skur bzhengs pa'i ma mgon lcam dral kun las kyang*/_rgyal kun snying rje'i rang gzugs 'phags mchog spyan ras gzigs nyid thugs rje chen po ma hA kA la'i skur bzhengs te snyigs dus kyi chos byed 'khrul rtog gis g.yengs ba rnams bar do'i 'jigs pa las skyob cing bde ba can du lam sna 'dren pa mchog bsgrubs pas thun mong zhor la 'byung ba thun mong bsgrubs pas mchog zhor la 'byung ba dran pa tsam gyis byin rlabs 'jug pa/_yun ring sgrub mi dgos pa zhal ston pa sogs thugs bskyed du mas khyad par 'phags pa myur mdzad ye shes kyi mgon po phyag drug pa la/_'phags yul du grub spyi'i spyi mes sa ra ha pa dang shA ba ri pa sogs kyi bka' srol bzhugs pa bod du'ang gsar rnying kun la dar rgyas che zhing*/_gter gzhung rtsa ba las/_he ru ka kun 'dus pa las:_sangs rgyas kun gyi bstan srung pa:_re ba kun skong yid bzhin nor:_mtshan thos tsam gyis bar chad sel:_dngos grub myur ba'i mgon po 'di:_mchod na bde ba can du 'dren:_bsgrubs na mchog thun dngos grub myur:_zhes ched du bsngags pa'i don la gnas pa'i bstan srung khyad par 'phags pa gang 'dir 'od dpag med dngos sangs rgyas pad+ma rgyal po'i bka' srol sprul pa'i lo chen bai ro tsA na la gsang ba'i bka' srung thun mong ma yin par gnang zhing*/_de nyid kyis ma 'ongs skye bo'i skal bzang mdo khams ye rgyal nam mkha' mdzod du 'gro mgon 'phags pa klu sgrub kyi phyag bzo ye shes sems dpa' dngos dang rnam dbyer ma mchis pa'i sku rten me 'bar ma dang lhan cig sbas pa nyid/_lo chen sprul pa'i sku mchog 'jam mgon chos kyi rgyal po'i bka' yi bskul ma gnang ba kha byang du gyur te/_snyigs 'gro skyabs mgon slob dpon sangs rgyas gnyis pa'i zhal skyin gter chen mchog gyur gling pas thugs rje chen po yid bzhin 'khor lo'i bka' srung gsang ba'i mgon po'i chos sder spyan drangs te lung zin chos kyi bdag po la bstsal bas sa la spyod pa'i 'og min he ru ka'i tshogs khang tsA 'dra rin chen brag mdzod lnga 'dus pa'i gzhal med khang gi sku rten la bzhugs shing*/_thun mong ma yin pa'i bka' srung du bsngags pa'i rdo rje'i lung don mngon du gyur pa'i sprin gyis mtsho'i mtha' tshun chad du brdal ba'i zab gsang thun mong ma yin pa bgyi ba la maN+Dal phul/_bla ma myur mdzad ye shes kyi mgon po dngos su gsal bas gsol ba 'debs pa 'di'i rjes zlos mdzod/_bla ma he ru ka dpal dgongs:_byang chub lam gyi don bsgrub phyir:_bdag la ye shes mgon po yi:_dbang bskur rdzogs par bstsal du gsol:_dbang gi sngon du 'gro ba skyabs sems bsag[$] sbyang gi slad du/_bla ma dang mdun bskyed 'phags pa spyan ras gzigs ye shes mgon po dbyer med pa la phyogs bcu'i rgyal ba sras dang bcas pas bskor te mngon sum bzhin du bzhugs pa'i spyan sngar bdag sogs sems can thams cad byang chub snying po'i bar du skyabs su mchi zhing byang chub mchog tu sems bskyed nas de'i spyod pa la 'jug par bya'o snyam pa'i 'di'i rjes zlos/_na mo/_mchog gsum ngo bo thugs rje can:_bla mar bcas la skyabs su mchi:_'khor ba dong nas sprugs pa'i phyir:_yid bzhin 'khor lo myur du bsgrub:_sras bcas rgyal ba 'khor bcas la:_phyag 'tshal mchod cing sdig pa bshags:_dge la yi rang chos 'khor bskor:_bzhugs gsol dge kun 'gro la bsngo:_thams cad mngon sangs rgyas gyur cig:_de nas byin rlabs kyi gzhi sgrub pa la dmigs pa 'di bzhin mdzod:_rta sngags kyis bsang*/_oM ma hA shUn+ya ta sogs/_chos nyid stong pa'i ngang nyid las:_snying rje'i rang mdangs kun la khyab:_bde chen byang chub hU~M sngon po:_'od zer 'bar bas snod bcud sbyangs:_gnam lcags rdo rje brag chen dang:_pad+ma nyi ma bgegs kyi steng:_rgyu yi yi ge yongs gyur las:_ye shes mgon po he ru ka:_smug nag zhal gcig phyag drug pa:_dang po gnyis kyi rdor dril 'dzin:_bar pas thod rnga kha T+wA~M ga:_'og mas zhags pa b+han+d+ha ni:_nor bus bkang zhing char 'bebs 'dzin:_zhabs gnyis bzhengs stabs de yi pang:_lha mo gri thod 'dzin pa 'khyud:_dur khrod rol pa'i chas kyis brgyan:_ye shes me phung klod du bzhugs:_ljon pa'i shing la rgyab brten cing:_ye shes khyung chen mkha' la lding:_de ltar ye shes mgon po yab yum gnyis su med pa'i gnas gsum du oM AHhU~M gi mtshan pa dang*/_slob dpon gyi thugs ka nas kyang 'od zer 'bar ba chen po'i snang bas 'og min chos dbyings e yi pho brang dang*/_dbus phyogs me ri 'bar ba'i dur khrod chen po la sogs pa nas ye shes gsang ba'i mgon po 'khor dang bcas pa char sprin drag tu 'khrugs pa ltar byon nas slob ma'i sgo gsum la sib sib tu thim par sgoms shig_/ces mos la gu gul tshil chen mgon po'i sbyar spos kyis sbag pa bsregs shing*/_ro ras g.yab/_rkang gling dang thod rnga sogs dur khrod kyi rol mo dang sbyar ba'i gdung dbyangs kyis bskul te las byang gi spyan 'dren/_hU~M:_rang bzhin dbyings kyi dkyil 'khor dang:_dur khrod chen po brgyad rnams nas:_ye shes mgon po 'khor dang bcas:_gnas 'dir spyan 'dren gshegs su gsol:_oM shrI ma hA kA la sa pa ri wA ra badz+ra sa mA dzaH_dz+nyA na a be sha ya a a:_yang yang brjod pas dbab/_tiSh+Tha badz+ras rdo rje rgya gram du bzhag la brtan par bya/_de dag gi dbang gi sngon 'gro 'jug pa'i chos rnams song nas/_dbang gi rim pa dang po la/_mchog gi phrin las kyi slad du bla ma he ru ka dang mgon po dbyer med du shes pas dbang bzhi bskur ba dang*/_thun mong gi phrin las kyi don du mgon po ye shes kyi srung ma ltar gtor ma'i bka' sgo ba gnyis las/_dang po la'ang bzhir dbye ba'i thog ma bum dbang gi don du 'di ltar dmigs mdzod/_mdun bskyed bla ma ye shes kyi mgon po'i smin mtshams kyi 'od zer nam mkha' khyab par spros te/_rig pa'i lha mo rnams kyis phyag na rin po che'i bum pa bdud rtsi'i gang ba bsnams te bkra shis pa'i rnam pa du ma dang bcas te dbang bskur bar gyur/_rnam bum thogs la/_hU~M:_bum pa rin chen gzhal yas khang:_nang du mgon po'i lha tshogs bzhugs:_snod bcud yongs rdzogs dbang bskur bas:_bskyed rim gsal brtan 'bar bar shog:_oM shrI ma hA kA la k+SheM k+She tra big+h+nAn hU~M hU~M phaT:_kA ya a b+hi Shiny+tsa oM:_bum pa spyi bor bzhag_/bum chu sbyin/_de ltar bum pa bzang po las byung ba'i ye shes lnga'i rang bzhin gyi chu rgyun gyis spyi bo nas dbang bskur lus kyi nang thams cad gang*/_sbyang bya nyon mongs pa dug lnga dag_/sbyangs 'bras ye shes lnga mngon du byas/_gzhi 'bras gnyis med phung khams skye mched gdan gsum lha'i dkyil 'khor du sad par byas/_chu'i lhag ma spyi bor 'khyil ba las rigs bdag mi bskyod pas dbu brgyan par gyur/_des phyi phan pa'i dbang gis dri ma dag pa la/_slar nang nus pa'i dbang gis rigs kyi sa bon gyi mthu smin par bya ba'i slad du bla ma ye shes mgon po'i sku las sku gnyis pa zhig 'phros nas smin mtshams su thim pas sku rdo rje snang stong sgyu 'phrul drwa ba'i byin rlabs lus la zhugs pas/_bskyed pa phyag rgya'i ting 'dzin sgom pa'i dbang thob par mos shig_/mgon po'i sku dpral bar bzhag la/_hU~M:_sangs rgyas kun gyi sku las sprul:_rdo rje mi phyed sku dang ldan:_mgon po'i sku yi dbang bskur bas:_lus la gzi mdangs 'bar bar shog:_oM shrI ma hA kA la k+SheM k+She tra big+h+nAn hU~M hU~M phaT:_kA ya a b+hi Shiny+tsa oM:_sngags phreng mgrin par bzhag la/_bla ma ye shes mgon po'i thugs ka'i sngags phreng las gnyis pa byung*/_mgrin pa nas mgal me'i phreng ba ltar dmar nar gyis byung ba slob ma'i mgrin par thim pas gsung rdo rje grags stong rdo rje nA da'i byin rlabs ngag la zhugs pas bsnyen sgrub las gsum gyis don gnyis sgrub pa'i dbang thob par mos shig_/sngags byang mgrin par bzhag la/_hU~M:_sangs rgyas kun gyi gsung gsang ba:_ma lus 'dus pa'i grags stong gsung:_mgon po gsung gi dbang bskur bas:_ngag la nus pa 'bar bar shog:_oM shrI ma hA kA la k+SheM k+She tra big+h+nAn hU~M hU~M phaT:_wAka a b+hi Shiny+tsa AH_phyag mtshan snying khar bzhag ste/_bla ma ye shes mgon po'i thugs rnam par mi rtog pa'i rang gzugs phyag mtshan gyi rnam par spros te snying khar thim pas thugs rdo rje bde stong rol pa chen po'i mkhyen brtse nus pa'i ye shes kyi dgongs pa la dbang 'byor bar mos mdzod/_phyag mtshan snying khar bzhag la/_hU~M:_sangs rgyas kun gyi ye shes thugs:_kun tu ro mnyam bde ba che:_mgon po'i thugs kyi dbang bskur bas:_sems la ye shes 'char bar shog:_oM shrI ma hA kA la k+SheM k+She tra big+h+nAn hU~M hU~M phaT:_tsit+ta a b+hi Shiny+tsa hU~M:_de dag gis phyi mtshan ma'i dkyil 'khor du bum pa'i dbang thob lus kyi sgrib pa dag_/dbyibs phyag rgya'i rnal 'byor sgom pa la dbang*/_'bras bu sprul sku thob pa'i skal ba can du byas pa'o/__/gnyis pa zab mo'i dbang gi sngon 'gro gsang ba'i dbang sbyin pa la/_bla ma myur mdzad ye shes kyi mgon po yab yum mnyam par sbyor ba'i byang chub kyi sems sangs rgyas thams cad 'dus pa'i ye shes kyi ngo bo lce la byin par mos shig_/thod pa'i bdud rtsi lce la sbyin te/_hU~M:_yab yum gnyis med mnyam sbyor bas:_byang chub sems ni bde ba'i rgyun:_skal ldan bu la 'di sbyin pas:_rtsa rlung khams rnams 'phel bar shog:_ma hA su kha a b+hi Shiny+tsa ho:_zhes bdud rtsi myangs bas rtsa khams bdud rtsis gang*/_khams zhu ba'i bde bas dug gsum gyi rnam rtog 'gags/_bde ba'i ye shes rgyud la skyes par gyur/_des lus kyi dkyil 'khor du gsang ba'i dbang thob/_ngag gi sgrib pa dag_/bdag byin gyis brlabs pa'i rim pa sgom pa la dbang*/_'bras bu longs sku thob pa'i skal pa can du byas pa'o/__/gnyis pa zab mo'i dbang gi dngos gzhi gsum pa'i dbang sbyin pa la/_bde stong dbyer med mtshon pa'i me long sin+d+hU ra'i thig las brgyan pa las byung ba'i gzugs dang lang tshos brgyan pa'i rig ma sku la 'khril nas 'du shes gsum gyis snyoms par zhugs pa mos shig_/sin+d+hU ra'i me long lag tu gtad la/_hU~M:_bde chen lha mo dga' bde'i dpal:_phyag rgya'i reg bya la brten te:_dga' bzhi bde ba chen po'i ro:_zung 'jug bde chen rtogs par shog:_ma hA su kha b+hany+dza mok+Sha a b+hi Shiny+tsa ho:_phyag rgya'i reg pa las byung ba'i yas bab mas brtan gyi dga' ba bzhi'i rgyu 'bras rgyud la skyes par gyur/_des rdo rje btsun mo'i chu skyes kyi dkyil 'khor las shes rab ye shes kyi dbang thob yid kyi sgrib pa dag_/pho nya'i zab lam gzhan lus kyi rnal 'byor sgom pa la dbang*/_'bras bu chos sku thob pa'i skal pa can du byas pa'o/__/gsum pa zab dbang mthar son pa'i rjes dbang bzhi pa tshig gis ngo sprad cing brda man shel gyis don gyi ye shes bskyed pa ni/_man shel bstan la/_hU~M:_rtog tshogs thams cad ye shes te:_ma rtog mnyam bzhag yin kyang gol:_smra bsam brjod med ye shes che:_dbyings rig zung 'jug rtog par shog:_d+harma d+ha tu a b+hi Shiny+tsa hU~M:_zhes brjod la slob dpon gyis dgongs pa gtad la mnyam par bzhag_/des ye shes dkyil 'khor du dbang bzhi pa thob/_snang gsum 'pho ba'i sgrib pa dag_/de kho na nyid kyi rnal 'byor sgom pa la dbang*/_'bras bu ngo bo nyid sku thob pa'i skal pa can du byas pa'o/__/gnyis pa thun mong gi phrin las kyi slad du mgon po ye shes kyi srung ma ltar bsten pa'i slad dbang bzhi'i mtha' rten gtor ma la brten nas bka' sgo ba ni/_de ltar ye shes gsang ba'i mgon po yi dam he ru ka dang gnyis med du sgrub pa'i skal pa can du bya ba dbang bzhis smin par byas nas/_phrin las myur mdzad mgon po'i tshar gcod rjes 'dzin gyis stobs nus bskyed pa gtor ma la brten nas chos skyong ltar sgrub phyir bka' sgo ba mtha' rten gyi tshul du bgyi ba la/_gtor snod dur khrod rol pa e klong 'bar ba'i nang du gtor ma nyid ye shes mgon po spyan ras gzigs dbang myur mdzad phyag drug_/yab yum bka' sdod bzhi dang las byed dregs pa'i 'khor tshogs bsam gyis mi khyab pas bskor ba'i spyi bor rig 'dzin rtsa brgyud kyi bla ma rnams byin thibs se bzhugs pa la slob dpon he ru ka gsal ba'i zil gyis mgon po 'khor dang bcas pa'i thugs rgyud bskul te ji ltar 'dod pa'i phrin las thog med du sgrub par zhal gyis bzhes par mos shig_/gtor ma mgor bzhag te/_hU~M:_kun tu bzang po man chad nas:_khyab bdag bla ma yan chad kyi:_bka' dang dam tshig la dgongs te:_mgon po 'khor dang bcas pa yis:_sgrub pa'i rnal 'byor 'di nyid la:_lus dang grib ma bzhin du 'grogs:_sku gsung thugs dang mnyam sbyor bas:_dbyer med go 'phang mnyam par mdzod:_dngos grub ma lus char ltar phob:_dbang mchog ma lus bstsal du gsol:_dam las ma 'da' sa ma ya:_zhes tha tshig phog pas mgon po 'khor dang bcas pas rnal 'byor pa khyod kyi phrin las thams cad des sgrub bar chad thams cad des sel zhes dgyes bzhin zhal gyis bzhes pa la dad spro gdung shugs skyed par mdzod cig_/de dang rjes su 'brel ba chos skyong zab mo skor dgu las byung ba'i 'khor gyis dregs pa'i srog dbang zab mo bgyi ba la/_thod pa'i nang du bkod pa'i gzugs rnams mgon po'i gtor ma'i mdun du bkod la/_slob dpon dang mdun bskyed mgon po dbyer med pa'i thugs ka nas 'od zer 'phros pas 'khor gyi dregs pa rnams la phog pas gtso bo'i zil ma bzod pa'i gus 'dud dang bcas sngon gyi tha tshig phog par mos la:_rdo rje bsgril la/_nang mchod kyis bdud rtsi gtor ma la bran te/_oM badz+ra sa ma ya hU~M phaT:_badz+ra sa ma ya a mr-i ta u da ka Tha Tha Tha:_oM shrI ma hA kA la k+SheM k+She tra big+h+nAn bi na ya ka hU~M hU~M phaT:_sa ma ya sma ra:_sa ma ya ma ti kra ma:_sa ma ya rak+Shan+tu:_sa ma ya tiSh+Tha lhan:_dregs pa rnams sgrub pa po la gus pas slob ma ye shes mgon po gsal ba'i zhabs la btud cing ji ltar bsgo ba'i las sgrub par khas blangs par bsams la 'khor gyi sku gzugs rnams slob ma'i lag tu rim par gtad do/__hU~M:_dpal ldan lha mo re ma tI:_nag mo gri gug thod khrag 'dzin:_bong bu gwa dmar chibs su chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_oM shrI de wI re ma ti traka rak+Sha hU~M phaT:_badz+ra sa ma ya:_hU~M:_dzi na mi tra sku mdog mthing:_mtshon gyi gru gu phyag na 'dzin:_glang chen nag po chibs su chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_oM dzi na mi tra hU~M:_badz+ra sa ma ya:_hU~M:_gshin rje TA ki rA dza ni:_nag po khram shing dgra sta 'dzin:_chu glang gtum po chibs su chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_oM Ta kI rA dza hU~M:_badz+ra sa ma ya:_hU~M:_gnod sbyin k+She tra pA la ni:_nag po lcags kyu zhags pa 'dzin:_dom nag smyon pa chibs su chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_oM k+She tra pA la dza:_ma ma ro ti b+h+yo:_badz+ra sa ma ya:_hU~M:bdud mgon trak+shad nag po ni:_mthing nag ral gri tho ba 'dzin:_bdud rta nag po chibs su chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_oM karma ma hA kA la trak+shad dza:_badz+ra sa ma ya:_hU~M:_gsang ba'i yum mchog de ba ma:_lcags kyu dang ni mi snying 'dzin:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_de bI aM ku sha badz+ra sa ma ya:_hU~M:_gsang ba'i yum mchog sgrol byed ma:_khram shing dang ni nad rkyal 'dzin:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_mA ra ya badz+ra sa ma ya:_hU~M:_gsang ba'i yum mchog re ti ma:_spu gri dang ni tsit+ta 'dzin:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_re ti badz+ra sa ma ya:_hU~M:_gsang ba'i yum mchog dung skyong ma:_me long tsit+ta bsnams nas bod bu gwa dmar chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_shang+kha bA la badz+ra sa ma ya:_hU~M:_sbas pa'i shan pa king ka ra:_keng rus gzugs can thod dbyug thod khrag 'thung:_sbas pa'i shan ma de dang 'dra ba rol:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_oM king ka ra badz+ra sa ma ya:_hU~M:_sbas pa'i shan pa mon pa A tsa ra:_phyag nas ltas ngan sna tshogs 'gyed:_mon mo de dang 'dra bar rol:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_mon pa mun nag dzaH_badz+ra sa ma ya:_hU~M:_tshangs pa ser po 'khor lo 'dzin cing ngang pa chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_prah+ma badz+ra sa ma ya:_hU~M:_dri za dkar po rdo rje 'dzin cing mkha' lding chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_in+d+ra badz+ra sa ma ya:_hU~M:_me lha dmar po bgrang phreng 'dzin cing ra skyes chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_ag+ni badz+ra sa ma ya:_hU~M:_gshin rje ljang nag be con 'dzin cing chu glang chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_ya ma badz+ra sa ma ya:_hU~M:_srin po smug nag thod rlon 'chang zhing mi la zhon:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_nire te badz+ra sa ma ya:_hU~M:_chu bdag dkar po sbrul zhags 'dzin cing chu srin zhon:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_bA ru Na badz+ra sa ma ya:_hU~M:_rlung lha ljang gu ba dan 'dzin cing sha ba zhon:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_bA yu badz+ra sa ma ya:_hU~M:_gnod sbyin ser po rin chen 'dzin cing stag la chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_ku be ra badz+ra sa ma ya:_hU~M:_dbang ldan nag po rtse gsum 'dzin cing glang chen chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_i shwa na badz+ra sa ma ya:_hU~M:_sa bdag ser po bum pa 'dzin cing phag la chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_b+hU mi pa ti badz+ra sa ma ya:_hU~M:_lha yi rgyal po dar ber gsol:_dar dkar phyar zhing g.yag dkar chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_de ba rA dza badz+ra sa ma ya:_hU~M:_ma mo'i rgyal po ral gcig dar dmar gsol:_tshon gyi gru gu nad rkyal bsnams nas rnga mong zhon:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_ma ma rA dza badz+ra sa ma ya:_hU~M:_gshin rje'i rgyal po ya ma rA dza ni:_nag po mi lpags gsol nas chu glang chib:_khram shing dang ni nad rkyal bsnams:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_ya ma rA dza badz+ra sa ma ya:_hU~M:_bdud kyi rgyal po ber gsol khram shing shwe rdel bsnams:_mun pa'i mdog can rta nag chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_du na rA dza badz+ra sa ma ya:_hU~M:_klu yi rgyal po sngon po sbrul zhags 'dzin:_sbrul gyi gdeng ka 'jug ma g.yob cing chu srin chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_nA ga rA dza badz+ra sa ma ya:_hU~M:_btsan gyi rgyal po dmar nag bswe mda' bkang:_ral pa brdzis nas ber gsol rta dmar chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_shu la rA dza badz+ra sa ma ya:_hU~M:_gnod sbyin rgyal po ljang nag nor bu ber ga 'dzin:_ber nag gsol zhing stag la chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_yak+Sha rA dza badz+ra sa ma ya:_hU~M:_dkor bdag rgyal po mthing nag 'thibs zhu mnab:_spu gri zhags pa 'dzin nas glang chen smyon pa chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_king ka ra rA dza badz+ra sa ma ya:_hU~M:_ma sangs rdo rje legs pa ni:_tho ba dang ni sbud pa thogs:_swag zhu dar ber gsol nas seng chen chib:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_badz+ra sA d+hu badz+ra sa ma ya:_hU~M:_gza' bdud rgyal po ra hu la:_mgo bcu bya rog tong skad sgrogs:_mda' gzhu bkang nas sbrul mjug g.yob:_'brug la chib cing thog ser 'bebs:_khyod kyang dpal gyi bka' bzhin du:_slob ma 'di la grogs mdzod cig:_rA hu la badz+ra sa ma ya:_slar yang dregs pa'i sku gzugs la slob mas nang mchod bran pa'i gtor ma kha gsos te/_oM shrI ma hA kA la k+SheM k+She tra big+h+nAn bi nA ya ka shrI de bi re ma ti traka rak+Sha dzi na mi tra TA ki rA dza k+She tra pA la trak+shad ma mating laM ma b+h+yo:_rak+sha rak+sha:_yak+sha yak+sha:_in+d+ra ya:_ag+na ye:_ya mA ya:_naire t+ya:_bA ru NA ya:_wA ya be:_ku be rA ya:_I shwa nA ya:_ud+haM prah+ma:_b+hU mi pa ti:_sUr+Ya tsan+d+ra:_d+hr-iSh+TA rASh+Ta ya:_be ru d+hA kA ya:_bi rU pak+ShA ya:_bai shrA ba NA ya:_aHyaHmaHduHruHtsaHshaHnaHsa pa ri wA ra e daM b+ha ling+ta kha kha khA hi khA hi:_lan gsum gyis gtor ma phul zhing gzugs la nang mchod bran pas/_gtso 'khor thams cad dgyes pa'i mdangs phyungs te dregs pa rnams kyi srog gi dwangs ma 'od zer kha dog sna tshogs pa'i tshul du slob ma ye shes mgon por gsal ba'i lte ba nas brgyud thugs srog sa bon gyi 'og tu thim pas srog snying gcig tu 'dres par bsam la/_nad mchod kyi bdud rtsi slob ma rnams la'ang spyin/_nongs bshags kyi tshul du yig brgya bzla'o/_/de dag ni gzhung las/_'di ni srog ltar gces par zungs:_dam tshig ldan pa snying gi bu:_brgyud pa 'dzin la gcig brgyud bya:_zhes gdams pas shin tu bka' gnyan pa yin no/__/mgon po gtso 'khor yongs rdzogs kyi dbang bzhi srog gtad dang bcas pa yongs su rdzogs pas slar yang*/_slob dpon gyis gtso 'khor dpung bcas pa la nan tan gyis phrin las gsol bas srog snying gcig tu 'dres te pha dang bu'i brtse gdung ltar skyes zhing las mdzad par mos mdzod/_gtor ma zhal gso zhing bdud rtsis bran te/_hU~M:_ye shes mgon po 'khor dang bcas:_rang bzhin dbyings las sku bskyod la:_gnas 'dir da lta nyid du byon:_'dir tshogs rnams la byin gyis rlobs:_phyi nang gsang ba'i bar chad sol:_nad dang gnod pa zhi ba dang:_tshe dang bsod nams rgyas par mdzod:_khams gsum ma lus dbang du sdus:_srid gsum thams cad zil gyis non:_byad zor phur kha zlog pa dang:_gdug pa'i dgra bgegs tshar gcod cing:_'dod pa'i re ba skong ba dang:_gnas skabs mthar thug thams cad du:_ye shes mgon po 'khor bcas kyis:_rjes su 'dzin par mdzad du gsol:_oM shrI ma hA kA la k+ShiM k+She tra big+h+nAn hU~M hU~M phaT:_kA ya wAka tsit+ta a b+hi Shiny+tsa hU~M hU~M:_zhes brjod/_de dag gis dpal ldan ye shes kyi mgon po'i gsang sgrub smug po'i dbang bzhi mthar rten dang bcas pa grub ste tshul de'i dgos pa ni gzhung las/_'di ni o rgyan g.yar dam ste:_rjes 'jug rnams kyi snying la zungs:_don rnams thams cad de yis 'grub:_zhes dang*/_gsang ba mgon po'i dbang bzhi dang:_srog gtad la sogs sbyor ba rnams:_shin tu gsang zhing spyod par bya:_zhes gsungs pa ltar shin tu thun mong ma yin pa'i zab chos lags pas las dang skal pa ldan pa'i chos brgyud 'dzin pa'i gang zag las/_kun la mi ster ba'i bka' rgya can du gzung bya lags pas rdo rje theg pa'i spyi dang bye brag gi dam tshig rnams tshul bzhin srung zhing*/_ye shes mgon po 'di nyid lhag pa'i lhar brten sgrub mchod phrin rgyun mi 'chad par bya snyam pas 'di'i rjes zlos mdzod/_gtso bos ji ltar/_lan gsum/_gtang rag maN+Dal lus 'bul/_dge bsngo bcas spyi ltar byas la/_slob ma rnams grol/_slob dpon gyis slar yang gtor chog btang zhing phrin las gsol/_spro na zab bdun mjug chings kyi tshogs kyang bya/_rjes kyi mchod bstod dang nongs bshags/_brtan bzhugs/_bsdu ldang bsngo smon/_shis brjod bcas mjug chings ltar bya'o/__/rgya che'i bka' bcu'i rnam grangs mang na yang*/_/zab pa bcud dril 'di 'dra shin tu dkon/_/yab mes bzang po'i bka' drin rjes gso phyir/_/blo mig zhan yang dam pa'i gsungs bzhin spel/_/rab dge dri med gser gyi snying po'i sprin/_/mchog bstan mkha' la mdzes pas smin grol char/_/rgyun mi 'chad pa'i dge legs dbyar gyi ston/_/mi nyams phyogs dus kun du dar rgyas shog_/ces zab gsang 'dod dgu'i gces nor rig 'dzin rtsal 'chang gsum gyi phyag rjes 'di dag la zhabs tog bgyi 'os/_'khor los mgon po 'jam mgon pad+ma ye shes rdo rje'i bka' yi gnang ba ji ltar bstsal bzhin myur du bsgrub par bya phyir/_gter chen bla ma'i gsung gi gdan sa rten mchog 'gyur med gling mchog sprul gsum pa pad+ma 'gyur med theg mchog bstan 'dzin dang*/_grub sras o rgyan stobs rgyal mchog dang*/_mkhyen yon dad blo mtshungs bral byang 'dren pad+ma bkra shis dpon slob nas bskul gnang ba bzhin/_ka Tha maN+Tu'i rgyal khab kyi spo na mdzes pa'i bka' rnying bshad sgrub dar rgyas gling gi gtsug lag khang du 'jam mgon chos kyi rgyal po rnam gsum gyi mchog sprul dbus skal bzang 'dus pa'i tshogs la mchog gter yongs rdzogs kyi smin grol zab mo 'bul ba'i skabs nyer mkhor gyur ba bzhin mdo khams shar gyi sngags btsun/_'gyur med theg mchog bstan pa'i rgyal mtshan du 'bod pa'i mkhos chung gi na bas rgyal zla'i dmar phyogs kyi nyer dgu la brtsams te grub par bgyis pas gsang chen rdo rje snying po'i ring lugs dar zhing rgyas la yun ring du gnas pa'i rgyur gyur cig__/bkra shis//

Footnotes

Other Information