ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་སྦྱོང་རྣམ་གྲོལ་ལམ་བཟང་།

From Khyentse Lineage - A Tsadra Foundation Project
DKYD-KABUM-06-CHA-014
Wylie title thugs rje chen po sdug bsngal rang grol gyi gnas sbyong rnam grol lam bzang
Location mdo mkhyen brtse bka' 'bum
Volume 6, Text 14, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation
Genre Funerary Rituals - gnas lung - byang chog
Cycle གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ (gsang sgrub thugs rje chen po sdug bsngal rang grol)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity thugs rje chen po
Colophon

།རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལས། གསང་སྒྲུབ་སྡུག་བསྔལ་རང་གྲོལ་ལ་བརྟེན་པས། །གནས་སྦྱོང་ཆོ་ག་རྣམ་གྲོལ་ལམ་བཟང་འདི། །རིགས་བདག་གྲུབ་དབང་བླ་མའི་རྡོ་རྗེ་གསུངས། །ཁ་བསྐང་ཚིག་ཚོགས་ཡུལ་ལུགས་དང་མཐུན་པར། །རང་གི་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར། །སྔགས་མིང་འཛིན་པ་འཇའ་ལུས་རྡོ་རྗེས་བཀོད། །བཀའ་ལ་གཟུ་ལམ་སྤྲིས་སླད་ཉེས་འགལ་རིགས། །བླ་མ་མགོན་པོ་དབྱེར་མེད་དྲུང་དུ་བཤགས། །དགེ་བའི་སྡུག་བསྔལ་གྱིས་མནར་རིག་དྲུག་འགྲོ། །ཕྱག་ན་པདྨའི་གོ་སར་དབྱུང་པར་ཤོག །ཡི་གེ་འདུ་བྱེད་སློབ་བུ་ཀློང་ཆེན་བགྱིས། དགེའོ།

/rdzogs pa chen po klong chen snying thig las/_gsang sgrub sdug bsngal rang grol la brten pas/_/gnas sbyong cho ga rnam grol lam bzang 'di/_/rigs bdag grub dbang bla ma'i rdo rje gsungs/_/kha bskang tshig tshogs yul lugs dang mthun par/_/rang gi rjes 'jug rnams la phan pa'i phyir/_/sngags ming 'dzin pa 'ja' lus rdo rjes bkod/_/bka' la gzu lam spris slad nyes 'gal rigs/_/bla ma mgon po dbyer med drung du bshags/_/dge ba'i sdug bsngal gyis mnar rig drug 'gro/_/phyag na pad+ma'i go sar dbyung par shog_/yi ge 'du byed slob bu klong chen bgyis/_dge'o/_

[edit]
༄༅། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་སྦྱོང་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས།

།ན་མོ་གུ་རུ་ཨརྱ་ལོ་ཀི་ཤྭ་ར་ཡེ། །བདེ་བར་གཤེགས་པ་ཀུན་གྱི་སྲས། །སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས»།« །སྙིང་རྗེ་ཆེན་པོའི་བདག་ཉིད་ལ། །བརྟེན་ནས་གནས་ལུགས་སྦྱོང་བ་བཤད། །དེ་ལ་གང་དུ་བྱ་བའི་གནས་སུ་དཀྱིལ་འཁོར་དབང་རྫས་ཕྱི་ནང་གི་མཆོད་པ་ཁྲུས་བུམ། སྦྱང་དལ་མཚན་བྱང༌། གསུར་རྫས་སོགས་མདོར་ན་འོག་ཏུ་དགོས་པའི་ཡོ་བྱད་དང༌། སྦྱོང་ཆས་ཐམས་ཅད་ཚོགས་པར་ཚོང་བསགས། དེ་ནས་བདག་མདུན་བུམ་གསུམ་འཇུག་པ་གཅིག་གི་ཆོ་གས་བསྐྱེད་ནས་བདག་བསྐྱེད་བཟླས་པ་སྔོན་དུ་སོང་བའི་རྗེས་རྣམ་བུམ་ལ། »བདག་ལས་མདུན་བསྐྱེད་བུམ་པའི་དཀྱིལ་འཁོར་ལྷ། །མཚོ་ལ་གཟའ་སྐར་ཤར་བཞིན་གསལ་བ་ཡི། །དྲང་སྲོང་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་བརྒྱུད་ལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན །བབས་པའི་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར།« །ཏིང་ངེ་འཛིན་རྩེ་གཅིག་གིས་རྩ་སྔགས་ནུས་ལྡན་དུ་བསྒྲུབས། ཁྲུས་བུམ་ལ་དམིགས་ནས། »སྭ་བྷ་«ས་སྦྱངས་»སྟོང་པའི་ངང་ལས་སམ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་ཁྲུས་ཀྱི་བུམ་པ་རིན་པོ་ཆེའི་རང་བཞིན་ཡངས་ཤིང་རྒྱ་ཆེ་བའི་ལྟོ་བ་ལྟིར་བ། ཞབས་ཞུམ་པ་ཆུ་འཕྱང་བ་མགྲིན་པ་ཕྲ་བ། ལྷའི་གོས་པནྩ་ལི་ཀས་དཀྲིས་ཤིང་དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་དུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སོ་སོར་རལ་གྲི་དང་དྲིལ་བུ་འཛིན་ཞིང་སེམས་དཔའ་སྐྱིལ་ཀྲུང་དུ་དམིགས་བྱའི་སྡིག་གྲིབ་སྦྱངས་བ་ལ་ཐུགས་བྱང་ཆུབ་སེམས་ཀྱི་འོད་ཟེར་སྤྲོས་བཞིན་བཞུགས་པར་གྱུར། ཧཱུཾ་བཞེངས་ཤིག་བཞེངས་ཤིག« སོགས་ནས་སྤྱན་འདྲེན།» གཤེགས་སུ་གསོལ། །བཛྲ་ས་མ་ཛཿ «ཡེ་ཤེས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་་པ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན། »ཛ་ཧཱུཾཿབམ་ཧོཿ «ཞེས་བརྗོད་པས་དམ་ཚིག་པ་དང་གཉིས་སུ་མེད་པར་འདྲེས། »ཨོཾ་ཨཱཿཧཱུཾ། «གིས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་གྱིས་རླབས་གནས་སོ་སོར་རིགས་ལྔའི་དབང་རྒྱ་བཅས་ལ། »ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱ་བཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭ། ཧཱ་བཛྲ་ས་མ་ཡ་ཧཱ། དབང་ལྷ་ཡབ་ཡུམ་རྗེས་ཆགས་ཞུ་བདེའི་ཆུ་རྒྱུན་བྱང་ཆུབ་སེམས་ཀྱི་རོལ་པ་དབང་བསྐུར། བདུད་རྩི་གྱེན་དུ་བརྟན་པ་གནས་སོ་སོའི་དབུ་རྒྱན་ཏུ་བཞུགས་པར་གྱུར། སྙིང་དཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བའི་བུམ་ལྷ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ཞིང༌། «འཛབ་དགོངས་དམིགས་པས་ཚེ་འདས་ཀྱི་སྡིག་གྲིབ་སྦྱངས་པར་བསམ་ལ།» ཏྲཾ་ཨ་གརྒྷཱ་ཡ་སརྦ་དུརྒ་ཏེ་སརྦ་པཱ་པཾ་ཤིནྟཾ་ཀུ་རུ་སྭཱ་ཧཱཿ« ཞེས་ནན་ཏན་དུ་བཟླས་རྗེས། མདུན་བསྐྱེད་ལ། »བདག་ཐུགས་འོད་ཀྱིས་མདུན་བསྐྱེད་ལྷ་ཚོགས་བསྐུལ། འཕགས་པའི་སྐུ་ལས་འགྲོ་འདུལ་ཐུབ་དྲུག་འཕྲོས། །འགྲོ་དྲུག་སྤྱི་དང་ཁྱད་པར་ཚེ་འདས་ཀྱི། །ལས་ཉོན་བག་ཆགས་མ་ལུས་ཀུན་སྦྱང་གྱུར། «།རྩ་སྔགས་གང་ནུས་མཐར། སྡིག་སྒྲིབ་ཀུན་འཇོམས་གཟུངས་སྔགས་བཟླ་ཞིང་སླར་ཡང༌། »ཨོཾ་དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ཏེ་ཧེ་དུན་ཧཱུཾ་ཕཊ༔ ཨོཾ་པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀེ་ཧེ་དུན་ཧཱུཾ་ཕཊ༔ ཨོཾ་དྲི་མ་ཐ་མ་ཐ་སརྦ་ཏིརྱ་ཀེ་ཏེ་ཧེ་དུན་ཧཱུཾ་ཕཊཿ ཨོཾ་སུ་པ་ར་མི་ཏན་ཁརྒ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༴ཨོཾ་ཨ་པ་ར་མི་ཏན་ཁརྒ་ཚིནྷ་ཚིནྡྷ་ཧཱུཾ་ཕཊ༔ ཨོཾ་ནྲྀ་པ་ར་མི་ཏན་ཁརྒ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ «བརྒྱའམ་ཉེར་གཅིག་བདུན་སོགས་སོ་སོར་བཟླའོ། »།ཚེ་ལས་འདས་པ་འདི་ཉིད་ཀྱི། །སེམས་རྒྱུད་གར་སྐྱེས་གར་གནས་ཀྱང༌། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཡི། །ཉོན་མོངས་འཁྲུལ་བའི་ལས་བསགས་པའི། །ངན་སོང་གསུམ་གྱི་སྡུག་བསྔལ་བྱང༌། །འཕགས་པའི་གདུལ་བྱར་སྐྱེ་བར་ཤོག །འཕགས་པའི་གདུལ་བྱར་སྐྱེས་ནས་ཀྱང༌། །ཐེག་པ་ཆེན་པོའི་དོན་རྟོགས་ནས། །ཡེ་ཤེས་རང་གནས་ཐོབ་པར་ཤོག «།ལན་གསུམ་བརྗོད །དེ་ནས་ཡན་ལག་བདུན་པ་དང་ཚོགས་བསགས་པའི་ཕྱིར་དུ་མཆོད་ཕྲེང་རྒྱས་པའམ་མ་ནུས་ན་གཞུང་གི་མཆོད་པ་བྱ། དེ་ནས་གཞུང་གི་བསྟོད་པའི་མཇུག་ཏུ་བསྟོད་པར་འོས་པས་བསྟོད། ཡི་གེ་བརྒྱ་པའི་ལྷག་ཆད་སྐོང་ངོ༌། ཨོཾ་ཨཱཿ་ཧཱུཾ་གིས »དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་བར་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམ་མོ།« »།«བར་འདིར་ཚོགས་ཀྱི་འཁོར་ལོ་དང༌། བདག་འཇུག་ཀྱང་བླང་ངོ༌། །དེ་ནས་གནས་སྦྱོང་ལ་འཇུག་པ་ནི། སྟོང་ཉིད་བྱང་ཆུབ་སེམས་ཀྱི་སེམས་དང་མ་བྲལ་བའི་ངང་ནས་ ཐོག་མར་རྟེན་ལ།» ཨོཾ་སྭ་བྷཝ་«སོགས་ཀྱིས་སྦྱངས»། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ནྲྀཿ ཡོངས་སུ་གྱུར་པ་ལས་ཚེ་འདས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་གསོན་གྱི་གནས་སྐབས་ཇི་ལྟ་བར་གྱུར། «བར་བསམ་ལ»། ཧྲཱི་བདག་ཉིད་ཐུགས་རྗེ་ཆེན་པོར་སྐུ་གསལ་བའི། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་རབ་འཕྲོས་པས། །ཚེ་འདས་རྣམ་ཤེས་འཇིག་རྟེན་བདུན་པོའི་ཡུལ། །གང་ན་གནས་ཀྱང་བཀུག་སྟེ་གཟུགས་ལ་བསྟིམ། །«ཞེས་ཏིང་ངེ་འཛིན་ཡེངས་མེད་སྟོབས་ཀྱིས་འགུགས་པ་ནི།» ན་མོ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཐུགས་རྗེའི་ལྷ། །སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་མཆོག །ཚད་མེད་སེམས་མ་བཞི་དང་ཐུབ་ཆེན་དྲུག །སངས་རྒྱས་བྱང་སེམས་སྒོ་བསྲུང་རིགས་བཞིར་བཅས། བདེན་པའི་སྟོབས་ཀྱིས་ཚེ་འདས་རྣམ་ཤེས་ཏེ། །མྱུར་བ་ཉིད་དུ་མཚན་བྱང་འདི་ལ་ཁུག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ཚེ་ལས་འདས་པ་ཆྒཻ་མོ་ཨཾ་ཀུ་ཤ་ཡ་ཛ་ཛཿ« ཞེས་ལན་དགུ་བདུན་ལྔ་གསུམ་སོགས་སྐབས་དང་སྦྱར། དམིགས་ཡུལ་མདུན་དུ་དད་ཅིང་གུས་པའི་སེམས་ཀྱིས་གནས་པར་བསམ།» ཧྲཱིཿ་འདིར་སྣང་ལས་ཐལ་ཚེ་འདས་བུ་ཁྱོད་ཉོན། །རིགས་དྲུག་གར་སྐྱེས་སྡུག་བསྔལ་འཛིན་ཁྲིའི་གནས། །དེ་ལས་འདོན་ཕྱིར་གཟུགས་མིང་ཡིད་ཆགས་རྫས། །སྒོ་གསུམ་རྟེན་རྫས་འདི་ལ་བརྟན་པར་བཞུགས། ནྲྀ་ཛ་ཧཱུཾ་བམ་ཧོ། ཏིཥྛ་ལྷན། «ཞེས་བརྗོད་ལ་ཕྱིར་འབྲང་གི་བགེགས་བསྐྲད་པ་ནི། སྦྱངས་ཆས་བྱིན་རླབས་ལ། རཾ་ཡཾ་ཁཾ་སྭ་བྷ་ཝ། སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འབྲུ་ལྔ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་ཏོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར།» «ཨོཾ་ཨ་ཧཱུཾ། ཚེ་་ལས་འདས་པ་མིང་འདི་ཞེས་བགྱི་བ་གསོན་གྱི་བདུད་དང་གཤིན་གྱི་ལྕགས་སུ་གྱུར་པའི་བྱུང་པོ་གདོན་སོགས་ཐམས་ཅད་གླུད་གཏོར་ལེན་པའི་ཕྱིར་འདིར་འདུས་ཤིག ཨོཾ་སརྦ་བྷུདྡྷ་ཨ་ཀར་ཥ་ཡ་ཛཿ ཞེས་བརྗོད་ལ་སྦྱངས་བའི་སྐྱུ་གུ་བགེགས་ལ་བསྔོ་ཕྱིར་མཆོད་གཡོག་གིས་གཡས་སུ་བསྐོར་ཞིང་སློབ་དཔོན་གྱིས་མཆོད་བཞིན་བསྐོར་བའི་མཐར་སེ་གོལ་གཏོག་ཅིང»་ཨོཾ་སརྦ་བྷིགྣཾ་ན་མ༴ ག་ག་ན་ཁཾ་སྭཱ་ཧཱ། ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་ལ་གཏོར་མ་འདི་བརྔན་དུ་སྦྱིན་གྱིས་སོང་ཞིག «།ཅེས་བརྗོད་པས་ལན་གསུམ་ནི་དྲག་ཕྱེད་མ་ཏིང་ལོ་ཆང་བུ་གཡོན་བསྐོར་ཞིང་སློབ་དཔོན་རྡོ་རྗེ་གསོལ་ཞིང་དྲི་ལ་བུ་བཀྲོལ་ནས། »ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾཿ གྷྲྀཧྣ་«སོགས་ནས»།« »ཧཱུཾ་ཕཊ ཏིང་ལོ་འདིས་སྣང་བ་དང༌། ཆང་བུ་འདིས་ལམ་རྒྱགས་ཀྱིས་ལ་སོང་ཞིག «།ཅེས་བརྗོད་ལ་ལན་གསུམ་གྱིས་དྲག་སྦྱངས་ལ་བགེགས་གཏོར་སྤྱི་ལྟར་བཤམས་ལ་ཆབ་བྲན་ཏེ་ཧཱུཾ་མཛད་ཀྱི་ཕྱག་དང་བཅས་ལ།» ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས༴ ཆོས་ཀྱི༴ དགེ་བདུན༴ འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་པས། ཚེ་ལས་འདས་པ་འདི་ཞེས་བྱ་བའི་གསོན་བདུད་གཤིན་ལྕགས་བྱེད་པའི་སྲོག་གཅོད་བླ་ཁྱེར་གཤེད་མའི་ཚོགས་ཐམས་ཅད་གཏོར་མའི་ལམ་བརྔན་ཏིང་ལོའི་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ལྟེ་མི་འགྲོ་བའི་ཚོགས་རྣམས་རྡུལ་ཕྲན་བཞིན་ཏུ་བརླག་པར་འགྱུར་རོ། དྲིལ་བུ་བསིལ། ཧྲཱིཿ འཁོར་བར་འཁོར་ཚེ་ལན་ཆགས་ཤ་མཁོན་རྒྱུས། །བསྐྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དང༌། །དབུགས་ལེན་གཤིན་ཏུ་བརྫུ་བའི་རིགས་རྣམས་ཀུན། །གླུད་འདི་ལོངས་ལ་གཞན་ཏུ་ཕྱིར་དེངས་ཤིག །གཏོར་མ་ཕྱིར་བཏང༌། ཧཱུཾ་བཞིའི་སྔགས་དང་དྲག་སྔགས་གཤམ་དུ། གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཨུ་ཙ་ཏ་ཡ་མ་ར་ཡ་ཕཊཿ དེ་ནས་ཚེ་འདས་སྒོ་གསུམ་དད་ཅིང་གུས་པས་གསོལ་བ་འདེབས་པར་དམིགས་ལ། ཧྲཱིཿ སྣང་སྲིད་ཐམས་ཅད་རྡོ་རྗེའི་གུར༔ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངང་ཿ བག་ཆགས་འཁྲུལ་པའི་གདོན་བགེགས་རྣམས། །སྐུ་གསུམ་ངང་དུ་མཚམས་བཅོད་དོ། །བཛྲ་རཀྵ་རཀྵ་ཛྭ་ལ་ཧཱུཾ་ཕཊ༔« དེ་ནས་ཚེ་འདས་སྒོ་གསུམ་དང་ཅིང་གུས་པས་གསོལ་བ་འདེབས་པར་དམིགས་ལ། »ཧོ་སྐྱབས་གནས་ཀུན་འདུས་བླ་མ་སྤྱན་རས་གཟིགས། །སྐྱབས་མེད་བདག་སོགས་ཐུགས་རྗེ་སྐྱབས་ཏུ་གསོལ། །རིགས་དྲུག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །བསྒྲལ་ནས་ཐར་པའི་སྐམ་སར་དྲང་དུ་གསོལ«། ལན་གསུམ་ཞུས་རྗེས་བརྡ་སྤྲོད་པ་ནི། »ཧཱུཾ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཐོབ་དཀའི་མི་ལུས་ཐོབ་ལགས་ཀྱང༌། །མི་རྟག་འཆི་བ་དབང་བཙན་ནས། །རྣམ་ཤེས་ཕ་རོལ་གནས་སུ་འཁྱམས། །འདུས་བྱས་གཟུགས་ཕུང་ཤུལ་དུ་ལུས། །ལས་ངན་བག་ཆགས་རླུང་གིས་སྒྲིབ། །དཀར་ནག་རྣམ་སྨིན་སྔོན་ནས་བཀུག །གཤིན་རྗེའི་ཕོ་ཉས་དབང་མེད་ཁྲིད། །མི་འདོད་ངན་སོང་གླིང་གསུམ་སྙེགས། །སྡུག་བསྔལ་བཟོད་དཀའ་ཡ་རེ་ང། །དེ་དག་རང་བྱས་ལས་འབྲས་སྨིན། །དོན་ལ་འཁྲུལ་སྣང་མཐུ་བརྟས་པའི། །ཐོ་ཡོར་མི་དང་ཐག་ཁྲར་སྦྲུལ། །འཁྲུལ་ངོ་སྣང་བ་ཤེས་མཛོད་ལ། །རང་རིག་ཡོངས་མེད་ངང་ཉིད་ནས། །ལྷ་དང་བླ་མར་གསོལ་བ་ཐོབ། །«བརྗོད་དོ། དེ་ནས་ལྷ་ཁྲུས་སྔོན་དུ་འགྲོ་བའི་ཁྲུས་བུམ་གྱིས་ཆུས་མེ་ལོང་ངོས་སམ་རུས་བུ་སོགས་ལ་དངོས་སུ་བཀྲུ་ཞིང༌། »ཧཱུཾ་འདི་ནི་བྱམས་དང་བརྩེ་བའི་འཁྲུལ། །སྤྲུ་སྐུའི་རོལ་རྩལ་ཆུ་རྒྱུན་གྱིས། །ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི། །མ་དག་སྒྲིབ་ཚོགས་དག་གྱུར་རིག« །སྔགས་དང་ཁྲུས་སྔགས་གཤམ་དུ།» ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུངྔྷཻ་ཡེ་སྭ་ཧཱ།« ལན་གསུམ»། ཧཱུཾ་འདི་ནི་ལྷུན་གྲུབ་དབྱིངས་སྣང་རྩལ། །འགགས་མེད་ལོངས་སྐུའི་ཆུ་རྒྱུན་གྱི། །ཁྱོད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱིས། །མ་དག་སྒྲིབ་ཚོགས་དག་གྱུ་ཅིག« །རྩ་སྔགས་དང་ཁྲུས་སྔགས་གཤམ་དུ། »ཨོཾ་ཧཱུཾ་ཧྲཾ་ཧྲཱིཿཨཱཿ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུངྔྷཻ་ཤུངྔྷེ་ཡེ་སྭཱ་ཧཱ། «ལན་གསུམ།» ཧཱུཾ་འདི་ནི་ཀ་དག་སྤྲོས་བྲལ་གདངས། །གཞོན་ནུ་བུམ་སྐུའི་ཆུ་རྒྱུན་གྱིས། །ཁྱོ་ཀྱི་ལྷན་སྐྱེས་ཀུན་བཏག་གི། །མ་དག་སྒྲིབ་ཚོགས་དག་གྱུར་རིག། «རྩ་སྔགས་དང་ཁྲུས་སྔགས་གཤམ་དུ།» བྷུངྔྷ་ཛྙཱ་ན་དྷརྟུ་ཨཱཿ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་སུམ་ཀུན་ཏུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་གྲིབ་ཐམས་ཅད་སརྦ་ཤུདྡྷ་ཤུདྡྷ་ཡེ་སྭཱ་ཧཱ།« ཞེས་བཀྲུས་མཐར་འབྱུང་བའི་དུག་བྱུང་བ་ནི། ས་སོགས་མདུན་དུ་བཞག་ལ། ཀུ་ཤའི་ཆུན་པོ་བྱུང་བའི་ཚུལ་དུ། »ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། དུག་རྣམ་ས་ཡི་ནང་དུ་སོང༌། ཆུ་ནི་དུག་གི་ཕ་ཡིན་ཏེ། ཆུ་ནི་དུག་གི་མ་ཡང་ཡིན་ཏེ། བདེན་པའི་བདེན༴ དུག་རྣམས་ཆུ་ཡི༴ མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། བདེན་པའི་བདེན༴ དུག་གསུམ་མེ་ཡི༴ རླུང་ནི་དུག་གི་ཕ་ཡིན་ཏེ། རླུང་ནི་དུག་གི༴ བདེན་པའི༴ དུག་སུམ་རླུང་གི་ནང་དུ་སོང༌། །མུཾ་ལཱམ་མཱཾ་པཱཾ་ཏཾཿ «ཆེ་གེ་མོ།» འབྱུང་བའི་དུག་ཐམས་ཅད་ཤནྟཾ་ཀུ་རུ་ཡེ་སྭཱ་ཧཱ། «བདེན་པའི་སྟོབས་་ཀྱིས་དུག་འཇོམས་པ་ནི། »འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པའི་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས༴ བཅོམ་ལྡན་དམ་ཆོས་དུག་མི༴ དམ་ཆོས་བདེན་པའི༴ འདོད་ཆོགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས༴ བཅོམ་ལྡན་དགེ་བདུན་དུག་མི༴ དགེ་བདུན་བདེན་པའི་དུག་བཅོམ་མོ། །མ་རིག་རྩལ་སྣང་འོད་ལྔ་པོར། །བདག་གིར་བཟུང་བར་རབ་འཐས་པའི། །ཕྱི་ནང་འབྱུང་བ་ལྔ་ཕྲག་བཟུང༌། །དུག་ལྔའི་སྐྱེ་བྱེད་བསྐྱེད་ཡུལ་གྱི། །ཕ་མ་ཇི་བཞིན་འགྱུར་བའི་དུག །ལྷ་སྔགས་ཏིང་འཛིན་རོལ་རྩལ་གྱི། །དུག་ཕྱུང་དུག་ལྔའི་སྒྲིབ་ཚོགས་ཀུན། །འབྱུང་བ་སོ་སོའི་དབྱིངས་སུ་དག །དུག་འཛིན་མཁའ་ལྟར་སྟོང་གྱུར་ཅིག« །དེ་ནས་སྡིག་གྲིབ་སྦྱོངས་ཕྱིར་གོང་དུ་བཟླས་པའི་བྱེ་མ་དང་ཡུངས་ཐུན་གྱི་བྲབ་ཅིང་ཡིག་དྲུག་དང་སྡིག་གྲིབ་ཀུན་འཇོམས་གཟུངས་བཟླས།» ཨོཾ་དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ཏ་ཧེ་དུན་ཧཱུཾ་ཕཊ༔ ཨོཾ་པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཧེ་དུན་ཧཱུཾ་ཕཊཿ ཨོཾ་ཏྲི་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ཏེ་ཧེ་དུན་ཧཱུཾ་ཕཊཿ ཨོཾ་སུ་པ་ཙ་མི་ཏན་ཁརྒ་ཚིནྡྷ་ཚིནྡྷ་ཧཱུའུཾ་ཕཊ༔ ཨོཾ་ཨ་ར་མི་ཏན་ཁརྒ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊཿ ཨོཾ་ནྲྀ་པ་ར་མི་ཏན་ཁརྒ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊཿ «ཡི་གེ་བརྒྱ་བ་བརྗོད་སོགས་གཞན་ཡང་སྦྱོངས་སྔགས་བརྗོད། སྨོན་ལམ་གདབ་པ་ནི།» ཚེ་ལས་འདས་པ་འདི་ཉིད་ཀྱི། །སེམས་རྒྱུད་གར་སྐྱེས་གར་གནས་ཀྱང༌། །སྤྱན་རས་ཟིགས་ཀྱི་ཐུགས་རྗེ་ཡིས། །ཉོན་མོངས་འཁྲུལ་བའི་ལས་བསགས་པའི། །ངན་སོང་གསུམ་གྱི་སྡུག་བསྔལ་བྱང༌། །འཕགས་པའི་གདུལ་བྱར་སྐྱེས་བར་ཤོག །འཕགས་པའི་གདུལ་བྱར་སྐྱེས་ནས་ཀྱང༌། །ཐེག་པ་ཆེན་པོའི་དོན་རྟོགས་ནས། །ཡེ་ཤེས་རང་གནས་ཐོབ་པར་ཤོག «།དེ་ནས་རིགས་དྲུག་གནས་འདྲེན་ལ། དང་པོ་དམྱལ་བའི་སྒྲིབ་པ་སྦྱོངས་པ་ནི། »ཧྲཱིཿ ང་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་སྟེ། །དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོར་སྤྲུལ། །བཟོད་པའི་ཆོས་སྟོན་ཞེ་སྡང་སྒྲིབ་པ་སྦྱོང༌། །ཚེ་འདས་རྩེ་གཅིག་གུས་པའི་གསོལ་བ་ཐོབ།« །ཚེ་འདས་གྱི་གསོལ་འཚལ་བར་མོས་ལ། །ཀྱེ་བདག་ནི་འཁྲུལ་སྣང་དྲག་པོས་འཁོར་བ་འཁྱམས། །ཞེ་སྡང་ལས་བསགས་འཁྲུལ་སྣང་བདག་ཏུ་བཟུང༌། །ཐུགས་རྗེ་ཆེན་པོ་འགྲོ་མགོན་ཆོས་ཀྱི་རྒྱལ། །གུས་པས་ཕྱག་འཚལ་སྣང་ལ་མ་མེར་འབུལ། །དམྱལ་བ་ཚ་གྲང་སྡུག་བསྔལ་སྦྱངས་དུ་གསོལ། །ན་མོ་ན་མ་ཧཱུཾ་ཨ་ལོ་ཀེ་པཱུ་ཙྪ་ཧོ། ཡན་ལག་སྦྱངས་ཕྱིར་གཏོར་མ་རྣམས་ལ་ཆབ་ཀྱི་བྲ་ལ།» རཾ་ཡཾ་ཁཾ། ཨོཾ་ཨཱཿ་ཧཱུཾཿ «ལན་གསུང་ཨོཾ་ཨ་ཀ་རོའི་བྱིན་གྱིས་རླབས། »ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུའི་ཕུན་ཚོགས་གཏེར། །ཚེ་འདས་ཞེ་སྡང་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱོང་ཕྱིར་བསྔོ། །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་ཧ་ར་སམ་བྷ་ར་ཧཱུཾ། «ཞེས་སོགས»། «ཁྲུས་བྱ་བ་ནི། »འོད་དཔག་མེད་མགོན་སྨོན་ལམ་དང༌། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། སེམས་ཅན་རྣམས་ལ་ཕན་འདོད་པས། །བཟོད་པའི་ཆུ་བོ་ལ་བརྟེན་ནས། །ཁོང་ཁྲོའི་དྲི་མ་དག་པར་ཤོག །ཨོཾ་མ་མ་དྷི་ཝ་ཧྲཱི༔ དྲཾ་ཨ་གརྦྷ་ཡ་སརྦ་དུརྒ་ཏེ་སརྦ་པཱ་པཾ་ཤནྟཾ་ཀུ་རུ་སྭཱ་ཧཱཿ« དེ་ནས་དབང་བསྐུར་བ་ནི། »ཞེ་སྡང་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །དམྱལ་བའི་ཐུབ་པ་མེ་ཆུ་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །མི་བསྐྱོད་རྡོ་རྗེའི་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊཿ «ཅེས་ཚེ་འདས་ལ་ཐིམ་པས་རྣམ་པར་ཤེས་པ་རྡོ་རྗེའི་མི་བསྐྱོད་པ་དང་ཆུ་ཁམས་མ་ཀིར་དག་པར་བསམ།» ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སེམས་ཉིད་བདག་མེད་བདག་ཏུ་བཟུང་སྐྱོན་གྱིས། །སྣང་བ་བདག་མེད་གཞན་བཟུང་སྡང་ཞེན་འབྲས། །ཚ་གྲང་དམྱལ་བའི་སྣོད་བཅུད་ཞེ་རེ་འཇིགས། །དོན་ལ་རང་སེམས་འཁྲུལ་བ་ཡིན་པའི་ཕྱིར། །འཁྲུལ་སྣང་རྨི་ལམ་སད་པའི་གནས་སྐབས་ལྟར། །ཤེས་པར་གྱིས་ལ་དམྱལ་གནས་སྤོངས་བར་མཛོད། །«མཚན་བྱང་སྤར་ཞིང་དམྱལ་བ་དོང་ནས་གསང་པར་བསམ། ཡི་དྭགས་སྒྲིབ་པ་སྦྱོངས་བ་ནི། »ཧྲཱིཿ ང་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་སྟེ། །ཡི་དྭགས་ཐུབ་པ་ཁ་འབར་རྒྱལ་པོ་སྤྲུལ། །སྦྱིན་པའི་ཆོས་སྟོན་སེར་སྣའི་སྒྲིབ་པ་སྦྱོངས། །ཚེ་འདས་རྩེ་གཅིག་གུས་པས་གསོལ་བ་ཐོབ།« །ཚེ་འདས་ཀྱི་ཕྱག་འཚལ་བར་མོས་ན།» །ཀྱཻ་བདག་ནི་འཁྲུལ་སྣང་དྲག་པོའི་འཁོར་བ་འཁྱམས། །སེར་སྣའི་ལས་བསགས་འཁྲུལ་སྣང་བདག་ཏུ་བཟུང༌། །ཐུགས་རྗེ་ཆེན་པོ་འགྲོ་མགོན་ཁ་འབར་རྒྱལ། །གུས་པས་ཕྱག་འཚལ་སྣང་གསལ་མ་མེར་འབུལ། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྦྱོང་དུ་གསོལ། །ན་མོ་ན་མ་ཧཱུཾ། ཨ་ལོ་ཀེ་པཱུ་ཙྪ་ཧོ།« གཏོར་མ་ལ། ཨོཾ་ཨཱཿ་ཧཱུཾ་གིས་བྱིན་གྱིས་རླབས། »ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུའི་ཕུན་སུམ་ཚོགས་གཏེར། །ཚེ་འདས་སེར་སྣའི་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱོང་ཕྱིར་བསྔོ། །ན་མ་སརྦ་ཏ་ཐ་«སོགས། ཁྲུས་བྱ་བ་ནི།» འཕགས་མ་སྒྲོལ་མའི་བྱམས་པ་དང༌། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམ་ལ་ཕན་འདོད་པས། །སྦྱིན་པའི་ཆུ་བོ་ལ་བརྟེན་ནས། །སེར་སྣའི་སྒྲིབ་པ་དག་གྱུར་ཅིག །ཨོཾ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་སྭཱ་ཧཱ། །དྲཾ་ཨ་གརྦྷ་ཡ་དུརྒ་ཏེ་སརྦ་པཱ་པཾ་ཤནྟཾ་ཀུ་རུ་སྭཱ་ཧཱ།« ཁ་འབར་མའི་དབང་བསྐུར་བ་ནི། »ཧཱུཾ་འདོད་ཆགས་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །ཡི་དྭགས་ཐུབ་པ་སྒྲོམ་བུའི་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྣང་བ་མཐའ་ཡས་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་སྲུང་སྭཱ་ཧཱ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊཿ« འདུུ་ཤེས་སྣང་བ་མཐའ་ཡས་དང་མེ་ཁམས་གོས་དཀར་མོ་དག་པར་བསམ་མོ།» །ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བདག་མེད་རྣམ་གཉིས་མ་རྟོགས་འཁྲུལ་དབང་གིས། །སེར་སྣའི་ལས་བསགས་ཡི་དྭགས་ཡུལ་དུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་བཟོད་དཀའ་ཡ་རེ་དང༌། །དེ་ཡང་རྨི་ལམ་སྐབས་ལྟར་ཤེས་མཛོད་ལ་པྲེ། །ཏའི་ཡུལ་སྤོངས་ཐར་ལམ་ཞིང་ཁམས་སྙོགས། «ཡི་དྭགས་དོང་ནས་སྤྲུགས་པར་བསམ། དུད་འགྲོ་སྒྲིབ་པ་སྦྱོངས་བ་ནི། »ཧྲཱིཿ་ང་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་སྟེ། །བྱོལ་སོང་ཐུབ་པ་སིང་གེ་རབ་བརྟན་སྤྲུལ། །ཤེས་རབ་ཆོས་སྟོན་གཏི་མུག་སྒྲིབ་པ་སྦྱོངས། །ཚེ་འདས་རྩེ་གཅིག་གུས་པས་གསོལ་བ་ཐོབ། །«ཚེ་འདས་ཀྱི་ཕྱག་འཚལ་བར་མོས་ལ། »ཀྱཻ་བདག་ནི་འཁྲུལ་སྣང་དྲག་པོའི་འཁོར་བར་འཁྱམས། །གཏི་མུག་ལས་བསགས་འཁྲུལ་སྣང་བདག་ཏུ་བཟུང༌། །ཐུགས་རྗེ་ཆེན་པོ་འགྲོ་མགོན་སེང་རབ་བརྟན། །གུས་པའི་ཕྱག་འཚལ་སྣང་ལ་མ་མེར་འབུལ། །དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་སྦྱང་དུ་གསོལ། །ན་མོ་ན་མ་ཧུཾཿ ཨ་ལོ་ཀེ་པུཙྪ་ཧོ།« གཏོར་མ་ལ། »ཨོཾ་ཨཱཿ་ཧཱུཾ། «གིས་བྱིན་རླབས།» ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུའི་ཕུན་ཚོགས་གཏེར། །ཚེ་འདས་བཀོལ་སྤྱོད་ལས་བསགས་པའི། །ལན་ཆགས་ཤ་མཁོན་བྱང་ཕྱིར་བསྔོ། །ན་མ་སརྦ་ཏ་ཐཱ་ག་ཏ། «ཁྲུས་བྱ་བ་ནི། »འོད་ཟེར་ཅན་མའི་སྙིང་རྗེའི་དང༌། །ནམ་མཁའ་སྙིང་མའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །སེམས་ཅན་རྣམས་ལ་ཕན་འདོད་པས། །ཤེ་རབ་ཆུ་ལོ་ལ་བརྟེན་ནས། །རྨོངས་པའི་དྲི་མ་དག་གྱུར་ཅིག །ཨརྱ་མ་རི་ཙྱཻ་མཾ་སྭཱ་ཧཱ། དྲཾ་ཨ་གརྦྷ་ཡ་སརྦ་དུརྒ་ཏེ་«སོགས། དུད་འགྲོའི་ཐུབ་པའི་དབང་བསྐུར་བ་ནི།» །ཧཱུཾ་གཏི་མུག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །དུད་འགྲོའི་ཐུབ་པ་པོ་ཏིའི་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བའི། །རྣམ་པར་སྣང་མཛད་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊཿ« འཁྲུལ་བའི་ལས་དབང་གིས། བྱོལ་སོང་ཡུལ་སྐྱེས་གཏི་མུག་ལས་ལ་སྤྱོད། »།«བཀོལ་སྤྱོད་སྡུག་བསྔལ། གཟུགས་ཕུང་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་དག་པར་བསམ། »ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །རང་ངོ་མ་ཤེས་བཟོད་དཀའ་བག་རེ་གྲང༌། །དེ་ཡང་ཐག་ཁྲར་སྦྲུལ་མཐོང་ལས་ལྡོག་ལྟར། །དུད་འགྲོའི་ཡུལ་སྤོངས་ཡང་ལད་ལམ་དུ་ཤོག །དུད་འགྲོ་དོང་ནས་སྤྲུག་པར་བསམ། །ལྷ་མིན་སྒྲིབ་པ་སྦྱོངས་བ་ནི།« »ཧྲཱིཿ ང་ནི་འཕགས་ཆོག་སྤྱན་རས་གཟིགས་དབང་སྟེ། །ལྷ་མིན་ཐུབ་པ་ཐག་བཟང་རྒྱལ་པོ་སྤྲུལ། །ཚུལ་ཁྲིམས་ཆོས་སྟོན་ཕྲག་དོག་སྒྲིབ་པ་སྦྱོང༌། །ཚེ་འདས་རྩེ་གཅིག་གུས་པས་གསོལ་བ་ཐོབ« །ཚེ་འདས་ཀྱི་ཕྱག་འཚལ་བར་མོས་ལ། »ཀྱཻ་བདག་ནི་འཁྲུལ་སྣང་དྲག་པོའི་འཁོར་བ་འཁྱམས། །ཕྲག་དོག་ལས་བསགས་འཁྲུལ་སྣང་བདག་ཏུ་བཟུང༌། །ཐུགས་རྗེ་ཆེན་པོའི་འགྲོ་མགོན་ཐག་བཟང་རྒྱལ། །གུས་པའི་ཕྱག་འཚལ་སྣང་གསལ་མ་མེར་འབུལ། །ལྷ་མིན་འཐབ་རྩོད་སྡུག་བསྔལ་སྦྱང་དུ་གསོལ། །ན་མོ་ན་མ་ཧཱུཾ༔ ཨ་ལོ་ཀེ་པཱུཙྪ་ཧོ། «གཏོར་མ། »ཨོཾ་ཨཱཿ་ཧཱུཾ༔ གིས་བྱིན་གྱིས་རླབས། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུའི་ཕུན་ཚོགས་གཏེར། །ཚེ་འདས་འཐབ་རྩོད་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ། །ན་མ་སརྦ་ཏ་ཐཱ་ག་ཏ་«སོགསུ་ཁྲུས་བྱ་བ་ནི།» རིག་བྱེད་དབང་མོའི་དགའ་བ་དང༌། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་དང༌། །སེམས་ཅན་རྣམས་ལ་ཕན་འདོད་པས། །ཚུལ་ཁྲིམས་ཆུ་བོ་ལ་བརྟེན་ནས། །ཕྲག་དོག་རྒྱུས་དག་གྱུ་འབྲས་ཅིག །ཀུ་རུ་ཀུལླེ་ཧྲིང་སྭཱ་ཧཱ། །དྲཾ་ཨ་གརྦྷ་ཡ་སརྦ་དུརྒ་ཏེ་སོགས། «ཐུབ་པ་དབང་བསྐུར་བ་ནི། »ཧཱུཾ་ཕྲ་དོག་རྒྱུ་འབྲས་གྱུར་ཅིག །ལྷ་མིན་ཐུབ་པ་རལ་གྲི་གོ་ཆ་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བའི། །དོན་ཡོད་གྲུབ་པ་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ། ཨོཾ་བ་ཏན་ཁརྒ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊཿ «འདུ་བྱེད་དོན་ཡོད་གྲུབ་པ་དང་རླུང་ཁམས་དམ་ཚིག་སྒྲོལ་མར་དག་པར་བསམ།» ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །ལྷན་སྐྱེས་ཀུན་བརྟགས་མཐུ་བརྟས་རྒྱུ་རྐྱེན་གྱིས། །ཕྲག་དོག་མཁོན་འཛིན་ལས་ཀྱིས་འཕང་བའི་དབང༌། །ལྷ་མིན་ཡུལ་སྐྱེས་འཐབ་རྩོད་བཟོད་དཀའ་ཡང༌། །ལ་ཁའི་ཐོ་ཡོར་མིག་འཁྲུལ་སངས་བ་བཞིན། །ལྷ་མིན་ཡུལ་སྤོང་རྣམ་དག་ཞིང་ཁམས་སྙོགས། «ལྷ་མིན་དོང་ནས་སྤྲུགས་པར་སམ། ལྷའི་སྒྲིབ་པ་སྦྱོངས་བ་ནི།» ཧྲཱི༔ ང་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་སྟེ། །ལྷ་ཡི་ཐུབ་པ་ལྷ་དབང་རྒྱལ་པོར་སྤྲུལ། །བསམས་གཏན་ཆོས་སྟོན་ང་རྒྱལ་སྒྲིབ་པ་སྦྱོང༌། །ཚེ་འདས་རྩེ་གཅིག་གུས་པས་གསོལ་བ་ཐོབ།« ཚེ་འདས་ཀྱི་ཕྱག་འཚལ་བར་མོས་ལ།» ཀྱཻ་བདག་ནི་འཁྲུལ་སྣང་དྲག་པོས་འཁོར་བར་འཁམས། །ང་རྒྱལ་ལས་བསགས་འཁྲུལ་སྣང་བདག་ཏུ་བཟུང༌། །ཐུགས་རྗེ་ཆེན་པོ་འགྲོ་མགོན་ལྷ་དབང་རྒྱལ། གུས་པའི་ཕྱག་འཚལ་སྣང་ལ་མ་མེར་འབུལ། །ལྷ་ཡི་འཕོ་ལྟུང་སྡུག་བསྔལ་སྦྱང་དུ་གསོལ། །ན་མོ་ན་མ་ཧཱུཾཿ ཨ་ལོ་ཀེ་པཱུ་ཙྪ་ཧོ། «གཏོར་མ་ལ། »ཨོཾ་ཨ༔ཧཱུ«ཾ། གིས་བྱིན་གྱིས་རླབས། »ཧཱུཾ་འདོད་པའི་ཡོན་ཏན་ལྡན་པའི། །གཏོར་མ་མཁོ་དགུའི་ཕུན་ཚོགས་གཏེར། །ཚེ་འདས་ང་རྒྱལ་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱོང་ཕྱིར་བསྔོ། །ན་མ༔སརྦ་ཏ་ཐཱ་ག་ཏ་«སོགས། ཁྲུས་བྱ་བ་ནི། »ནོར་རྒྱུན་མ་ཡི་བཏང་སྙོམས་དང༌། །ནམ་མཁའི་སྙིང་པོ་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བསམ་གཏན་ཆུ་བོ་ལ་བརྟེན་ནས། །ང་རྒྱལ་རྒྱུ་འབྲས་དག་གྱུར་ཅིག །མ་མ་བ་སུ་དྷ་རེ་སྭཱ་ཧཱ། །དྲཾ་ཨརྒ་བྷ་ཡ་སརྦ་དུརྒ་ཏེ༴« ལྷ་ཡི་ཐུབ་པའི་དབང་བསྐུར་བ་ནི། »ཧཱུཾ་ང་རྒྱལ་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །ལྷ་ཡི་ཐུབ་པ་པི་ཝཾ་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །རིན་ཆེནའབྱུང་ལྡན་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨོཾ་སརྦ་སུ་ཥ་སརྦ་ཀརྨ་ཚིནྡྷ་ཧཱུཾ་ཕཊཿ «ཚོར་བ་རིན་ཆེན་འབྱུང་ལྡན་དང་ས་ཁམས་སངས་རྒྱས་སྤྱན་མ་དག་པར་བསམ། »ཧཱུཾཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །ཀུན་གཞིའི་རྣམ་ཤེས་གཞན་དབང་གྱུར་པ་ཡིས། །ང་རྒྱལ་ཁེངས་སེམས་ལས་ལ་སྤྱོད་འབྲས་ཀྱི། །ལྷ་ཡུལ་སྐྱེས་ནས་ཕམ་ལྟུང་ལ་སོགས་ཀྱི། །སྡུག་བསྔལ་བརྣག་པར་དཀའ་ཡང་སྒྱུ་མའི་འཕྲུལ། །ཞིག་ལྟའི་ལྷ་ཡུལ་འཛིན་པ་སྤོང་མཛོད་ལ། །རྣམ་མཁྱེན་ཡངས་དག་ལམ་དུ་འདོང་བར་གྱིས། །«ལྷའི་འཁོར་བ་དུང་ནས་སྤྲུག་སར་བསམ་ལ། མིའི་སྒྲིབ་པ་སྦྱོངས་བ་ནི། »ཧྲིཿ ང་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་སྟེ། །མི་ཡི་ཐུབ་པ་ཤཱཀྱ་སེང་གེར་སྤྲུལ། །བརྩོན་འགྲུས་ཆོས་སྟོན་འདོད་ཆགས་སྒྲིབ་པ་སྦྱོང༌། །ཚེ་འདས་རྩེ་གཅིག་དགུས་པས་གསོལ་བ་ཐོབ། །«ཚེ་འདས་ཀྱི་ཕྱག་འཚལ་གྱི་གསོལ་བ་འདེབས་པར་མོས་ལ། »ཀྱཻ་བདག་ནི་འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས། །འདོད་ཆགས་ལས་བསགས་འཁྲུལ་སྣང་བདག་ཏུ་བཟུང༌། །ཐུགས་རྗེ་ཆེན་པོ་འགྲོ་མགོན་ཤཱཀྱའི་རྒྱལ། །གུས་པའི་ཕྱག་འཚལ་སྣང་གསལ་མ་མེར་འབུལ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱངས་དུ་གསོལ། །ན་མོ་ན་མ་ཧཱུཾ། ཨ་ལོ་ཀེ་པཱུ་ཚྪ་ཧོ། «གཏོར་མ་ལ་»ཨོཾ་ཨཱཿཧཱུཾ་«གིས་བྱིན་གྱི་རླབས། »ཧཱུཾ་འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུའི་ཕུན་ཚོགས་གཏེར། །ཚེ་འདས་དུག་ལྔན་སྤྱི་དང་ནི། །ཁྱད་པར་འདོད་ཆགས་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ། །ན་མ་སརྦ་ཏ་ཐཱ་ག་ཏ་«སོགས» «ཁྲུས་བྱ་བ་ནི།» སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དང༌། །ནམ་མཁའི་སྙིང་པོའི་བྱིན་རླབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །སེམས་ཅན་རྣམས་ལ་ཕན་འདོད་པས། བརྩོན་འགྲུས་ཆུ་བོ་ལ་བརྟེན་ནས། །ལེ་ལོའི་རྒྱུ་འབྲས་དག་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུཾ༔ཧྲཱི༔ དྲཾ་ཨ་གརྦྷ་ཡ་སརྦ་དུརྒ་ཏེ་«སོགས། ཤཱཀྱ་ཐུབ་པའི་དབང་བསྐུར་བ་ནི། »ཧཱུཾ་འདོད་ཆགས་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །མི་ཡི་ཐུབ་པ་བསྲེགས་ཤིང་ལྷུང་བཟེད་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། ཐུགས་རྗེ་ཆེན་པོའི་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་དྲུང་སྭཱ་ཧཱ། ཨོཾ་ཎི་བི་ཤ་མུ་ཥ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ «རང་རིག་ཀུན་ཏུ་བཟང་པོ་ངོ་འཕྲོད་པར་བསམ།» ཧཱུཾ་ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྒོ་ལྔའི་རྣམ་ཤེས་ཡུལ་ལྔའི་རྗེས་འབྲང་པས། །ཚོགས་དྲུག་ཡུལ་ལ་ཆགས་སྡང་བྱས་འབྲས་ཀྱི། །མི་ཡུལ་སྐྱེས་ན་སྡུག་བསྔལ་བཅུ་གཅིག་ལ། །རྟག་ཏུ་སྤྱོད་པ་བཟོད་དཀའི་གནས་ཡིན་ཀྱང༌། །རང་གྲིབ་མཐོང་ཚེ་དེ་ཉིད་འདྲེ་བཟུང་བ། །ཇི་བཞིན་རྟོགས་ལྟར་མིར་འཛིན་སྤོངས་མཛོད་ལ། །ཕྱག་ན་པདྨའི་གོ་སར་སླེབ་པར་ཤོག །«མིའི་འཁོར་བ་དུང་ནས་སྤྲུགས་པར་བསམ། དེ་ནས་དངོས་གཞིའི་དབང་བསྐུར་བ་ནི། མཎྜལ་ཕུལ་ལ།» ཨོཾ་ཙཀྱུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། «མིག་དར་གདབ།» ཨོཾ་ཨ་ཁཾ་ཝི་ར་ཧཱུཾ། «མེ་ཏོག་གཏད་ལ་གསོལ་འདེབས་རྗེས་ཟློས་ནི། »ཧོ་རང་སྣང་རྣམ་དག་འོག་མིན་ཞིང༌། སྡུག་བསྔལ་རང་གྲོལ་ཕོ་བྲང་འདིར། །བདག་ནི་སྨིན་པར་འཚལ་ལགས་ན། །ཐུགས་རྗེ་ཆེན་པོས་བདག་སྐྱོབས་གསོལ། «།ལན་གསུམ། ཡན་ལག་བདུན་པ་ཚོགས་བསགས་པ་ནི། »།ན་མོ་མཆོག་གསུམ་རྩ་གསུམ་ངོ་བོ་ཉིད། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ལ། །ཕྱག་འཚལ་སྐྱབས་མཆི་ཉེས་ཚོགས་བཤགས། །མཆོད་ཚོགས་ཀུན་འབུལ་ཆོས་འཁོར་བསྐོར། །དགེ་རྩ་ཡི་རང་རྟག་བརྟན་བཞུགས། །བསོད་ནམས་འགྲོ་ལ་ཕན་ཕྱིར་བསྔོ།« »།«ལན་གསུམ། དལ་སྒོ་དབྱེ་བ་ནི།» ཧཱུཾ་དོན་གྱི་འོག་མིན་སྒོ་སྐྱོང་པའི། །ཚད་མེད་བཞི་ལྡན་ལྷ་བཞི་པོ། །ཐུགས་རྗེ་སེམས་ཅན་དོན་མཛད་ཕྱིར། །ཡེ་ཤེས་ཆེན་པོ་སྒོ་ཕྱེས་ཤིག «།ཅེས་བརྗོད་སྡོམ་བཟུང་ནི། »ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །སྤྱི་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར། །སྡུག་བསྔལ་རང་གྲོལ་དཀྱིལ་འཁོར་ལ། །བདག་ནི་གུས་པའི་སྐྱབས་སུ་མཆི། །དགེ་བསྙེན་དགེ་ཚུལ་དགེ་སློང་དང༌། །བྱང་སེམས་སྔགས་ཀྱི་བསླབ་སྡོམ་རིགས། །མ་ལུས་བདག་གིས་ཡོངས་སུ་བཟུང༌། །«ལན་གསུམ་དེ་རྣམས་གཤིན་པོས་བརྗོད་པར་བསམ། དེ་ནས་ཡེ་ཤེས་དབབ་པ་ནི། དམིགས་ཡུལ་དལ་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པར་མོས། »གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཚེ་འདས་རྣམ་སྨིན་བག་ཆགས་སྦྱངས། །རྣམ་པར་ཤེས་པ་ཧྲཱི༔ཡི་གེ། །རྣམ་པར་ཡབ་ཀྱི་ཞལ་ནས་དྲངས། །སྐུ་ཡི་དབྱིབས་བརྒྱུད་ཡུམ་མཁར་བབ། །བདེ་སྟོང་ལས་བསྐྱེད་སྲས་ཀྱིད་ཚུལ། །གདན་ལ་འཁོད་པ་འཕགས་པའི་སྐུ། །སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས། །རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལ། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགས། །སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། །«རྩ་སྔགས། »ཨརྱ་ལོ་ཀི་ཤྭ་ར་ཛྙཱ་ན་ཨ་ཝེ་ཤ་ཡ་ཨཱ །«ཞེས་བྱིན་དབབ་ཅིང་བརྟན་བཞུགས་ནི། ཏཱིཥྛ་བཛྲ་བརྗོད་ཅིང་དེ་ལ་མེ་ཏོག་འདོར་བ་ནི། »ཧཱུཾ་རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི། །དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན། །སྔོན་ནས་ལས་འབྲེལ་གང་ཡོད་པ། །ལྷག་པའི་ལྷ་དེར་བབ་པར་ཤོག །པཱུཥྤེ་པྲ་ཏི་ཙྪ་ཧོཿ «མེ་ཏོག་གར་བབ་བཏགས། མིག་དར་དབྱེ་བ་ནི། »ཧཱུཾ༔ མིག་དར་མ་རིག་ལིང་ཐོག་མཚོན། །ཐུགས་རྗེ་ཆེན་པོའི་གསེར་ཐུར་གྱིས། །ཡེ་ཤེས་སྤྱན་ཏུ་དབྱེ་བགྱིས་ནས། །རང་བྱུང་ལྷ་ཞལ་མཇལ་བར་ཤོག །ཛྙཱ་ན་ཙཀྵཱུ་པྲ་ཝེ་ཤ་ཡ་ཕཊ༔« དེ་ནས་ལྷ་ཞལ་བསྟན་པ་ནི། »ཧཱུཾ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །མ་ཡེངས་མདུན་གྱི་དལ་ལ་ཤོག །མཚན་མ་རྫས་ཀྱི་དཀྱིལ་འཁོར་འདིར། །འོག་མིན་སྤྲུལ་པའི་ཞིང་ཁམས་ཏེ། །ཐུགས་རྗེ་ཆེན་པོ་དཀྱིལ་འཁོར་ཡིན། །དོན་ལ་རང་སེམས་མ་འཁྲུལ་པའི། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ། །དེར་མ་གཏོག་པའི་ཡི་དམ་ལྷ། །ལོག་ན་མེད་དོ་ཤེས་པར་མཛོད།« རྩ་སྔགས »ཨ་ཨ་ཨཱཿ «ཞེས་བརྗོད་བསྐྱེད་རྫོགས་ངང་དུ་བཞག །དེ་ནས་སྐུ་བུམ་པའི་དབང་བསྐུར་བ་ནི།» ཧཱུཾ་ཕྱི་ལྟར་བུམ་པའི་མཚན་ཉིད་ལྡན། །ནང་ལྟར་ཕྱག་ན་པདྨ་ཡི། །ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། །ཚེ་འདས་ལུས་ལ་དབང་བསྐུར་བའི། །སྤྲུལ་པའི་སྐུ་རུ་སྨིན་པར་ཤོག «།རྩ་སྔགས་»ཀཱ་ཡ་ཨབྷི་ཥིཉྩ་ཨོཾ། «གསུང་སྔགས་ཀྱི་དབང་བསྐུར་བ་ནི། »ཨཱ་ཕྱི་ལྟར་ས་ཆུ་མེ་རླུང་སྒྲ། །ནང་ལྟར་འགྲོ་བ་རིགས་དྲུག་སྐད། །གསང་བ་རྒྱལ་ཀུན་གསང་གསུམ་དོན། །ཡི་གེ་བདུན་པར་འདུས་པའི་དབང༌། །ཚེ་འདས་ངག་ལ་དབང་བསྐུར་བའི། །ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག «།རྩ་སྔགས།» ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ «།མེ་ལོང་སྙིང་གར་བསྐུར་མ།» ཧཱུཾ་མེ་ལོང་དངས་གསལ་ཆོས་ཀྱི་དབྱིངས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །རྒྱལ་ཀུན་ཐུགས་ཀྱི་མཚོན་བྱེད་དེ། །ཚེ་འདས་སེམས་ལ་དབང་བསྐུར་བའི། །ཆོས་ཀྱི་སྐུ་རུ་སྨིན་པར་ཤོག «།རྩ་སྔགས »ཙིཏྟ་ཨ་བྷི་ཥིཉྩི་ཧཱུཾ༔« ཞེས་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ནི། སྤྲོ་ན་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་བསྡུས་པ་ཙམ་སྐུར་རུང་ངོ༌། གར་རག་གི་ལཎྜལ་འཕུལ། འདོད་ཡོན་ཟས་གཏད་ནི། ཨ་»མྲྀ་ཏས་«བསང་»སྭཱ་བྷ་ཝ་«ས་སྦྱངས»། མདུན་དུ་རིན་པོ་ཆེ་ཡི་སྣོད། །ཡངས་ཤིང་རྒྱ་ཆེ་གྲངས་ལྡན་པའི། ནང་དུ་ལྷ་དང་མི་སོགས་ཀྱིས། ཞལ་ལས་བཟའ་བཅའ་བཏུང་བའི་ཚོགས། །རོ་བརྒྱ་ནུས་པ་ཕུན་སུམ་ཚོགས་གཏེར། །འཛད་མེད་ཡིད་བཞིན་གཏེར་དུ་གྱུར། «ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བྱིན་གྱི་རླབས་ལ། »ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་ལ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པའི་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ན་མཱ་སརྦ་ཏ་ཐཱ་ག་ཏ་རུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་པཱུ་ཙྪ་ཧོ། «ཕུད་འབུལ་ཞིང་བསྔོ་བ་ནི། »ཧུཾ་ཁ་ཟས་རོ་མཆོག་བརྒྱ་ལྡན་པའི། །བཟའ་བའི་ཟས་དང་བཏུང་བའི་སྐོམ། །གྱོན་པའི་གོས་དང་ཡོ་བྱད་རྫེས། །མི་བཟད་གཏེར་དུ་བྱིན་རླབས་ནས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །དབང་པོ་དྲུག་དང་རབ་མཐུན་པའི། །སོ་སོའི་ལོངས་སྤྱོད་ཕུན་ཚོགས་གཏེར། །བསྔོས་པ་ཇི་བཞིན་ཐོབ་གྱུར་ནས། འཕྲལ་དུ་དགའ་བདེ་རོས་ཚིམ་ཞིང༌། །མཐར་ཐུགས་རྣམ་དག་སར་སྤྱོད་ཤོག« །ཅེས་བསྔོས་རྒྱས་པར་སྤྲོ་ན་བྱང་གཏེར་ཐུགས་རྗེ་ཆེན་པོའི་ཟས་གཏད་འདི་ལྟར། »ཀྱེ་མ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན། །གལ་ལྟེ་ལས་ཀྱི་བར་དོར་མྱོང་གྱུར་ཞིང༌། །སྣ་ཚོགས་དུག་སུམ་ནད་ཀྱི་ཉེན་པ་ན། །མི་བཟད་བདུད་རྩི་སྨན་གྱི་མཆོག་ཏུ་བསྔོ། །སྣ་ཚོགས་དགྲ་དང་བགེགས་ཀྱི་ཉེན་པ་ན། །གོ་མཚོན་དཔའ་རྩལ་མཐུ་སྟོབས་རྣམས་སུ་བསྔོ། །ཡི་དྭགས་རྒྱུ་མཐུན་བཀྲེས་སྐོམ་ཉེན་པ་དང༌། །བཟའ་བཏུང་ལོངས་སྤྱོད་བསམ་གྱི་མི་ཁྱབ་པའི། །བཀྲེས་སྐོམ་གདུང་སེལ་ལོངས་སྤྱོད་དག་ཏུ་བསྔོ། །གྲང་བའི་དུས་ན་དྲོ་ཞིང་འཇམ་པ་དང༌། །ཚ་བའི་དུས་ན་ཡང་ཞིང་བསིལ་གྱུར་བ། །མཛེས་ཞིང་ཡིད་འོང་རེག་འཇམ་བདེ་བ་ཡིས། །གོས་བཟང་སྣ་ཚོགས་ཡིད་ལ་བསམ་བཞིན་བསྔོ། །ལོག་ཤེས་མུན་པའི་ཚོགས་ཀྱི་ཟིན་གྱུར་ན། །སྒྲོན་མེ་གསལ་བྱེད་མ་མེར་ཉིར་ཟླ་བསྔོ། །སྲིད་ལམ་དག་དུ་ངལ་ཞིང་དུབ་པ་ན། །བསིལ་གྲིབ་འབབ་ཆུ་བཞོན་པ་རྣམས་སུུ་བསྔོ། །དེ་ལྟར་བསྔོ་ཞིང་ཟག་མེད་བདེ་ལྡན་པས། །སྲིད་པའི་ལམ་རྒྱུད་གྲོལ་བའི་ལུས་ལེན་ནའང༌། །དལ་འབྱོར་ཡོན་ཏན་རབ་ཐོབ་ནས། །བཤེས་གཉེན་དམ་པ་རྣམས་དང་མཇལ་པ་དང༌། །བླ་མེད་དཀོན་མཆོག་གསུམ་པོ་མཆོད་པ་དང༌། །ཀུན་དགའ་ར་བ་གཞལ་ཡས་ཁང་ཆེན་དང༌། །འདོད་འཇོའི་བ་དང་ལོངས་སྤྱོ་སྣ་ཚོགས་དང༌། །འཁོར་གཡོག་བཟང་ཞིང་སྐྱེ་བོ་མཐུན་པ་དང༌། །ཆོས་དང་མཐུན་པར་སྐྱེ་དགུ་སྐྱོང་བར་ཤོག «།འཕགས་པའི་ནོར་བདུན་སྦྱིན་པ་ནི། »ཧྲཱིཿ ནོར་གྱི་ནོར་མཆོག་སྦྱིན་པའི་ནོར། །སེར་སྣའི་ཕ་རོལ་ཕྱིན་པར་བྱེད། །མི་བཟད་ནོར་ལ་འབད་མེད་སྤྱོད། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །སྦྱིན་པའི་ནོར་ལ་ལོངས་སྤྱོད་ཤོག །ཧྲཱིཿ རྒྱན་གྱི་མཆོག་ནི་ཚུལ་ཁྲིམས་བརྒྱན། །འཆལ་བའི་རང་བཞིན་སེལ་བ་དང༌། །ཡིད་འོངས་བརྒྱན་གྱི་བཀུར་བར་བྱེད། ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཚུལ་ཁྲིམས་བརྒྱན་ལ་ལོངས་སྤྱོད་ཤོག །ཧྲཱིཿ གོས་ཀྱི་མཆོག་ནི་བཟོད་པའི་གོས། །ཁོང་ཁྲོའི་ཟུག་རྡུ་སྐྱོབས་པར་བྱེད། །ཀུན་གྱི་ཡིད་འོང་རང་སེམས་བདེ། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །བཟོད་པའི་གོས་ལ་ལོངས་སྤྱོད་ཤོག ཧྲཱིཿ ཞོན་པའི་མཆོག་ནི་བརྩོན་འགྲུས་རྟ། །ལེ་ལོའི་ཐང་ཆེན་མྱུར་དུ་གཅོད། །ཟག་མེད་བདེ་བའི་ས་རུ་སླེབས། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །བརྩོན་འགྲུས་རྟ་ལ་ལོངས་སྤྱོད་ཤོག །ཧྲཱིཿ ཟས་ཀྱི་མཆོག་ནི་བསམ་བསྟན་ཟས། །རྣམ་གཡེང་བཀྲེས་སྐོམ་གདུང་བ་སེལ། །ཟག་མེད་བདེ་བའི་རོ་མྱོང་གྱུར། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །བསམ་གཏན་ཟས་ལ་ལོངས་སྤྱོད་ཤོག །ཧྲཱིཿ གྲོགས་ཀྱི་མཆོག་ནི་ཤེས་རབ་གྲོགས། །རྣམ་གཉིས་མཁྱེན་པའི་གྲོགས་ཚུལ་སྟོན། །མི་ཤེས་མུན་སེལ་དབྱེར་མེད་གྲོགས། །ཚེ་འདས་ལ་སོགས་སེམས་ཅན་རྣམས། །ཤེས་རབ་གྲོགས་ལ་ལོངས་སྤྱོད་ཤོག« །ཅེས་རིགས་དྲུག་གི་མཐུན་རྫས་གཏད་པས་བག་ཆགས་རང་སར་དག་སྟེ་འདོད་ཡོན་གྱིས་ཉེན་པ་ཆོད་ནས་ཐར་ལམ་བགྲོད་པར་འགྱུར་རོ། »ཚེ་འདས་བག་ཆགས་སྣང་གཟུགས་ཀྱི། །ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས། །གདན་གསུམ་ཚངས་པའི་དཀྱིལ་འཁོར་ལྷ། །ཡོན་དུ་འབུལ་ལོ་ཡོངས་བཞེས་ནས། །ཚོགས་རྫོགས་སྒྲིབ་སྦྱོང་སྐུ་ལྔ་ཡི། །དཔལ་ལ་ལོངས་སྤྱོད་མཐུ་ཐོབ་ཤོག «།ཅེས་འབུལ་ཞིང་སྣང་གསལ་གྱི་མར་མེ་སྤར་ལ།» ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿ་ཧཱུཾཿ ཧཱུཾ་ཡེ་ཤེས་ལྔ་ལྡན་སྒྲོན་མེའི་འདི། །ངོ་བོ་སྟོང་ཀྱང་རང་བཞིན་གསལ། ཐུགས་རྗེ་རྩལ་ཤུགས་འགགས་མེད་པས། ཚེ་འདས་མ་རིག་མུན་པའི་སྨག །བསལ་ནས་སྐུ་གསུམ་ཞིང་མཐོང་ཤོག« །སྤྲོས་ན་མར་མེ་སྨོན་ལམ་བཏབས་དེ་ནས་ལམ་སྟོན་བྱ་བ་ནི། »ཚེ་འདས་བུ་ཁྱོད་ལེགས་པར་ཁྱོད། །མཆོག་ད་མན་འཁོར་བའི་གནས་རིགས་ཀུན། །སྡུག་བསྔལ་གསུམ་གྱི་ཁྲི་མུན་དུ། །མ་ཚུད་སུ་ཡང་མེད་ངེས་ཕྱིར། །འཁོར་བ་སྒྱུ་མའི་གྲོང་ཁྱེར་འདིར། །མ་ཆགས་མ་ཞེན་སེམས་མཆོག་བསྐྱེད། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ནས། །བདེ་སྐྱིད་ལོངས་སྤྱོད་ཕུན་ཚོགས་གནས། །སྡུག་བསྔལ་མིང་མེད་བདེ་ཆེན་ཞིང༌། །དེ་མགོན་པོ་ཚེ་མཐའ་ཡས། །གཡས་ན་འཕགས་མཆོག་སྤྱན་རས་གཟིགས། །གཡོན་ན་མཐུ་ཆེན་ཐོབ་ལ་སོགས། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས། །བསྐོར་བའི་གོ་སར་འགྲོ་བར་བྱོས། །ཁྱོད་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿ །སྐར་མདའ་ཇི་བཞིན་མྱུར་བསྐྱེད་ནས། །སྣང་བ་མཐའ་གཡས་ཐུགས་ཀློང་དུ། །དབྱེར་མེད་རོ་གཅིག་འདྲེས་པར་གྱུར། །«པར་བསམ་ལ། ཧྲཱིཿ ལྔ་ཚར་མཐར་ཕཊཿ ལན་གསུམ་བརྗོད་མཐར་བདེ་བ་ཅན་དུ་སྤར་འོད་དཔག་མེད་ཀྱི་ཐུགས་ཀློང་ནང་གསལ་སྐུ་གསུམ་གྱི་དབྱིངས་སུ་ཐིམ་པར་བསམ་མོ། །དེ་ནས་ཚེ་འདས་ཀྱི་མཚན་བྱང་དེ་ཉིད་མ་རིག་གཉིས་སྣང་གི་སྒྲིབ་པའི་ཉོན་མོངས་བརྒྱ་ཁྲིའི་སྟོང་བགགས་ཀྱི་རྟེན་ཡེ་ཤེས་ཀྱི་མེས་བསྲེག་ཅིང་སྦྱོངས་པར་བསམ་ལ། »ཧཱུཾ་ཀ་དག་སྤྲོས་བྲལ་མེ་ཐབ་དུ། །རང་བྱུང་ལྷུན་གྲུབ་མེ་སྦར་བས། །མཚན་མའི་རྣམ་རྟོག་བུད་ཤིང་ཀུན། །ལྷག་མེད་མཛོད་ཅིག་ཛྭ་ལ་རམ། །ཉོན་མོངས་ཡེ་ཤེས་མེ་ཡིས་བསྲེགས། །བདག་གཉིས་བདག་མེད་དབྱིངས་སུ་སྲེགས། །ཀུན་གཞི་མ་རིག་གཉིས་དང་བཅས། །གཞོན་ནུ་བུམ་སྐུའི་ཀློང་དུ་བསྲེགས། །འཁོར་བར་ལྡོག་མེད་རྒྱ་ཡིས་གདབ། །གདོད་མོའི་གྲོལ་གཞི་མངོན་གྱུར་ནས། །མཐའ་ཡས་འགྲོ་དོན་འགྲུབ་པར་ཤོག« »།«རྩ་སྔགས་དང་སྡིག་སྒྲིབ་ཀུན་འཇོམས་མི་འཁྲུགས་པའི་གཟུངས་སྔགས་རྩ་རིག་ཡིག་བརྒྱ་སོགས་གཟུངས་སྔགས་ཅི་ནུས་བཟླ་བཞིན་མཚན་བྱང་བསྲེགས་རུས་པའི་བྱང་ཐལ་ཚ་ཚ་གདབ་པ་སོགས། སྤྱི་མཐུན་ལྟར་རོ། །བསྔོ་བ་དང་བདེ་སྨོན་ཤི་རྒབ་ཆོད་བྱེད་བཀྲ་ཤིས་མཐའ་རྒྱས་པར་བྱའོ། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལས། གསང་སྒྲུབ་སྡུག་བསྔལ་རང་གྲོལ་ལ་བརྟེན་པས། །གནས་སྦྱོང་ཆོ་ག་རྣམ་གྲོལ་ལམ་བཟང་འདི། །རིགས་བདག་གྲུབ་དབང་བླ་མའི་རྡོ་རྗེ་གསུངས། །ཁ་བསྐང་ཚིག་ཚོགས་ཡུལ་ལུགས་དང་མཐུན་པར། །རང་གི་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར། །སྔགས་མིང་འཛིན་པ་འཇའ་ལུས་རྡོ་རྗེས་བཀོད། །བཀའ་ལ་གཟུ་ལམ་སྤྲིས་སླད་ཉེས་འགལ་རིགས། །བླ་མ་མགོན་པོ་དབྱེར་མེད་དྲུང་དུ་བཤགས། །དགེ་བའི་སྡུག་བསྔལ་གྱིས་མནར་རིག་དྲུག་འགྲོ། །ཕྱག་ན་པདྨའི་གོ་སར་དབྱུང་པར་ཤོག །ཡི་གེ་འདུ་བྱེད་སློབ་བུ་ཀློང་ཆེན་བགྱིས། དགེའོ།