པདྨ་ཚེ་ཡི་སྙིང་ཐིག་ལས། །ཡང་ཟབ་རྒྱུན་གྱི་རྣལ་འབྱོར་འཆི་མེད་སྲོག་ཏིག།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-042
Wylie title pad+ma tshe yi snying thig las/ /yang zab rgyun gyi rnal 'byor 'chi med srog tig DKR-KABUM-18-TSHA-042.pdf
Location dil mgo mkhyen brtse bka' 'bum
Volume 18, Text 42, Pages 297-299 (Folios 1a to 3b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Pad+ma tshe yi snying thig las yang zab rgyun gyi rnal 'byor 'chi med srog tig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 297-299. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Longevity Rituals - tshe sgrub
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

།ཅེས་པའང་ལམ་འདིར་སྔོན་སྨོན་གྱི་འབྲེལ་བའི་བརྟན་མཁས་ཡོན་ཏན་གྱིས་ཐུགས་རྒྱུད་མངོན་པར་མཛེས་པའི་འཁྲུལ་ཞིག་མཆོག་སྤྲུལ་དྷརྨ་མ་ཏིའི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་གསུང་བསྐུལ་ནན་བསྐྱར་གནང་བ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ས་བྱ་གནམ་ལོ་གསར་ཚེས་ཀྱི་འཛུམ་དཀར་གྲོལ་བའི་གནས་དུས་ཀྱི་རྟེན་འབྱུང་དགེ་བའི་ཆར་བྲིས་པ་འགྲོ་ཀུན་འཆི་མེད་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་དུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །བཛྲ་ཨཱ་ཡུ་ཏིཥྛནྟུ། དགེའོ།།

/ces pa'ang lam 'dir sngon smon gyi 'brel ba'i brtan mkhas yon tan gyis thugs rgyud mngon par mdzes pa'i 'khrul zhig mchog sprul d+harma ma ti'i thugs dam rgyun gyi nyams bzhes su gsung bskul nan bskyar gnang ba bzhin pad+ma gar dbang 'od gsal mdo sngags gling pas sa bya gnam lo gsar tshes kyi 'dzum dkar grol ba'i gnas dus kyi rten 'byung dge ba'i char bris pa 'gro kun 'chi med ye shes rdo rje'i gsang ba gsum du mngon par byang chub pa'i rgyur gyur cig_/badz+ra A yu tiSh+Than+tu/_dge'o//

[edit]
༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། །ཡང་ཟབ་རྒྱུན་གྱི་རྣལ་འབྱོར་འཆི་མེད་སྲོག་ཏིག་བཞུགས། །

༄༅། །འཆི་མེད་རྩ་གསུམ་ལྷ་ལ་འདུད། །དེ་ཉིད་སྒྲུབ་ཐབས་སྙིང་པོ་ལ། །སྔོན་དངོས་རྗེས་ཀྱི་རིམ་པ་ལས། །ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། །ཚེ་འོད་དཔག་མེད་སློབ་དཔོན་ཛེ་ཏཱ་རི། །པད་འབྱུང་བི་མ་མཚོ་རྒྱལ་མནྡྷ་ར། །མདོ་སྔགས་གླིང་པ་ཚེ་དབང་གྲུབ་པ་རྩལ། །ཆོས་ཀྱི་བློ་གྲོས་རྩ་གསུམ་ཚེ་ཡི་ལྷར། །གསོལ་བ་འདེབས་སོ་སྨིན་གྲོལ་ཡོངས་རྫོགས་ནས། །ཚེ་དང་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས། །དེ་ནས་སྐྱབས་སེམས་ཆིག་དྲིལ་ནི། ན་མོ། བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་སྐྱབས་སུ་མཆི༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ ལན་གསུམ། དངོས་གཞི་བསྐྱེད་བཟླས་རྫོགས་གསུམ་ལས། །དང་པོ་བསྐྱེད་རིམ་སྐུའི་རྣལ་འབྱོར། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོས་ཀུན་གཟོད་ནས་དེ་བཞིན་ཉིད༔ འཆི་མེད་གཉུག་མའི་ཡེ་ཤེས་ངང༔ ཀུན་སྣང་སྙིང་རྗེའི་ཏིང་འཛིན་ལས༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་གསལ༔ དེ་ལས་སྔགས་ཀྱི་སྒྲ་བསྒྲགས་པས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ རང་བྱུང་ཚེ་ཡི་དཀྱིལ་འཁོར་དབུས༔ པདྨ་ཉི་ཟླའི་སྟེང་དུ་ཧྲཱིཿ ཡོངས་གྱུར་པདྨ་ཚེ་དཔག་མེད༔ དབང་མདོག་མཉམ་བཞག་ཚེ་བུམ་འཛིན༔ ལོངས་སྐུའི་ཆས་རྫོགས་རྡོ་རྗེའི་སྐྱིལ༔ དགྱེས་ཡུམ་པད་ཕྲེང་བུམ་འཛིན་སྦྱོར༔ གནས་ལྔར་རིགས་ལྔའི་ཚེ་བདག་ལྔ༔ རྩ་འདབ་ཚེ་ཡི་མགྱོགས་མ་གསལ༔ ཐུགས་ཀའི་ཕྱོགས་མཚམས་རིགས་བཞི་དང༔ ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང༔ མི་གཡོ་ཚེ་དཔག་ཀུན་དམར་གསལ༔ དབང་པོ་སྒེག་སོགས་ལྷ་མོ་བརྒྱད༔ ཡན་ལག་སྒོ་མ་ཚེའི་ལྷ་ཚོགས༔ གདོད་ནས་རྡོ་རྗེའི་ལུས་ལ་རྫོགས༔ ཞེས་རང་ཉིད་ངོ་བོ་འཆི་མེད་པདྨ་འབྱུང་གནས་ལ་རྣམ་པ་རིགས་འདུས་ཚེ་དཔག་མེད་གསལ་བ་རིག་འཛིན་བླ་མ། གནས་ལྔར་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་གསལ་བ་ཡི་དམ་རིགས་ལྔའི་ཚེ་སྒྲུབ། རྩ་འདབ་རྣམས་སུ་ཚེ་ཡི་མགྱོགས་མ་གསལ་བ་མཁའ་འགྲོའི་ཚེ་སྒྲུབ། ཐུགས་ཀར་ཚེ་དཔག་མེད་བརྒྱད་ཕྱི་སྒྲུབ་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་སྒྲུབ་བཅས་ཕྱི་ནང་གསང་བ་ལྟར་རྩ་གསུམ་ཚེ་ཡི་དཀྱིལ་འཁོར་ཆིག་རྫོགས་སུ་གསལ་བཏབ་ལ། གཉིས་པ་གསུང་མཆོག་བཟླས་པས་སྒྲུབ། ཐུགས་ཀར་པདྨའི་ལྟེ་བར་ཧྲཱིཿ སྔགས་ཕྲེང་རང་སྒྲ་སྒྲོགས་པའི་འོད༔ སྤྲོ་བསྡུས་འཁོར་འདས་ཚེའི་དྭངས་མ༔ རང་གི་བླ་ཚེ་ཉམས་ཁྱར་ཡར༔ བརྐུས་འཕྲོག་བཅོམ་པ་ཐམས་ཅད་བསྡུས༔ དྭངས་མས་ཚེ་དཔལ་ཉམས་རྟོགས་བསྐྱེད༔ མི་འགྱུར་ཚེ་དང་ཡེ་ཤེས་ཀྱི༔ སྣང་བ་མཆོག་ཏུ་རྒྱས་པར་བསམ༔ ཞེས་པའི་སྤྲོ་བསྡུ་དང་བཅས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ཡིད་རྩེ་གཅིག་པས་བཟླ། ཐུན་མཐར་སྙིང་དབུས་པདྨའི་གེ་སར་ཧྲཱིཿརང་སྒྲ་ཅན་ལ་སེམས་གཏད་ནས་རླུང་རོ་བསལ། བརྟན་གཡོ་སྲིད་ཞིའི་དྭངས་བཅུད་འོད་ལྔའི་རྣམ་པར་སྣ་བུག་ནས་ཞུགས་སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ལ་རླུང་བུམ་ཅན་བཟུང་སྟེ་དབྱིངས་རིག་བསྲེས་ལ་རང་ངོ་བསྐྱངས། བུམ་ཅན་བཟུང་མ་ནུས་ན་བར་རླུང་བཟུང་སྟེ་ཧྲཱིཿཡིད་དམ་ཤུབ་བུའི་བཟླས་པ་བྱ་བ་རྫོགས་རིམ་གྱི་སྙིང་པོ་དང༌། ཐུན་མཐར་ཚེ་གཟུངས་ཀྱང་ཅུང་ཟད་བཟླ་བ་དང༌། གསུམ་པ་ཐུགས་ཀྱི་རྣལ་འབྱོར་ནི། སྣོད་བཅུད་འོད་ཞུ་རང་ལ་ཐིམ༔ རང་ཡང་མི་དམིགས་འོད་གསལ་ངང༔ སྐད་ཅིག་ཆུ་ལས་ཉ་ལྡང་གིས༔ ཚེ་མཐའ་ཡས་པའི་སྐུ་རུ་གྱུར༔ རྗེས་རིམ་བསྔོ་སྨོན་ཤིས་པ་བརྗོད། དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་བསྒྲལ་ནས། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་གསལ། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ལམ་འདིར་སྔོན་སྨོན་གྱི་འབྲེལ་བའི་བརྟན་མཁས་ཡོན་ཏན་གྱིས་ཐུགས་རྒྱུད་མངོན་པར་མཛེས་པའི་འཁྲུལ་ཞིག་མཆོག་སྤྲུལ་དྷརྨ་མ་ཏིའི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་གསུང་བསྐུལ་ནན་བསྐྱར་གནང་བ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ས་བྱ་གནམ་ལོ་གསར་ཚེས་ཀྱི་འཛུམ་དཀར་གྲོལ་བའི་གནས་དུས་ཀྱི་རྟེན་འབྱུང་དགེ་བའི་ཆར་བྲིས་པ་འགྲོ་ཀུན་འཆི་མེད་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་དུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །བཛྲ་ཨཱ་ཡུ་ཏིཥྛནྟུ། དགེའོ།། །།
[edit]

@#/__/pad+ma tshe yi snying thig las/_/yang zab rgyun gyi rnal 'byor 'chi med srog tig bzhugs/_/ @#/__/'chi med rtsa gsum lha la 'dud/_/de nyid sgrub thabs snying po la/_/sngon dngos rjes kyi rim pa las/_/thog mar brgyud pa'i gsol 'debs ni/_/tshe 'od dpag med slob dpon dze tA ri/_/pad 'byung bi ma mtsho rgyal man+d+ha ra/_/mdo sngags gling pa tshe dbang grub pa rtsal/_/chos kyi blo gros rtsa gsum tshe yi lhar/_/gsol ba 'debs so smin grol yongs rdzogs nas/_/tshe dang ye shes rgyas par byin gyis rlobs/_/de nas skyabs sems chig dril ni/_na mo/_bdag ni deng nas byang chub bar:_bla ma dkon mchog skyabs su mchi:_nam mkha' mnyam pa'i sems can rnams:_bsgral phyir sems kyis dam bca' bzung:_lan gsum/_dngos gzhi bskyed bzlas rdzogs gsum las/_/dang po bskyed rim sku'i rnal 'byor/_oM ma hA shU n+ya tA dz+nyA na badz+ra swa b+hA wa At+ma ko\u0f85 haM:_chos kun gzod nas de bzhin nyid:_'chi med gnyug ma'i ye shes ngang:_kun snang snying rje'i ting 'dzin las:_rgyu yi yi ge hrIHdmar gsal:_de las sngags kyi sgra bsgrags pas:_snod bcud dngos 'dzin dbyings su sbyangs:_rang byung tshe yi dkyil 'khor dbus:_pad+ma nyi zla'i steng du hrIH_yongs gyur pad+ma tshe dpag med:_dbang mdog mnyam bzhag tshe bum 'dzin:_longs sku'i chas rdzogs rdo rje'i skyil:_dgyes yum pad phreng bum 'dzin sbyor:_gnas lngar rigs lnga'i tshe bdag lnga:_rtsa 'dab tshe yi mgyogs ma gsal:_thugs ka'i phyogs mtshams rigs bzhi dang:_kun gzigs yon tan ye shes dang:_mi g.yo tshe dpag kun dmar gsal:_dbang po sgeg sogs lha mo brgyad:_yan lag sgo ma tshe'i lha tshogs:_gdod nas rdo rje'i lus la rdzogs:_zhes rang nyid ngo bo 'chi med pad+ma 'byung gnas la rnam pa rigs 'dus tshe dpag med gsal ba rig 'dzin bla ma/_gnas lngar rigs lnga tshe dpag med yab yum gsal ba yi dam rigs lnga'i tshe sgrub/_rtsa 'dab rnams su tshe yi mgyogs ma gsal ba mkha' 'gro'i tshe sgrub/_thugs kar tshe dpag med brgyad phyi sgrub dze tA ri'i lugs kyi tshe sgrub bcas phyi nang gsang ba ltar rtsa gsum tshe yi dkyil 'khor chig rdzogs su gsal btab la/_gnyis pa gsung mchog bzlas pas sgrub/_thugs kar pad+ma'i lte bar hrIH_sngags phreng rang sgra sgrogs pa'i 'od:_spro bsdus 'khor 'das tshe'i dwangs ma:_rang gi bla tshe nyams khyar yar:_brkus 'phrog bcom pa thams cad bsdus:_dwangs mas tshe dpal nyams rtogs bskyed:_mi 'gyur tshe dang ye shes kyi:_snang ba mchog tu rgyas par bsam:_zhes pa'i spro bsdu dang bcas/_oM badz+ra A yu She swA hA:_zhes yid rtse gcig pas bzla/_thun mthar snying dbus pad+ma'i ge sar hrIHrang sgra can la sems gtad nas rlung ro bsal/_brtan g.yo srid zhi'i dwangs bcud 'od lnga'i rnam par sna bug nas zhugs snying ga'i hrIHla thim par bsam la rlung bum can bzung ste dbyings rig bsres la rang ngo bskyangs/_bum can bzung ma nus na bar rlung bzung ste hrIHyid dam shub bu'i bzlas pa bya ba rdzogs rim gyi snying po dang*/_thun mthar tshe gzungs kyang cung zad bzla ba dang*/_gsum pa thugs kyi rnal 'byor ni/_snod bcud 'od zhu rang la thim:_rang yang mi dmigs 'od gsal ngang:_skad cig chu las nya ldang gis:_tshe mtha' yas pa'i sku ru gyur:_rjes rim bsngo smon shis pa brjod/_dge ba 'di yis bdag sogs 'gro ba kun/_/'chi bdag la sogs bdud bzhi rnam bcom ste/_/skye rga na 'chi'i mtsho chen las bsgral nas/_/mgon po tshe mtha' yas pa thob par shog_/'chi med tshe yi dpal la longs spyod cing*/_/rig pa'i blo dang rnam dpyod shes rab gsal/_/srid dang zhi ba'i dpal 'byor gang lags pa/_/de kun lhun gyis grub pa'i bkra shis shog_/ces pa'ang lam 'dir sngon smon gyi 'brel ba'i brtan mkhas yon tan gyis thugs rgyud mngon par mdzes pa'i 'khrul zhig mchog sprul d+harma ma ti'i thugs dam rgyun gyi nyams bzhes su gsung bskul nan bskyar gnang ba bzhin pad+ma gar dbang 'od gsal mdo sngags gling pas sa bya gnam lo gsar tshes kyi 'dzum dkar grol ba'i gnas dus kyi rten 'byung dge ba'i char bris pa 'gro kun 'chi med ye shes rdo rje'i gsang ba gsum du mngon par byang chub pa'i rgyur gyur cig_/badz+ra A yu tiSh+Than+tu/_dge'o//__//

Footnotes

Other Information