Property:colophontib
From Khyentse Lineage - A Tsadra Foundation Project
This is a property of type Text.
པ
།ཅེས་འདི་ཀུན་རྨོངས་ཀུན་ཏུ་རྒྱུ། །ངེས་མེད་རྒྱལ་ཁམས་ཉུལ་བའི་ཚེ། །སྔོན་གྱི་ལས་སྨོན་པདྨ་དཀར། །འཛུམ་པའི་ཚལ་དུ་ཀུན་བྱེད་ཀྱིས། །རྐང་དྲུག་བསྐྱོད་ལ་རྟེན་འབྱུང་གི །དྲི་བསུང་དངར་བས་ལེགས་བསྐུལ་ནས། །ཟབ་གསང་སྤྲང་རྩིའི་དོགས་པ་ཡི། །བསྟན་འགྲོའི་དགེ་མཚན་སྤེལ་བའི་ཚེ། །དཔལ་མོའི་ཐུགས་དམ་དགྱེས་བསྐང་བའི། །ཚིག་གི་མགྲིན་རྔ་ཕྲ་མོ་ཡང༌། །པདྨ་དབང་ཆེན་དགྱེས་པའི་སྡེས། །གང་ཤར་སོར་མོའི་རྟར་བསྐྱོན་པས། །དཔལ་སྟུག་བསོད་ནམས་ཆར་ལྡན་སྤྲིན། །ནོར་བུའི་ལྷུན་པོ་ལྟར་གཡོ་བས། །ཕུན་ཚོགས་སྡེ་བཞིའི་ལོ་འབྲས་དཔལ། །གཡུར་དུ་ཟ་བའི་རྒྱུར་གྱུར་ཅིག །སརྦ་སུ་ཤྲཱི་ཡེ་བྷ་ཝ་ཏུ། དགེའོ།། +
།ཅེས་འདི་ཀུན་རྨོངས་ཀུན་ཏུ་རྒྱུ། །ངེས་མེད་རྒྱལ་ཁམས་ཉུལ་བའི་ཚེ། །སྔོན་གྱི་ལས་སྨོན་པདྨ་དཀར། །འཛུམ་པའི་ཚལ་དུ་ཀུན་བྱེད་ཀྱིས། །རྐང་དྲུག་བསྐྱོད་ལ་རྟེན་འབྱུང་གི །དྲི་བསུང་དངར་བས་ལེགས་བསྐུལ་ནས། །ཟབ་གསང་སྦྲང་རྩིའི་དོགས་པ་ཡི། །བསྟན་འགྲོའི་དགེ་མཚན་སྤེལ་བའི་ཚེ། །དཔལ་མོའི་ཐུགས་དམ་དགྱེས་བསྐང་བའི། །ཚིག་གི་མགྲིན་རྔ་ཕྲ་མོ་ཡང༌། །པདྨ་དབང་ཆེན་དགྱེས་པའི་སྡེས། །གང་ཤར་སོར་མོའི་རྟར་བསྐྱོན་པས། །དཔལ་སྟུག་བསོད་ནམས་ཆར་ལྡན་སྤྲིན། །ནོར་བུའི་ལྷུན་པོ་ལྟར་གཡོ་བས། །ཕུན་ཚོགས་སྡེ་བཞིའི་ལོ་འབྲས་དཔལ། །གཡུར་དུ་ཟ་བའི་རྒྱུར་གྱུར་ཅིག །སརྦ་སུ་ཤྲཱི་ཡེ་བྷ་ཝ་ཏུ། དགེའོ།། +
པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་སུ་བཤད་པ་ཨུཏྤལ་དམར་པོའི་ཕྲེང་བ། +
།ཅེས་པའང་གངས་ཅན་ན་འགྲན་ཟླ་དང་བྲལ་བའི་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་ཚུལ་འདིའི་སྨིན་གྲོལ་ལེགས་པར་ནོས་ཤིང༌། འདི་ལྟ་བུ་བྲིས་ཤིག་པའི་གསུང་གི་རྗེས་སུ་གནང་བ་ལ་བརྟེན་ནས་བདག་མི་ཕམ་རྣམ་པར་རྒྱལ་བའམ་པདྨ་བཞད་པ་རྩལ་གྱིས་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་གྲུབ་པར་བགྱིས་པ་འདིས་མཐའ་ཡས་པའི་འགྲོ་བ་ཀུན་གྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་གཟུགས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཌཱ་ཀི་ནཱིའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག། །།མངྒ་ལཾ།། +
།ཅེས་པའང་དགེ་སྦྱོང་ཕྲིན་ལས་རྒྱ་མཚོ་ནས་བསྐུལ་ངོར་བཀླག་ཆོག་ཁྲིགས་སྡེབས་སུ་མངྒ་ལས་བྲིས་པ་ཨཱ་ཡུ་ཏིཥྛནྟུ།། +
།ཅེས་པའང་དགེ་སྦྱོང་ཕྲིན་ལས་རྒྱ་མཚོ་ནས་བསྐུལ་ངོར་བཀླག་ཆོག་ཁྲིགས་སྡེབས་སུ་མངྒ་ལས་བྲིས་པ་ཨཱ་ཡུ་ཏིཥྛནྟུ།། +
།ཅེས་པའང་མེ་ཕག་ཟླ་དྲུག་ཚེས་བཅུ་དྲུག་ལའོ། +
* '''Treasure colophon:''' རྡོ་རྗེ་ཚེ་ཡི་ཏནྡྲ་ནི༔ བྱེ་བ་ཕྲག་བརྒྱའི་སྙིང་པོའི་བཅུད༔ རང་བྱུང་པདྨས་དུས་བབས་ཚེ༔ ད་ལྟའི་རྗེ་འབངས་འདུས་པ་དང་༔ མ་འོངས་འགྲོ་འདུལ་རིག་འཛིན་གྱི༔ ཉམས་ལེན་མཐར་ཐུག་གསང་བའི་ལམ༔ ལྔ་ལྡན་འོད་ཀྱི་ཡི་གེའི་གཟུངས༔ དབྱིངས་རིག་ཐིག་ལེའི་སྒྲོམ་བུར་སྩལ༔ ཌཱ་ཀི་རྣམས་ལ་གཉེར་གཏད་པ༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ དགོངས་བརྒྱུད་ཟབ་མོའི་བརྡས་མཚོན་ཏེ༔ སྙན་བརྒྱུད་གདམས་པའི་བདུད་རྩི་ཡིས༔ སྐལ་བཟང་འཆི་མཻད་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུཧྱ༔ བརྡ་ཐིམ༔
* '''Revealer colophon:''' དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས། པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེས་གཏན་ལ་ཕབ་པའོ།།
+
།དེ་ལྟར་བསྐངས་བཤགས་རིམ་པ་འདི། །ཟབ་ཆོས་འདི་ཡི་སྣོད་ལྡན་དུ། །ཐོག་མའི་དབུགས་དབྱུང་ཐོབ་པ་ནི། །པདྨ་ཡེ་ཤེས་རྡོ་རྗེས་སྦྱར། །དགེ་བས་གཏེར་ཆེན་ནིར་མ་ཀའི། །ཞབས་པད་ཡུན་དུ་བརྟན་པ་དང་། །བསྟན་འགྲོའི་རྒུད་པ་ཀུན་ཞི་ནས། །རྫོགས་ལྡན་གསར་པ་སྣང་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡོ་བྷ་ཝ་ཏ། །མངྒ་ལཾ། །། +
དེ་ལྟར་བསྐང་བཤགས་རིམ་པ་འདི། །ཟབ་ཆོས་འདི་ཡི་སྣོད་ལྡན་དུ། །ཐོག་མའི་དབུགས་དབྱུང་ཐོབ་པ་ཡི། །པདྨ་ཡེ་ཤེས་རྡོ་རྗེས་སྦྱར། །དགེ་བས་གཏེར་ཆེན་ནིརྨ་ཀའི། །ཞབས་པད་ཡུན་དུ་བརྟན་པ་དང༌། །བསྟན་འགྲོའི་རྒུད་པ་ཀུན་ཞི་ནས། །རྫོགས་ལྡན་གསར་པ་སྣང་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡེ་བྷཱ་བནྟུ། །མངྒལྃ།། +
།ཅེས་པ་འདི་ཡང་རང་ཉིད་ལམ་འདིའི་བསྙེན་སྒྲུབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བའི་ཚེ་ན་ཟབ་ཆོས་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་བརྩེ་ནུས་པའི་གཏེར་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་འཇམ་མགོན་བླ་མ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་སངས་རྒྱས་གླིང་པའི་གཏེར་བྱོན་གུ་རུ་པདྨ་ཀཱ་རའི་སྐུ་སྤར་ལ་གང་གི་ཕྱག་གིས་བཏབ་པའི་བྱིན་སྐུ་ཁྱད་ཅན་དབང་པོའི་གྲངས་ལྡན་དང༌། འཁོར་འདས་ཀྱི་དྭངས་མ་བཅུད་དུ་སྨིན་པའི་ཚེ་རྫས་ལེ་ཚན་དང་བཅས་འདི་ལ་བསྙེན་ཡིག་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཞིག་བྲིས་ཤིག་ཅེས་བཀའ་ཡི་ཅོད་པན་སྤྱི་བོར་དཔྱངས་པ་གུས་པས་མཆོད་དེ། མགོན་པོ་གང་དང་ཡོངས་འཛིན་དམ་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་འབངས་ཐ་ཞྭ་སྤྲུལ་རྨོངས་བརྟུལ་རྟགས་ཙམ་འཛིན་པའི་ཤཱཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོས་རང་ལོ་བཞི་བཅུ་རྩ་དགུར་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་འགལ་བྱེད་ཀྱི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་དང་བསྟུན་བྲིས་པས་འགྲོ་ཀུན་ཚེ་མཐའ་ཡས་པའི་དཔལ་ལ་རྟག་ཏུ་ངལ་འཚོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།། +
།ཅེས་རིག་འཛིན་གོང་མའི་ཕྱག་བཞེས་བཞིན་ཚུལ་འདི་ལའང་ལས་ཁྲིགས་འདི་ལྟར་སྦྱོར་ཞེས་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་རིན་པོ་ཆེས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་པདྨ་མདོ་སྔགས་གླིང་པ་ཚེ་དབང་གྲུབ་པ་རྩལ་གྱིས་ལྷོ་འབྲུག་ཕུན་ཚོགས་ཆོས་གླིང་གི་དགོན་པར་ལྕགས་ཕག་རྒྱལ་ཟླའི་འཕེལ་ཕྱོགས་སུ་སྦྱར་བས་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་འདོད་དགུའི་དཔལ་ལ་སྤྱོད་པའི་རྟེན་འབྱུང་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། +
།ཅེས་པའང་རང་ཉིད་ལ་ཉེར་མཁོའི་དབང་གིས་གཏེར་གཞུང་ཉིད་བཀླག་ཆོག་གི་ཚུལ་དུ་ཟབ་ཆོས་འདི་ཉིད་རང་སྐལ་དུ་ཐོབ་པའི་སྔགས་བཙུན་པདྨ་གར་དབང་ཚེ་དབང་གྲུབ་པའི་རྡོ་རྗེས་ལྷོ་འབྲུག་གི་རྒྱལ་ས་ལྟེ་བ་བདེ་ཆེན་ཆོས་གླིང་དུ་ཚེ་ཡི་བདག་པོའི་བསྙེན་སྒྲུབ་ལ་བརྩོན་པའི་ཐུན་གསེང་དུ་བྲིས་པ་མཐོ་རིས་ལྗོན་བཟང་རིང་འཚོའི་ལོ་འབྲས་རྒྱས་ཤིང་བརྟན་པའི་དཔལ་དུ་གྱུར་ཅིག། +
།ཅེས་པའང་ཐེག་མཆོག་སྙིང་པོའི་བསྟན་དང་སྟོན་པ་ལ་མི་ཕྱེད་དད་པའི་གཡར་དམ་ཅན་བླ་མ་དམ་པ་དཀོན་མཆོག་འོད་ཟེར་ནས་བསྐུལ་ངོར་ལམ་འདིས་བཀའ་བབ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་ཙནྡན་གྱི་སྨན་ལྗོངས་འཁྲིགས་པའི་རྒྱལ་ཁབ་བདེ་ཆེན་ཆོས་གླིང་གི་དབེན་གནས་མེ་ཏོག་བསིལ་ཚལ་དུ་ཁྲུམས་ཟླའི་དམར་ཕྱོགས་མཁའ་འགྲོའི་ཚོགས་མཆོད་ཀྱི་སྐབས་སུ་བྲིས་པ་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ།། +
།ཅེས་པའང་ལམ་འདིར་སྔོན་སྨོན་གྱི་འབྲེལ་བའི་བརྟན་མཁས་ཡོན་ཏན་གྱིས་ཐུགས་རྒྱུད་མངོན་པར་མཛེས་པའི་འཁྲུལ་ཞིག་མཆོག་སྤྲུལ་དྷརྨ་མ་ཏིའི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་གསུང་བསྐུལ་ནན་བསྐྱར་གནང་བ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ས་བྱ་གནམ་ལོ་གསར་ཚེས་ཀྱི་འཛུམ་དཀར་གྲོལ་བའི་གནས་དུས་ཀྱི་རྟེན་འབྱུང་དགེ་བའི་ཆར་བྲིས་པ་འགྲོ་ཀུན་འཆི་མེད་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་དུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །བཛྲ་ཨཱ་ཡུ་ཏིཥྛནྟུ། དགེའོ།། +
།ཅེས་པའང་ལོ་ཆེན་བཻ་རོའི་ཐུགས་རྗེའི་ཡེ་ཤེས་ཀྱི་རོལ་མོ་ཞྭ་དེའུའི་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིས་པདྨ་ཚེ་ཡི་སྙིང་ཐིག་གི་བསྙེན་སྒྲུབ་ཉམས་བཞེས་ཀྱི་སྐབས་རྒྱང་རིང་པོའི་ལམ་ནས་གསུང་གིས་རྟེན་བཅས་ཆེད་དུ་སྐུལ་མ་གནང་བ་བཞིན་ཟབ་ལམ་གྱི་བཀའ་བབ་པདྨ་གར་དབང་མདོ་སྔགས་གླིང་པས་ལྷོ་འབྲུག་སྐྱེར་ཆུའི་ཁང་གསར་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་ཏེ་ཕུལ་བས་བསྟན་འགྲོའི་དཔལ་ཡོན་རྒྱས་ཤིང་བསྟན་འཛིན་སྐྱེས་བུ་ཐམས་ཅད་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལྃ།། +
པདྨ་ཚེ་ཡི་སྙིང་ཐིག་ལས། ཕྱི་ནང་གསང་བ་ཀུན་འདྲིལ་གྱི་ཚེ་ཡི་ཕྲིན་ལས་སྙིང་པོ་འཆི་མེད་རྡོ་རྗེའི་སྲོག་ཏིག། +
།ཞེས་པའང་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཟབ་ཆོས་འདི་ཉིད་ཀྱི་བདག་པོ་འགྱུར་མེད་ཆོས་ཀྱི་བློ་གྲོས་མདོ་སྔགས་བསྟན་འཛིན་མཆོག་ནས་བསྙེན་སྒྲུབ་ཉམས་བཞེས་ཀྱི་ཆེད་རིན་ཆེན་སུ་ཝརྞའི་མཎྜལ་བཅས་གསུང་བསྐུལ་ནན་བསྐྱར་གནང་བ་བཞིན། རིགས་བདག་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་གསུང་ཟིན་ལྟར་འཇུག་བདེའི་ཁྲིགས་བསྡེབས་སུ་མཚོ་སྐྱེས་འཆི་མེད་པདྨ་འོད་འབར་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་མཐའ་ཡང་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ཉེ་འགྲམ་བཀྲ་ཤིས་དགའ་འཁྱིལ་གྱི་ཁང་བུར་བྲིས་ཤིང་ཕུལ་བས་འགྲོ་ཀུན་རྡོ་རྗེའི་ཚེ་དང་ཡེ་ཤེས་མཐའ་ཡས་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། +
།འདི་ལ་འཇམ་མགོན་བླ་མས་མཛད་པའི་སྐོང་བ་རྒྱས་པ་ཡོད་ཀྱང༌། གང་གི་ཚེ་སྔོན་གྱི་ལས་སྨོན་དག་པ་དུས་སུ་སྨིན་པས་རྡོ་རྗེའི་གནས་མཆོག་ཉེ་བའི་ཚནྡྷོ་ཧར་རྒྱལ་བའི་ཕྲིན་ལས་ཆོས་སྐུའི་མཆོད་སྡོང་དུ་ཤར་བའི་དྲུང་དུ་རྟེན་མཆོག་ས་གསུམ་འདྲེན་པའི་གསུང་གི་རྡོ་རྗེའི་ཆོས་སྒྲ་སྒྲོགས་པའི་རྡོ་རྗེའི་སློབ་དཔོན་གྱི་གཟུགས་བརྙན་ཙམ་པོ་བ་ལ། །རིས་མེད་དགེ་འདུན་གྱི་སྡེ་གཉིས་ཀྱི་གཙོ་བོ་བརྟན་མཁས་འཕགས་པའི་ཡོན་ཏན་དུ་མས་མཛེས་པའི་ཚོགས་ཀྱིས་དག་སྣང་གི་སྤྱན་རས་མཆོག་ཏུ་ཡངས་པས་རིང་འཚོའི་རྟེན་འབྲེལ་ཚེ་སྒྲུབ་པདྨའི་སྙིང་ཐིག་ལ་བརྟེན་ནས་གནང་བའི་སྐབས། བསྐང་བ་འདིའང་དད་སྤྲོའི་སྟེས་དབང་གིས་པདྨ་གར་དབང་མདོ་སྔགས་གླིང་པས་བྲིས་པ་ངེས་གསང་རྡོ་རྗེ་སྙིང་པོ་གཙོ་བོར་གྱུར་པའི་རིས་མེད་བསྟན་འགྲོའི་དགེ་མཚན་བརྟན་པའི་དཔལ་དུ་གྱུར་ཅིག །དགེའོ། །མངྒ་ལཾ།། +
* '''First colophon:''' །ཞེས་པའང་ནུབ་ཕྱོགས་ཨན་གར་གྱི་ཡུལ་དུ་སྐྱེས་ཀྱང་རྣམ་པར་དཀར་བའི་ལས་འཕྲོ་དང་སྨོན་ལམ་དག་པ་ཆོས་མཛད་བཙུན་མ་ཀརྨ་མཁས་མཆོག་དཔལ་མོའི་གསུང་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གྲུབ་པ་མཆོག་གི་མན་ངག་ལྟར་བྲིས་པ་ཟབ་ལམ་ལ་སྤྱོད་པའི་སྐལ་བཟང་རྣམས་ཀྱི་དཔལ་དུ་གྱུར་ཅིག།
* '''Second colophon:''' །ཞེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན་ཀརྨ་མཁས་མཆོག་དཔལ་མོས་བསྐུལ་བ་ལྟར་པདྨ་གར་དབང་འོད་གསལ་རང་བྱུང་གྲུབ་པ་རྩལ་གྱིས་བྲིས་པ་དངོས་གྲུབ་མཆོག་གི་དཔལ་དུ་གྱུར་ཅིག།
+
* '''Treasure colophon:''' །དད་དང་གདུང་ཤུག་རྩེ་གཅིག་པས༔ གསོལ་བཏབ་ཐུག་དམ་རྒྱུད་བསྐུལ་བ༔ ཚེ་དང་ཡེ་ཤེས་བྱིན་འབེབས་ཤིང་༔ འཆི་མེད་དངོས་གྲུབ་ཐོབ་པར་ངེས༔ ས་མ་ཡ༔ གུ་ཧྱ༔ བརྡ་ཐམ༔
* '''Revealer colophon:''' དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས༔ པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེས་གཏན་ལ་ཕབ་པའོ།
+
།ཅེས་པའང་ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་བློ་གྲོས་རྒྱ་མཚོའི་བཀའ་བསྩལ་དང་རང་ཉིད་སྟངས་དཔྱལ་གྱི་ཉམས་ལེན་དུའང་ཉེར་མཁོའི་དབང་གི་ཟབ་མོའི་ལམ་གྱི་བཀའ་བབས་པདྨ་གར་དབང་འོད་གསལ་སྤྲུལ་པའི་རྡོ་རྗེས་རྫོང་གསར་ཆོས་སྡེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་མེ་བྱི་གནམ་ལོ་གསར་ཚེས་ཀྱི་རྟེན་འབྱུང་དགེ་བའི་ཆར་བྲིས་པ་འདིས་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་སུམ་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། +