JKW-KABAB-01-KA-011: Difference between revisions
From Khyentse Lineage - A Tsadra Foundation Project
m (Text replacement - "|editor=rdzong sar blo gros phun tshogs" to "") |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 6: | Line 6: | ||
|fulltitle=dpal rdo rje sems dpa' thugs kyi sgrub pa'i bsnyen sgrub phrin las kyi cho ga rnam grol lam bzang | |fulltitle=dpal rdo rje sems dpa' thugs kyi sgrub pa'i bsnyen sgrub phrin las kyi cho ga rnam grol lam bzang | ||
|citation=[['jam mgon kong sprul]]. ''Dpal rdo rje sems dpa' thugs kyi sgrub pa'i bsnyen sgrub phrin las kyi cho ga rnam grol lam bzang''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 1: 449-552. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |citation=[['jam mgon kong sprul]]. ''Dpal rdo rje sems dpa' thugs kyi sgrub pa'i bsnyen sgrub phrin las kyi cho ga rnam grol lam bzang''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 1: 449-552. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | ||
|collectiontitletib=མཁྱེན་བརྩེའི་བཀའ་བབས་ | |||
|collectiontitle=mkhyen brtse'i bka' babs | |collectiontitle=mkhyen brtse'i bka' babs | ||
|author='jam mgon kong sprul | |author='jam mgon kong sprul | ||
|authortib=འཇམ་མགོན་ཀོང་སྤྲུལ་ | |||
|sourcerevealer=Gter bdag gling pa 'gyur med rdo rje | |sourcerevealer=Gter bdag gling pa 'gyur med rdo rje | ||
|sourcerevealertib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ | |sourcerevealertib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ | ||
|editortib= | |editor=phun tshogs rnam rgyal | ||
|editortib=ཕུན་ཚོགས་རྣམ་རྒྱལ་ | |||
|tibgenre=Activity Manual - las byang, Recitation Manual - bsnyen yig, Revelations - gter ma, Ritual and Liturgical Texts - cho ga phyag len, Sadhanas - Evocation Ritual - sgrub thabs | |tibgenre=Activity Manual - las byang, Recitation Manual - bsnyen yig, Revelations - gter ma, Ritual and Liturgical Texts - cho ga phyag len, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|transmissiontype=bka' ma - Oral Transmission | |transmissiontype=bka' ma - Oral Transmission | ||
|deity=rdo rje sems dpa' | |deity=rdo rje sems dpa' | ||
|cycle= | |cycle=dpal rdo rje sems dpa' thugs kyi sgrub pa | ||
|cycletib=དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ | |cycletib=དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ | ||
|language=Tibetan | |language=Tibetan | ||
|volumenumber=001 | |volumenumber=001 | ||
|volnumtib=༡ | |volnumtib=༡ | ||
Line 34: | Line 33: | ||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' babs | |versonotes=mkhyen brtse'i bka' babs | ||
|colophontib=* '''Author colophon:''' །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ། །ཅེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་གཞུང་དང༌། རྒྱལ་སྲས་རིན་རྣམ་ལྷན་ཐབས་བཅས་བློ་དམན་དཔེ་ཁྱེར་མཁན་ལ་ཕན་པའི་སླད་དུ་ནག་འགྲོས་སུ་བསྡེབས། གསལ་བྱེད་ཕྲན་བུས་ཀྱང་བརྒྱན་ཏེ་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། | |colophontib=* '''Author colophon:''' །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ། །ཅེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་གཞུང་དང༌། རྒྱལ་སྲས་རིན་རྣམ་ལྷན་ཐབས་བཅས་བློ་དམན་དཔེ་ཁྱེར་མཁན་ལ་ཕན་པའི་སླད་དུ་ནག་འགྲོས་སུ་བསྡེབས། གསལ་བྱེད་ཕྲན་བུས་ཀྱང་བརྒྱན་ཏེ་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། | ||
* '''Editor colophon:''' །ཕྱིས་སུ་རྒྱ་གར་ནས་སྣུམ་དཔར་དུ་བཏབ་པ་ཞིག་དང་ཨ་འཛོམས་དང་རྫོགས་ཆེན་གྱི་ཤིང་དཔར་དུ་འཇམ་མགོན་རིན་པོ་ཆེའི་ཆོག་སྒྲིགས་ལ་ནག་འགྲོས་སུ་མཛད་འདུག་མོད་བདག་དབང་དང་བྱང་དབང་གི་སྐབས་སུ་ནོར་བ་དཔེར་ན་ཡེ་ཤེས་པ་དབབ་པའི་རྗེས་སུ་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བཞག་འདུག་པ་ལྟ་བུ་ཡིན།དེས་ན་མཁྱེན་བརྩེའི་བཀའ་བབས་བསྐྱར་བསྒྲིག་སྐབས་འཇམ་མགོན་ཀོང་ཆེན་པའི་ཡིག་ཆ་ཉིད་ལ་བཏུག་ནས། བདག་འཇུག་གི་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་མི་དགོས་པ་དང༌། བྱང་དབང་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གྲུབ་རྗེས་ཡེ་ཤེས་དབབ་པ་བཞག་པ་ཡིན། སྡོམ་བཟུང་ལ་བདག་དབང་སྐབས་དགོངས་གསོལ་མི་དགོས་པ་ཡིན་སྣང་ཡང་བྱས་ཀྱང་འགལ་བ་མེད་སྙམ་བཅས་ཕུན་ཚོགས་རྣམ་རྒྱལ་པས་སོ།། །། | * '''Editor colophon:''' །ཕྱིས་སུ་རྒྱ་གར་ནས་སྣུམ་དཔར་དུ་བཏབ་པ་ཞིག་དང་ཨ་འཛོམས་དང་རྫོགས་ཆེན་གྱི་ཤིང་དཔར་དུ་འཇམ་མགོན་རིན་པོ་ཆེའི་ཆོག་སྒྲིགས་ལ་ནག་འགྲོས་སུ་མཛད་འདུག་མོད་བདག་དབང་དང་བྱང་དབང་གི་སྐབས་སུ་ནོར་བ་དཔེར་ན་ཡེ་ཤེས་པ་དབབ་པའི་རྗེས་སུ་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བཞག་འདུག་པ་ལྟ་བུ་ཡིན།དེས་ན་མཁྱེན་བརྩེའི་བཀའ་བབས་བསྐྱར་བསྒྲིག་སྐབས་འཇམ་མགོན་ཀོང་ཆེན་པའི་ཡིག་ཆ་ཉིད་ལ་བཏུག་ནས། བདག་འཇུག་གི་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་མི་དགོས་པ་དང༌། བྱང་དབང་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གྲུབ་རྗེས་ཡེ་ཤེས་དབབ་པ་བཞག་པ་ཡིན། སྡོམ་བཟུང་ལ་བདག་དབང་སྐབས་དགོངས་གསོལ་མི་དགོས་པ་ཡིན་སྣང་ཡང་བྱས་ཀྱང་འགལ་བ་མེད་སྙམ་བཅས་ཕུན་ཚོགས་རྣམ་རྒྱལ་པས་སོ།། །། | ||
|colophonwylie=* '''Author colophon:''' dpal rdo rje sems dpa'i thugs kyi sgrub pa'i bsnyen sgrub phrin las kyi cho ga rnam par grol ba'i lam bzang zhes bya ba/__rig pa 'dzin pa 'gyur med rdo rje o rgyan smin grol gling gi bla brang chos 'khor lhun por sbyar ba'i yi ge pa ni dge sbyong blo gsal rgya mtshos bgyis pa'o/__/ces gter chen rin po ches mdzad pa'i gzhung dang/__rgyal sras rin rnam lhan thabs bcas blo dman dpe khyer mkhan la phan pa'i slad du nag 'gros su bsdebs/__gsal byed phran bus kyang brgyan te pad+ma'i rjes 'jug pad+ma gar dbang blo gros mtha' yas kyis tsA 'dra rin chen brag gi sgrub gnas su bgyis pa dge legs 'phel/__/ | |colophonwylie=* '''Author colophon:''' dpal rdo rje sems dpa'i thugs kyi sgrub pa'i bsnyen sgrub phrin las kyi cho ga rnam par grol ba'i lam bzang zhes bya ba/__rig pa 'dzin pa 'gyur med rdo rje o rgyan smin grol gling gi bla brang chos 'khor lhun por sbyar ba'i yi ge pa ni dge sbyong blo gsal rgya mtshos bgyis pa'o/__/ces gter chen rin po ches mdzad pa'i gzhung dang/__rgyal sras rin rnam lhan thabs bcas blo dman dpe khyer mkhan la phan pa'i slad du nag 'gros su bsdebs/__gsal byed phran bus kyang brgyan te pad+ma'i rjes 'jug pad+ma gar dbang blo gros mtha' yas kyis tsA 'dra rin chen brag gi sgrub gnas su bgyis pa dge legs 'phel/__/ | ||
* '''Editor colophon:''' phyis su rgya gar nas snum dpar du btab pa zhig dang a 'dzoms dang rdzogs chen gyi shing dpar du 'jam mgon rin po che'i chog sgrigs la nag 'gros su mdzad 'dug mod bdag dbang dang byang dbang gi skabs su nor ba dper na ye shes pa dbab pa'i rjes su sbyor ba sdig sgrib dag byed kyi dbang bzhag 'dug pa lta bu yin/des na mkhyen brtse'i bka' babs bskyar bsgrig skabs 'jam mgon kong chen pa'i yig cha nyid la btug nas/__bdag 'jug gi skabs sbyor ba sdig sgrib dag byed kyi dbang mi dgos pa dang/__byang dbang skabs sbyor ba sdig sgrib dag byed kyi dbang grub rjes ye shes dbab pa bzhag pa yin/__sdom bzung la bdag dbang skabs dgongs gsol mi dgos pa yin snang yang byas kyang 'gal ba med snyam bcas phun tshogs rnam rgyal pas so/ | * '''Editor colophon:''' phyis su rgya gar nas snum dpar du btab pa zhig dang a 'dzoms dang rdzogs chen gyi shing dpar du 'jam mgon rin po che'i chog sgrigs la nag 'gros su mdzad 'dug mod bdag dbang dang byang dbang gi skabs su nor ba dper na ye shes pa dbab pa'i rjes su sbyor ba sdig sgrib dag byed kyi dbang bzhag 'dug pa lta bu yin/des na mkhyen brtse'i bka' babs bskyar bsgrig skabs 'jam mgon kong chen pa'i yig cha nyid la btug nas/__bdag 'jug gi skabs sbyor ba sdig sgrib dag byed kyi dbang mi dgos pa dang/__byang dbang skabs sbyor ba sdig sgrib dag byed kyi dbang grub rjes ye shes dbab pa bzhag pa yin/__sdom bzung la bdag dbang skabs dgongs gsol mi dgos pa yin snang yang byas kyang 'gal ba med snyam bcas phun tshogs rnam rgyal pas so/ | ||
|personnotes=This text was written by 'jam mgon kong sprul based on the root text revealed by Smin gling gter chen and the supplementary instructions of Rin chen rnam rgyal. The final arrangement and typesetting was prepared by Phun tshog rnam rgyal. | |||
|rtzlink=Terdzo-GA-004-1 | |||
|pdflink=File:JKW-KABAB-01-KA-011.pdf | |pdflink=File:JKW-KABAB-01-KA-011.pdf | ||
}} | }} | ||
Line 44: | Line 44: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །།དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་ཆེན་བྱང་ཆུབ་སེམས་མཆོག་སྟོང་པའི་དངོས། །གཉིས་མེད་རོ་མཉམ་མཁའ་ཁྱབ་རྡོ་རྗེ་སེམས། །མ་ལུས་རིགས་ཀྱི་འཁོར་ལོའི་དབང་ཕྱུག་གཙོ། །བླ་མ་མཆོག་དང་དབྱེར་མེད་དེར་ཕྱག་འཚལ། །དཔལ་ལྡན་སངས་རྒྱས་ཀུན་གྱི་སྙིང་པོའི་གྲོང༌། །བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ། །གྲངས་མེད་རྣལ་འབྱོར་འཇུག་པའི་ཐབས་ཀྱི་མཆོག །རྣམ་པར་གྲོལ་བའི་ལམ་བཟང་དབྱེ་བར་བྱ། །དེ་ཡང་གཏེར་གཞུང་རྩ་བ་ལས། དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བྱ༔ ཞེས་གསུངས་པ་བཞིན་རྟེན་གྱི་གང་ཟག་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས། དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་དམ་ཚིགས་དང་ལྡན་པ། སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ཤིང་སྣོད་དུ་གྱུར་པ་དག་གིས་བླ་ན་མེད་པའི་དངོས་གྲུབ་མྱུར་དུ་འགྲུབ་པ་ནི་དམ་ཚིག་རྣམ་པར་དག་པ་ལ་རག་ལས་ཤིང༌། དེའི་ཐབས་ཀྱི་ཉེར་ལམ་ནི་འདི་ཁོ་ནའོ། །དེ་ལ་རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང༌། ཞུགས་པའི་ཆོ་ག་དངོས་དང༌། ཆོ་གའི་ཡན་ལག་གཞན་བཤད་དང་གསུམ་ལས། དང་པོ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི་གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར་གཏོར་མ་དཀར་ཟླུམ་རྒྱན་ལྡན་མཆོད་པ་དང་བཅས་པ་བཤམ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀོ྅ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམས་ལ། དེའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང༌། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱ་ཞིང༌། ཐོག་མཐའ་ཀུན་ཏུ་བསངས་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཏོར་མ་རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་དག་ལ། དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམ་ཞིང༌། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར། ཅེས་བཀའ་བསྒོས་ལ། བགེགས་རྣམས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་དྲག་སྔགས་ཐུན་བྲབ་སྤོས་རོལ་དང་བཅས་པས་བསྐྲད་ལ་སྲུང་བའི་འཁོར་ལོས་མཚམས་བཅད་ཅིང༌། དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག་དྲི་བཟང་དང་བདུད་རྩི་ལྔས་ཆག་ཆག་གདབ། དེ་ནས་ཐིག་སྐུད་ཐིག་ཆལ་དང་བཅས་པ་འདུ་བྱས། ཧཱུྃ་བཛྲ་དྷྲིཀ །རང་ཉིད་རྡོར་སེམས་སུ་གསལ་བའི་སྦྱོར་མཚམས་ནས་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ཐིག་སྐུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལྔ་དང་དབྱེར་མེད་པར་གྱུར། ཛཿཛཿཞེས་རྒྱལ་ཐེབས་ཡུམ་དུ་གསལ་བ་ལ་ཐིག་སྣ་གཏད། ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཞེས་བརྗོད་ཅིང་ཤར་ནུབ་ཀྱི་ཚངས་ཐིག་གདབ། དེ་བཞིན་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་པ་པད་རྡོར་མེ་ཕྲེང་གིས་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཕྱི་ནང་གི་མུ་ཁྱུད་དང་བཅས་པའི་ཐིག་སྤྱི་ལྟར་བཏབ། ཚོན་སྔར་བཞིན་ཡམ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས་ལ་སྔར་གྱི་ས་བོན་རྣམས་བརྗོད་པས་བྱིན་གྱིས་བརླབ། ཚོན་ཐོབ་ནི་པདྨའི་ལྟེ་བ་མཐིང་ག །གེ་སར་ཀྱི་མུ་ཁྱུད་སེར་པོ། འདབ་མ་རྣམ་པ་སྣ་ཚོགས་པ། མུ་ཁྱུད་ལྗང་གུ། སྒོ་ཁྱམས་ཕྱིན་ཆད་སྤྱི་དང་མཐུན་པར་བྲིའོ། །རྩ་བར་པདྨ་འདབ་མ་བརྒྱད་པ་ཁོ་ན་ལས་མ་བཤད་པ་ནི་སྒོས་ཀྱི་ཁྱད་ཆོས་དམིགས་སུ་བསལ་བ་ཡིན་གྱི་གཞན་སྒོམ་དོན་གྲུ་བཞི་སྒོ་བཞི་པ་ཡིན་པས་བྲིས་དཀྱིལ་ཀྱང་དེ་ལྟར་དགོས་པར་གྲུབ་བོ། །རྒྱན་དགྲམ་པ་ནི། སྒྲུབ་མཆོད་སྤྱི་ཙམ་ལ་དཀྱིལ་འཁོར་གྱི་དབུས་སུ་མན་ཤེལ་ཟུར་དྲུག་པ་དང༌། དབང་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་བུམ་པ་ནང་རྫས་མགུལ་ཆིངས་དང་བཅས་པའི་ཁར་ཐོད་པ་དུམ་བུ་གཅིག་པ་བདུད་རྩི་རིལ་བུ་སྦགས་པའི་ཆང་གིས་བཀང་བ་བཞག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རའི་རྡུལ་གྱིས་བྱུགས་ནས་ཆོས་འབྱུང་བསྣོལ་མ་མཱུཾ་ཡིག་དགའ་འཁྱིལ་དང་བཅས་བྲིས་པས་བཀབ་པའི་ཁར་སྔར་གྱི་ཤེལ་རྡོ་བཀོད། གང་ལྟར་ན་ཡང་དཀྱིལ་འཁོར་གྱི་མདུན་དུ་མཆོད་གཏོར། དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལ་སོགས་པའི་མཆོད་རྫས་བཟང་པོ་ཅི་འབྱོར་པས་བསྐོར། བླ་བྲེ་བ་དན་རྒྱལ་མཚན་སོགས་ཀྱིས་མཛེས་པར་བརྒྱན། ཚོགས་རྫས་རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་ག་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་གསུམ་གྱི་དང་པོ་སྔོན་གཏོར་ནི། རྣལ་འབྱོར་པ་རྣམས་སྟན་ལ་འཁོད་དེ། གཞི་བགེགས་ལ་གཏོར་མ་ས་ཆོ་ག་གི་སྐབས་བཞིན་འདིར་ཡང་བྱའོ། །གཉིས་པ་རྒྱུད་དག་པའི་ཕྱིར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་མཱ་ཛཿས་སྤྱན་དྲངས་པར་མོས་ལ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རང་༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་ལ་སོགས་པར་བརྗོད་ལ་བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། གསུམ་པ་མཆོད་རྫས་བྱིན་གྱིས་བརླབས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་མི་དམིགས་པར་སྦྱངས་ལ། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད་རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོག་གི་མ་ད་ན་དང་རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱང་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རོལ་མོ་བྱ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃཿ ཨོཾ་མ་ཧཱ་བ་ལིངྟ་ཨཱཿཧཱུྃཿཞེས་པ་རྣམས་རེ་རེ་བཞིན་ལན་བདུན་བདུན་བརྗོད་པས་ཁྱད་པར་གྱི་རྫས་རྣམས་བྱིན་གྱིས་བརླབ་ཅིང༌། བཛྲ་སྥ་ར་ཎ་ཁཾ་གིས་མཆོད་པའི་སྤྲིན་རབ་འབྱམས་ཡེ་ཤེས་ཀྱི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་ཆོ་གའི་དངོས་གཞི་ལ། སྒྲིབ་སྦྱོང་བསྙེན་པའི་རྣལ་འབྱོར་དང༌། ཚོགས་བསགས་སྒྲུབ་པའི་རྣལ་འབྱོར། བྱིན་རླབས་དབང་གི་རྣལ་འབྱོར་དང་གསུམ། བསྙེན་པའི་རྣལ་འབྱོར་ལ་བཞི་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱ་ཨཏྨ་ཀོ྅ཧཾ། འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེད་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང་༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང་༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང་༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བའོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ནི། །སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ། ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་ཏྲུྃ་བཛྲ་ཏུཥྱ་ཧོཿ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལ་མཆོད་བསྟོད་བཟླས་པའི་རྣལ་འབྱོར་དང་གསུམ་ལས་དང་པོ་ལ་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་གཉིས་ལ་དང་པོ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ལས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང་༔ དྲི་མཆོག་ཞལ་ཟས་རོལ་མོ་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ ཞེས་མཆོད་པ་སྤྲུལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་ཤབྡའི་བར་དང༌། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་པས་མཆོད་གཉིས་པ་ཁྱད་པར་གྱི་མཆོད་པ་ལས་སྦྱོར་མཆོད་ནི། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ སྨན་དང་རཀྟའི་མཆོད་པ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ རཱ་ས་ཡཱ་ན་སྨན་ཆེན་པོཿ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོཿ གཏོར་མའི་མཆོད་པ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་རྒྱ་ཆེར་མཆོད། གཉིས་པ་བསྟོད་པ་ནི། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ། གཞུང་རྩ་བར་དབང་བསྐུར་གྱི་རྗེས་ཉིད་དུ་བཟླས་པའི་རྣལ་འབྱོར་བྱེད་པར་གསུངས་པས་མཆོད་བསྟོད་མ་བྱས་ཀྱང་ཆད་པར་མི་འགྱུར་རོ། །གསུམ་པ་བཟླས་པའི་རྣལ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང་༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུསཿ སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཞེས་པའི་ཏིང་ངེ་འཛིན་གྱི་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་དག་དྲན་པ་རྣམས་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་པ་ཅི་ནུས་བཟླས་པའི་རྗེས་སུ་སླར་ཡང༌། ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོཥྱོ་མེ་བྷ་ཝ་སུ་པོཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ༔ ཞེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླའོ། །སྤྱིར་བསྙེན་ཚད་ནི་གྲངས་བསྙེན་གྱི་དབང་དུ་བྱས་ན་ཡི་གེ་དྲུག་པ་འབུམ་ཚོ་དྲུག་དང་ཡེ་གེ་བརྒྱ་པ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང༌། བཟླས་པའི་ཐུན་ཐམས་ཅད་ཀྱི་མཐར། ཨོཾ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ ཞེས་གསོལ་བ་གདབ་བོ། བཞི་པ་ཉེར་བསྡུའི་རྣལ་འབྱོར་ནི། ཉལ་བའམ་ཐུན་བསྡུ་བ་ན། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ༔ དེ་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ༔ དེ་ཡང་ཧཱུྃ་ལ་ཐིམ༔ ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག༔ ཉལ་བ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་ན་སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་ལངས་ལ་མཐར་དགེ་བ་བསྔོའོ། །གཉིས་པ་ཚོགས་བསགས་སྒྲུབ་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་ཚོགས་ཞིང་སྒྲུབ་པ་ནི། སྔར་གྱི་ཉེར་བསྡུའི་མཐའི་ཏིང་ངེ་འཛིན་གྱི་ངོ་བོ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ལས། །དེ་ལྟར་མ་རྟོགས་པའི་འགྲོ་བ་དྲུག་གི་ཡུལ་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་སྣང་བས་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པ་དང༌། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་མདངས་སེམས་ཉིད་ཧཱུཾ་དཀར་པོའི་རྣམ་པ་ཅན་དུ་གསལ་བར་བསྒོམས་ལ་དེའི་དོན་གསལ་འདེབས་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དྭངས་མའི་ཧཱུྃ་ལས་འོད་ཟེར་འཕྲོས༔ རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བས་ཕྱོགས་ཀུན་དཀྲིགས་པར་གྱུར། །དེའི་དབུས་སུ་གནས་པའི་རྒྱུའི་ཧཱུྃ་ཡིག་ལས་ཨེ་ཡྃ་རྃ་བྃ་ལྃ་སུྃ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། སུྃ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབས་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་པདྨའི་ཕྲེང་བ་དང་རྡོ་རྗེའི་ར་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧཱུྃ་དུ་གནས་པ་བཞུགས་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་སེམས་ཅད་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སྃ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཐིམ་པ་འོད་ཟེར་གྱི་གོང་བུར་གྱུར། ཨོཾ་བཛྲ་ས་ཏྭ་ཨཱཿ དེ་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བསྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅོད་པན་ཟི་ལྡིར་གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང༌། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དག་པ་ཆོས་ཀྱི་སྐུ་ལས་རྣམ་རོལ་གཟུགས་སྐུའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷའི་འཁོར་ལོ་གྲངས་མེད་པར་འཆར་ཞིང༌། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པ་རིས་མེད་པའི་སེམས་ཅན་གྱི་བསམ་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བར་བསམ་མོ། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་སོགས་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ། ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་ཊྲུྃ་བཛྲ་ཏུཥྱ་ཧོཿ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ཚོགས་བསགས་པའི་རྣལ་འབྱོར་དངོས་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ནི། ཚོགས་རྟེན་གྱི་ཐུགས་ཀ་ནས་རང་ཉིད་ལོགས་སུ་བྱེ་བས་ཕྱག་སོགས་ལས་རིམ་ལ་འཇུག་པར་མོས་ལ་རང་ལུས་གྲངས་མེད་པར་སྤྲུལ་པས་ཕྱག་འཚལ་བར་བསམ་ཞིང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་དུ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་དང་བཞི་ལས། དང་པོ་ཕྱི་མཆོད་ཀྱི་ཐོག་མར་མཆོད་སྤྲིན་སྤྱིར་སྤྲོ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་འབུལ་བ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞབས་བསིལ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པཱ་ཏྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མེ་ཏོག་བསམ་ལས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །བདུག་སྤོས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མར་མེ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །དྲི་ཆབ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། ཨོཾ་གུ་རུ་བཛྲ་ས་ཏྭ་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞལ་ཟས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ནཻ་བི་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །རོལ་མོ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་ནས་རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སབྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་རྡོ་རྗེ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྟ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ན་བཟའ་འབུལ་བ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་པྲ་ཏཱིཙྪ་སྭཱ་ཧཱ། །རྒྱན་འབུལ་བ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཀྱང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལངྐཱར་པྲ་ཏཱིཙྪ་སྭཱ་ཧཱ། ཡིད་བྱུང་གི་མཆོད་པ་འབུལ་བ། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །མཉེན་འཇམ་རེག་ན་བདེ་བ་དང༌། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་འབུལ། གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོཿ ཞེས་དང༌། གཉིས་པ་ནི། ཨོཾ་མཆོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལོངས་སྐུ་རྡོ་རྗེ་སེམས་དཔའི་ཞལ་དུཨོཾ་ཨཱཿཧཱུྃ། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་དུཨོཾ་ཨཱཿཧཱུྃ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་དུ༴ རིག་འཛིན་ཤྲཱི་སིཾ་ཧའི་ཞལ་དུ༴ སློབ་དཔོན་རྡོ་རྗེ་ཧཱུྃ་མཛད་ཞལ་དུ༴ པཎ་ཆེན་དྲི་མེད་བཤེས་གཉེན་ཞལ༴ ཨོ་རྒྱན་པདྨ་འབྱུང་གནས་ཞལ་དུ༴ ལོ་ཆེན་བཻ་རོ་ཙ་ནའི་ཞལ་དུ༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཞལ་དུ༴ རིག་འཛིན་འགྱུར་མེད་རྡོ་རྗེའི་ཞལ་དུ༴ གཞན་ཡང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ༴ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང༌། བཛྲ་ཨ་མྲྀ་ཏ་སྭ་དམ་ཀུ་རུ་ཥྭ་མེ། ཞེས་ལྕེ་ཐོག་ཏུ་མྱང༌། གསུམ་པ་གཏོར་མ་འབུལ་བ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་འབུལ། གསུམ་པ་གསང་མཆོད་ནི། ཕྱག་རྒྱ་དང་སྙོམས་འཇུག་གི་བདེ་བས་དགྱེས་དགུར་རོལ་པར་མོས་ལ། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཧ་བོདྷི་ཙིཏྟ་ཨ་ལ་ལ་ཧོཿ ཞེས་མཆོད། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བླ་ན་མེད་པའི་མཆོད་པའོ། །གསུམ་པ་བསྟོད་པ་ནི། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཡང་དག་ཡོན་ཏན་རྒྱ་ཆེན་ཏེ༔ ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་༔ གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར༔ ཅེས་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ། །བཞི་པ་ཛབ྄་བཟླ་བ་ནི། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བྱེ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྥ་ར་ཎ་ཕཊ། བདུན་བསྐྱེད་ཀྱི་དྭངས་མའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། དཀྱིལ་འཁོར་གྱི་ལྷ་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་དག །དངོས་གྲུབ་ཐམས་ཅད་ཐོབ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ་ཡི་གེ་དྲུག་པ་དང༌། ཡི་གེ་བརྒྱ་པ་སྔར་བཞིན་ཅི་ནུས་བཟླས་པའི་མཐར། ཨོཾ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ ཞེས་གསོལ་བ་བཏབ། སྐབས་འདིར་ལས་སྦྱོར་གྱི་བཟླས་པ་བྱ་བར་སྤྲོ་ན། དཀྱིལ་འཁོར་གྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམས་ལ། ཡི་གེ་བརྒྱ་པའི་ཤམ་བུར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཏགས་པ་བཟླས་ལ་བྱེ་ཡུངས་ལའང་ཕུས་གདབ། ལས་སྦྱོར་བཟླས་པ་ཡོད་མེད་གང་ལྟར་མཐར། གཙོ་བོ་རྡོ་རྗེ་སེམས་དཔའི་ཞལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ་ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས་རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆགས་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆགས་ཐམས་ཅད་བསྐངས་ཏེ་ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །དབང་བསྐུར་གནས་ལུང་སོགས་དང་སྦྲེལ་ན་བུམ་པའི་ཛབ྄་ཕྱེ་སྟེ། སྐྱེད་ཆོག་ནི་མདུན་བསྐྱེད་དང་དབྱེར་མེད་ཡིན་པས་ཟུར་དུ་མི་དགོས་ལ། བཟླས་པ་ནི། བུམ་པའི་གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང༌། ལྷ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད་སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་ཡིག་བརྒྱ་ཅི་ནུས་བཟླས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་ཆུ་བདུད་རྩིར་བསམ་མོ། ལྔ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༌། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་པ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༌། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༌། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང༌། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། ཧཱུྃ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༌། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང༌། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༌། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུངས་བ་དང༌། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༌། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༌། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང༌། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༌། །ཉམས་ལ་མི་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང༌། །གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང༌། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང༌། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ་མོ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང༌། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོའོ། །དྲུག་པ་དམ་བཅའ་བ་ནི། རྒྱས་པར་ན་རྡོ་རྗཻ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང༌། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང༌། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང༌། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུར་སྟོང་དུ་བདག་གི་ལུས་གཏུབས་ཀྱང༌། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང༌། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤོང༌། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང༌། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང༌། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲཽ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་སྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང༌། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང༌། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང༌། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང༌། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང༌། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་ཚོགས་མེད་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། བསྡུ་ན། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་ལྷག་པའི་བསམ་པ་རྩེ་གཅིག་པས་དམ་འཆའོ། །བདུན་པ་ནི། སྐོང་གི་ཆོ་ག་བྱ་བར་སྤྲོ་ན། སྐོང་ཆེན་ལྔ་དག་གྱུར་དང་བཅས་པ་དོང་སྤྲུགས་ཀྱི་ཆོ་གར་བཤད་པ་བཞིན་སྐབས་འདིར་བྱ་སྟེ། སྨན་གཏོར་རཀྟ་མར་མེ་རྣམས་ལྷ་གྲངས་སམ། གཏོར་མ་དཀར་དམར་གཉིས་དང་སྨན་རག་མར་མེ་སྣ་རེ་ཙམ་བསྣན་པས་ཀྱང་རུང་ལ། གང་ལྟར་ཀྱང་སྐོང་བ་བྱ་བ་ལ་བདུན་ལས། །དང་པོ་རྟོགས་སྐོང་ནི། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རོ་མཉམ་པར་བལྟས་ལ། ཧཱུྃ། བསྐང་ངོ་ཀལྤས་ཐུགས་དམ་བསྐང༌། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང༌། །སྣང་བ་ཡེ་ཤེས་ཀློང་དུ་བསྐང༌། །གསལ་བ་ཤེས་རབ་ཀློང་དུ་བསྐང༌། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང༌། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང༌། །འགག་པ་མེད་པའི་མཁའ་ལ༴ །སྐྱེ་འགག་གཉིས་མེད་ཀློང་དུ༴ །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། གཉིས་པ་བདུད་རྩིས་སྐོང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིའི་ཐུགས་དམ་བསྐང༌། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བསྐང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང༌། །གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༌། །མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང༌། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང༌། །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང༌། །བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གསུམ་པ་གཏོར་མས་སྐོང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང༌། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་སྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ཉི་ཟླ་ཁ་སྦྱོར་གཏོང་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་སྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་སྩལ། །ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་སྣང་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་ཁྲོལ་ཛ་གད་སྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཞི་པ་རཀྟས་སྐོང་བ་ནི། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང༌། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ལྔ་པ་སྒྲོན་མེས་སྐོང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང༌། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ །ཨ་བ་དྷུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ །མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། །ཤེས་རབ་འབྲུ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ སྒྲོན་མེ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །དཱི་པ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་ཨེ་ཧོཿཤུདྡྷེ་ཤུདྡྷེ། ཡྃ་ཧོཿཤུདྡྷེ་ཤུདྡྷེ། བྃ་ཧོཿཤུདྡྷེ་ཤུདྡྷེ། ལྃ་ཧོཿཤུདྡྷེ་ཤུདྡྷེ། རྃ་ཧོཿཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཆགས་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིམ་པ་ལན་བདུན་དུ་བྱའོ། །དྲུག་པ་ཞི་བ་གནས་དག་གི་སྐོང་བ་ནི། ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང༌། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང༌། །ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི་ཐུགས་དམ་བསྐང༌། །འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི་ཐུགས་དམ་བསྐང༌། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང༌། །རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང༌། །ལུས་ཀྱི་ཆོས་བཞི་གནས་དག་པ། །ཁྲོ་བོ་བཞི་ཡི་ཐུགས་དམ་བསྐང༌། །རྟག་ཆད་མུ་བཞི་གནས་དག་པ། །ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང༌། །ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང༌། །བདུན་པ་ཁྲོ་བོ་གནས་འགྱུར་གྱི་སྐོང་བ་ནི། ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང༌། །ཉོན་མོངས་དུག་ལྔ་གནས་གྱུར་པ། །ཁྲག་འཐུང་ཡབ་ལྔའི་ཐུགས་དམ་བསྐང༌། །འབྱུང་བ་ལུས་ལྔ་གནས་གྱུར་པ། །ཁྲག་འཐུང་ཡུམ་ལྔའི་ཐུགས་དམ་བསྐང༌། །རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀ་བཞིའི་ཐུགས་དམ་བསྐང༌། །སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི་ཐུགས་དམ་བསྐང༌། །རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། །ཁྲོ་མོ་བརྒྱད་ཀྱི་ཐུགས་དམ་བསྐང༌། །རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང༌། །རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོ་མ་བཞི་ཡི་ཐུགས་དམ་བསྐང༌། །སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད་ཐུགས་དམ་བསྐང༌། །མི་ཤིགས་སྐུ་ཡི་ཐུགས་དམ་བསྐང༌། །འགག་མེད་གསུང་གི་ཐུགས་དམ་བསྐང༌། །འགྱུར་མེད་ཐུགས་ཀྱི་ཐུགས་དམ་བསྐང༌། །ཡོན་ཏན་མི་ཟད་ཐུགས་དམ་བསྐང༌། །ཕྲིན་ལས་རྒྱན་གྱི་ཐུགས་དམ་བསྐང༌། །ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང༌། །ཉམས་ཆག་ཐམས་ཅད་སྐོངས་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། ཞེས་པས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་ཐམས་ཅད་འཁོར་གསུམ་མི་རྟོག་པ་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་བའོ། །གསུམ་པ་བྱིན་རླབས་དབང་གི་རྣལ་འབྱོར་ལ་གཉིས་ལས། དང་པོ་རང་དོན་བདག་འཇུག་ནི། བདག་གི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་པ་དབང་ལེན་བྱའི་ཡུལ་ལ། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་པ་སྟེ། དང་པོ་ཇི་ལྟར་བལྟམས་པ་སོགས་ཁྲུས་བྱས། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་ལན་གསུམ་གསོལ་བ་བཏབ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རང་༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཞེས་ཡན་ལག་བདུན་གྱིས་ཚོགས་བསག །སྡོམ་བཟུང་ནི། རྒྱས་པར་ན་སྡོམ་པ་གསུམ་སྔར་ཐོབ་ལ་དམིགས་སུ་སྨོས་པའི་གསོ་སྦྱང་དང་གསར་འཇུག་གི་དམིགས་ཕྱེད་པའི་དོན་དུ། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་རྡོར་སེམས་ཞེས་བགྱི་བས། །དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླངས་མི་བྱ། །འཁྲིགས་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤངས་བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ལན་གསུམ་གྱིས་སོ་ཐར། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་རྡོར་སེམས་ཞེས་བགྱི་བས། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་གྱིས་བྱང་སྡོམ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབྱུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྔགས་སྡོམ་བཅས་སོ་སོ་རྒྱས་པའམ། བསྡུ་ན། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ཞེས་པས་སྡོམ་པ་བཟུང༌། བདག་འཇུག་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་མི་དགོས་པས་ཡེ་ཤེས་པ་དབབ་པ་ནི། ལུས་གནད་ཆོས་བདུན་ལྡན་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང༌། དམིགས་གནད་རང་ཉིད་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ༔ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧཿཛྷཻཾ༔ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབས་པ་ན། ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ། སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་བས། ལུས་ཀྱི་དྲི་མ་དག་ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཨཱཿ མཚན་ལྡན་རྡོ་རྗེའི་ཀཱ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང༌། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ནི། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷཱུ་རའི་མཎྜལ་ཅན་སློབ་མའི་ལག་ཏུ་གཏད། ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུགས་པས། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་བསམས་ལ། ཧཱུྃ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་བཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང༌། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བཞི་པ་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པའི་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཧོཿ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང་༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལས་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ ཞེས་པས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་རང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་པ་བསྐུར་བས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང༌། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམས་ལ་ཡང་སྙིང་ལན་བདུན་ཡིག་བརྒྱ་ལན་གསུམ་བརྗོད་ལ་བསྒོམ་བཟླས་ཀྱི་དམ་བཅའ་བླང༌། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། ཅེས་དམ་བཅས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང་གཏང་རག་གི་མཎྜལ། ས་གཞི་སྤོས་ཆུ་སོགས། འབུལ་བར་བྱའོ། །གཞན་ལ་དབང་བསྐུར་བ་དང་འབྲེལ་ན་སྤྲོས་པ་འཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾ་བཛྲ་ས་མ་ཡ་ཨཱཾ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམས་ཏེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭྃ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། དབང་བསྐུར་གྱི་ཚེ་བདག་འཇུག་རྒྱས་པར་བླངས་ཀྱང་གནང་བ་ཞུ་བ་ནི་ངེས་པར་བྱ་དགོས་སོ། །གཉིས་པ་གཞན་དོན་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ནི་ལོགས་སུ་འབྱུང་བ་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བཞི་ལས། དང་པོ་ཚོགས་མཆོད་ནི། དམ་རྫས་སུ་འོས་པའི་བཟའ་བཏུང་གི་ཡོ་བྱད་མངོན་པར་བཤམས་ལ། བསང་ཆུ་དང་བདུད་རྩིས་གཏོར་ནས། ཨོཾ་སརྦ་དྲ་བྱམ་བི་ཤོ་དྷ་ནི་ཧཱུཾ་ཕཊ། རྃ་ཡྃ་ཁྃ། རང་གི་ཐུགས་ཀའི་ཧཱུྃ་ལས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟཾཿ ཞེས་སྤྱན་དྲངས། ཨོཾ་གུ་རུ་བཛྲ་ས་ཏྭ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང༌། ཨོཾ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤཱཔྡ། གནྡྷེ། ར་ས། སྤརྴེ་སོགས་ཉེར་སྤྱོད་འདོད་ཡོན་གྱིས་སྤྱི་མཆོད་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི༔ གུས་པའི་བློ་ཡིས་འབུལ་ལགས་ན༔ དགྱེས་པའི་གར་གྱིས་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ བར་བ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བསྟབ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། །ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ནས། ནྲྀ་ཡྃ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡྃ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་རྟེན་ལ་བཀུག །ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང༌། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །སརྦ་དུཥྟཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གནད་ཀྱི་ངེས་པ་ཇི་ལྟ་བས་བསྒྲལ་བའི་ཤ་ཁྲག་བདུད་རྩིར་སྤེལ་བ་སྟོབས། དུག་ལྔས་གཟིར་ཞིང་མནར་བ་དང༌། །གདུག་ཅིང་གཏུམ་པའི་སེམས་ཅན་རྣམས། །བདག་མེད་དབྱིངས་སུ་བསྒྲལ་བའི་རྫས། །འདོད་ཡོན་དམ་ཚིག་ཆེན་པོར་འབུལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ། ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམས་པར་གྱུར། ཅེས་བསྒྲལ་མཐར་སྦྱོར་བའི་དམ་ཚིག་གི་དགྱེས་པ་བསྐྱེད་ནས། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་སླར་ཡང་རྡོར་སེམས་སུ་ང་རྒྱལ་འཕོ། ཚོགས་ལ་རོལ་བ་ནི། ཐལ་མལ་གྱི་རྟོག་པའི་འཆིང་བ་གྲོལ་ཕྱིར། བརྡ་དང་བརྡའི་འབུལ་ལེན་ནི། ལས་རྡོར་གྱིས་ཕྱག་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་རྫས་བསྣོལ་མར་བཟུང་ལ། ཧོཿ ཆོས་དབྱིངས་བྷཉྫར་སྣང་སྲིད་བདུད་རྩིར་བསྐྱིལ། །རྡོ་རྗེའི་བཅུད་ལྡན་མི་ཟད་ལོངས་སྤྱོད་དང༌། །ཛ་གད་གར་མཆོད་སྒེག་མཛེས་རྫས་མཆོག་འབུལ། །ལྷུན་གྲུབ་བདེ་ཆེན་ཀློང་རོལ་དཔའ་བོ་ཆེ། །ཞེས་བརྗོད་ཅིང་འབུལ། །སློབ་དཔོན་གྱིས་པད་ཀོར་སྔོན་འགྲོས་རྩེ་གསུམ་གྱི་རྒྱ་དང་བཅས། ཨེ་མ་ཧོཿ །འདོད་ཡོན་མ་སྤངས་ཟག་བྲལ་ཐབས་ཤེས་རྫས། །ཡིད་བཞིན་གཏེར་མཛོད་གུ་ཧྱའི་ལོངས་སྤྱོད་རྣམས། །བདག་ལུས་འཛིན་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར། །བདེ་ཆེན་རོ་གཅིག་ངང་དུ་བླངས་ཏེ་རོལ། །ཞེས་བརྗོད་ལ་ལེན་པའི་དམ་ཚིག་བསྲེ་བ་སྔོན་དུ་བཏང་ནས་རང་ལུས་ཀྱི་དཀྱིལ་འཁོར་ནང་གི་སྲེག་བླུགས་ཀྱིས་ཚིམས་པར་རོལ། །ཆ་གསུམ་གྱི་ཆོ་ག་སྤྲོ་ནའང་འདིར་བྱ། ཚོགས་ལ་རོལ་རྗེས། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར། །མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས། །ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང༌། །འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག །ཅེས་སྨོན་ལམ་བཏབ། ལྷག་མ་རྣམས་བསྡུས་སློབ་དཔོན་གྱི་ཁ་ཕྲུ་བཏབ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་གྱིས་བརླབ་ལ། ཨེ་ཨཱ་རལླི་ཧྲིཾ་ཛཿཞེས་པས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་བྱོན་པ་ལ། ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ། སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ ལྷག་གཏོར་དབང་བའི་སྲུང་མ་རྣམས༔ འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྟ་བ་ལིངྟ་ཁཱ་ཧི༔ ཞེས་ཕྱི་རོལ་ཏུ་གནས་པའི་འབྱུང་པོ་དམ་ཚིག་ཟབ་མོ་ལྟ་བ་ལ་མི་དབང་བ་རྣམས་ལ་བྱིན་ནས་གསང་བ་མཆོག་གི་སྐལ་ལྡན་དུ་སྨོན་ལམ་གདབ། །གཉིས་པ་གཏོར་མ་གཏོང་བ་ནི། ཆོས་སྐྱོང་གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱིས་ཕྱི་ནུར་དུ་བཞག །སྨན་རག་སྒྲན། འབྲུ་གསུམ་གྱི་བྱིན་ཀྱིས་བརླབས་ལ་ཆད་ཐོས་འབུལ་བ་ནི། ཧཱུྃ། སྔོན་ཚེ་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །བདག་ནི་སློབ་དཔོན་དེ་ཡི་བརྒྱུད། །ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན། །སྔོན་ཚེ་ཁས་བླངས་བཀའ་མ་བཅག །ད་ལྟ་རིག་འཛིན་དམ་མ་དྲལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་གཏོར་མ་གཙང་སར་འབུལ། གཏོར་གཞོང་བཤལ་བའི་ཆུས་བརྟན་གཏོར་ལ་བྲན་ལ་འབྲུ་གསུམ་གྱིས་བྱིན་བརླབ་ལ། བྷྱོ། །སློབ་དཔོན་པདྨ་ཐོད་ཕྲེང་གི། །བཀའ་ཉན་མ་མོ་བརྟན་མའི་ཚོགས། །དམ་རྫས་དཔལ་གྱི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བརྟན་མ་བསྐྱང་ངོ༌། །འདི་དག་རིགས་མཐུན་གྱི་ཆོ་ག་གཞན་ནས་བླངས་ཏེ་བྱ་བར་གསུངས་པ་བཞིན་བྲག་དམར་ནས་བསབས་པའི་རྒྱུན་ཉིད་སོར་བཞག་གོ། །གསུམ་པ་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། སྭཱ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་ པཱཏྱཾ༴ པུཥྤེ༴ དྷུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནེ་བི་དྱ༴ ཤབྡ་ཨཱཿཧཱུྃ། སོགས་ཀྱིས་བྱིན་བརླབ། ཨོཾ་གུ་རུ་བཛྲ་ས་ཏྭ་ཨ་རྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་སྦྱར་ཏེ་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པ་སྔགས་མཆོད་ཙམ་གྱིས་ཕུལ་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདི་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ༔ དེ་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ༔ དེ་ཡང་ཧཱུྃ་ལ་ཐིམ༔ ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། ཅེས་དར་ཅིག་མཉམ་པར་བཞག །ཨོཾ་བཛྲ་ས་ཏྭ་ཨཱཿ སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། ཞེས་གནས་གསུམ་དུ་རྡོ་རྗེས་རེག་ཅིང་ཡི་གེ་འབྲུ་གསུམ་གྱིས་རྒྱས་བཏབ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་དང་སྤྱི་བོར་གོ་ཆའི་རྒྱ་བཅས་པས་བསྲུང༌། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བཟུང་ལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་མར་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །ཉིན་ཐ་མ་སོགས་དཀྱིལ་འཁོར་གཤེགས་གསོལ་བྱེད་ན་གཏང་རག་གི་མཆོད་བསྟོད་ནོངས་བཤགས་སྔར་བཞིན་གྱི་མཐར། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་ཀྱིས་ཡེ་ཤེས་པ་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། སྤྲུལ་པའི་དཀྱིལ་འཁོར་དམ་ཚིག་པ་སྔར་བཞིན་ཉེར་བསྡུ་བདག་སྲུང་རྣམས་བྱ་ཞིང༌། གཟུགས་བརྙན་གྱི་དཀྱིལ་འཁོར་སྤྱི་དང་མཐུན་པར་བསྡུའོ། །བཞི་པ་སྨོན་ལམ་གདབ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །གནས་སྐབས་ཀུན་ཏུ་དངོས་གྲུབ་མཆོག་སྒྲུབ་པའི། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ཚང་མེད་ལས་སྐྱེ་བ་འདིར། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་གྱུར་ཏེ། །བར་དོ་སྒྱུ་འཕྲུལ་དྲྭ་བའི་སྐུར་ལངས་ནས། །མཁའ་སྤྱོད་གནས་སུ་ཀུན་བཟང་སྤྱོད་པ་མཆོག །དཀའ་བ་མེད་པར་མྱུར་དུ་རྫོགས་པར་ཤོག །སྤྱོད་པ་རྒྱ་མཚོས་ཡེ་ཤེས་ས་ཀུན་རྫོགས། །གཞན་དོན་རིས་མེད་གདུལ་བྱའི་ཁམས་བཞིན་འཇུག །སྒྲིབ་བྲལ་མཁའ་མཉམ་ཟུང་འཇུག་རྡོ་རྗེའི་སྐུ། །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་དོན་གཉིས་ཀྱི་རྒྱུར་བསྔོ། །རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་དང༌། གཞན་ཡང་ཕུན་སུམ་ཚོགས་པའི་ཤིས་པ་རྒྱ་ཆེན་བརྗོད་པས་བདེ་ལེགས་སུ་བྱའོ། །གསུམ་པ་ཆོ་གའི་ཡན་ལག་བཤད་པ་ལ་གསུམ་ལས། དང་པོ་ཚེ་འདས་རྗེས་འཛིན་གནས་ལུང་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་བྲིས་པའི་ཁར་མིང་བྱང་སོགས་རྟེན་བཞག །སྦྱོང་ཆས་བྲབ་རྫས་ཟས་གཏད་སོགས་འོག་ཏུ་དགོས་པ་རྣམས་ཚང་བ་བྱས་ལ། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་སྦྱང༌། ཨོཾ་སརྦ་དྲ་བྱམ་བི་ཤོ་དྷ་ནི་ཧཱུཾ་ཕཊ་ཀྱིས་བསང། སྭཱ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། གཉིས་པ་རྣམ་ཤེས་དགུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ཞིང༌། ན་མོ། །རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་ལྡན་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྴ་ཡ་ཛཿ ཞེས་པས་རྣམ་ཤེས་དང༌། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བྃ་ཧོཿ རྣམ་ཤེས་ཨཱཿདཀར་པོའི་རྣམ་པས་རྟེན་ལ་བསྟིམ། གསུམ་པ་བགེགས་སྦྱང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ ཞེས་པ་ནས་གྲིཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། ན་མོ། །རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་ལྡན་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང༌། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དྲག་སྔགས་བཟླས་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོས་སྦྱོང་བའོ། །བཞི་པ་སྡིག་པ་སྦྱོང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང༌། ཏིལ་གཡས་གཡོན་གྱིས་མེར་བསྲེག་ཆུར་དོར་ལ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་པར་བསམ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་ཡིག་བརྒྱ་དང༌། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ། ཅེས་སོགས་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་པས། སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་དག་པར་བསམ་མོ། །ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང༌། ཇི་ལྟར་བལྟམ་པ་སོགས་དང༌། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང༌། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྡྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང༌། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་ཡིག་བརྒྱ་བཟླ་ཞིང་བཀྲུ། གཞན་ཡང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང༌། །བཟོད་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །སོ་སོའི་མཚམས་སུ་གཟུངས་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་ཁྲུས་བྱའོ། དྲུག་པ་དུག་སྦྱོང་བ་ནི། །བུམ་ཆུས་རྟེན་ལ་བྱབས་ཤིང༌། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱོང་ངོ༌། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སྐྱོབ་པ་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་སྦྱོང་ངོ༌། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་སྦྱོང་ངོ༌། །འབྱུང་བ་སོ་སོས་བྱབས་ཤིང༌། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། །མཱ་མ་ཀི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཞེས་དུག་སྦྱང༌། །བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། །ཚེ་འདས་དཀྱིལ་འཁོར་པ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲ་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བྱས་པའི་རྗེས་སུ། ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང༌། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲངས་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང༌། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཅེས་ལན་གསུམ་དུ་སྐྱབས་སུ་འགྲོར་འཇུག །བརྒྱད་པ་དབང་བསྐུར་བ་ནི། ཇི་ལྟར་བལྟམས་པ་སོགས་ཁྲུས་བྱ། ས་གཞི་སྤོས་ཆུ་སོགས་མཎྜལ་ཕུལ། ཨོཾ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ཞེས་ལན་གསུམ་གསོལ་བ་གདབ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རང་༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཞེས་ཡན་ལག་བདུན་ལྡན་གྱིས་ཚོགས་བསག །སྡོམ་བཟུང་རྒྱས་པར་སྤྲོ་ན་ཐོག་མར་སོ་ཐར་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །ཚེ་འདས་རྡོར་སེམས་ཞེས་བགྱི་བས། །དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླངས་མི་བྱ། །འཁྲིགས་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ལན་གསུམ། བྱང་སྡོམ་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །ཚེ་འདས་རྡོར་སེམས་ཞེས་བགྱི་བས། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རིགས་ལྔའི་སྡོམ་བཟུང་ནི། །སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཚེ་འདས་རྡོར་སེམས་ཞེས་བྱ་བས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེ་བའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྔགས་སྡོམ་བཅས་སོ་སོ་དང་སླར་རང་གཞུང་གིས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །ཚེ་འདས་རྡོར་སེམས་ཞེས་བགྱི་བས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་ནི། ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་དང༌། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད་ལ། ཚེ་ལས་འདས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུཿ ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པའི་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ་གསུམ་དུ་གསལ་བར་བསམས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་བསྲེགས་གཏོར་སྦྱངས་པར་བསམས་ལ། རྃ་སྥ་ར་ཎ་ཕཊ། ཡྃ་སྥ་ར་ཎ་ཕཊ། ཁྃ་སྥ་ར་ཎ་ཕཊ། ཅེས་སྦྱངས། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམས་ལ། ཨོཾ་སུ་ར་ཏ་སྟྭྃ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོཿསོར་མོ་བསྣོལ། བཛྲ་བྷནྡྷ་བྃ། ཞེས་བསྡམས་པས་རིག་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཅིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་བཟླས་ཉམས་ཀྱིས། །ན་རཀ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང༌། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་ད་ཧ་གོང་བཞིན་བཏགས་པས་བཀྲུས་ནས། ཚེ་ལས་འདས་པས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །དེ་ནས་ཡང༌། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་པྲེ་བསྲེགས་གཏོར་སྦྱངས་པར་བསམས་ལ། རྃ་སྥ་ར་ཎ་ཕཊ། ཡྃ་སྥ་ར་ཎ་ཕཊ། ཁྃ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭྃ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བྃ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཅིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་བཟླས་ཉམས་ཀྱིས། །པྲེ་ཏའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང༌། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་པ་ཙ་གོང་བཞིན་བཏགས་པས་བཀྲུས་ནས། ཚེ་ལས་འདས་པས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡེ་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་པྲེ་བསྲེགས་གཏོར་སྦྱངས་པར་བསམས་ལ། རྃ་སྥ་ར་ཎ་ཕཊ། ཡྃ་སྥ་ར་ཎ་ཕཊ། ཁྃ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭྃ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བྃ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བ་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བཀའ༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིརྻ་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་བར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཅིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་བཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང༌། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་རྒྱའི་མཐར་མ་ཐ་གོང་བཞིན་བཏགས་པས་བཀྲུས་ནས། ཚེ་ལས་འདས་པས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་ནི། ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པ་པཾ་བི་ཤོ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པཱ་ར་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ། ཞེས་བཟླས་མཐར། ཚེ་ལས་འདས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་བ་ངན་པ་དང༌། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ་བཅུད་ཁྱད་པར་ཅན་སྒྲུབ་པ་ལ་སྣོད་དག་པར་བྱེད་པ་བཞིན་ནོ། །དེ་ནས་ཡོན་ཏན་ཡར་འཕེལ་གྱི་དབང་གི་ཐོག་མར་ཡེ་ཤེས་དབབ་པ་ནི། ཚེ་ལས་འདས་པ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོར་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧཿཛྷཻཾ༔ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབས་པ་ན། ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ། སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པས་སྤྱི་བོར་བཞག་ཅིང་བུམ་ཆུ་བླུག་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་བས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཨཱ༔ མཚན་ལྡན་རྡོ་རྗེའི་ཀཱ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོདྷི་ཙིཏྟ་མ་ཧ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག་ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང༌། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ནི། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷུ་རའི་མཎྜལ་ཅན་གཏད་པའི་ཚུལ་དང༌། ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་མིང་བྱང་ལ་བྱུག་པས། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་བསམས་ལ། ཧཱུྃ་འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱོར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང༌། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བཞི་པ་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པའི་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཧོཿ ཐོག་མཐའ་མེད་པ་རིག་པའི་བཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང་༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལས་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷརྟུ་ཨ་ཏི་ཧོ༔ ཞེས་པས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་པ་བསྐུར་བས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང༌། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་ཚེ་ལས་འདས་པའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམས་ལ་ཡང་སྙིང་ལན་བདུན། ཡིག་བརྒྱ་ལན་གསུམ་བརྗོད་ལ་བསྒོམ་བཟླས་ཀྱི་དམ་བཅའ་བླང༌། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་བཅས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང༌། གཏང་རག་གི་མཎྜལ་ས་གཞི་སྤོས་ཆུ་སོགས་མཎྜལ་འབུལ་བར་བྱའོ། །དགུ་པ་ཟས་གཏད་པ་ནི། ཚེ་འདས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པའི་མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་ལ། རྒྱས་པར་སྤྲོ་ན། རཾ་ཡྃ་ཁྃ་སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་དངོས་པོ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ཟག་པ་མེད་པའི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བྱིན་བརླབས་ལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་ཤབྡ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་གནྡྷེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་ར་ས་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་སྤརྴེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དཀྱུས་ལ། བསྡུ་ན། རྃ་ཡྃ་ཁྃ། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱི་བརླབས་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང༌། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བསྔོ། བཅུ་པ་འཁོར་བར་མ་ཆགས་པར་གདམས་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིག་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་བཟུང༌། །བཅུ་གཅིག་པ་ལམ་བསྟན་པ་ནི། འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །བཅུ་གཉིས་པ་ལམ་སྦྱོངས་ནི། དཀོན་མཆོག་བདེན་པའི་བྱིན་རླབས་དང༌། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་མོ། །བཅུ་གསུམ་པ་བྱང་བུ་བསྲེག་པ་ནི། ནུབ་ཐ་མའི་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམས་ལ་མེ་སྦར་ཞིང༌། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང༌། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ༌། །ཡིག་བརྒྱའི་མཐར་ཨགྣི་ཛྭ་ལ་རཾ་ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་བར་བྱའོ། །སྐབས་འགའ་ཞིག་ཏུ་གསོན་པོའི་སྒྲིབ་སྦྱོང་ལ་ཡང་གནས་ལུང་གི་ཆོ་ག་འདི་ཉིད་སྦྱར་བར་བྱེད་མོད། སྤྱིར་ནི་གསོན་པོ་ལ་དམིགས་ཡུལ་ཉིད་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ཁོ་ན་སྐབས་དེའི་སྒྲིབ་སྦྱང་གི་ངོ་བོ་ཡིན་པས་དེ་ལྟར་བྱས་པས་འགྲུབ་ལ། འོན་ཀྱང་གནས་ལུང་གི་ཆོ་ག་དང་སྦྲེལ་བར་སྤྲོ་ན། དམིགས་བྱ་གམ་དུ་ཡོད་པ་ལ་ནི་རྟེན་བསྐྱེད་པ་དང་རྣམ་ཤེས་དགུག་པ་དོར་ལ། དེ་ཕྱིན་གྱི་བགེགས་སྦྱོང་བ་ནས་ལམ་སྦྱོང་བསྟན་གྱི་བར་ཚེ་འདས་ཞེས་པ་རྣམས་སྐལ་ལྡན་དུ་བསྒྱུར་ཅིང་གཞན་ཆོ་གའི་ཆིངས་སྔ་མ་ཁོ་ནས་ཤེས་པར་འགྱུར་བ་དང༌། བྱང་བུ་བསྲེག་པའི་དོན་དུ་དམིགས་བྱའི་སྐྲ་སེན་སོགས་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་ནས་སྲེག་སྦྱོང་བྱ། དམིགས་ཡུལ་ས་ཕྱོགས་གཞན་དུ་གནས་པ་ཡིན་ན་ནི། དམིགས་རྟེན་གྱི་བྱང་བུ་བཤམ་པ་དང་སྐྱེད་འགུགས་མཐར་བསྲེག་པ་སོགས་ཀྱང་བཤད་མ་ཐག་པ་ལྟར་བྱའོ། །འགའ་ཞིག་འདི་ལྟར་མི་རུང་བར་སེམས་པ་དག་མཆིས་མོད། དེ་ལྟར་ན་དགྲ་བོའི་ལིངྒ་ལ་རྣམ་ཤེས་བཀུག་ནས་ཁ་སྦྱོར་དབྱེ་བ་སོགས་མངོན་སྤྱོད་ཀྱི་ལས་རབ་འབྱམས་རྒྱལ་བས་རྒྱུད་སྡེ་རྣམས་སུ་གསུངས་པ་དོན་མེད་དུ་ཐལ། གསོན་པོའི་རྟེན་ཅན་ལ་གནོད་བྱེད་དུ་མི་འགྱུར་བའི་ཕྱིར། དེས་གནོད་བྱེད་དུ་འགྱུར་ན་འདིར་དམིགས་བྱ་གསོན་པོ་དངོས་དང་དེའི་རྟེན་ལ་རྣམ་ཤེས་དགུགས་ཅིང་སྡིག་སྒྲིབ་སྦྱོང་བ་དང༌། དབང་བསྐུར་བ་སོགས་ཕན་བྱེད་གྱི་ཆོ་གས་ཕན་པར་མི་འགྱུར་བའི་ངེས་པ་ཅི་ཞིག་ཡོད། །ཕན་གནོད་ཀྱི་བསམ་པ་དང་ཐབས་སོ་སོའི་འབྲས་བུ་འབྲེལ་པར་གྲུབ་པ་ཐམས་ཅད་མཁྱེན་པའི་ལུང་གིས་བསྟན་པའི་ཕྱིར། དེས་ན་ཆོ་ག་འདི་ལྟ་བུ་སྒྲུབ་པ་དག་ལ་ཀླན་ཀ་མི་བྱ་སྟེ་ཆོས་དང་མཐུན་པའི་རྒོལ་བ་མི་འཇུག་པའི་ཕྱིར་དང༌། གསོན་བྱང་གི་ཆོ་ག་དུ་མ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་འབྱུང་བས་སོ། ༈ །གཉིས་པ་སྦྱིན་སྲེག་གི་ཆོ་ག་ནི། གང་དུ་བྱ་བའི་གནས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོས། རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ་རྩ་སྔགས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབས་ནས་སྟོང་ཉིད་དུ་རྒྱས་བཏབ། ཐབ་སྟེགས་གྲུ་བཞི་པ་བ་བྱུང་གིས་བྱུགས་པའི་ཁར། བྲི་ཐབ་ལ་ཚངས་ཟུར་གྱི་ཐིག་བཏབ། རྒྱར་ཁྲུ་གང༌། མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ། ནང་དུ་ཆ་བྲན་གཅིག་པ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོར་བྱས་པའི་ཕྱིར་བ་བྱུང་འདུད་རྩི་ལྔ་དྲི་བཟང་དང་བཅས་པས་བྱུགས། མེ་ཏོག་དཀར་པོ་བཅལ་དུ་བགྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་དྲི་ཞིམ་པ་ཇི་ལྟར་རིགས་པ་བརྩིག །སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་མཆོད་རྫས་དང༌། གཡས་སུ་བསྲེག་རྫས་རྣམས་རིམ་པ་ཇི་ལྟ་བར་ཉིས་རིམ། མདུན་དུ་བསངས་ཆུ་རྡོར་དྲིལ་དགང་བླུགས་ནང་མཆོད་རྣམས་བཤམ། སློབ་དཔོན་ཆས་གོས་དཀར་པོ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད་དེ། ཆོ་ག་དངོས་ལ། བདག་བསྐྱེད་བཟླས་པའི་བར་སྔར་བཞིན་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། ཐུན་མཚམས་ཀྱི་ལྷའི་ང་རྒྱལ་ལ་གནས་པས་རྡོ་རྗེ་ཐབས་ཀྱི་རང་བཞིན་དང༌། དྲིལ་བུ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜེ་ཨཿ ཞེས་ལག་གཡོན་གྱི་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐུགས་ཀར་འཁྱུད་རྒྱ་བྱ་ཞིང༌། རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུའི་དམ་ཚིག་སྟེ། གོང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ངའོ་སྙམ་པས་དམ་ཚིག་གསུམ་དྲན་པར་བྱས། མཆོད་རྫས་རྣམས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བི་དྱ༴ ཤབྡ་ཨཱཿཧཱུྃ། སོགས་ཀྱིས་བྱིན་གྱིས་བརླབ། སྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་ཨོཾ་སྭཱ་ཧཱས་རྫས་རྣམས་འཁྲུ། ཡམ་ཤིང་ལ་ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ་ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ་ཨོཾ་ཛྲཱི་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེགས་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གཅིག་ལ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ལན་གསུམ་བཏགས་པ་བརྗོད། དེ་བཞིན་དུ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྟ་ཡ་སྭཱ་ཧཱ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རྱཻ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། འབྲུ་གསུམ་དང་རྫས་སྔགས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་དུ་བ་མེད་པར་འབར་བའི་མེ་གཡས་སུ་བསྐོར་ནས་ཐབ་དུ་བཅུག་ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣི་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་མར་ཁུའི་ཐིགས་པས་གསོ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་བརྗོད་པའི་ཀུ་ཤ ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་པས་ཐབ་ཀྱི་ཁར་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་དགྲམ། ཐབ་ཨོཾ་མ་ཧཱ་ཀྲོ་དྷི་ཤོ་རི་སརྦ་དྲ་བྱམ་ཤོ་དྷ་ཡ་ཧཱུྃ་ཕཊ་གྱིས་བསང༌། སྭ་བྷ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རཾ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང༌། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨགྣེ་ཡེ་ཨཱ་ཀརྴ་ཡ་ཛཿ ཞེས་པས་སྤྱན་དྲངས། ལས་སྔགས་ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣི་དེ་ཝ་ས་པཱ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང༌། ཨོཾ་ཨགྣི་དེ་ཝ་ས་པ་རི་བཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ་ཕུལ། ཨོཾ་ཨགྣེ་ཡེ་ས་མ་ཡ་སྟཾ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་དང༌། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟགས་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ་གཟར་བུ་ཁ་སྦྱར་ཏེ། ཨོཾ་ཨགྣ་ཡེ་དྭི་བྱ་དྭི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་གཡས་སུ་བསྐོར་ཞིང་ལན་གསུམ་དུ་དབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་དང་བཅས་པ་ལན་གསུམ་གྱིས་གསོལ་ཞིང་མེ་པྲ་བརྟག །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་སྒྲུབ་པ་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ༴ འགྲེའོ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད༴ །ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ༴ འབྲས། ཨོཾ་བཛྲ་པུཥྟཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ༴ གྲོ། ཨོཾ་བཛྲ་གྷསྨ་རྱཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ༴ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་རྫས་རྣམས་སོ་སོར་ཉེར་གཅིག་རེ་སོགས་འབུལ། གཞན་ཡང་བསྲེག་རྫས་ཅི་འབྱོར་པ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧ། ཞེས་དབུལ། དེ་ནས་ཡུངས་ཀར་ཐབ་དུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། བདག་གི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ལ། ཨོཾ་བཛྲ་ཛྭ་ལ་རཾ་གྱིས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། མེ་ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱམ་ཤྭ་དྷ་ཡ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས་བརྗོད་པས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རཾ་ལས་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། །ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེགས་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབས་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་པདྨའི་ཕྲེང་བ་དང་རྡོ་རྗེའི་ར་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧཱུྃ་དུ་གནས་པ་བཞུགས་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཐིམ་པས་འོད་ཟེར་གྱི་གོང་བུར་གྱུར། ཨོཾ་བཛྲ་ས་ཏྭ་ཨཱཿ དེ་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བསྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅོད་པཎ་ཟི་ལྡིར་གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང༌། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དག་པ་ཆོས་ཀྱི་སྐུ་ལས་རྣམ་རོལ་གཟུགས་སྐུའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷའི་འཁོར་ལོ་གྲངས་མེད་པར་འཆར་ཞིང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པ་རིས་མེད་པའི་སེམས་ཅན་གྱི་བསམ་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བར་བསམ་མོ། །དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་བ་སོགས་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་སཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ་ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་ཊྲུྃ་བཛྲ་ཏུཥྱ་ཧོཿ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་རྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །སྒྲུབ་མཆོད་དང་འབྲེལ་བ་ལ་ནི། མངོན་རྟོགས་ཀྱི། རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་བཀྲ་ལམ་གྱིས་གསལ་བར་གྱུར། ཨོཾ་ཕྱོགས་དུས་ཀུན་ན་སྔགས་བཅས་བརྗོད། སྒྲུབ་དཀྱིལ་ལས་མེ་ཏོག་གིས་མཚོན་པར་སྤོས་དང་རོལ་མོ་བཅས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཡིག་བརྒྱ་ཚར་གཅིག །ཐབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ནི་བླ་མ་དང་གཉིས་སུ་མེད་པའི་སོགས་ནས གསལ་བར་གྱུར། ཅེས་ཐབ་ཏུ་བཞུགས་སུ་གསོལ་ཞིང་གསལ་གདབ་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང༌། དང་པོ་ཕྱག་འཚལ་བ་ནི། རང་ལུས་གྲངས་མེད་པར་སྤྲུལ་ནས་ཕྱག་འཚལ་བར་བསམ་ཞིང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞི་ལས། དང་པོ་ཕྱི་མཆོད་ཀྱི་ཐོག་མར་མཆོད་སྤྲིན་སྤྱིར་སྤྲོ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ། ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་འབུལ་བ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞབས་བསིལ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པ་དྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མེ་ཏོག་བསམ་ལས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །བདུག་སྤོས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མར་མེ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །དྲི་ཆབ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་གནྜེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞལ་ཟས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ནེ་ཝི་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །རོལ་མོ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་ནས་རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སབྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་རྡོ་རྗེ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྟ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ན་བཟའ་འབུལ་བ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱན་འབུལ་བ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཀྱང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལངྐཱ་ར་པྲ་ཏིཙྪ་སྭཱ་ཧཱ། ཡིད་བྱུང་གི་མཆོད་པ་འབུལ་བ། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །མཉེན་འཇམ་རེག་ན་བདེ་བ་དང༌། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རང་ལ་མཛེས་པར་རྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་འབུལ། གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་ས་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོཿ ཞེས་དང༌། གཉིས་པ་མཆོད་པ་ནི། ཨོཾ་མཆོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ༴ ལོངས་སྐུ་རྡོ་རྗེ་སེམས་དཔའི་ཞལ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་དུ༴ རིགས་འཛིན་ཤྲཱི་སེང་ཧའི༴ སློབ་དཔོན་རྡོ་རྗེ་ཧཱུྃ་མཛད༴ པཎ་ཆེན་དྲི་མེད་བཤེས་གཉེན༴ ཨོ་རྒྱན་པདྨ་འབྱུང་གནས༴ ལོ་ཆེན་བཻ་རོ་ཙ་ནའི༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ༴ མངའ་བདག་ཁྲི་སྲོང་ལྡེའུ་བཙན༴ རིག་འཛིན་འགྱུར་མེད་རྡོ་རྗེའི༴ གཞན་ཡང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོ་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང༌། བཛྲ་ཨ་མྲི་ཏ་སྭ་དཾ་ཀུ་རུུ་ཥྭ་མེ། ཞེས་ལྕེའི་ཐོག་ཏུ་མྱོང༌། གསུམ་པ་གཏོར་མ་འབུལ་བ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི༔ ཞེས་འབུལ། གསུམ་པ་གསང་མཆོད་ནི། ཕྱག་རྒྱ་དང་སྙོམས་འཇུག་གི་བདེ་བས་དགྱེས་དགུར་རོལ་པར་མོས་ལ། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ ཞེས་མཆོད། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བླ་ན་མེད་པའི་མཆོད་པའོ། །གསུམ་པ་བསྟོད་པ་ནི། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱི་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ལན་བདུན་གྱིས་མར་ཁུ་བླུགས་གཟར་གྱིས་བཀང་བའི་དགང་བླུག་ཁ་སྦྱར་ཏེ་ཡི་གེ་བརྒྱ་པས་གཡས་སུ་བསྐོར་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་དང་བཅས་པ་ལན་གསུམ་འབུལ། དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལ། ཡམ་ཤིང༌། ཨོཾ་བཛྲ་ས་ཏྭ་ཨཱཿ ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་སོགས་འགྲེའོ། །ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱནྟིཾ༴ ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ འབྲས། ཨོཾ་བཛྲ་པུཥྟཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར༴ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ༴ གྲཽ། ཨོཾ་བཛྲ་གསྨ་རྱཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་འབུལ། བསྲེག་རྫས་གཞན་ཡོད་ན་ཡང་ཕུལ་པའི་མཐར། ཡུངས་ཀར་ལ་ཡིག་བརྒྱ་བཟླས་པ་ཐབ་ཏུ་གཏོར་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ལན་བདུན་གྱི་མར་ཁུ་བླུགས་གཟར་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་ཏེ་ཡི་གེ་བརྒྱ་པ་བརྗོད་ཅིང་གཡས་སུ་བསྐོར་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཚར་གསུམ་ཀྱིས་དགང་བླུགས་ཕུལ། གཏང་རག་གི་མཆོད་བསྟོད་ནི། ཨོཾ་གུ་རུ་བཛྲ་ས་ཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ནཻ་ཝི་དྱ་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛོད་རིགས། །ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདགས་བསྡུ། སྒྲུབ་མཆོད་སྐབས། བཟོད་གསོལ་རྗེས། བཛྲ་མུཿ ཐབ་ཀྱི་ལྷ་ཚོགས་རྣམས་དཀྱིལ་འཁོར་པའི་ཐུགས་ཀར་གཤེགས་པར་གྱུར། ཅེས་ཡེ་ཤེས་པ་དཀྱིལ་འཁོར་དུ་གཤེགས་ཤིང་ཚོམ་བུ་སླར་སྤྱན་དྲངས། དམ་ཚིག་པ་རང་ལ་བསྡུ། གཉིས་ཀའི་མཐར། བླུགས་གཟར་གྱིས་མར་ཁུ་དང༌། ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བརྗོད་པས་མེ་གསོ་ཞིང༌། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དང་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟགས་མཆུ་ལས་བབ་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། ཨོཾ་ཨགྣེ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དུ་དབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང༌། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ ཏིལ། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད༴ ཞོ་ཟན། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ འབྲས། ཨོཾ་བཛྲ་པུཥྟཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ༴ ནས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ། སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ༴ གྲོ། ཨོཾ་བཛྲ་གསྨ་རྱཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ༴ དཱུརྦ། ཨོཾ་བཛྲ་ཨཱ་ཡ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ། གཞན་ཡང་བསྲེག་རྫས་ཅི་འབྱོར་བ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བསྲེག་རྫས་རྣམས་ལན་བདུན་ལ་སོགས་འབུལ། གཏོར་མ། ཨོཾ་ཨགྣ་ཡེ་དེ་ཝ་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་གྱིས་ཕུལ་ལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ཅིང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་སྤྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་རང་གནས་སུ་གཤེགས་སུ་གསོལ། ཨོཾ་ཨ་ཀཱ་རོ་བརྗོད་ཅིང་འོ་མ་དང་དྲི་བཟང་གི་ཆུས་མེ་བཏུལ། ལས་རྗེས་མི་མངོན་པར་བྱས་ལ། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །གནས་སྐབས་ཀུན་ཏུ་དངོས་གྲུབ་མཆོག་སྒྲུབ་པའི། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ཚང་མེད་ལས་སྐྱེ་བ་འདིར། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་གྱུར་ཏེ། །བར་དོ་སྒྱུ་འཕྲུལ་དྲྭ་བའི་སྐུར་ལངས་ནས། །མཁའ་སྤྱོད་གནས་སུ་ཀུན་བཟང་སྤྱོད་པ་མཆོག །དཀའ་བ་མེད་པར་མྱུར་དུ་རྫོགས་པར་ཤོག །སྤྱོད་པ་རྒྱ་མཚོ་ཡེ་ཤེས་ས་ཀུན་རྫོགས། །གཞན་དོན་རིས་མེད་གདུལ་བྱའི་ཁམས་བཞིན་འཇུག །སྒྲིབ་བྲལ་མཁའ་མཉམ་ཟུང་འཇུག་རྡོ་རྗེའི་སྐུ། །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་དོན་གཉིས་ཀྱི་རྒྱུར་བསྔོ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་བརྗོད་པར་བྱའོ། །ད་ནི་དེ་ལས་རོ་བསྲེག་གི་ཆོ་གའི་ཁྱད་པར་ནི། སྔར་བཤད་པའི་བྲིས་ཐབ་ཀྱི་ཁར་ཕ་གུ་སོགས་ཀྱི་རོ་ཁང་རྒྱར་ཁྲུ་གང་གི་ཚད་དང་དཔངས་སུ་ཇི་ལྟར་རིགས་པ་བརྩིག །སྤར་བྱེད་ཀྱི་མེ་ཚང་མཆོད་བསྲེག་གི་རྫས་རྣམས་ཚོགས་པར་འདུ་བྱས་ལ། གནས་ལུང་དངོས་གཞིའི་ལམ་སྦྱོང་བསྟན་ཡན་ཆད་སོང་བ་ན་རོ་ཁང་རྙིང་པ་ལས་གུད་དུ་ཕྱུང་སྟེ། སྔར་བཞིན་བགེགས་ལ་གཏོར་མ་བཏང་ནས་དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་རྟེན་ལ་ཡུངས་ཐུན་གྱིས་བྲབ་གུ་གུལ་གྱིས་བདུག་པ་སོགས་བྱས་ལ་བགེགས་བསྐྲད། སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་ཡུངས་ཀྱིས་བྲབ་ཅིང་བུམ་ཆུས་བཀྲུ། དྲི་བཟང་གིས་བྱུགས། སྟོད་གཡོགས་དང་སྨད་གཡོགས་དཀྲི། གནས་གསུམ་སོགས་སུ་བཏགས་གྲོལ་དང་གདགས་ཡིག་གི་རིམ་པ་ཅི་འབྱོར་བཏགས་སྐད་ཅིག་གིས་རྡོར་སེམས་སུ་བསྐྱེད། ཅུང་ཟད་མཆོད་ཅིང་བསྟོད་ནས་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་ཅུང་ཟད་རྒུ་བར་བཞག་པའི་མདུན་ངོས་སུ་ཤིང་ཕྲ་བ་དང་རྒྱབ་རྣམས་ཅུང་ཟད་སྦོམ་པས་གཅེར་བའི་ཕྱིའི་མདུན་གྱི་རྩ་བར་སྦར་ཁུང༌། རྐེད་པར་རྫས་ཁུང༌། སྟེང་དུ་དུད་ཁུང་རྣམས་མ་གཏོགས་གཞན་ཐམས་ཅད་མཛེས་ཤིང་བརྟན་པར་བརྩིག །དཀར་རྩིས་བྱུག་ཅིང་གདུགས་དབུབས་སོགས་བྱ། བདག་བསྐྱེད་སོགས་སྔར་བཞིན་ལས་མེ་སྦར་བ་ན། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང༌། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ༌། །ཞེས་བརྗོད། གང་ཟག་མཆོག་ཡིན་ན་རྟེན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱ་ཞིང་དམན་པ་ལ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་དམིགས་པ་ཡིན་ལ། སྤེལ་ཚིག་ཀྱང་དེས་རིགས་འགྲེ་སྦྱར་བས་སྒྱུར་ཞིང༌། ཆོ་ག་གཞན་ནི་སྔར་གྱི་དཀྱུས་བཞིན་རྫས་རྣམས་འབུལ་བ་ན། དམིགས་ཡུལ་རྗེས་སུ་དྲན་པས་དེ་ལ་ཕན་པའི་བསམ་པས་སྔགས་བཟླས་ཤིང་སྦྱིན་སྲེག་བྱས་པས་བདག་དང་ལྷ་དང་མཆོད་རྫས་དང་མེ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས་དམིགས་ཡུལ་ལ་ཐིམ་པས་དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བསམ་པ་ཡིན་ཏེ། ངན་སོང་རྒྱུད་ན་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང༌། །ཞེས་དང༌། བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང༌། །འོད་ཟེར་སྤྲིན་གྱིས་དེ་ལུས་ལ། །འཕྲོ་བར་གྱུར་པ་རྣམ་བསྒོམ་སྟེ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བྱེད་པ། །ཞེས་སོགས་ཆོ་ག་འདི་ཉིད་སྟོན་པས་རྒྱུད་ལས་གསུངས་པས་སོ། །གསུམ་པ་སཙྪ་གདབ་པའི་ཆོ་ག་ནི། དེ་ལྟར་རོ་བསྲེགས་ཚར་བའི་རྗེས་སུ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས། བཛྲ་སཾ་ཧ་ར་ཎ་ཧཱུྃ། ཞེས་རུས་བུ་རྣམས་བསྡུས་ལ་རིན་པོ་ཆེ་སོགས་ཀྱི་སྣོད་དུ་བཞག །དེའི་སྟེང་དུ་མཉྫའི་ཁར་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་ཀྱི་ཆུས་གང་བ་དང༌། ཉེ་ལོགས་སུ་བ་བྱུང་ལྔའི་སྣོད་དང་ག་བུར་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམས། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨཱཿདཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་ཡིག་བརྒྱ་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུ་ལ་སོགས་པའི་རྫས་ཐམས་ཅད་ལ་གདབ་ཅིང་རུས་བུ་རྣམས་དག་པར་བཀྲུ། དེ་ཉིད་ཞི་བར་སྦྱངས་ནས་སྔར་གྱི་བུམ་ཆུ་དང་བ་བྱུང་ལྔ་རྣམས་ལྷན་ཅིག་ཏུ་སྦྱར་བ་སླར་ཡང་དྲི་བཟང་དང་ས་བཟང་པོའི་འཇིམ་པ་རྣམས་བསྲེས་པས་སྙིང་པོ་བཟླ་བཞིན་པས་བརྫིས་ལ། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམས་ཏེ་རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ་ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གྱེན་བསྟན་དང༌། གཡས་པའང་དེ་བཞིན་དུ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ་རྣམ་སྣང་གི་གཟུངས་རིང་ངམ། ཡང་ན། ཨོཾ་ཛི་ན་ཛིཀྲ་སྭཱ་ཧཱ། ཞེས་པ་ཉེར་གཅིག་དང་ཡིག་བརྒྱས་བྱིན་གྱིས་བརླབས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། རྡོ་རྗེའི་སྲོག་ཐོབ་པར་བསམས་ལ་འཇིམ་པ་བཅད། ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བ་བསམས་ལ་འབི་འབི་བྱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་རྡུལ་བྲལ་དུ་བསམས་ལ་སྣུམ་བྱུག །ཨོཾ་དྷརྨ་དྷཱ་ཏུ་གརྦྷ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམས་ལ་གདབ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམས་ལ་གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་དང་རྟེན་སྙིང་གཟུངས་སུ་བཞུག །ཨོཾ་དྷརྨ་ར་ཏི་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམས་ཞིང་ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲཱེ་ཡ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམས་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཅུང་ཟད་རྒྱས་པར་སྤྲོ་ན་བདག་བསྐྱེད་སྔོན་དུ་འགྲོ་བས་རྟེན་གྱི་བགེགས་སྦྱོང་བ་དང༌། ཁྲུས་གསོལ་ནས་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་དབང་སྐུར། མཆོད་པ་དང་བསྟོད་པ་བྱས་ནས་རང་གཟུགས་སུ་བསྒྱུར་ནས་རྟེན་བཞུགས་དང་ཤིས་བརྗོད་བྱའོ། །ཆོ་ག་དེ་ལྟ་བུའི་སྒོ་ནས་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཡང་མཆོད་རྟེན་གདབ་པ་དེ་དང་འབྲེལ་བར་སེམས་ཅན་ལ་ཕན་གདགས་པར་སྤྲོ་ན། མཆོན་རྟེན་གྱི་བྱ་བ་རྫོགས་པའི་འོག་ཏུ་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་ཡི་གེ་བརྒྱ་པ་དམིགས་ཡུལ་གྱི་མིང་ནས་སྨྲོས་པའི་སྒྲིབ་སྦྱོང་གི་སྤེལ་ཚིག་ཅན་འབུམ་ཕྲག་གཅིག་བཟླ་ཞིང་དཀོན་མཆོག་ལ་མཆོད་པ་དང༌། འགྲོ་ལ་སྦྱིན་གཏོང་གི་དཔུང་བསྐྱེད་པ་རྣམས་བྱས་ན་དམིགས་ཡུལ་དེར་ངན་སོང་གི་སྡུག་བསྔལ་ལས་ཐར་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུང་ཤིང༌། དེའི་ཐབས་ནི་གཞན་དུ་ཤེས་པར་བྱའོ། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་སེམས། །རིགས་བརྒྱའི་ཁྱབ་བདག་དེ་ཡི་དཀྱིལ་འཁོར་ཆེ། །སྒྲུབ་པའི་ཐབས་ཚུལ་ཀུན་གྱི་སྙིང་པོའི་དཔྱིད། །སྐལ་བཟང་འདོད་པ་འཇོ་བ་ཟབ་མོའི་གཏེར། །སྙིང་པོའི་དཀྱིལ་འཁོར་གསང་བ་མཆོག་གི་སྒོར། །ཐར་འདོད་མྱུར་བདེར་འཁྲིད་པ་རྣམ་གྲོལ་གྱི། །ལམ་བཟང་བསྙེན་སྒྲུབ་ཕྲིན་ལས་རྀམ་པ་ཡིས། །སྟོན་པའི་ངོ་མཚར་རིག་འཛིན་ཀུན་དགའི་སྐྱེས། །རྣམ་འདུན་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་སྡེ། །སྐད་གཉིས་སྨྲ་བའི་རིག་འཛིན་ཆོས་ཀྱི་དཔལ། །གྲུབ་ཐོབ་མི་ཕམ་ཆོས་སྐྱོང་རྒྱལ་མཚན་ཅན། །ཤེས་རབ་འོད་ཟེར་ཨོ་རྒྱན་དཔལ་འབྱོར་གྲགས། །བློ་གསལ་རྒྱ་མཚོ་ཨོ་རྒྱན་ཕུན་ཚོགས་དང༌། །ངག་དབང་ཕྲིན་ལས་སོགས་ཏེ་དོན་གཉེར་ཅན། །དུ་མས་དོན་གཉིས་སྒྲུབ་ཕྱིར་ཡང་དང་ཡང༌། །འབད་པ་ཆེན་པོས་བསྐུལ་བ་དོན་ཡོད་ཕྱིར། །གཏེར་གཞུང་རྡོ་རྗེའི་ཚིག་གི་ལྟེ་བ་རུ། །འཐད་ལྡན་གཞུང་གི་རྩིབས་སྟོང་རྣམ་པར་བཀྲ། །ཟབ་དོན་སྙིང་པོར་དྲིལ་བའི་མུ་ཁྱུད་ཅན། །སྲིད་ལས་རྣམ་རྒྱལ་བྱེད་དེ་འདི་ན་ཤར། །བསོད་ནམས་འདི་ལས་བདེ་གཤེགས་སྙིང་པོའི་འབྲས། །དབང་བཞིའི་ཆུ་བོས་རིམ་གཉིས་འཛིན་མའི་ལྟོར། །སྨིན་པའི་ངོ་མཚར་སྐུ་བཞིའི་དཔག་བསམ་ཤིང༌། །ལུས་ཅན་ཀུན་གྱི་ཉེར་འཚོའི་གཞིར་གྱུར་ཅིག །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ། །ཅེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་གཞུང་དང༌། རྒྱལ་སྲས་རིན་རྣམ་ལྷན་ཐབས་བཅས་བློ་དམན་དཔེ་ཁྱེར་མཁན་ལ་ཕན་པའི་སླད་དུ་ནག་འགྲོས་སུ་བསྡེབས། གསལ་བྱེད་ཕྲན་བུས་ཀྱང་བརྒྱན་ཏེ་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །ཕྱིས་སུ་རྒྱ་གར་ནས་སྣུམ་དཔར་དུ་བཏབ་པ་ཞིག་དང་ཨ་འཛོམས་དང་རྫོགས་ཆེན་གྱི་ཤིང་དཔར་དུ་འཇམ་མགོན་རིན་པོ་ཆེའི་ཆོག་སྒྲིགས་ལ་ནག་འགྲོས་སུ་མཛད་འདུག་མོད་བདག་དབང་དང་བྱང་དབང་གི་སྐབས་སུ་ནོར་བ་དཔེར་ན་ཡེ་ཤེས་པ་དབབ་པའི་རྗེས་སུ་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བཞག་འདུག་པ་ལྟ་བུ་ཡིན།དེས་ན་མཁྱེན་བརྩེའི་བཀའ་བབས་བསྐྱར་བསྒྲིག་སྐབས་འཇམ་མགོན་ཀོང་ཆེན་པའི་ཡིག་ཆ་ཉིད་ལ་བཏུག་ནས། བདག་འཇུག་གི་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་མི་དགོས་པ་དང༌། བྱང་དབང་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གྲུབ་རྗེས་ཡེ་ཤེས་དབབ་པ་བཞག་པ་ཡིན། སྡོམ་བཟུང་ལ་བདག་དབང་སྐབས་དགོངས་གསོལ་མི་དགོས་པ་ཡིན་སྣང་ཡང་བྱས་ཀྱང་འགལ་བ་མེད་སྙམ་བཅས་ཕུན་ཚོགས་རྣམ་རྒྱལ་པས་སོ།། །། | {{TibP|༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །།དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་ཆེན་བྱང་ཆུབ་སེམས་མཆོག་སྟོང་པའི་དངོས། །གཉིས་མེད་རོ་མཉམ་མཁའ་ཁྱབ་རྡོ་རྗེ་སེམས། །མ་ལུས་རིགས་ཀྱི་འཁོར་ལོའི་དབང་ཕྱུག་གཙོ། །བླ་མ་མཆོག་དང་དབྱེར་མེད་དེར་ཕྱག་འཚལ། །དཔལ་ལྡན་སངས་རྒྱས་ཀུན་གྱི་སྙིང་པོའི་གྲོང༌། །བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ། །གྲངས་མེད་རྣལ་འབྱོར་འཇུག་པའི་ཐབས་ཀྱི་མཆོག །རྣམ་པར་གྲོལ་བའི་ལམ་བཟང་དབྱེ་བར་བྱ། །དེ་ཡང་གཏེར་གཞུང་རྩ་བ་ལས། དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བྱ༔ ཞེས་གསུངས་པ་བཞིན་རྟེན་གྱི་གང་ཟག་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས། དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་དམ་ཚིགས་དང་ལྡན་པ། སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ཤིང་སྣོད་དུ་གྱུར་པ་དག་གིས་བླ་ན་མེད་པའི་དངོས་གྲུབ་མྱུར་དུ་འགྲུབ་པ་ནི་དམ་ཚིག་རྣམ་པར་དག་པ་ལ་རག་ལས་ཤིང༌། དེའི་ཐབས་ཀྱི་ཉེར་ལམ་ནི་འདི་ཁོ་ནའོ། །དེ་ལ་རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང༌། ཞུགས་པའི་ཆོ་ག་དངོས་དང༌། ཆོ་གའི་ཡན་ལག་གཞན་བཤད་དང་གསུམ་ལས། དང་པོ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི་གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར་གཏོར་མ་དཀར་ཟླུམ་རྒྱན་ལྡན་མཆོད་པ་དང་བཅས་པ་བཤམ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀོ྅ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམས་ལ། དེའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང༌། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱ་ཞིང༌། ཐོག་མཐའ་ཀུན་ཏུ་བསངས་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཏོར་མ་རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་དག་ལ། དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམ་ཞིང༌། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར། ཅེས་བཀའ་བསྒོས་ལ། བགེགས་རྣམས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་དྲག་སྔགས་ཐུན་བྲབ་སྤོས་རོལ་དང་བཅས་པས་བསྐྲད་ལ་སྲུང་བའི་འཁོར་ལོས་མཚམས་བཅད་ཅིང༌། དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག་དྲི་བཟང་དང་བདུད་རྩི་ལྔས་ཆག་ཆག་གདབ། དེ་ནས་ཐིག་སྐུད་ཐིག་ཆལ་དང་བཅས་པ་འདུ་བྱས། ཧཱུྃ་བཛྲ་དྷྲིཀ །རང་ཉིད་རྡོར་སེམས་སུ་གསལ་བའི་སྦྱོར་མཚམས་ནས་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ཐིག་སྐུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལྔ་དང་དབྱེར་མེད་པར་གྱུར། ཛཿཛཿཞེས་རྒྱལ་ཐེབས་ཡུམ་དུ་གསལ་བ་ལ་ཐིག་སྣ་གཏད། ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཞེས་བརྗོད་ཅིང་ཤར་ནུབ་ཀྱི་ཚངས་ཐིག་གདབ། དེ་བཞིན་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་པ་པད་རྡོར་མེ་ཕྲེང་གིས་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཕྱི་ནང་གི་མུ་ཁྱུད་དང་བཅས་པའི་ཐིག་སྤྱི་ལྟར་བཏབ། ཚོན་སྔར་བཞིན་ཡམ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས་ལ་སྔར་གྱི་ས་བོན་རྣམས་བརྗོད་པས་བྱིན་གྱིས་བརླབ། ཚོན་ཐོབ་ནི་པདྨའི་ལྟེ་བ་མཐིང་ག །གེ་སར་ཀྱི་མུ་ཁྱུད་སེར་པོ། འདབ་མ་རྣམ་པ་སྣ་ཚོགས་པ། མུ་ཁྱུད་ལྗང་གུ། སྒོ་ཁྱམས་ཕྱིན་ཆད་སྤྱི་དང་མཐུན་པར་བྲིའོ། །རྩ་བར་པདྨ་འདབ་མ་བརྒྱད་པ་ཁོ་ན་ལས་མ་བཤད་པ་ནི་སྒོས་ཀྱི་ཁྱད་ཆོས་དམིགས་སུ་བསལ་བ་ཡིན་གྱི་གཞན་སྒོམ་དོན་གྲུ་བཞི་སྒོ་བཞི་པ་ཡིན་པས་བྲིས་དཀྱིལ་ཀྱང་དེ་ལྟར་དགོས་པར་གྲུབ་བོ། །རྒྱན་དགྲམ་པ་ནི། སྒྲུབ་མཆོད་སྤྱི་ཙམ་ལ་དཀྱིལ་འཁོར་གྱི་དབུས་སུ་མན་ཤེལ་ཟུར་དྲུག་པ་དང༌། དབང་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་བུམ་པ་ནང་རྫས་མགུལ་ཆིངས་དང་བཅས་པའི་ཁར་ཐོད་པ་དུམ་བུ་གཅིག་པ་བདུད་རྩི་རིལ་བུ་སྦགས་པའི་ཆང་གིས་བཀང་བ་བཞག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རའི་རྡུལ་གྱིས་བྱུགས་ནས་ཆོས་འབྱུང་བསྣོལ་མ་མཱུཾ་ཡིག་དགའ་འཁྱིལ་དང་བཅས་བྲིས་པས་བཀབ་པའི་ཁར་སྔར་གྱི་ཤེལ་རྡོ་བཀོད། གང་ལྟར་ན་ཡང་དཀྱིལ་འཁོར་གྱི་མདུན་དུ་མཆོད་གཏོར། དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལ་སོགས་པའི་མཆོད་རྫས་བཟང་པོ་ཅི་འབྱོར་པས་བསྐོར། བླ་བྲེ་བ་དན་རྒྱལ་མཚན་སོགས་ཀྱིས་མཛེས་པར་བརྒྱན། ཚོགས་རྫས་རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། | ||
།གཉིས་པ་ཆོ་ག་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་གསུམ་གྱི་དང་པོ་སྔོན་གཏོར་ནི། རྣལ་འབྱོར་པ་རྣམས་སྟན་ལ་འཁོད་དེ། གཞི་བགེགས་ལ་གཏོར་མ་ས་ཆོ་ག་གི་སྐབས་བཞིན་འདིར་ཡང་བྱའོ། །གཉིས་པ་རྒྱུད་དག་པའི་ཕྱིར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་མཱ་ཛཿས་སྤྱན་དྲངས་པར་མོས་ལ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རང་༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་ལ་སོགས་པར་བརྗོད་ལ་བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། གསུམ་པ་མཆོད་རྫས་བྱིན་གྱིས་བརླབས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་མི་དམིགས་པར་སྦྱངས་ལ། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད་རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོག་གི་མ་ད་ན་དང་རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱང་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རོལ་མོ་བྱ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃཿ ཨོཾ་མ་ཧཱ་བ་ལིངྟ་ཨཱཿཧཱུྃཿཞེས་པ་རྣམས་རེ་རེ་བཞིན་ལན་བདུན་བདུན་བརྗོད་པས་ཁྱད་པར་གྱི་རྫས་རྣམས་བྱིན་གྱིས་བརླབ་ཅིང༌། བཛྲ་སྥ་ར་ཎ་ཁཾ་གིས་མཆོད་པའི་སྤྲིན་རབ་འབྱམས་ཡེ་ཤེས་ཀྱི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་ཆོ་གའི་དངོས་གཞི་ལ། སྒྲིབ་སྦྱོང་བསྙེན་པའི་རྣལ་འབྱོར་དང༌། ཚོགས་བསགས་སྒྲུབ་པའི་རྣལ་འབྱོར། བྱིན་རླབས་དབང་གི་རྣལ་འབྱོར་དང་གསུམ། བསྙེན་པའི་རྣལ་འབྱོར་ལ་བཞི་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱ་ཨཏྨ་ཀོ྅ཧཾ། འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེད་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང་༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང་༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང་༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བའོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ནི། །སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ། ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་ཏྲུྃ་བཛྲ་ཏུཥྱ་ཧོཿ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལ་མཆོད་བསྟོད་བཟླས་པའི་རྣལ་འབྱོར་དང་གསུམ་ལས་དང་པོ་ལ་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་གཉིས་ལ་དང་པོ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ལས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང་༔ དྲི་མཆོག་ཞལ་ཟས་རོལ་མོ་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ ཞེས་མཆོད་པ་སྤྲུལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་ཤབྡའི་བར་དང༌། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་པས་མཆོད་གཉིས་པ་ཁྱད་པར་གྱི་མཆོད་པ་ལས་སྦྱོར་མཆོད་ནི། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ སྨན་དང་རཀྟའི་མཆོད་པ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ རཱ་ས་ཡཱ་ན་སྨན་ཆེན་པོཿ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོཿ གཏོར་མའི་མཆོད་པ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་རྒྱ་ཆེར་མཆོད། གཉིས་པ་བསྟོད་པ་ནི། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ། གཞུང་རྩ་བར་དབང་བསྐུར་གྱི་རྗེས་ཉིད་དུ་བཟླས་པའི་རྣལ་འབྱོར་བྱེད་པར་གསུངས་པས་མཆོད་བསྟོད་མ་བྱས་ཀྱང་ཆད་པར་མི་འགྱུར་རོ། །གསུམ་པ་བཟླས་པའི་རྣལ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང་༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུསཿ སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཞེས་པའི་ཏིང་ངེ་འཛིན་གྱི་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་དག་དྲན་པ་རྣམས་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་པ་ཅི་ནུས་བཟླས་པའི་རྗེས་སུ་སླར་ཡང༌། ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོཥྱོ་མེ་བྷ་ཝ་སུ་པོཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ༔ ཞེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླའོ། །སྤྱིར་བསྙེན་ཚད་ནི་གྲངས་བསྙེན་གྱི་དབང་དུ་བྱས་ན་ཡི་གེ་དྲུག་པ་འབུམ་ཚོ་དྲུག་དང་ཡེ་གེ་བརྒྱ་པ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང༌། བཟླས་པའི་ཐུན་ཐམས་ཅད་ཀྱི་མཐར། ཨོཾ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ ཞེས་གསོལ་བ་གདབ་བོ། བཞི་པ་ཉེར་བསྡུའི་རྣལ་འབྱོར་ནི། ཉལ་བའམ་ཐུན་བསྡུ་བ་ན། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ༔ དེ་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ༔ དེ་ཡང་ཧཱུྃ་ལ་ཐིམ༔ ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག༔ ཉལ་བ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་ན་སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་ལངས་ལ་མཐར་དགེ་བ་བསྔོའོ། | |||
།གཉིས་པ་ཚོགས་བསགས་སྒྲུབ་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་ཚོགས་ཞིང་སྒྲུབ་པ་ནི། སྔར་གྱི་ཉེར་བསྡུའི་མཐའི་ཏིང་ངེ་འཛིན་གྱི་ངོ་བོ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ལས། །དེ་ལྟར་མ་རྟོགས་པའི་འགྲོ་བ་དྲུག་གི་ཡུལ་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་སྣང་བས་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པ་དང༌། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་མདངས་སེམས་ཉིད་ཧཱུཾ་དཀར་པོའི་རྣམ་པ་ཅན་དུ་གསལ་བར་བསྒོམས་ལ་དེའི་དོན་གསལ་འདེབས་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དྭངས་མའི་ཧཱུྃ་ལས་འོད་ཟེར་འཕྲོས༔ རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བས་ཕྱོགས་ཀུན་དཀྲིགས་པར་གྱུར། །དེའི་དབུས་སུ་གནས་པའི་རྒྱུའི་ཧཱུྃ་ཡིག་ལས་ཨེ་ཡྃ་རྃ་བྃ་ལྃ་སུྃ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། སུྃ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབས་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་པདྨའི་ཕྲེང་བ་དང་རྡོ་རྗེའི་ར་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧཱུྃ་དུ་གནས་པ་བཞུགས་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་སེམས་ཅད་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སྃ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཐིམ་པ་འོད་ཟེར་གྱི་གོང་བུར་གྱུར། ཨོཾ་བཛྲ་ས་ཏྭ་ཨཱཿ དེ་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བསྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅོད་པན་ཟི་ལྡིར་གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང༌། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དག་པ་ཆོས་ཀྱི་སྐུ་ལས་རྣམ་རོལ་གཟུགས་སྐུའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷའི་འཁོར་ལོ་གྲངས་མེད་པར་འཆར་ཞིང༌། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པ་རིས་མེད་པའི་སེམས་ཅན་གྱི་བསམ་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བར་བསམ་མོ། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་སོགས་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ། ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་ཊྲུྃ་བཛྲ་ཏུཥྱ་ཧོཿ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། | |||
།གསུམ་པ་ཚོགས་བསགས་པའི་རྣལ་འབྱོར་དངོས་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ནི། ཚོགས་རྟེན་གྱི་ཐུགས་ཀ་ནས་རང་ཉིད་ལོགས་སུ་བྱེ་བས་ཕྱག་སོགས་ལས་རིམ་ལ་འཇུག་པར་མོས་ལ་རང་ལུས་གྲངས་མེད་པར་སྤྲུལ་པས་ཕྱག་འཚལ་བར་བསམ་ཞིང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་དུ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་དང་བཞི་ལས། དང་པོ་ཕྱི་མཆོད་ཀྱི་ཐོག་མར་མཆོད་སྤྲིན་སྤྱིར་སྤྲོ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་འབུལ་བ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞབས་བསིལ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པཱ་ཏྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མེ་ཏོག་བསམ་ལས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །བདུག་སྤོས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མར་མེ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །དྲི་ཆབ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། ཨོཾ་གུ་རུ་བཛྲ་ས་ཏྭ་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞལ་ཟས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ནཻ་བི་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །རོལ་མོ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་ནས་རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སབྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་རྡོ་རྗེ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྟ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ན་བཟའ་འབུལ་བ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་པྲ་ཏཱིཙྪ་སྭཱ་ཧཱ། །རྒྱན་འབུལ་བ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཀྱང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལངྐཱར་པྲ་ཏཱིཙྪ་སྭཱ་ཧཱ། ཡིད་བྱུང་གི་མཆོད་པ་འབུལ་བ། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །མཉེན་འཇམ་རེག་ན་བདེ་བ་དང༌། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་འབུལ། | |||
གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོཿ ཞེས་དང༌། གཉིས་པ་ནི། ཨོཾ་མཆོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལོངས་སྐུ་རྡོ་རྗེ་སེམས་དཔའི་ཞལ་དུཨོཾ་ཨཱཿཧཱུྃ། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་དུཨོཾ་ཨཱཿཧཱུྃ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་དུ༴ རིག་འཛིན་ཤྲཱི་སིཾ་ཧའི་ཞལ་དུ༴ སློབ་དཔོན་རྡོ་རྗེ་ཧཱུྃ་མཛད་ཞལ་དུ༴ པཎ་ཆེན་དྲི་མེད་བཤེས་གཉེན་ཞལ༴ ཨོ་རྒྱན་པདྨ་འབྱུང་གནས་ཞལ་དུ༴ ལོ་ཆེན་བཻ་རོ་ཙ་ནའི་ཞལ་དུ༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཞལ་དུ༴ རིག་འཛིན་འགྱུར་མེད་རྡོ་རྗེའི་ཞལ་དུ༴ གཞན་ཡང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ༴ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང༌། བཛྲ་ཨ་མྲྀ་ཏ་སྭ་དམ་ཀུ་རུ་ཥྭ་མེ། ཞེས་ལྕེ་ཐོག་ཏུ་མྱང༌། གསུམ་པ་གཏོར་མ་འབུལ་བ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་འབུལ། གསུམ་པ་གསང་མཆོད་ནི། ཕྱག་རྒྱ་དང་སྙོམས་འཇུག་གི་བདེ་བས་དགྱེས་དགུར་རོལ་པར་མོས་ལ། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཧ་བོདྷི་ཙིཏྟ་ཨ་ལ་ལ་ཧོཿ ཞེས་མཆོད། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བླ་ན་མེད་པའི་མཆོད་པའོ། | |||
།གསུམ་པ་བསྟོད་པ་ནི། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཡང་དག་ཡོན་ཏན་རྒྱ་ཆེན་ཏེ༔ ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་༔ གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར༔ ཅེས་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ། །བཞི་པ་ཛབ྄་བཟླ་བ་ནི། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བྱེ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྥ་ར་ཎ་ཕཊ། བདུན་བསྐྱེད་ཀྱི་དྭངས་མའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། དཀྱིལ་འཁོར་གྱི་ལྷ་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་དག །དངོས་གྲུབ་ཐམས་ཅད་ཐོབ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ་ཡི་གེ་དྲུག་པ་དང༌། ཡི་གེ་བརྒྱ་པ་སྔར་བཞིན་ཅི་ནུས་བཟླས་པའི་མཐར། ཨོཾ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ ཞེས་གསོལ་བ་བཏབ། སྐབས་འདིར་ལས་སྦྱོར་གྱི་བཟླས་པ་བྱ་བར་སྤྲོ་ན། དཀྱིལ་འཁོར་གྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམས་ལ། ཡི་གེ་བརྒྱ་པའི་ཤམ་བུར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཏགས་པ་བཟླས་ལ་བྱེ་ཡུངས་ལའང་ཕུས་གདབ། ལས་སྦྱོར་བཟླས་པ་ཡོད་མེད་གང་ལྟར་མཐར། གཙོ་བོ་རྡོ་རྗེ་སེམས་དཔའི་ཞལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ་ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས་རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆགས་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆགས་ཐམས་ཅད་བསྐངས་ཏེ་ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །དབང་བསྐུར་གནས་ལུང་སོགས་དང་སྦྲེལ་ན་བུམ་པའི་ཛབ྄་ཕྱེ་སྟེ། སྐྱེད་ཆོག་ནི་མདུན་བསྐྱེད་དང་དབྱེར་མེད་ཡིན་པས་ཟུར་དུ་མི་དགོས་ལ། བཟླས་པ་ནི། བུམ་པའི་གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང༌། ལྷ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད་སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་ཡིག་བརྒྱ་ཅི་ནུས་བཟླས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་ཆུ་བདུད་རྩིར་བསམ་མོ། | |||
ལྔ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༌། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་པ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༌། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༌། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང༌། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། ཧཱུྃ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༌། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང༌། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༌། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུངས་བ་དང༌། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༌། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༌། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང༌། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༌། །ཉམས་ལ་མི་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང༌། །གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང༌། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང༌། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ་མོ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང༌། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོའོ། །དྲུག་པ་དམ་བཅའ་བ་ནི། རྒྱས་པར་ན་རྡོ་རྗཻ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང༌། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང༌། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང༌། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུར་སྟོང་དུ་བདག་གི་ལུས་གཏུབས་ཀྱང༌། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང༌། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤོང༌། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང༌། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང༌། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲཽ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་སྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང༌། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང༌། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང༌། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང༌། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང༌། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་ཚོགས་མེད་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། བསྡུ་ན། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་ལྷག་པའི་བསམ་པ་རྩེ་གཅིག་པས་དམ་འཆའོ། | |||
།བདུན་པ་ནི། སྐོང་གི་ཆོ་ག་བྱ་བར་སྤྲོ་ན། སྐོང་ཆེན་ལྔ་དག་གྱུར་དང་བཅས་པ་དོང་སྤྲུགས་ཀྱི་ཆོ་གར་བཤད་པ་བཞིན་སྐབས་འདིར་བྱ་སྟེ། སྨན་གཏོར་རཀྟ་མར་མེ་རྣམས་ལྷ་གྲངས་སམ། གཏོར་མ་དཀར་དམར་གཉིས་དང་སྨན་རག་མར་མེ་སྣ་རེ་ཙམ་བསྣན་པས་ཀྱང་རུང་ལ། གང་ལྟར་ཀྱང་སྐོང་བ་བྱ་བ་ལ་བདུན་ལས། །དང་པོ་རྟོགས་སྐོང་ནི། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རོ་མཉམ་པར་བལྟས་ལ། ཧཱུྃ། བསྐང་ངོ་ཀལྤས་ཐུགས་དམ་བསྐང༌། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང༌། །སྣང་བ་ཡེ་ཤེས་ཀློང་དུ་བསྐང༌། །གསལ་བ་ཤེས་རབ་ཀློང་དུ་བསྐང༌། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང༌། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང༌། །འགག་པ་མེད་པའི་མཁའ་ལ༴ །སྐྱེ་འགག་གཉིས་མེད་ཀློང་དུ༴ །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། གཉིས་པ་བདུད་རྩིས་སྐོང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིའི་ཐུགས་དམ་བསྐང༌། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བསྐང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང༌། །གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༌། །མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང༌། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང༌། །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང༌། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང༌། །བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གསུམ་པ་གཏོར་མས་སྐོང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང༌། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་སྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ཉི་ཟླ་ཁ་སྦྱོར་གཏོང་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་སྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་སྩལ། །ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་སྣང་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་ཁྲོལ་ཛ་གད་སྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཞི་པ་རཀྟས་སྐོང་བ་ནི། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང༌། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བཀང༌། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ལྔ་པ་སྒྲོན་མེས་སྐོང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང༌། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། །དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ །ཨ་བ་དྷུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ །མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། །ཤེས་རབ་འབྲུ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང༌། །ཞི་ཁྲོ་རབ་འབྱམས༴ སྒྲོན་མེ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཉམས་ཆགས་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །དཱི་པ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་ཨེ་ཧོཿཤུདྡྷེ་ཤུདྡྷེ། ཡྃ་ཧོཿཤུདྡྷེ་ཤུདྡྷེ། བྃ་ཧོཿཤུདྡྷེ་ཤུདྡྷེ། ལྃ་ཧོཿཤུདྡྷེ་ཤུདྡྷེ། རྃ་ཧོཿཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཆགས་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིམ་པ་ལན་བདུན་དུ་བྱའོ། །དྲུག་པ་ཞི་བ་གནས་དག་གི་སྐོང་བ་ནི། ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང༌། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང༌། །ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི་ཐུགས་དམ་བསྐང༌། །འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི་ཐུགས་དམ་བསྐང༌། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང༌། །རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང༌། །ལུས་ཀྱི་ཆོས་བཞི་གནས་དག་པ། །ཁྲོ་བོ་བཞི་ཡི་ཐུགས་དམ་བསྐང༌། །རྟག་ཆད་མུ་བཞི་གནས་དག་པ། །ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང༌། །ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང༌། །བདུན་པ་ཁྲོ་བོ་གནས་འགྱུར་གྱི་སྐོང་བ་ནི། ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང༌། །ཉོན་མོངས་དུག་ལྔ་གནས་གྱུར་པ། །ཁྲག་འཐུང་ཡབ་ལྔའི་ཐུགས་དམ་བསྐང༌། །འབྱུང་བ་ལུས་ལྔ་གནས་གྱུར་པ། །ཁྲག་འཐུང་ཡུམ་ལྔའི་ཐུགས་དམ་བསྐང༌། །རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀ་བཞིའི་ཐུགས་དམ་བསྐང༌། །སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི་ཐུགས་དམ་བསྐང༌། །རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། །ཁྲོ་མོ་བརྒྱད་ཀྱི་ཐུགས་དམ་བསྐང༌། །རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང༌། །རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོ་མ་བཞི་ཡི་ཐུགས་དམ་བསྐང༌། །སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད་ཐུགས་དམ་བསྐང༌། །མི་ཤིགས་སྐུ་ཡི་ཐུགས་དམ་བསྐང༌། །འགག་མེད་གསུང་གི་ཐུགས་དམ་བསྐང༌། །འགྱུར་མེད་ཐུགས་ཀྱི་ཐུགས་དམ་བསྐང༌། །ཡོན་ཏན་མི་ཟད་ཐུགས་དམ་བསྐང༌། །ཕྲིན་ལས་རྒྱན་གྱི་ཐུགས་དམ་བསྐང༌། །ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང༌། །ཉམས་ཆག་ཐམས་ཅད་སྐོངས་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། ཞེས་པས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་ཐམས་ཅད་འཁོར་གསུམ་མི་རྟོག་པ་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་བའོ། | |||
།གསུམ་པ་བྱིན་རླབས་དབང་གི་རྣལ་འབྱོར་ལ་གཉིས་ལས། དང་པོ་རང་དོན་བདག་འཇུག་ནི། བདག་གི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་པ་དབང་ལེན་བྱའི་ཡུལ་ལ། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་པ་སྟེ། དང་པོ་ཇི་ལྟར་བལྟམས་པ་སོགས་ཁྲུས་བྱས། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་ལན་གསུམ་གསོལ་བ་བཏབ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རང་༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཞེས་ཡན་ལག་བདུན་གྱིས་ཚོགས་བསག །སྡོམ་བཟུང་ནི། རྒྱས་པར་ན་སྡོམ་པ་གསུམ་སྔར་ཐོབ་ལ་དམིགས་སུ་སྨོས་པའི་གསོ་སྦྱང་དང་གསར་འཇུག་གི་དམིགས་ཕྱེད་པའི་དོན་དུ། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་རྡོར་སེམས་ཞེས་བགྱི་བས། །དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླངས་མི་བྱ། །འཁྲིགས་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤངས་བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ལན་གསུམ་གྱིས་སོ་ཐར། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་རྡོར་སེམས་ཞེས་བགྱི་བས། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་གྱིས་བྱང་སྡོམ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབྱུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྔགས་སྡོམ་བཅས་སོ་སོ་རྒྱས་པའམ། བསྡུ་ན། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ཞེས་པས་སྡོམ་པ་བཟུང༌། བདག་འཇུག་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་མི་དགོས་པས་ཡེ་ཤེས་པ་དབབ་པ་ནི། ལུས་གནད་ཆོས་བདུན་ལྡན་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང༌། དམིགས་གནད་རང་ཉིད་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ༔ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧཿཛྷཻཾ༔ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབས་པ་ན། ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ། སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་བས། ལུས་ཀྱི་དྲི་མ་དག་ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཨཱཿ མཚན་ལྡན་རྡོ་རྗེའི་ཀཱ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང༌། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ནི། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷཱུ་རའི་མཎྜལ་ཅན་སློབ་མའི་ལག་ཏུ་གཏད། ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུགས་པས། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་བསམས་ལ། ཧཱུྃ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་བཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང༌། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བཞི་པ་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པའི་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཧོཿ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང་༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལས་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ ཞེས་པས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་རང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་པ་བསྐུར་བས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང༌། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམས་ལ་ཡང་སྙིང་ལན་བདུན་ཡིག་བརྒྱ་ལན་གསུམ་བརྗོད་ལ་བསྒོམ་བཟླས་ཀྱི་དམ་བཅའ་བླང༌། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། ཅེས་དམ་བཅས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང་གཏང་རག་གི་མཎྜལ། ས་གཞི་སྤོས་ཆུ་སོགས། འབུལ་བར་བྱའོ། །གཞན་ལ་དབང་བསྐུར་བ་དང་འབྲེལ་ན་སྤྲོས་པ་འཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾ་བཛྲ་ས་མ་ཡ་ཨཱཾ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམས་ཏེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭྃ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། དབང་བསྐུར་གྱི་ཚེ་བདག་འཇུག་རྒྱས་པར་བླངས་ཀྱང་གནང་བ་ཞུ་བ་ནི་ངེས་པར་བྱ་དགོས་སོ། །གཉིས་པ་གཞན་དོན་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ནི་ལོགས་སུ་འབྱུང་བ་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བཞི་ལས། དང་པོ་ཚོགས་མཆོད་ནི། དམ་རྫས་སུ་འོས་པའི་བཟའ་བཏུང་གི་ཡོ་བྱད་མངོན་པར་བཤམས་ལ། བསང་ཆུ་དང་བདུད་རྩིས་གཏོར་ནས། ཨོཾ་སརྦ་དྲ་བྱམ་བི་ཤོ་དྷ་ནི་ཧཱུཾ་ཕཊ། རྃ་ཡྃ་ཁྃ། རང་གི་ཐུགས་ཀའི་ཧཱུྃ་ལས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟཾཿ ཞེས་སྤྱན་དྲངས། ཨོཾ་གུ་རུ་བཛྲ་ས་ཏྭ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང༌། ཨོཾ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤཱཔྡ། གནྡྷེ། ར་ས། སྤརྴེ་སོགས་ཉེར་སྤྱོད་འདོད་ཡོན་གྱིས་སྤྱི་མཆོད་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། | |||
དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི༔ གུས་པའི་བློ་ཡིས་འབུལ་ལགས་ན༔ དགྱེས་པའི་གར་གྱིས་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ བར་བ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བསྟབ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། །ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ནས། ནྲྀ་ཡྃ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡྃ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་རྟེན་ལ་བཀུག །ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང༌། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །སརྦ་དུཥྟཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གནད་ཀྱི་ངེས་པ་ཇི་ལྟ་བས་བསྒྲལ་བའི་ཤ་ཁྲག་བདུད་རྩིར་སྤེལ་བ་སྟོབས། དུག་ལྔས་གཟིར་ཞིང་མནར་བ་དང༌། །གདུག་ཅིང་གཏུམ་པའི་སེམས་ཅན་རྣམས། །བདག་མེད་དབྱིངས་སུ་བསྒྲལ་བའི་རྫས། །འདོད་ཡོན་དམ་ཚིག་ཆེན་པོར་འབུལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ། ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམས་པར་གྱུར། ཅེས་བསྒྲལ་མཐར་སྦྱོར་བའི་དམ་ཚིག་གི་དགྱེས་པ་བསྐྱེད་ནས། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་སླར་ཡང་རྡོར་སེམས་སུ་ང་རྒྱལ་འཕོ། ཚོགས་ལ་རོལ་བ་ནི། ཐལ་མལ་གྱི་རྟོག་པའི་འཆིང་བ་གྲོལ་ཕྱིར། བརྡ་དང་བརྡའི་འབུལ་ལེན་ནི། ལས་རྡོར་གྱིས་ཕྱག་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་རྫས་བསྣོལ་མར་བཟུང་ལ། ཧོཿ ཆོས་དབྱིངས་བྷཉྫར་སྣང་སྲིད་བདུད་རྩིར་བསྐྱིལ། །རྡོ་རྗེའི་བཅུད་ལྡན་མི་ཟད་ལོངས་སྤྱོད་དང༌། །ཛ་གད་གར་མཆོད་སྒེག་མཛེས་རྫས་མཆོག་འབུལ། །ལྷུན་གྲུབ་བདེ་ཆེན་ཀློང་རོལ་དཔའ་བོ་ཆེ། །ཞེས་བརྗོད་ཅིང་འབུལ། །སློབ་དཔོན་གྱིས་པད་ཀོར་སྔོན་འགྲོས་རྩེ་གསུམ་གྱི་རྒྱ་དང་བཅས། ཨེ་མ་ཧོཿ །འདོད་ཡོན་མ་སྤངས་ཟག་བྲལ་ཐབས་ཤེས་རྫས། །ཡིད་བཞིན་གཏེར་མཛོད་གུ་ཧྱའི་ལོངས་སྤྱོད་རྣམས། །བདག་ལུས་འཛིན་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར། །བདེ་ཆེན་རོ་གཅིག་ངང་དུ་བླངས་ཏེ་རོལ། །ཞེས་བརྗོད་ལ་ལེན་པའི་དམ་ཚིག་བསྲེ་བ་སྔོན་དུ་བཏང་ནས་རང་ལུས་ཀྱི་དཀྱིལ་འཁོར་ནང་གི་སྲེག་བླུགས་ཀྱིས་ཚིམས་པར་རོལ། །ཆ་གསུམ་གྱི་ཆོ་ག་སྤྲོ་ནའང་འདིར་བྱ། ཚོགས་ལ་རོལ་རྗེས། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར། །མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས། །ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང༌། །འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག །ཅེས་སྨོན་ལམ་བཏབ། ལྷག་མ་རྣམས་བསྡུས་སློབ་དཔོན་གྱི་ཁ་ཕྲུ་བཏབ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་གྱིས་བརླབ་ལ། ཨེ་ཨཱ་རལླི་ཧྲིཾ་ཛཿཞེས་པས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་བྱོན་པ་ལ། ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ། སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ ལྷག་གཏོར་དབང་བའི་སྲུང་མ་རྣམས༔ འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྟ་བ་ལིངྟ་ཁཱ་ཧི༔ ཞེས་ཕྱི་རོལ་ཏུ་གནས་པའི་འབྱུང་པོ་དམ་ཚིག་ཟབ་མོ་ལྟ་བ་ལ་མི་དབང་བ་རྣམས་ལ་བྱིན་ནས་གསང་བ་མཆོག་གི་སྐལ་ལྡན་དུ་སྨོན་ལམ་གདབ། །གཉིས་པ་གཏོར་མ་གཏོང་བ་ནི། ཆོས་སྐྱོང་གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱིས་ཕྱི་ནུར་དུ་བཞག །སྨན་རག་སྒྲན། འབྲུ་གསུམ་གྱི་བྱིན་ཀྱིས་བརླབས་ལ་ཆད་ཐོས་འབུལ་བ་ནི། ཧཱུྃ། སྔོན་ཚེ་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །བདག་ནི་སློབ་དཔོན་དེ་ཡི་བརྒྱུད། །ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན། །སྔོན་ཚེ་ཁས་བླངས་བཀའ་མ་བཅག །ད་ལྟ་རིག་འཛིན་དམ་མ་དྲལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་གཏོར་མ་གཙང་སར་འབུལ། གཏོར་གཞོང་བཤལ་བའི་ཆུས་བརྟན་གཏོར་ལ་བྲན་ལ་འབྲུ་གསུམ་གྱིས་བྱིན་བརླབ་ལ། བྷྱོ། །སློབ་དཔོན་པདྨ་ཐོད་ཕྲེང་གི། །བཀའ་ཉན་མ་མོ་བརྟན་མའི་ཚོགས། །དམ་རྫས་དཔལ་གྱི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བརྟན་མ་བསྐྱང་ངོ༌། །འདི་དག་རིགས་མཐུན་གྱི་ཆོ་ག་གཞན་ནས་བླངས་ཏེ་བྱ་བར་གསུངས་པ་བཞིན་བྲག་དམར་ནས་བསབས་པའི་རྒྱུན་ཉིད་སོར་བཞག་གོ། །གསུམ་པ་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། སྭཱ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་ པཱཏྱཾ༴ པུཥྤེ༴ དྷུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནེ་བི་དྱ༴ ཤབྡ་ཨཱཿཧཱུྃ། སོགས་ཀྱིས་བྱིན་བརླབ། ཨོཾ་གུ་རུ་བཛྲ་ས་ཏྭ་ཨ་རྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་སྦྱར་ཏེ་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པ་སྔགས་མཆོད་ཙམ་གྱིས་ཕུལ་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདི་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ༔ དེ་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ༔ དེ་ཡང་ཧཱུྃ་ལ་ཐིམ༔ ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། ཅེས་དར་ཅིག་མཉམ་པར་བཞག །ཨོཾ་བཛྲ་ས་ཏྭ་ཨཱཿ སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། ཞེས་གནས་གསུམ་དུ་རྡོ་རྗེས་རེག་ཅིང་ཡི་གེ་འབྲུ་གསུམ་གྱིས་རྒྱས་བཏབ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་དང་སྤྱི་བོར་གོ་ཆའི་རྒྱ་བཅས་པས་བསྲུང༌། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བཟུང་ལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་མར་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །ཉིན་ཐ་མ་སོགས་དཀྱིལ་འཁོར་གཤེགས་གསོལ་བྱེད་ན་གཏང་རག་གི་མཆོད་བསྟོད་ནོངས་བཤགས་སྔར་བཞིན་གྱི་མཐར། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་ཀྱིས་ཡེ་ཤེས་པ་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། སྤྲུལ་པའི་དཀྱིལ་འཁོར་དམ་ཚིག་པ་སྔར་བཞིན་ཉེར་བསྡུ་བདག་སྲུང་རྣམས་བྱ་ཞིང༌། གཟུགས་བརྙན་གྱི་དཀྱིལ་འཁོར་སྤྱི་དང་མཐུན་པར་བསྡུའོ། །བཞི་པ་སྨོན་ལམ་གདབ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །གནས་སྐབས་ཀུན་ཏུ་དངོས་གྲུབ་མཆོག་སྒྲུབ་པའི། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ཚང་མེད་ལས་སྐྱེ་བ་འདིར། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་གྱུར་ཏེ། །བར་དོ་སྒྱུ་འཕྲུལ་དྲྭ་བའི་སྐུར་ལངས་ནས། །མཁའ་སྤྱོད་གནས་སུ་ཀུན་བཟང་སྤྱོད་པ་མཆོག །དཀའ་བ་མེད་པར་མྱུར་དུ་རྫོགས་པར་ཤོག །སྤྱོད་པ་རྒྱ་མཚོས་ཡེ་ཤེས་ས་ཀུན་རྫོགས། །གཞན་དོན་རིས་མེད་གདུལ་བྱའི་ཁམས་བཞིན་འཇུག །སྒྲིབ་བྲལ་མཁའ་མཉམ་ཟུང་འཇུག་རྡོ་རྗེའི་སྐུ། །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་དོན་གཉིས་ཀྱི་རྒྱུར་བསྔོ། །རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་དང༌། གཞན་ཡང་ཕུན་སུམ་ཚོགས་པའི་ཤིས་པ་རྒྱ་ཆེན་བརྗོད་པས་བདེ་ལེགས་སུ་བྱའོ། །གསུམ་པ་ཆོ་གའི་ཡན་ལག་བཤད་པ་ལ་གསུམ་ལས། དང་པོ་ཚེ་འདས་རྗེས་འཛིན་གནས་ལུང་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་བྲིས་པའི་ཁར་མིང་བྱང་སོགས་རྟེན་བཞག །སྦྱོང་ཆས་བྲབ་རྫས་ཟས་གཏད་སོགས་འོག་ཏུ་དགོས་པ་རྣམས་ཚང་བ་བྱས་ལ། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་སྦྱང༌། ཨོཾ་སརྦ་དྲ་བྱམ་བི་ཤོ་དྷ་ནི་ཧཱུཾ་ཕཊ་ཀྱིས་བསང། སྭཱ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། | |||
གཉིས་པ་རྣམ་ཤེས་དགུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ཞིང༌། ན་མོ། །རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་ལྡན་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྴ་ཡ་ཛཿ ཞེས་པས་རྣམ་ཤེས་དང༌། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བྃ་ཧོཿ རྣམ་ཤེས་ཨཱཿདཀར་པོའི་རྣམ་པས་རྟེན་ལ་བསྟིམ། གསུམ་པ་བགེགས་སྦྱང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ ཞེས་པ་ནས་གྲིཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། ན་མོ། །རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་ལྡན་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང༌། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དྲག་སྔགས་བཟླས་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོས་སྦྱོང་བའོ། །བཞི་པ་སྡིག་པ་སྦྱོང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང༌། ཏིལ་གཡས་གཡོན་གྱིས་མེར་བསྲེག་ཆུར་དོར་ལ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་པར་བསམ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་ཡིག་བརྒྱ་དང༌། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ། ཅེས་སོགས་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་པས། སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་དག་པར་བསམ་མོ། །ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང༌། ཇི་ལྟར་བལྟམ་པ་སོགས་དང༌། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང༌། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྡྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང༌། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་ཡིག་བརྒྱ་བཟླ་ཞིང་བཀྲུ། གཞན་ཡང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང༌། །བཟོད་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །སོ་སོའི་མཚམས་སུ་གཟུངས་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་ཁྲུས་བྱའོ། དྲུག་པ་དུག་སྦྱོང་བ་ནི། །བུམ་ཆུས་རྟེན་ལ་བྱབས་ཤིང༌། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱོང་ངོ༌། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སྐྱོབ་པ་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་སྦྱོང་ངོ༌། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་སྦྱོང་ངོ༌། །འབྱུང་བ་སོ་སོས་བྱབས་ཤིང༌། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། །མཱ་མ་ཀི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཞེས་དུག་སྦྱང༌། | |||
།བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། །ཚེ་འདས་དཀྱིལ་འཁོར་པ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲ་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བྱས་པའི་རྗེས་སུ། ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང༌། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲངས་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང༌། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཅེས་ལན་གསུམ་དུ་སྐྱབས་སུ་འགྲོར་འཇུག །བརྒྱད་པ་དབང་བསྐུར་བ་ནི། ཇི་ལྟར་བལྟམས་པ་སོགས་ཁྲུས་བྱ། ས་གཞི་སྤོས་ཆུ་སོགས་མཎྜལ་ཕུལ། ཨོཾ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ཞེས་ལན་གསུམ་གསོལ་བ་གདབ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རང་༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཞེས་ཡན་ལག་བདུན་ལྡན་གྱིས་ཚོགས་བསག །སྡོམ་བཟུང་རྒྱས་པར་སྤྲོ་ན་ཐོག་མར་སོ་ཐར་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །ཚེ་འདས་རྡོར་སེམས་ཞེས་བགྱི་བས། །དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླངས་མི་བྱ། །འཁྲིགས་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ལན་གསུམ། བྱང་སྡོམ་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །ཚེ་འདས་རྡོར་སེམས་ཞེས་བགྱི་བས། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རིགས་ལྔའི་སྡོམ་བཟུང་ནི། །སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཚེ་འདས་རྡོར་སེམས་ཞེས་བྱ་བས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེ་བའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྔགས་སྡོམ་བཅས་སོ་སོ་དང་སླར་རང་གཞུང་གིས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །ཚེ་འདས་རྡོར་སེམས་ཞེས་བགྱི་བས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་ནི། ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་དང༌། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད་ལ། ཚེ་ལས་འདས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུཿ ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པའི་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ་གསུམ་དུ་གསལ་བར་བསམས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་བསྲེགས་གཏོར་སྦྱངས་པར་བསམས་ལ། རྃ་སྥ་ར་ཎ་ཕཊ། ཡྃ་སྥ་ར་ཎ་ཕཊ། ཁྃ་སྥ་ར་ཎ་ཕཊ། ཅེས་སྦྱངས། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམས་ལ། ཨོཾ་སུ་ར་ཏ་སྟྭྃ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོཿསོར་མོ་བསྣོལ། བཛྲ་བྷནྡྷ་བྃ། ཞེས་བསྡམས་པས་རིག་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཅིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་བཟླས་ཉམས་ཀྱིས། །ན་རཀ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང༌། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་ད་ཧ་གོང་བཞིན་བཏགས་པས་བཀྲུས་ནས། ཚེ་ལས་འདས་པས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །དེ་ནས་ཡང༌། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་པྲེ་བསྲེགས་གཏོར་སྦྱངས་པར་བསམས་ལ། རྃ་སྥ་ར་ཎ་ཕཊ། ཡྃ་སྥ་ར་ཎ་ཕཊ། ཁྃ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭྃ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བྃ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཅིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་བཟླས་ཉམས་ཀྱིས། །པྲེ་ཏའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང༌། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་པ་ཙ་གོང་བཞིན་བཏགས་པས་བཀྲུས་ནས། ཚེ་ལས་འདས་པས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡེ་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་པྲེ་བསྲེགས་གཏོར་སྦྱངས་པར་བསམས་ལ། རྃ་སྥ་ར་ཎ་ཕཊ། ཡྃ་སྥ་ར་ཎ་ཕཊ། ཁྃ་སྥ་ར་ཎ་ཕཊ། ཅེས་སྦྱངས། ཨོཾ་སུ་ར་ཏ་སྟྭྃ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བྃ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བ་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བཀའ༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིརྻ་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་བར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཅིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་བཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང༌། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་རྒྱའི་མཐར་མ་ཐ་གོང་བཞིན་བཏགས་པས་བཀྲུས་ནས། ཚེ་ལས་འདས་པས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་ནི། ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པ་པཾ་བི་ཤོ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པཱ་ར་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ། ཞེས་བཟླས་མཐར། ཚེ་ལས་འདས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་བ་ངན་པ་དང༌། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ་བཅུད་ཁྱད་པར་ཅན་སྒྲུབ་པ་ལ་སྣོད་དག་པར་བྱེད་པ་བཞིན་ནོ། | |||
།དེ་ནས་ཡོན་ཏན་ཡར་འཕེལ་གྱི་དབང་གི་ཐོག་མར་ཡེ་ཤེས་དབབ་པ་ནི། ཚེ་ལས་འདས་པ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོར་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧཿཛྷཻཾ༔ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབས་པ་ན། ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ། སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པས་སྤྱི་བོར་བཞག་ཅིང་བུམ་ཆུ་བླུག་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་བས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཨཱ༔ མཚན་ལྡན་རྡོ་རྗེའི་ཀཱ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོདྷི་ཙིཏྟ་མ་ཧ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག་ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང༌། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ནི། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷུ་རའི་མཎྜལ་ཅན་གཏད་པའི་ཚུལ་དང༌། ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་མིང་བྱང་ལ་བྱུག་པས། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་བསམས་ལ། ཧཱུྃ་འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱོར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང༌། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། | |||
།བཞི་པ་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པའི་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཧོཿ ཐོག་མཐའ་མེད་པ་རིག་པའི་བཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང་༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལས་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷརྟུ་ཨ་ཏི་ཧོ༔ ཞེས་པས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་པ་བསྐུར་བས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང༌། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་ཚེ་ལས་འདས་པའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམས་ལ་ཡང་སྙིང་ལན་བདུན། ཡིག་བརྒྱ་ལན་གསུམ་བརྗོད་ལ་བསྒོམ་བཟླས་ཀྱི་དམ་བཅའ་བླང༌། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་བཅས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང༌། གཏང་རག་གི་མཎྜལ་ས་གཞི་སྤོས་ཆུ་སོགས་མཎྜལ་འབུལ་བར་བྱའོ། །དགུ་པ་ཟས་གཏད་པ་ནི། ཚེ་འདས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པའི་མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་ལ། རྒྱས་པར་སྤྲོ་ན། རཾ་ཡྃ་ཁྃ་སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་དངོས་པོ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ཟག་པ་མེད་པའི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བྱིན་བརླབས་ལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་ཤབྡ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་གནྡྷེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་ར་ས་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་སྤརྴེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དཀྱུས་ལ། བསྡུ་ན། རྃ་ཡྃ་ཁྃ། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱི་བརླབས་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང༌། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་ས་ཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བསྔོ། བཅུ་པ་འཁོར་བར་མ་ཆགས་པར་གདམས་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིག་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་བཟུང༌། །བཅུ་གཅིག་པ་ལམ་བསྟན་པ་ནི། འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །བཅུ་གཉིས་པ་ལམ་སྦྱོངས་ནི། དཀོན་མཆོག་བདེན་པའི་བྱིན་རླབས་དང༌། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་མོ། །བཅུ་གསུམ་པ་བྱང་བུ་བསྲེག་པ་ནི། ནུབ་ཐ་མའི་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམས་ལ་མེ་སྦར་ཞིང༌། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང༌། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ༌། །ཡིག་བརྒྱའི་མཐར་ཨགྣི་ཛྭ་ལ་རཾ་ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་བར་བྱའོ། །སྐབས་འགའ་ཞིག་ཏུ་གསོན་པོའི་སྒྲིབ་སྦྱོང་ལ་ཡང་གནས་ལུང་གི་ཆོ་ག་འདི་ཉིད་སྦྱར་བར་བྱེད་མོད། སྤྱིར་ནི་གསོན་པོ་ལ་དམིགས་ཡུལ་ཉིད་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ཁོ་ན་སྐབས་དེའི་སྒྲིབ་སྦྱང་གི་ངོ་བོ་ཡིན་པས་དེ་ལྟར་བྱས་པས་འགྲུབ་ལ། འོན་ཀྱང་གནས་ལུང་གི་ཆོ་ག་དང་སྦྲེལ་བར་སྤྲོ་ན། དམིགས་བྱ་གམ་དུ་ཡོད་པ་ལ་ནི་རྟེན་བསྐྱེད་པ་དང་རྣམ་ཤེས་དགུག་པ་དོར་ལ། དེ་ཕྱིན་གྱི་བགེགས་སྦྱོང་བ་ནས་ལམ་སྦྱོང་བསྟན་གྱི་བར་ཚེ་འདས་ཞེས་པ་རྣམས་སྐལ་ལྡན་དུ་བསྒྱུར་ཅིང་གཞན་ཆོ་གའི་ཆིངས་སྔ་མ་ཁོ་ནས་ཤེས་པར་འགྱུར་བ་དང༌། བྱང་བུ་བསྲེག་པའི་དོན་དུ་དམིགས་བྱའི་སྐྲ་སེན་སོགས་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་ནས་སྲེག་སྦྱོང་བྱ། དམིགས་ཡུལ་ས་ཕྱོགས་གཞན་དུ་གནས་པ་ཡིན་ན་ནི། དམིགས་རྟེན་གྱི་བྱང་བུ་བཤམ་པ་དང་སྐྱེད་འགུགས་མཐར་བསྲེག་པ་སོགས་ཀྱང་བཤད་མ་ཐག་པ་ལྟར་བྱའོ། །འགའ་ཞིག་འདི་ལྟར་མི་རུང་བར་སེམས་པ་དག་མཆིས་མོད། དེ་ལྟར་ན་དགྲ་བོའི་ལིངྒ་ལ་རྣམ་ཤེས་བཀུག་ནས་ཁ་སྦྱོར་དབྱེ་བ་སོགས་མངོན་སྤྱོད་ཀྱི་ལས་རབ་འབྱམས་རྒྱལ་བས་རྒྱུད་སྡེ་རྣམས་སུ་གསུངས་པ་དོན་མེད་དུ་ཐལ། གསོན་པོའི་རྟེན་ཅན་ལ་གནོད་བྱེད་དུ་མི་འགྱུར་བའི་ཕྱིར། དེས་གནོད་བྱེད་དུ་འགྱུར་ན་འདིར་དམིགས་བྱ་གསོན་པོ་དངོས་དང་དེའི་རྟེན་ལ་རྣམ་ཤེས་དགུགས་ཅིང་སྡིག་སྒྲིབ་སྦྱོང་བ་དང༌། དབང་བསྐུར་བ་སོགས་ཕན་བྱེད་གྱི་ཆོ་གས་ཕན་པར་མི་འགྱུར་བའི་ངེས་པ་ཅི་ཞིག་ཡོད། །ཕན་གནོད་ཀྱི་བསམ་པ་དང་ཐབས་སོ་སོའི་འབྲས་བུ་འབྲེལ་པར་གྲུབ་པ་ཐམས་ཅད་མཁྱེན་པའི་ལུང་གིས་བསྟན་པའི་ཕྱིར། དེས་ན་ཆོ་ག་འདི་ལྟ་བུ་སྒྲུབ་པ་དག་ལ་ཀླན་ཀ་མི་བྱ་སྟེ་ཆོས་དང་མཐུན་པའི་རྒོལ་བ་མི་འཇུག་པའི་ཕྱིར་དང༌། གསོན་བྱང་གི་ཆོ་ག་དུ་མ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་འབྱུང་བས་སོ། ༈ | |||
།གཉིས་པ་སྦྱིན་སྲེག་གི་ཆོ་ག་ནི། གང་དུ་བྱ་བའི་གནས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོས། རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ་རྩ་སྔགས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབས་ནས་སྟོང་ཉིད་དུ་རྒྱས་བཏབ། ཐབ་སྟེགས་གྲུ་བཞི་པ་བ་བྱུང་གིས་བྱུགས་པའི་ཁར། བྲི་ཐབ་ལ་ཚངས་ཟུར་གྱི་ཐིག་བཏབ། རྒྱར་ཁྲུ་གང༌། མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ། ནང་དུ་ཆ་བྲན་གཅིག་པ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོར་བྱས་པའི་ཕྱིར་བ་བྱུང་འདུད་རྩི་ལྔ་དྲི་བཟང་དང་བཅས་པས་བྱུགས། མེ་ཏོག་དཀར་པོ་བཅལ་དུ་བགྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་དྲི་ཞིམ་པ་ཇི་ལྟར་རིགས་པ་བརྩིག །སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་མཆོད་རྫས་དང༌། གཡས་སུ་བསྲེག་རྫས་རྣམས་རིམ་པ་ཇི་ལྟ་བར་ཉིས་རིམ། མདུན་དུ་བསངས་ཆུ་རྡོར་དྲིལ་དགང་བླུགས་ནང་མཆོད་རྣམས་བཤམ། སློབ་དཔོན་ཆས་གོས་དཀར་པོ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད་དེ། ཆོ་ག་དངོས་ལ། བདག་བསྐྱེད་བཟླས་པའི་བར་སྔར་བཞིན་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། ཐུན་མཚམས་ཀྱི་ལྷའི་ང་རྒྱལ་ལ་གནས་པས་རྡོ་རྗེ་ཐབས་ཀྱི་རང་བཞིན་དང༌། དྲིལ་བུ་ཤེས་རབ་ཀྱི་རང་བཞིན། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜེ་ཨཿ ཞེས་ལག་གཡོན་གྱི་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐུགས་ཀར་འཁྱུད་རྒྱ་བྱ་ཞིང༌། རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུའི་དམ་ཚིག་སྟེ། གོང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ངའོ་སྙམ་པས་དམ་ཚིག་གསུམ་དྲན་པར་བྱས། མཆོད་རྫས་རྣམས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བི་དྱ༴ ཤབྡ་ཨཱཿཧཱུྃ། སོགས་ཀྱིས་བྱིན་གྱིས་བརླབ། སྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་ཨོཾ་སྭཱ་ཧཱས་རྫས་རྣམས་འཁྲུ། ཡམ་ཤིང་ལ་ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ་ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ་ཨོཾ་ཛྲཱི་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེགས་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གཅིག་ལ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ལན་གསུམ་བཏགས་པ་བརྗོད། དེ་བཞིན་དུ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྟ་ཡ་སྭཱ་ཧཱ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རྱཻ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། འབྲུ་གསུམ་དང་རྫས་སྔགས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་དུ་བ་མེད་པར་འབར་བའི་མེ་གཡས་སུ་བསྐོར་ནས་ཐབ་དུ་བཅུག་ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣི་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་མར་ཁུའི་ཐིགས་པས་གསོ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་བརྗོད་པའི་ཀུ་ཤ ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་པས་ཐབ་ཀྱི་ཁར་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་དགྲམ། ཐབ་ཨོཾ་མ་ཧཱ་ཀྲོ་དྷི་ཤོ་རི་སརྦ་དྲ་བྱམ་ཤོ་དྷ་ཡ་ཧཱུྃ་ཕཊ་གྱིས་བསང༌། སྭ་བྷ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རཾ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང༌། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨགྣེ་ཡེ་ཨཱ་ཀརྴ་ཡ་ཛཿ ཞེས་པས་སྤྱན་དྲངས། ལས་སྔགས་ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣི་དེ་ཝ་ས་པཱ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང༌། ཨོཾ་ཨགྣི་དེ་ཝ་ས་པ་རི་བཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བསིལ་ཕུལ། ཨོཾ་ཨགྣེ་ཡེ་ས་མ་ཡ་སྟཾ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་དང༌། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟགས་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ་གཟར་བུ་ཁ་སྦྱར་ཏེ། ཨོཾ་ཨགྣ་ཡེ་དྭི་བྱ་དྭི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་གཡས་སུ་བསྐོར་ཞིང་ལན་གསུམ་དུ་དབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་དང་བཅས་པ་ལན་གསུམ་གྱིས་གསོལ་ཞིང་མེ་པྲ་བརྟག །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་སྒྲུབ་པ་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ༴ འགྲེའོ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད༴ །ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ༴ འབྲས། ཨོཾ་བཛྲ་པུཥྟཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ༴ གྲོ། ཨོཾ་བཛྲ་གྷསྨ་རྱཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ༴ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་རྫས་རྣམས་སོ་སོར་ཉེར་གཅིག་རེ་སོགས་འབུལ། གཞན་ཡང་བསྲེག་རྫས་ཅི་འབྱོར་པ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧ། ཞེས་དབུལ། དེ་ནས་ཡུངས་ཀར་ཐབ་དུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། བདག་གི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ལ། ཨོཾ་བཛྲ་ཛྭ་ལ་རཾ་གྱིས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། | |||
།འདས་པའི་མེ་ལྷ་མཆོད་པ་ནི། མེ་ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱམ་ཤྭ་དྷ་ཡ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས་བརྗོད་པས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རཾ་ལས་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། །ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེགས་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབས་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་པདྨའི་ཕྲེང་བ་དང་རྡོ་རྗེའི་ར་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧཱུྃ་དུ་གནས་པ་བཞུགས་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཐིམ་པས་འོད་ཟེར་གྱི་གོང་བུར་གྱུར། ཨོཾ་བཛྲ་ས་ཏྭ་ཨཱཿ དེ་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བསྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅོད་པཎ་ཟི་ལྡིར་གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང༌། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དག་པ་ཆོས་ཀྱི་སྐུ་ལས་རྣམ་རོལ་གཟུགས་སྐུའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷའི་འཁོར་ལོ་གྲངས་མེད་པར་འཆར་ཞིང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པ་རིས་མེད་པའི་སེམས་ཅན་གྱི་བསམ་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བར་བསམ་མོ། །དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་བ་སོགས་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་སཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ་ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃཿ ཨོཾ་ཊྲུྃ་བཛྲ་ཏུཥྱ་ཧོཿ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་རྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །སྒྲུབ་མཆོད་དང་འབྲེལ་བ་ལ་ནི། མངོན་རྟོགས་ཀྱི། རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་བཀྲ་ལམ་གྱིས་གསལ་བར་གྱུར། ཨོཾ་ཕྱོགས་དུས་ཀུན་ན་སྔགས་བཅས་བརྗོད། སྒྲུབ་དཀྱིལ་ལས་མེ་ཏོག་གིས་མཚོན་པར་སྤོས་དང་རོལ་མོ་བཅས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཡིག་བརྒྱ་ཚར་གཅིག །ཐབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ནི་བླ་མ་དང་གཉིས་སུ་མེད་པའི་སོགས་ནས གསལ་བར་གྱུར། ཅེས་ཐབ་ཏུ་བཞུགས་སུ་གསོལ་ཞིང་གསལ་གདབ་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང༌། དང་པོ་ཕྱག་འཚལ་བ་ནི། རང་ལུས་གྲངས་མེད་པར་སྤྲུལ་ནས་ཕྱག་འཚལ་བར་བསམ་ཞིང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞི་ལས། དང་པོ་ཕྱི་མཆོད་ཀྱི་ཐོག་མར་མཆོད་སྤྲིན་སྤྱིར་སྤྲོ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ། ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་འབུལ་བ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞབས་བསིལ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པ་དྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མེ་ཏོག་བསམ་ལས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །བདུག་སྤོས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མར་མེ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །དྲི་ཆབ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་གནྜེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །ཞལ་ཟས་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ནེ་ཝི་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །རོལ་མོ་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་ས་ཏྭ་ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་ནས་རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སབྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་རྡོ་རྗེ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྟ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ན་བཟའ་འབུལ་བ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱན་འབུལ་བ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཀྱང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལངྐཱ་ར་པྲ་ཏིཙྪ་སྭཱ་ཧཱ། ཡིད་བྱུང་གི་མཆོད་པ་འབུལ་བ། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །མཉེན་འཇམ་རེག་ན་བདེ་བ་དང༌། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རང་ལ་མཛེས་པར་རྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་འབུལ། | |||
གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་ས་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོཿ ཞེས་དང༌། གཉིས་པ་མཆོད་པ་ནི། ཨོཾ་མཆོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ༴ ལོངས་སྐུ་རྡོ་རྗེ་སེམས་དཔའི་ཞལ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་དུ༴ རིགས་འཛིན་ཤྲཱི་སེང་ཧའི༴ སློབ་དཔོན་རྡོ་རྗེ་ཧཱུྃ་མཛད༴ པཎ་ཆེན་དྲི་མེད་བཤེས་གཉེན༴ ཨོ་རྒྱན་པདྨ་འབྱུང་གནས༴ ལོ་ཆེན་བཻ་རོ་ཙ་ནའི༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ༴ མངའ་བདག་ཁྲི་སྲོང་ལྡེའུ་བཙན༴ རིག་འཛིན་འགྱུར་མེད་རྡོ་རྗེའི༴ གཞན་ཡང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོ་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང༌། བཛྲ་ཨ་མྲི་ཏ་སྭ་དཾ་ཀུ་རུུ་ཥྭ་མེ། ཞེས་ལྕེའི་ཐོག་ཏུ་མྱོང༌། གསུམ་པ་གཏོར་མ་འབུལ་བ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི༔ ཞེས་འབུལ། གསུམ་པ་གསང་མཆོད་ནི། ཕྱག་རྒྱ་དང་སྙོམས་འཇུག་གི་བདེ་བས་དགྱེས་དགུར་རོལ་པར་མོས་ལ། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ ཞེས་མཆོད། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བླ་ན་མེད་པའི་མཆོད་པའོ། །གསུམ་པ་བསྟོད་པ་ནི། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱི་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ལན་བདུན་གྱིས་མར་ཁུ་བླུགས་གཟར་གྱིས་བཀང་བའི་དགང་བླུག་ཁ་སྦྱར་ཏེ་ཡི་གེ་བརྒྱ་པས་གཡས་སུ་བསྐོར་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་དང་བཅས་པ་ལན་གསུམ་འབུལ། དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལ། ཡམ་ཤིང༌། ཨོཾ་བཛྲ་ས་ཏྭ་ཨཱཿ ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་སོགས་འགྲེའོ། །ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱནྟིཾ༴ ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ འབྲས། ཨོཾ་བཛྲ་པུཥྟཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར༴ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ༴ གྲཽ། ཨོཾ་བཛྲ་གསྨ་རྱཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་འབུལ། བསྲེག་རྫས་གཞན་ཡོད་ན་ཡང་ཕུལ་པའི་མཐར། ཡུངས་ཀར་ལ་ཡིག་བརྒྱ་བཟླས་པ་ཐབ་ཏུ་གཏོར་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ལན་བདུན་གྱི་མར་ཁུ་བླུགས་གཟར་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་ཏེ་ཡི་གེ་བརྒྱ་པ་བརྗོད་ཅིང་གཡས་སུ་བསྐོར་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཚར་གསུམ་ཀྱིས་དགང་བླུགས་ཕུལ། གཏང་རག་གི་མཆོད་བསྟོད་ནི། ཨོཾ་གུ་རུ་བཛྲ་ས་ཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ནཻ་ཝི་དྱ་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛོད་རིགས། །ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདགས་བསྡུ། སྒྲུབ་མཆོད་སྐབས། བཟོད་གསོལ་རྗེས། བཛྲ་མུཿ ཐབ་ཀྱི་ལྷ་ཚོགས་རྣམས་དཀྱིལ་འཁོར་པའི་ཐུགས་ཀར་གཤེགས་པར་གྱུར། ཅེས་ཡེ་ཤེས་པ་དཀྱིལ་འཁོར་དུ་གཤེགས་ཤིང་ཚོམ་བུ་སླར་སྤྱན་དྲངས། དམ་ཚིག་པ་རང་ལ་བསྡུ། གཉིས་ཀའི་མཐར། བླུགས་གཟར་གྱིས་མར་ཁུ་དང༌། ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བརྗོད་པས་མེ་གསོ་ཞིང༌། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དང་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟགས་མཆུ་ལས་བབ་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། ཨོཾ་ཨགྣེ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དུ་དབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང༌། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ ཏིལ། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་ཐམས་ཅད༴ ཞོ་ཟན། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ འབྲས། ཨོཾ་བཛྲ་པུཥྟཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ༴ ནས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ། སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ༴ གྲོ། ཨོཾ་བཛྲ་གསྨ་རྱཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ༴ དཱུརྦ། ཨོཾ་བཛྲ་ཨཱ་ཡ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ། གཞན་ཡང་བསྲེག་རྫས་ཅི་འབྱོར་བ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བསྲེག་རྫས་རྣམས་ལན་བདུན་ལ་སོགས་འབུལ། གཏོར་མ། ཨོཾ་ཨགྣ་ཡེ་དེ་ཝ་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་གྱིས་ཕུལ་ལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ཅིང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་སྤྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་རང་གནས་སུ་གཤེགས་སུ་གསོལ། ཨོཾ་ཨ་ཀཱ་རོ་བརྗོད་ཅིང་འོ་མ་དང་དྲི་བཟང་གི་ཆུས་མེ་བཏུལ། ལས་རྗེས་མི་མངོན་པར་བྱས་ལ། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །གནས་སྐབས་ཀུན་ཏུ་དངོས་གྲུབ་མཆོག་སྒྲུབ་པའི། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ཚང་མེད་ལས་སྐྱེ་བ་འདིར། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་གྱུར་ཏེ། །བར་དོ་སྒྱུ་འཕྲུལ་དྲྭ་བའི་སྐུར་ལངས་ནས། །མཁའ་སྤྱོད་གནས་སུ་ཀུན་བཟང་སྤྱོད་པ་མཆོག །དཀའ་བ་མེད་པར་མྱུར་དུ་རྫོགས་པར་ཤོག །སྤྱོད་པ་རྒྱ་མཚོ་ཡེ་ཤེས་ས་ཀུན་རྫོགས། །གཞན་དོན་རིས་མེད་གདུལ་བྱའི་ཁམས་བཞིན་འཇུག །སྒྲིབ་བྲལ་མཁའ་མཉམ་ཟུང་འཇུག་རྡོ་རྗེའི་སྐུ། །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་དོན་གཉིས་ཀྱི་རྒྱུར་བསྔོ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་བརྗོད་པར་བྱའོ། | |||
།ད་ནི་དེ་ལས་རོ་བསྲེག་གི་ཆོ་གའི་ཁྱད་པར་ནི། སྔར་བཤད་པའི་བྲིས་ཐབ་ཀྱི་ཁར་ཕ་གུ་སོགས་ཀྱི་རོ་ཁང་རྒྱར་ཁྲུ་གང་གི་ཚད་དང་དཔངས་སུ་ཇི་ལྟར་རིགས་པ་བརྩིག །སྤར་བྱེད་ཀྱི་མེ་ཚང་མཆོད་བསྲེག་གི་རྫས་རྣམས་ཚོགས་པར་འདུ་བྱས་ལ། གནས་ལུང་དངོས་གཞིའི་ལམ་སྦྱོང་བསྟན་ཡན་ཆད་སོང་བ་ན་རོ་ཁང་རྙིང་པ་ལས་གུད་དུ་ཕྱུང་སྟེ། སྔར་བཞིན་བགེགས་ལ་གཏོར་མ་བཏང་ནས་དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་རྟེན་ལ་ཡུངས་ཐུན་གྱིས་བྲབ་གུ་གུལ་གྱིས་བདུག་པ་སོགས་བྱས་ལ་བགེགས་བསྐྲད། སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་ཡུངས་ཀྱིས་བྲབ་ཅིང་བུམ་ཆུས་བཀྲུ། དྲི་བཟང་གིས་བྱུགས། སྟོད་གཡོགས་དང་སྨད་གཡོགས་དཀྲི། གནས་གསུམ་སོགས་སུ་བཏགས་གྲོལ་དང་གདགས་ཡིག་གི་རིམ་པ་ཅི་འབྱོར་བཏགས་སྐད་ཅིག་གིས་རྡོར་སེམས་སུ་བསྐྱེད། ཅུང་ཟད་མཆོད་ཅིང་བསྟོད་ནས་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་ཅུང་ཟད་རྒུ་བར་བཞག་པའི་མདུན་ངོས་སུ་ཤིང་ཕྲ་བ་དང་རྒྱབ་རྣམས་ཅུང་ཟད་སྦོམ་པས་གཅེར་བའི་ཕྱིའི་མདུན་གྱི་རྩ་བར་སྦར་ཁུང༌། རྐེད་པར་རྫས་ཁུང༌། སྟེང་དུ་དུད་ཁུང་རྣམས་མ་གཏོགས་གཞན་ཐམས་ཅད་མཛེས་ཤིང་བརྟན་པར་བརྩིག །དཀར་རྩིས་བྱུག་ཅིང་གདུགས་དབུབས་སོགས་བྱ། བདག་བསྐྱེད་སོགས་སྔར་བཞིན་ལས་མེ་སྦར་བ་ན། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང༌། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ༌། །ཞེས་བརྗོད། གང་ཟག་མཆོག་ཡིན་ན་རྟེན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱ་ཞིང་དམན་པ་ལ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་དམིགས་པ་ཡིན་ལ། སྤེལ་ཚིག་ཀྱང་དེས་རིགས་འགྲེ་སྦྱར་བས་སྒྱུར་ཞིང༌། ཆོ་ག་གཞན་ནི་སྔར་གྱི་དཀྱུས་བཞིན་རྫས་རྣམས་འབུལ་བ་ན། དམིགས་ཡུལ་རྗེས་སུ་དྲན་པས་དེ་ལ་ཕན་པའི་བསམ་པས་སྔགས་བཟླས་ཤིང་སྦྱིན་སྲེག་བྱས་པས་བདག་དང་ལྷ་དང་མཆོད་རྫས་དང་མེ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས་དམིགས་ཡུལ་ལ་ཐིམ་པས་དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བསམ་པ་ཡིན་ཏེ། ངན་སོང་རྒྱུད་ན་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང༌། །ཞེས་དང༌། བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང༌། །འོད་ཟེར་སྤྲིན་གྱིས་དེ་ལུས་ལ། །འཕྲོ་བར་གྱུར་པ་རྣམ་བསྒོམ་སྟེ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བྱེད་པ། །ཞེས་སོགས་ཆོ་ག་འདི་ཉིད་སྟོན་པས་རྒྱུད་ལས་གསུངས་པས་སོ། །གསུམ་པ་སཙྪ་གདབ་པའི་ཆོ་ག་ནི། དེ་ལྟར་རོ་བསྲེགས་ཚར་བའི་རྗེས་སུ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས། བཛྲ་སཾ་ཧ་ར་ཎ་ཧཱུྃ། ཞེས་རུས་བུ་རྣམས་བསྡུས་ལ་རིན་པོ་ཆེ་སོགས་ཀྱི་སྣོད་དུ་བཞག །དེའི་སྟེང་དུ་མཉྫའི་ཁར་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་ཀྱི་ཆུས་གང་བ་དང༌། ཉེ་ལོགས་སུ་བ་བྱུང་ལྔའི་སྣོད་དང་ག་བུར་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམས། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨཱཿདཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་ཡིག་བརྒྱ་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུ་ལ་སོགས་པའི་རྫས་ཐམས་ཅད་ལ་གདབ་ཅིང་རུས་བུ་རྣམས་དག་པར་བཀྲུ། དེ་ཉིད་ཞི་བར་སྦྱངས་ནས་སྔར་གྱི་བུམ་ཆུ་དང་བ་བྱུང་ལྔ་རྣམས་ལྷན་ཅིག་ཏུ་སྦྱར་བ་སླར་ཡང་དྲི་བཟང་དང་ས་བཟང་པོའི་འཇིམ་པ་རྣམས་བསྲེས་པས་སྙིང་པོ་བཟླ་བཞིན་པས་བརྫིས་ལ། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམས་ཏེ་རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ་ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གྱེན་བསྟན་དང༌། གཡས་པའང་དེ་བཞིན་དུ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ་རྣམ་སྣང་གི་གཟུངས་རིང་ངམ། ཡང་ན། ཨོཾ་ཛི་ན་ཛིཀྲ་སྭཱ་ཧཱ། ཞེས་པ་ཉེར་གཅིག་དང་ཡིག་བརྒྱས་བྱིན་གྱིས་བརླབས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། རྡོ་རྗེའི་སྲོག་ཐོབ་པར་བསམས་ལ་འཇིམ་པ་བཅད། ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བ་བསམས་ལ་འབི་འབི་བྱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་རྡུལ་བྲལ་དུ་བསམས་ལ་སྣུམ་བྱུག །ཨོཾ་དྷརྨ་དྷཱ་ཏུ་གརྦྷ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམས་ལ་གདབ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམས་ལ་གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་དང་རྟེན་སྙིང་གཟུངས་སུ་བཞུག །ཨོཾ་དྷརྨ་ར་ཏི་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམས་ཞིང་ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲཱེ་ཡ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམས་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཅུང་ཟད་རྒྱས་པར་སྤྲོ་ན་བདག་བསྐྱེད་སྔོན་དུ་འགྲོ་བས་རྟེན་གྱི་བགེགས་སྦྱོང་བ་དང༌། ཁྲུས་གསོལ་ནས་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་དབང་སྐུར། མཆོད་པ་དང་བསྟོད་པ་བྱས་ནས་རང་གཟུགས་སུ་བསྒྱུར་ནས་རྟེན་བཞུགས་དང་ཤིས་བརྗོད་བྱའོ། །ཆོ་ག་དེ་ལྟ་བུའི་སྒོ་ནས་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཡང་མཆོད་རྟེན་གདབ་པ་དེ་དང་འབྲེལ་བར་སེམས་ཅན་ལ་ཕན་གདགས་པར་སྤྲོ་ན། མཆོན་རྟེན་གྱི་བྱ་བ་རྫོགས་པའི་འོག་ཏུ་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་ཡི་གེ་བརྒྱ་པ་དམིགས་ཡུལ་གྱི་མིང་ནས་སྨྲོས་པའི་སྒྲིབ་སྦྱོང་གི་སྤེལ་ཚིག་ཅན་འབུམ་ཕྲག་གཅིག་བཟླ་ཞིང་དཀོན་མཆོག་ལ་མཆོད་པ་དང༌། འགྲོ་ལ་སྦྱིན་གཏོང་གི་དཔུང་བསྐྱེད་པ་རྣམས་བྱས་ན་དམིགས་ཡུལ་དེར་ངན་སོང་གི་སྡུག་བསྔལ་ལས་ཐར་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུང་ཤིང༌། དེའི་ཐབས་ནི་གཞན་དུ་ཤེས་པར་བྱའོ། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་སེམས། །རིགས་བརྒྱའི་ཁྱབ་བདག་དེ་ཡི་དཀྱིལ་འཁོར་ཆེ། །སྒྲུབ་པའི་ཐབས་ཚུལ་ཀུན་གྱི་སྙིང་པོའི་དཔྱིད། །སྐལ་བཟང་འདོད་པ་འཇོ་བ་ཟབ་མོའི་གཏེར། །སྙིང་པོའི་དཀྱིལ་འཁོར་གསང་བ་མཆོག་གི་སྒོར། །ཐར་འདོད་མྱུར་བདེར་འཁྲིད་པ་རྣམ་གྲོལ་གྱི། །ལམ་བཟང་བསྙེན་སྒྲུབ་ཕྲིན་ལས་རྀམ་པ་ཡིས། །སྟོན་པའི་ངོ་མཚར་རིག་འཛིན་ཀུན་དགའི་སྐྱེས། །རྣམ་འདུན་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་སྡེ། །སྐད་གཉིས་སྨྲ་བའི་རིག་འཛིན་ཆོས་ཀྱི་དཔལ། །གྲུབ་ཐོབ་མི་ཕམ་ཆོས་སྐྱོང་རྒྱལ་མཚན་ཅན། །ཤེས་རབ་འོད་ཟེར་ཨོ་རྒྱན་དཔལ་འབྱོར་གྲགས། །བློ་གསལ་རྒྱ་མཚོ་ཨོ་རྒྱན་ཕུན་ཚོགས་དང༌། །ངག་དབང་ཕྲིན་ལས་སོགས་ཏེ་དོན་གཉེར་ཅན། །དུ་མས་དོན་གཉིས་སྒྲུབ་ཕྱིར་ཡང་དང་ཡང༌། །འབད་པ་ཆེན་པོས་བསྐུལ་བ་དོན་ཡོད་ཕྱིར། །གཏེར་གཞུང་རྡོ་རྗེའི་ཚིག་གི་ལྟེ་བ་རུ། །འཐད་ལྡན་གཞུང་གི་རྩིབས་སྟོང་རྣམ་པར་བཀྲ། །ཟབ་དོན་སྙིང་པོར་དྲིལ་བའི་མུ་ཁྱུད་ཅན། །སྲིད་ལས་རྣམ་རྒྱལ་བྱེད་དེ་འདི་ན་ཤར། །བསོད་ནམས་འདི་ལས་བདེ་གཤེགས་སྙིང་པོའི་འབྲས། །དབང་བཞིའི་ཆུ་བོས་རིམ་གཉིས་འཛིན་མའི་ལྟོར། །སྨིན་པའི་ངོ་མཚར་སྐུ་བཞིའི་དཔག་བསམ་ཤིང༌། །ལུས་ཅན་ཀུན་གྱི་ཉེར་འཚོའི་གཞིར་གྱུར་ཅིག །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ། །ཅེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་གཞུང་དང༌། རྒྱལ་སྲས་རིན་རྣམ་ལྷན་ཐབས་བཅས་བློ་དམན་དཔེ་ཁྱེར་མཁན་ལ་ཕན་པའི་སླད་དུ་ནག་འགྲོས་སུ་བསྡེབས། གསལ་བྱེད་ཕྲན་བུས་ཀྱང་བརྒྱན་ཏེ་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །ཕྱིས་སུ་རྒྱ་གར་ནས་སྣུམ་དཔར་དུ་བཏབ་པ་ཞིག་དང་ཨ་འཛོམས་དང་རྫོགས་ཆེན་གྱི་ཤིང་དཔར་དུ་འཇམ་མགོན་རིན་པོ་ཆེའི་ཆོག་སྒྲིགས་ལ་ནག་འགྲོས་སུ་མཛད་འདུག་མོད་བདག་དབང་དང་བྱང་དབང་གི་སྐབས་སུ་ནོར་བ་དཔེར་ན་ཡེ་ཤེས་པ་དབབ་པའི་རྗེས་སུ་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བཞག་འདུག་པ་ལྟ་བུ་ཡིན།དེས་ན་མཁྱེན་བརྩེའི་བཀའ་བབས་བསྐྱར་བསྒྲིག་སྐབས་འཇམ་མགོན་ཀོང་ཆེན་པའི་ཡིག་ཆ་ཉིད་ལ་བཏུག་ནས། བདག་འཇུག་གི་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་མི་དགོས་པ་དང༌། བྱང་དབང་སྐབས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གྲུབ་རྗེས་ཡེ་ཤེས་དབབ་པ་བཞག་པ་ཡིན། སྡོམ་བཟུང་ལ་བདག་དབང་སྐབས་དགོངས་གསོལ་མི་དགོས་པ་ཡིན་སྣང་ཡང་བྱས་ཀྱང་འགལ་བ་མེད་སྙམ་བཅས་ཕུན་ཚོགས་རྣམ་རྒྱལ་པས་སོ།། །། | |||
}} | }} |
Latest revision as of 08:41, 1 June 2024
🚧 This website is under continued development. We appreciate your patience!
Wylie title | dpal rdo rje sems dpa' thugs kyi sgrub pa'i bsnyen sgrub phrin las kyi cho ga rnam grol lam bzang | |
---|---|---|
Location | mkhyen brtse'i bka' babs Volume 1, Text 11, Pages 449-552 (Folios 1a to 52b5) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Less details More details | ||
Tertön | གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje) | |
Citation | 'jam mgon kong sprul. Dpal rdo rje sems dpa' thugs kyi sgrub pa'i bsnyen sgrub phrin las kyi cho ga rnam grol lam bzang. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 1: 449-552. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Activity Manual - las byang · Recitation Manual - bsnyen yig · Revelations - gter ma · Ritual and Liturgical Texts - cho ga phyag len · Sadhanas - Evocation Ritual - sgrub thabs | |
Cycle | དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ (dpal rdo rje sems dpa' thugs kyi sgrub pa) | |
Deity | rdo rje sems dpa' | |
Karchag page | JKW-KABAB-Volume-01-KA-Karchag | |
RTZ | In the Rinchen Terdzö: https://rtz.tsadra.org/index.php/Terdzo-GA-004-1 | |
Colophon |
| |
|
Footnotes
Other Information
Categories:
- JKW-KABAB-01-KA-011
- Tibetan Publications
- Tibetan Texts
- mkhyen brtse'i bka' babs
- dpal rdo rje sems dpa' thugs kyi sgrub pa
- rdo rje sems dpa'
- Activity Manual - las byang
- Recitation Manual - bsnyen yig
- Revelations - gter ma
- Ritual and Liturgical Texts - cho ga phyag len
- Sadhanas - Evocation Ritual - sgrub thabs
- 'jam mgon kong sprul
- phun tshogs rnam rgyal
- Gter bdag gling pa 'gyur med rdo rje
- JKW-KABAB-Volume-01-KA
- Khyentse Lineage Project