DKR-KABUM-10-THA-009: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-009
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=མཚོ་རྒྱལ་སྙན་བརྒྱུད་ཕུར་པ་མེ་ཡི་སྤུ་གྲི། | |||
|fulltitle=mtsho rgyal snyan brgyud phur pa me yi spu gri | |||
|citation=[[Khyentse, Dilgo]]. ''Mtsho rgyal snyan brgyud phur pa me yi spu gri''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 33-41. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=rgya rong mkha' 'gro bde chen dbang mo | |||
|sourcerevealertib=རྒྱ་རོང་མཁའ་འགྲོ་བདེ་ཆེན་དབང་མོ་ | |||
|associatedpeople=ye shes mtsho rgyal | |||
|associatedpeopletib=ཡེ་ཤེས་མཚོ་རྒྱལ་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Three | |||
|deity=rdo rje phur pa | |||
|cycle=mtsho rgyal snyan brgyud phur pa me yi spu gri | |||
|cycletib=མཚོ་རྒྱལ་སྙན་བརྒྱུད་ཕུར་པ་མེ་ཡི་སྤུ་གྲི་ | |||
|language=Tibetan | |language=Tibetan | ||
| | |volumenumber=010 | ||
| | |volnumtib=༡༠ | ||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=009 | |textnuminvol=009 | ||
|pagenumbers=33-41 | |||
|totalpages=17 | |||
|beginfolioline=1a | |||
|endfolioline=9a2 | |||
|totalfolios=9 | |||
|multivolumework=No | |||
|rectonotes=sgrub thabs | |||
|versonotes=mtsho rgyal snyan brgyud phur pa | |||
|colophontib=* '''Treasure colophon:''' ཨེ་མ་སྐལ་ལྡན་ལས་ཅན་རྣམས༔ ཁྱད་པར་གསང་སྔགས་ལམ་མཆོག་འདི༔ དྲག་པོ་སྔགས་ཀྱི་བརྡ་སྒོ་བཀྲོལ༔ ཟབ་གཏེར་རྫས་ཀྱི་ལྡེའུ་མིག་རྙེད༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནས༔ གསང་ཆེན་སྔགས་ཀྱི་ལམ་ལ་ཞུགས༔ མཚན་ལྡན་ཌཱ་ཀིས་ཡང་ཡང་བསྐུལ༔ རིག་འཛིན་གྲུབ་པའི་དབང་མོ་ནི༔ བདེ་བའི་རྡོ་རྗེ་ཆེན་མོ་ཡིས༔ བརྟུལ་ཞུགས་གྲུབ་པའི་རྩལ་བསྐྱེད་དེ༔ མཁའ་འགྲོ་དགྱེས་པའི་ཚོགས་མེ་མཆོད༔ རྒྱ་ཆེར་ཕུལ་ནས་ཁྱུང་བྲག་གི༔ གཡོན་ལོགས་རཱ་ཧུའི་ལྟོ་ཞལ་ནས༔ ཌཱ་ཀི་ཟུང་གིས་སྤྱན་དྲངས་ཏེ༔ ཤིང་རྟ་ཁྲུམ་ཟླའི་ཚེས་༢དགེ་བར༔ བརྡ་གྲོལ་ཤིན་ཏུ་བསྡུས་པ་རུ༔ དྷརྨ་ཙནྡྲས་དག་པར་ཕབ༔ དགེ་བས་བར་ཆད་བདུད་ལས་རྒྱལ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཏི་གུ་ཧྱ་བཛྲ་གུ་ཧྱ་བཛྲ་གརྦྷ་ྀཨཐི།། | |||
|colophonwylie=* '''Treasure colophon:''' e ma skal ldan las can rnams:_khyad par gsang sngags lam mchog 'di:_drag po sngags kyi brda sgo bkrol:_zab gter rdzas kyi lde'u mig rnyed:_rig 'dzin mkha' 'gro'i brdas bskul nas:_gsang chen sngags kyi lam la zhugs:_mtshan ldan DA kis yang yang bskul:_rig 'dzin grub pa'i dbang mo ni:_bde ba'i rdo rje chen mo yis:_brtul zhugs grub pa'i rtsal bskyed de:_mkha' 'gro dgyes pa'i tshogs me mchod:_rgya cher phul nas khyung brag gi:_g.yon logs rA hu'i lto zhal nas:_DA ki zung gis spyan drangs te:_shing rta khrum zla'i tshes 2dge bar:_brda grol shin tu bsdus pa ru:_d+harma tsan+d+ras dag par phab:_dge bas bar chad bdud las rgyal:_rdo rje gzhon nu myur 'grub shog:_sa ma ya:_rgya rgya rgya:_a ti gu h+ya badz+ra gu h+ya badz+ra gar+b+ha \ithi// | |||
|pdflink=File:DKR-KABUM-10-THA-009.pdf | |pdflink=File:DKR-KABUM-10-THA-009.pdf | ||
}} | }} | ||
Line 16: | Line 41: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །མཚོ་རྒྱལ་སྙན་བརྒྱུད་ཕུར་པ་མེ་ཡི་སྤུ་གྲི་བཞུགས་སོ། | {{TibP|༄༅། །མཚོ་རྒྱལ་སྙན་བརྒྱུད་ཕུར་པ་མེ་ཡི་སྤུ་གྲི་བཞུགས་སོ།<br><br> | ||
༄༅། །གུ་རུ་དྷེ་ཝ་དྷཱ་ཀི་ནི་སརྦ་སིདྡྷི་ཧཱུྃ༔ བརྡ་ཡིག་༤༔ སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་སྐུ༔ དུས་ངན་སྙིགས་མའི་གདུལ་དཀའི་སེམས་ཅན་རྣམས༔ གང་ལ་གང་འདུལ་སྤྲུལ་པའི་དོན་མཛད་པ༔ གདུལ་དཀའི་གཤེད་དུ་འཆོལ་བའི་ཁྲོ་རྒྱལ་སྐུ༔ ཁྲོ་མཆོག་ཕུར་པ་རྔམ་བརྗིད་འབར་བའི་སྔགས༔ སྙིགས་མ་ལྔ་བདོའི་བཞི་བཅུ་ཁ་རལ་དུས༔ ཆེ་བཙན་གྲལ་དབུས་སྐྱེ་བོ་ཕོ་མོ་རྣམས༔ ལོག་པའི་ལམ་ཞུགས་དམ་ཚིག་ཉམས་པ་དང༔ མི་རྣམས་ལོག་སྤྱོད་ཟོག་པོ་མཁན་གྱིས་བསླུ༔ མི་རིགས་འཁྲུལ་མཁན་དམ་སྲི་ཁོག་ཏུ་ཞུགས༔ དེ་དུས་མཐུ་སྟོབས་འདྲེ་བཙན་རྒྱལ་འགོང་རྒོད༔ བསམ་པའི་དོན་བགྱིད་བར་ཆད་རྐྱེན་གྱིས་འཚེ༔ འཇིག་རྟེན་མི་བདེ་གཡོ་འཁྲུགས་སྣ་ཚོགས་ཤར༔ རི་ཀླུང་ཕུག་པ་ཐམས་ཅད་ཤི་འདྲེས་གང༔ ཆོས་བྱེད་གང་ཟག་རྣམས་ལ་བར་ཆད་འཚེ༔ འབྱུང་བཞི་མ་སྙོམས་དུས་ཀྱི་འཁོར་ལོ་འགྱུར༔ ཐན་དང་ལྟས་ངན་མི་འདོད་མཁའ་ལ་ཤར༔ ཟོག་པོ་རྒྱབ་བརྟེན་སྣ་འདྲེན་དམ་སྲིས་བྱེད༔ རྫས་དང་ངན་སྔགས་སྒྱུ་མའི་གྲུབ་རྟགས་བསྟན༔ དེ་ལ་སྲུང་སྐྱོབ་འཇིག་རྟེན་ལྷ་ལ་བཅོལ༔ ཟོག་པོའི་དབང་པོ་འཆི་ཚེ་དེ་འཁོར་སྐྱེ༔ གྲོང་ཡུལ་ཤི་འདྲེ་ཕོ་མོ་ཀི་བསྭོ་སྒྲོགས༔ ཕྱི་རོལ་ལྷ་འདྲེ་མང་པོས་བསྟན་དགོན་འཚེ༔ སངས་རྒྱས་བསྟན་པའི་བྱིན་རླབས་ཉི་ཟེར་ཙམ༔ དེ་དུས་པད་འབྱུང་ང་ལ་གསོལ་བ་ཐོབ༔ དྲག་པོའི་སྔགས་ཟོར་བྱད་མའི་སྙིང་ལ་རྦད༔ གནོད་བྱེད་སྟེང་དུ་ཕ་ལམ་རྡོ་རྗེ་ལྟར༔ ཕས་རྒོལ་ཕྱེ་མར་འཇོམས་ཤིང་རློག་བྱེད་པ༔ རང་བཞིན་སྟོང་ཉིད་སྙིང་རྗེའི་རིག་རྩལ་ངོམས༔ སྲུང་བའི་འཁོར་ལོ་ཁྲོ་བོའི་ང་རྒྱལ་སྐུ༔ ཕྱི་རོལ་རྔམས་བརྗིད་ནང་དུ་ཡེ་ཤེས་ཐུགས༔ སྙིང་རྗེ་ཚད་མེད་མ་གཅིག་བུ་བཙས་ལྟར༔ ཆོས་སྐུའི་ཀློང་དུ་གཉིས་འཛིན་བར་ཆད་ཞི༔ ས་མ་ཡ༔ ཞེས་འདི་ཉམས་སུ་བླང་བའི་གང་ཟག་རྣམས༔ སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བའི་དགོས་ཆེད་ཀྱི་ལེའུ་དང་པོའོ༔ དབེན་པ་རྔམས་དྲག་སྒྲུབ་པའི་གནས༔ འཇིགས་མེད་གྲུབ་པས་བྱིན་བརླབས་སར༔ དཀྱིལ་འཁོར་སྤྱི་མཐུན་བཀོད་པའི་དབུས༔ བྷནྡྷ་སྣོད་ལྡན་སྨན་འབྲུས་བཀང༔ སྐུའམ་ཕུར་བུ་འཛུགས་བྱས་ལ༔ དར་དམར་ལྡིང་གུར་བ་ལིཾ་སོགས༔ ཉེར་སྤྱོད་མཆོད་པས་མཛེས་པར་བསྐོར༔ བདེ་བའི་སྟན་ལ་བག་ཕེབས་ནས༔ མ་ཡེངས་རྩེ་གཅིག་ངང་ནས་བསྒོམ༔ སྐྱབས་ཡུལ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཀྲ་ལམ་མེར་བསྒོམས་ནས༔ དབྱངས་སྙན་དད་མོས་གདུང་ཤུགས་ཀྱིས༔ ཧཱུྃ༔ རང་རིག་ཀ་དག་ཆོས་དབྱིངས་ཞིང་ཁམས་ནས༔ སྐྱེ་མེད་རང་བྱུང་རྡོ་རྗེ་ཕུར་པའི་ལྷ༔ འགག་མེད་སྒྱུ་འཕྲུལ་རྒྱལ་བའི་ལྷ་ཚོགས་ཤར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ལན་གསུམ་སེམས་བསྐྱེད་ནི། ཧཱུྃ༔ མ་རིག་གཟུང་འཛིན་འཁྲུལ་པ་འཁོར་བའི་ཀློང༔ ལས་དབང་གིས་འཁྱམས་རིགས་དྲུག་སེམས་ཅན་རྣམས༔ ཡང་གསང་བླ་མེད་གོ་འཕང་ཐོབ་པའི་ཕྱིར༔ ཚད་མེད་རྣམ་བཞིས་སྨོན་འཇུག་མཆོག་སེམས་བསྐྱེད༔ ལན་གསུམ། ཡན་ལག་བདུན་པ་ནི༔ ཧཱུྃ༔ རང་བྱུང་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ འདིར་གཤེགས་གདན་བཞུགས་སྒོ་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་མཆོད་དུས་གསུམ་སྒྲིབ་པ་བཤགས༔ རྗེས་སུ་ཡི་རང་ཐེག་གསུམ་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་དགེ་ཚོགས་འགྲོ་ལ་བསྔོ༔ ཡང་དག་བླ་མེད་གོ་འཕང་མྱུར་ཐོབ་ཤོག༔ བགེགས་ལ་གཏོར་མ་བྱིན་རླབས་སྦྱིན༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་བགེགས་འདུལ་སྐུ༔ མ་རིག་གདོན་བགེགས་འབྱུང་པོ་རྣམས༔ གླུད་གཏོར་རྒྱན་ལྡན་འདི་བཞེས་ལ༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ང་ནི་ཁྲོ་རྒྱལ་ཐུགས་ཁྲོས་པས༔ ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ ཁྲོ་མོའི་ཚོགས་ཀྱིས་བར་སྣང་གང༔ ཁྱེད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཧཱུྃ་བཞིའི་སྔགས་བྲབ་ཐུན་གྱིས་གཟིར༔ ཆོས་དབྱིངས་དམིགས་མེད་ངང་ལ་བཞག༔ སྲུང་འཁོར་ནི༔ ཧཱུྃ༔ སྣང་སྲིད་རྣམ་དག་གཞལ་ཡས་ཁང༔ དམིགས་མེད་ཆོས་དབྱིངས་རྡོ་རྗེའི་གུར༔ ནམ་ཡང་འགྱུར་མེད་སྟོང་གསལ་དབྱིངས༔ བདུད་བགེགས་དམ་སྲིའི་གཡུལ་ལས་རྒྱལ༔ བྷྲཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ བྱིན་འབེབས་སྤོས་རོལ་གདུང་བའི་དབྱངས་ཀྱིས་བསྐུལ༔ ཧཱུྃ༔ ཀུན་བཟང་ཁྱབ་བརྡལ་ཆོས་སྐུའི་ཞིང༔ འགག་མེད་རང་བྱུང་ཕུར་པའི་ལྷ༔ འཁོར་ཚོགས་སྤྲུལ་པ་དཔག་མེད་རྣམས༔ འདིར་གཤེགས་རྣལ་འབྱོར་སྒྲུབ་པ་པོར༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ སྒྲུབ་པའི་རྫས་ལ་བྱིན་ཕོབ་ཅིག༔ ཧཱུྃ་བཛྲ་ཤྲཱི་ཀུ་མཱ་ར་ས་པ་རི་ཝ་ར་ས་མ་ཡ་ཕེཾ་ཕེཾ་ཛཿཛཿ མཆོད་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་བའི་མཆོད་པའི་རྫས༔ སྨན་དང་གཏོར་མ་རཀྟ་བཅས༔ ཉེར་སྤྱོད་མཆོད་པའི་ཡོ་བྱད་ཀུན༔ ནམ་མཁའ་མཛོད་དུ་སྦྱངས་སྤེལ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། དངོས་གཞི་གཞལ་ཡས་ཁང་དང་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་དབྱིངས་དམིགས་མེད་སྟོང་གསལ་ངང༔ མ་རྟོགས་འགྲོ་རྣམས་སྙིང་རེ་རྗེ༔ འགག་མེད་རྒྱུ་ཡི་ཡི་གེ་ཧཱུྃ༔ འབྱུང་བ་བཞི་ཡི་ས་བོན་གྱུར༔ སྣོད་བཅུད་དག་པའི་མཁའ་ཀློང་ཞིང༔ ཧཱུྃ་ལས་ཡོངས་གྱུར་གཞལ་ཡས་ཁང༔ ཕོ་བྲང་ཕྱི་ནང་ཡོངས་སུ་རྫོགས༔ དྲི་མེད་ཟང་ཐལ་དག་པའི་ཞིང༔ དེ་དབུས་པདྨ་ཉི་ཟླའི་སྟེང༔ རང་རིག་ཧཱུྃ་ཡིག་མཐིང་ག་གསལ༔ ཧཱུྃ་ཡིག་སྐད་ཅིག་གནས་གྱུར་པས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་གཡོན་ཞལ་དམར༔ དབུས་མཐིང་སྤྱན་གསུམ་ཁྲོ་གཉེར་ཅན༔ སྨ་ར་སྨིན་མ་མེ་དཔུང་འབར༔ ལྗགས་གློག་མཆེ་བ་རྣམ་བཞི་གཙིགས༔ གཡས་གཉིས་རྡོ་རྗེ་རི་རབ་དང༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ག༔ མཐའ་གཉིས་ཕུར་པ་འདྲིལ་ཞིང་འདེབས༔ དབུ་སྐྲ་མེ་དཔུང་གྱེན་དུ་འཁྱིལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས༔ མི་ལྤགས་གཡང་གཞི་ཀོ་རློན་གསོལ༔ སྟག་ལྤགས་སྨད་ཤམ་སྦྲུལ་ཆུན་རྒྱན༔ རྡོ་རྗེའི་གཤོག་པ་རུས་རྒྱན་གསོལ༔ ཁྲག་ཞག་ཟོ་རིས་ཐལ་ཚོན་བྱུགས༔ ཞབས་བཞི་བགྲད་ཅིང་དོར་སྟབས་འགྱིང༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་གཡོན་ཐོད་ཁྲག༔ ཐོད་སྐམ་ལྔས་བརྒྱན་དབུ་སྐྲ་གྲོལ༔ དར་དཔྱང་སྔོ་སྐྱ་སྟ་ཟུར་འཕྱང༔ ཡབ་ཡུམ་མཉམ་སྦྱོར་བདེ་སྟོང་འབར༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ སྤྱི་བོར་ཀུན་བཟང་མཉམ་བཞག་ཅན༔ ལྔ་ལྡན་ཐིག་ལེའི་ཀློང་ན་བཞུགས༔ སྤྲུལ་པའི་བྱ་ཁྱུང་ག་རུ་ཌཱ༔ དབུ་གཙུག་ལྡིང་ཞིང་རབ་འཇིགས་རྔམས༔ སྲས་མཆོག་རིགས་བཞིས་སྐུ་དབྱིངས་བརྒྱན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སོགས༔ ཕུར་སྲུང་བཅུ་གཉིས་གིང་ཆེན་བཞི༔ ཤྭ་ན་རེ་ཏིའི་བཀའ་སྲུང་ཚོགས༔ རང་རང་རྒྱན་དང་ཆ་ལུགས་སོགས༔ སོ་སོར་མ་འདྲེས་ཡོངས་རྫོགས་གསལ༔ སྣང་ལ་རང་བཞིན་མེད་པའི་སྐུ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་བཞིན༔ གནས་གསུམ་ཡི་གེའི་འོད་འཕྲོས་པས༔ རང་རང་གནས་ནས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་དམིགས་མེད་བདེ་ཆེན་ཕོ་བྲང་ཞིང༔ མེ་དཔུང་རབ་འཇིགས་འབར་བའི་ཀློང་ཡངས་ནས༔ ཁྲོ་རྒྱལ་བདག་ཉིད་བཛྲ་ཀཱི་ལ་ཡ༔ འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་སརྦ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི༔ ཧཱུྃ༔ ཆོས་སྐུའི་ཀློང་ནས་སྤྲུལ་པའི་ལྷ་ཚོགས་རྣམས༔ གཤེགས་བཞུགས་གཉིས་སུ་མེད་པའི་རང་བཞིན་ལྷ༔ སོ་སྐྱེའི་བློ་ཡི་གཉིས་འཛིན་སྒྲོལ་བའི་ཕྱིར༔ པད་ཉི་རུ་ཏྲའི་གདན་སྟེང་བཞུགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་སརྦ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་ལས་སྤྲུལ་པའི་ཕུར་པའི་ལྷ་ཚོགས་རྣམས༔ འཚལ་བྱ་འཚལ་བྱེད་ཡེ་ནས་ལས་འདས་ཀྱང༔ རང་གཞན་སྒོ་གསུམ་བག་ཆགས་སྦྱང་ཕྱིར་དུ༔ འཁོར་འདས་མཉམ་ཉིད་ངང་དུ་ཕྱག་བགྱིའོ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ན་མོ་ཧཱུྃ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་དང་ཡང་འཁོར་སྤྲུལ་པ་འབུམ་བཅས་ལ༔ ཕྱི་མཆོད་ཚོགས་དྲུག་འདོད་ཡོན་རྣམ་ལྔའི་རྫས༔ ནང་མཆོད་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ བ་ལིཾ་རཀྟ་དབང་པོ་རྣམ་ལྔའི་རྫས༔ གསང་མཆོད་བདེ་སྟོང་རིག་མ་དཀར་སེར་དམར༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་ཚོགས་སུ་འབུལ༔ ཨོཾ་བཛྲ་ཛྙཱ་ན་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཤཔྟ་སརྦ་པཉྩ་བ་ལིཾ་ཏ་མ་ཧཱ་མུ་དྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀཱི་ལ་ཡ༔ བདུད་དང་དམ་སྲི་ལོག་འདྲེན་འཇོམས་མཛད་སྐུ༔ སྐུ་ལྔའི་རང་བཞིན་ཆོས་ཉིད་དམིགས་མེད་ལྷ༔ འཁོར་འདས་མཉམ་གྲོལ་ཆོས་སྐུ་ཁྱེད་ལ་བསྟོད༔ སྐུ་གསུང་ཐུགས་ཡོན་སྤྲུལ་པའི་སྲས་མཆོག་ལྔ༔ མི་དགེ་བཅུ་སྤང་ཁྲོ་བཅུ་ཡབ་ཡུམ་སྐུ༔ ཉེ་ཉོན་གནས་དག་ཁྲ་ཐབས་ཉི་ཤུའི་ཚོགས༔ གང་འདུལ་སྐུར་སྟོན་ཤྭ་ན་བརྒྱ་རྩ་བརྒྱད༔ རེ་ཏི་སྟོང་དང་ཕུར་སྲུང་བཅུ་གཉིས་ཚོགས༔ ཚད་མེད་རྣམ་བཞི་གིང་ཆེན་སྡེ་བཞིའི་ཚོགས༔ འཁོར་དང་ཡང་འཁོར་སྤྲུལ་པ་གཏེར་སྲུང་བཅས༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བསྐལ་པ་སྔོན་ནས་ད་ལྟའི་བར་དག་ཏུ༔ རང་རིག་རྡོ་རྗེ་ཕུར་པའི་ཞལ་མ་མཇལ༔ གཉིས་འཛིན་བག་ཆགས་དྲི་མའི་ཉེས་ཚོགས་རྣམས༔ ཀ་དག་དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ཡིག་བརྒྱ་བརྗོད། དེ་ནས་བསྙེན་དམིགས་ནི། རང་ཉིད་ལྷ་ཡི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སྲོག་ཡིག་ཧཱུྃ་མཐིང་གའི་མཐར་རྩ་སྔགས་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་རང་ལ་ཐིམ་པས་མཐུ་སྟོབས་གཟི་བརྗིད་དང་ལྡན་ཞིང་དམ་སྲི་ཐམས་ཅད་མི་དམིགས་པ་ཆོས་ཉིད་ཀྱི་ཀློང་དུ་བསྒྲལ་ནས་སྣང་བ་ཐམས་ཅད་ལྷ། སྒྲ་གྲགས་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཆོས་སྐུའི་ངང་ནས་དམིགས་མེད་དུ་བཟླ༔ སྔགས་ཀྱི་ཡི་གེ་འབྲུ་བཅུ་བཞི་བུང་བ་ཚང་ཞིག་པ་ལྟ་བུའི་ངང་ནས་བཟླས་པ་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དམིགས་མེད་ངང་དུ་གསང་སྔགས་བཟླས༔ སྐྱེ་མེད་ཆོས་སྐུའི་དོན་ལ་བལྟ༔ ས་མ་ཡ༔ དེ་ནས་ཡུམ་གྱི་བསྙེན་དམིགས་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་རྩ་སྔགས་ལ་འོད་ཟེར་ཕོག་པའི་རྐྱེན་གྱིས་སྔགས་ཕྲེང་གཡོན་དུ་འཁོར་བས་ཡབ་ཡུམ་གཉིས་ཀྱི་བར་སྔགས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བར་བསྒོམ༔ ཨོཾ་དིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཁྲོ་བཅུའི་སྔགས་ནི། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་དམིགས་མེད་ཆོས་ཉིད་གཤིས༔ ཡེངས་མེད་རིག་པའི་རྒྱ་རུ་བསྡོམ༔ འཆི་མེད་དོན་གྱི་རྣལ་འབྱོར་བསྒོམ༔ ཡང་གསང་བླ་མེད་དོན་ལྡན་བྱ༔ དུས་གྲངས་རྟགས་གསུམ་བཟླས་པ་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ས་མ་ཡ༔ དེ་རྗེས་ཚོགས་ཀྱི་རིམ་པ་ནི༔ སྲིད་པའི་འདོད་ཡོན་ཚོགས་སུ་བཤམས༔ ཟག་མེད་ཏིང་འཛིན་མཆོད་སྤྲིན་དམིགས༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ མ་དག་ཉེས་སྐྱོན་དྲི་མ་རྣམས༔ བསྲེག་གཏོར་བཀྲུས་ནས་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས༔ འཛད་མེད་ཡིད་བཞིན་གཏེར་དུ་སྤྲུལ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེའི་གཞོན་ནུའི་སྐུ༔ ཡབ་ཡུམ་སྲས་བཅས་འཁོར་དང་བཅས་པ་རྣམས༔ མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ རྩ་གསུམ་ཀུན་འདུས་རྡོ་རྗེ་གཞོན་ནུ་དང༔ ཡབ་ཡུམ་སྲས་བཅས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་བས༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བཤགས་པ་ནི། ཧཱུྃ༔ རང་རིག་ཚེ་རབས་ཐོག་མེད་ད་ལྟའི་བར༔ གཟུང་འཛིན་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ༔ ང་ནི་དཔལ་ཆེན་ཁྲག་འཐུང་སྐུ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ ཕྱག་མཚན་སྣ་ཚོགས་སྐར་ལྟར་འཕྲོས༔ མ་རིག་དུག་ལྔའི་གཟུགས་ཕུང་འདི༔ རིག་སྟོང་ཀ་དག་ཀློང་དུ་བསྒྲལ༔ རྣམ་པ་རྡོ་རྗེས་བཏུབ་བྱས་ནས༔ བདག་མེད་ཆོས་ཉིད་ཀློང་དུ་ཨ༔ ཨོཾ་བཛྲ་ཤྲཱི་ཀུ་མཱ་ར་སརྦ་ས་མ་ཡ་དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཛཿཛཿ དེ་ནས་ཞལ་བསྟབ་ནི༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ལ༔ དགྲ་བགེགས་ཤ་ཁྲག་རུས་གསུམ་འདི༔ ཞལ་དུ་བསྟབ་བོ་དགྱེས་པར་རོལ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ཁཱ་ཧི༔ རྣལ་འབྱོར་དམ་ཚིག་རྫས་ལ་རོལ༔ ཐབས་ཤེས་རྡོ་རྗེའི་བརྟུལ་ཞུགས་སྤྱོད༔ དེ་ནས་ལྷག་མ་ནི༔ ཧཱུྃ༔ དཀྱིལ་འཁོར་མཐའ་སྐྱོང་མུ་རན་ལ༔ གནས་པའི་ལྷག་མགྲོན་ཕོ་མོ་རྣམས༔ འདིར་གཤེགས་ཚོགས་ལྷག་བཤལ་ཆུ་བཞེས༔ ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་ནི༔ ཛཿ བཞེངས་ཤིག་ཁྲག་འཐུང་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ གནོད་བྱེད་བསྟན་དགྲ་དམ་སྲི་བགེགས༔ དྲག་ཤུལ་འབར་བའི་མཐུ་སྟོབས་ཀྱིས༔ དགྲ་དཔུང་ཐལ་བའི་རྡུལ་དུ་བརླག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཆད་ཐོ་ནི༔ ཧཱུྃ༔ དུས་གསུམ་ལས་འདས་ཀ་དག་ཆོས་སྐུའི་ཀློང༔ སྔོན་ཚེ་ཐོག་མའི་མགོན་པོ་ཀུན་ཏུ་བཟང༔ མ་འོངས་རྩོད་ལྡན་སྙིགས་མའི་དུས་དགོངས་ནས༔ གང་ཤར་བདག་ཉིད་ཁྲག་འཐུང་ལས་ཀྱི་ལྷར༔ ད་ལྟ་བསྟན་པའི་གདུལ་བྱར་བབ་པའི་ཚེ༔ དམ་ཚིག་ལ་གནས་བཀའ་འཁོར་སྲུང་མའི་ཚོགས༔ མཆོད་གཏོར་རྒྱན་ལྡན་བ་ལིཾ་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བརྟན་མ་ནི༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ བསྟན་སྲུང་ཁས་བླངས་བརྟན་མ་བཅུ་གཉིས་རྣམས༔ འདིར་སྤྱོན་གཏོར་མའི་བཤལ་ཆུ་འདི་བཞེས་ལ༔ ཕྱི་ནང་གསང་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ བྲོ་མནན་ནི༔ ཧཱུྃ༔ སྟོང་གསུམ་རི་རབ་འབར་བའི་ཕོ་བྲང་ཀློང༔ ཞིང་བཅུ་དམ་སྲི་གདོན་བགེགས་འོག་ཏུ་མནན༔ ནམ་ཡང་ལྡང་མེད་ཀ་དག་དགོངས་པའི་རྒྱ༔ སྡུག་བསྔལ་དང་བྲལ་བདེ་ཆེན་ངང་ལ་བསྟིམ༔ སྟྭཾ་བྷ་ཡ་ལཾ་ནན༔ དངོས་གྲུབ་བླང་བ་ནི༔ ཧཱུྃ༔ སྐུ་བཞིའི་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་བཞི་ཡིས༔ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་འབད་མེད་པས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཇུག་ཏུ། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཤགས་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་གསང་བའི་དཀྱིལ་འཁོར་དུ༔ བསྐྱེད་རིམ་ཏིང་འཛིན་ཆོ་ག་ལྷག་ཆད་སོགས༔ འགལ་འཁྲུལ་གནོང་འགྱོད་སེམས་ཀྱིས་བཤགས་པར་བགྱི༔ དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡིག་བརྒྱ་གྲངས་མང་བརྗོད༔ དེ་ནས་བསྡུ་རིམ་ནི༔ ཧཱུྃ༔ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མཐའ་ནས་རིམ་ཡལ་དབུས་ཀྱི་གཙོ་ལ་ཐིམ༔ གཙོ་བོ་དམིགས་མེད་ཀ་དག་གཤིས་སུ་ཡལ༔ སླར་ཡང་འགག་མེད་སྒྱུ་མ་ལྟ་བུར་གསལ༔ སྤྲོས་བྲལ་གདོད་མའི་དབྱིངས་སུ་ཨེ་མ་ཧོ༔ བསྔོ་བ་ནི༔ ཧཱུྃ༔ རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བསྐྱེད་རིམ་སྔགས་བཟླས་དགེ་ཚོགས་གང་བགྱིས་པ༔ སྤྲོས་བྲལ་ཀུན་བཟང་གདོད་མའི་ཀློང་ཡངས་སུ༔ འཁོར་གསུམ་མི་དམིགས་མཁའ་ཁྱབ་འགྲོ་ལ་བསྔོ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སྐྱེ་འཆིའི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ རྡོ་རྗེ་གཞོན་ནུའི་སྐུ་ཡི་བཀྲ་ཤིས་ཤོག༔ འགག་པ་མེད་པ་རང་བྱུང་རྡོ་རྗེའི་གསུང༔ རྡོ་རྗེ་གཞོན་ནུའི་གསུང་གི་བཀྲ་ཤིས་ཤོག༔ འཁྲུལ་པ་མེད་པ་མཁྱེན་གཉིས་སྤྲོས་བྲལ་ཐུགས༔ རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ སྐྱེ་བ་མེད་པ་ཡེ་ཤེས་སྒྱུ་མའི་སྐུ༔ འགག་པ་མེད་པ་རྡོ་རྗེ་ཚེ་ཡི་ལྷ༔ གང་འདུལ་དེར་སྣང་ཐུགས་རྗེའི་བཀོད་པ་ཅན༔ དུས་གསུམ་རྒྱལ་བའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ བསྟན་སྲུང་བཀྲ་ཤིས་དབྱིངས་ཀྱི་རྗེ་མོའི་ཚོགས༔ མཐུ་སྟོབས་རྨད་བྱུང་མ་གཟའ་དམ་ཅན་སོགས༔ མཐར་ཕྱིན་བཀྲ་ཤིས་གཏེར་སྲུང་ལྷ་ཡི་ཚོགས༔ ཡེ་ཤེས་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ ཉིན་པར་བཀྲ་ཤིས་བདེ་ལེགས་འོད་སྟོང་འབར༔ མཚན་མོ་བཀྲ་ཤིས་ཡར་ངོའི་ཟླ་ལྟར་འཕེལ༔ ཉིན་མཚན་བཀྲ་ཤིས་བསོད་ནམས་རི་བོའི་བརྗིད༔ དགེ་ཚོགས་ཡོན་ཏན་དཔལ་གྱི་བཀྲ་ཤིས་ཤོག༔ ཨེ་མ་ཡང་ཟབ་ཐུགས་ཀྱི་ཏིག༔ རྒྱལ་ཀུན་དཔལ་གྱི་ཐུགས་ཀྱི་བཅུད༔ སྐལ་ལྡན་ལས་ཅན་རྒྱུད་གྲོལ་ཕྱིར༔ སྟོང་གསུམ་འདི་ལྷག་བཙལ་མི་བརྙེད༔ ཚེ་འདིར་མི་འདོད་བར་ཆད་ཞི༔ ཕྱི་མ་རིག་འཛིན་གྲལ་ལ་འཁོད༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས༔ འོད་གསལ་བདེ་ཆེན་རྒྱལ་མོ་ལ༔ ཆོས་དབྱིངས་ཡེ་ཤེས་ཐུགས་ཀྱི་ཀློང༔ འཇིགས་བྲལ་རྡོ་རྗེ་འབར་བའི་སྒྲོམ༔ གཟའ་སྒྲོམ་མེ་འོད་འབར་བ་རུ༔ འཕོས་ནས་ཟབ་རྒྱའི་གཏེར་དུ་གཏམས༔ རྟེན་འབྲེལ་དུས་ལ་བབ་པའི་ཚེ༔ ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་མས༔ ཕ་ནོར་ཆེན་པོ་བུ་ཡི་སྐལ༔ དངོས་སུ་གཏད་དེ་ས་སྟེང་སྣང༔ འགྲོ་དོན་ཕྱོགས་མེད་བསྟན་པ་རྒྱས༔ བསྟན་འཛིན་རྣམས་ཀྱི་སྐུ་ཚེ་སྤེལ༔ བསྟན་དགྲ་བར་ཆད་དབྱིངས་སུ་ཞི༔ མི་མཐུན་རྒུད་པའི་གཡུལ་ལས་རྒྱལ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ བརྡ་ཐིམ༔ ཨེ་མ་སྐལ་ལྡན་ལས་ཅན་རྣམས༔ ཁྱད་པར་གསང་སྔགས་ལམ་མཆོག་འདི༔ དྲག་པོ་སྔགས་ཀྱི་བརྡ་སྒོ་བཀྲོལ༔ ཟབ་གཏེར་རྫས་ཀྱི་ལྡེའུ་མིག་རྙེད༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནས༔ གསང་ཆེན་སྔགས་ཀྱི་ལམ་ལ་ཞུགས༔ མཚན་ལྡན་ཌཱ་ཀིས་ཡང་ཡང་བསྐུལ༔ རིག་འཛིན་གྲུབ་པའི་དབང་མོ་ནི༔ བདེ་བའི་རྡོ་རྗེ་ཆེན་མོ་ཡིས༔ བརྟུལ་ཞུགས་གྲུབ་པའི་རྩལ་བསྐྱེད་དེ༔ མཁའ་འགྲོ་དགྱེས་པའི་ཚོགས་མེ་མཆོད༔ རྒྱ་ཆེར་ཕུལ་ནས་ཁྱུང་བྲག་གི༔ གཡོན་ལོགས་རཱ་ཧུའི་ལྟོ་ཞལ་ནས༔ ཌཱ་ཀི་ཟུང་གིས་སྤྱན་དྲངས་ཏེ༔ ཤིང་རྟ་ཁྲུམ་ཟླའི་ཚེས་༢དགེ་བར༔ བརྡ་གྲོལ་ཤིན་ཏུ་བསྡུས་པ་རུ༔ དྷརྨ་ཙནྡྲས་དག་པར་ཕབ༔ དགེ་བས་བར་ཆད་བདུད་ལས་རྒྱལ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཏི་གུ་ཧྱ་བཛྲ་གུ་ཧྱ་བཛྲ་གརྦྷ་ྀཨཐི།། །།}} | ༄༅། །གུ་རུ་དྷེ་ཝ་དྷཱ་ཀི་ནི་སརྦ་སིདྡྷི་ཧཱུྃ༔ བརྡ་ཡིག་༤༔ སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་སྐུ༔ དུས་ངན་སྙིགས་མའི་གདུལ་དཀའི་སེམས་ཅན་རྣམས༔ གང་ལ་གང་འདུལ་སྤྲུལ་པའི་དོན་མཛད་པ༔ གདུལ་དཀའི་གཤེད་དུ་འཆོལ་བའི་ཁྲོ་རྒྱལ་སྐུ༔ ཁྲོ་མཆོག་ཕུར་པ་རྔམ་བརྗིད་འབར་བའི་སྔགས༔ སྙིགས་མ་ལྔ་བདོའི་བཞི་བཅུ་ཁ་རལ་དུས༔ ཆེ་བཙན་གྲལ་དབུས་སྐྱེ་བོ་ཕོ་མོ་རྣམས༔ ལོག་པའི་ལམ་ཞུགས་དམ་ཚིག་ཉམས་པ་དང༔ མི་རྣམས་ལོག་སྤྱོད་ཟོག་པོ་མཁན་གྱིས་བསླུ༔ མི་རིགས་འཁྲུལ་མཁན་དམ་སྲི་ཁོག་ཏུ་ཞུགས༔ དེ་དུས་མཐུ་སྟོབས་འདྲེ་བཙན་རྒྱལ་འགོང་རྒོད༔ བསམ་པའི་དོན་བགྱིད་བར་ཆད་རྐྱེན་གྱིས་འཚེ༔ འཇིག་རྟེན་མི་བདེ་གཡོ་འཁྲུགས་སྣ་ཚོགས་ཤར༔ རི་ཀླུང་ཕུག་པ་ཐམས་ཅད་ཤི་འདྲེས་གང༔ ཆོས་བྱེད་གང་ཟག་རྣམས་ལ་བར་ཆད་འཚེ༔ འབྱུང་བཞི་མ་སྙོམས་དུས་ཀྱི་འཁོར་ལོ་འགྱུར༔ ཐན་དང་ལྟས་ངན་མི་འདོད་མཁའ་ལ་ཤར༔ ཟོག་པོ་རྒྱབ་བརྟེན་སྣ་འདྲེན་དམ་སྲིས་བྱེད༔ རྫས་དང་ངན་སྔགས་སྒྱུ་མའི་གྲུབ་རྟགས་བསྟན༔ དེ་ལ་སྲུང་སྐྱོབ་འཇིག་རྟེན་ལྷ་ལ་བཅོལ༔ ཟོག་པོའི་དབང་པོ་འཆི་ཚེ་དེ་འཁོར་སྐྱེ༔ གྲོང་ཡུལ་ཤི་འདྲེ་ཕོ་མོ་ཀི་བསྭོ་སྒྲོགས༔ ཕྱི་རོལ་ལྷ་འདྲེ་མང་པོས་བསྟན་དགོན་འཚེ༔ སངས་རྒྱས་བསྟན་པའི་བྱིན་རླབས་ཉི་ཟེར་ཙམ༔ དེ་དུས་པད་འབྱུང་ང་ལ་གསོལ་བ་ཐོབ༔ དྲག་པོའི་སྔགས་ཟོར་བྱད་མའི་སྙིང་ལ་རྦད༔ གནོད་བྱེད་སྟེང་དུ་ཕ་ལམ་རྡོ་རྗེ་ལྟར༔ ཕས་རྒོལ་ཕྱེ་མར་འཇོམས་ཤིང་རློག་བྱེད་པ༔ རང་བཞིན་སྟོང་ཉིད་སྙིང་རྗེའི་རིག་རྩལ་ངོམས༔ སྲུང་བའི་འཁོར་ལོ་ཁྲོ་བོའི་ང་རྒྱལ་སྐུ༔ ཕྱི་རོལ་རྔམས་བརྗིད་ནང་དུ་ཡེ་ཤེས་ཐུགས༔ སྙིང་རྗེ་ཚད་མེད་མ་གཅིག་བུ་བཙས་ལྟར༔ ཆོས་སྐུའི་ཀློང་དུ་གཉིས་འཛིན་བར་ཆད་ཞི༔ ས་མ་ཡ༔ ཞེས་འདི་ཉམས་སུ་བླང་བའི་གང་ཟག་རྣམས༔ སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བའི་དགོས་ཆེད་ཀྱི་ལེའུ་དང་པོའོ༔ དབེན་པ་རྔམས་དྲག་སྒྲུབ་པའི་གནས༔ འཇིགས་མེད་གྲུབ་པས་བྱིན་བརླབས་སར༔ དཀྱིལ་འཁོར་སྤྱི་མཐུན་བཀོད་པའི་དབུས༔ བྷནྡྷ་སྣོད་ལྡན་སྨན་འབྲུས་བཀང༔ སྐུའམ་ཕུར་བུ་འཛུགས་བྱས་ལ༔ དར་དམར་ལྡིང་གུར་བ་ལིཾ་སོགས༔ ཉེར་སྤྱོད་མཆོད་པས་མཛེས་པར་བསྐོར༔ བདེ་བའི་སྟན་ལ་བག་ཕེབས་ནས༔ མ་ཡེངས་རྩེ་གཅིག་ངང་ནས་བསྒོམ༔ སྐྱབས་ཡུལ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཀྲ་ལམ་མེར་བསྒོམས་ནས༔ དབྱངས་སྙན་དད་མོས་གདུང་ཤུགས་ཀྱིས༔ ཧཱུྃ༔ རང་རིག་ཀ་དག་ཆོས་དབྱིངས་ཞིང་ཁམས་ནས༔ སྐྱེ་མེད་རང་བྱུང་རྡོ་རྗེ་ཕུར་པའི་ལྷ༔ འགག་མེད་སྒྱུ་འཕྲུལ་རྒྱལ་བའི་ལྷ་ཚོགས་ཤར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ལན་གསུམ་སེམས་བསྐྱེད་ནི། ཧཱུྃ༔ མ་རིག་གཟུང་འཛིན་འཁྲུལ་པ་འཁོར་བའི་ཀློང༔ ལས་དབང་གིས་འཁྱམས་རིགས་དྲུག་སེམས་ཅན་རྣམས༔ ཡང་གསང་བླ་མེད་གོ་འཕང་ཐོབ་པའི་ཕྱིར༔ ཚད་མེད་རྣམ་བཞིས་སྨོན་འཇུག་མཆོག་སེམས་བསྐྱེད༔ ལན་གསུམ། ཡན་ལག་བདུན་པ་ནི༔ ཧཱུྃ༔ རང་བྱུང་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ འདིར་གཤེགས་གདན་བཞུགས་སྒོ་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་མཆོད་དུས་གསུམ་སྒྲིབ་པ་བཤགས༔ རྗེས་སུ་ཡི་རང་ཐེག་གསུམ་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་དགེ་ཚོགས་འགྲོ་ལ་བསྔོ༔ ཡང་དག་བླ་མེད་གོ་འཕང་མྱུར་ཐོབ་ཤོག༔ བགེགས་ལ་གཏོར་མ་བྱིན་རླབས་སྦྱིན༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་བགེགས་འདུལ་སྐུ༔ མ་རིག་གདོན་བགེགས་འབྱུང་པོ་རྣམས༔ གླུད་གཏོར་རྒྱན་ལྡན་འདི་བཞེས་ལ༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ང་ནི་ཁྲོ་རྒྱལ་ཐུགས་ཁྲོས་པས༔ ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང༔ ཁྲོ་མོའི་ཚོགས་ཀྱིས་བར་སྣང་གང༔ ཁྱེད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཧཱུྃ་བཞིའི་སྔགས་བྲབ་ཐུན་གྱིས་གཟིར༔ ཆོས་དབྱིངས་དམིགས་མེད་ངང་ལ་བཞག༔ སྲུང་འཁོར་ནི༔ ཧཱུྃ༔ སྣང་སྲིད་རྣམ་དག་གཞལ་ཡས་ཁང༔ དམིགས་མེད་ཆོས་དབྱིངས་རྡོ་རྗེའི་གུར༔ ནམ་ཡང་འགྱུར་མེད་སྟོང་གསལ་དབྱིངས༔ བདུད་བགེགས་དམ་སྲིའི་གཡུལ་ལས་རྒྱལ༔ བྷྲཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ བྱིན་འབེབས་སྤོས་རོལ་གདུང་བའི་དབྱངས་ཀྱིས་བསྐུལ༔ ཧཱུྃ༔ ཀུན་བཟང་ཁྱབ་བརྡལ་ཆོས་སྐུའི་ཞིང༔ འགག་མེད་རང་བྱུང་ཕུར་པའི་ལྷ༔ འཁོར་ཚོགས་སྤྲུལ་པ་དཔག་མེད་རྣམས༔ འདིར་གཤེགས་རྣལ་འབྱོར་སྒྲུབ་པ་པོར༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ སྒྲུབ་པའི་རྫས་ལ་བྱིན་ཕོབ་ཅིག༔ ཧཱུྃ་བཛྲ་ཤྲཱི་ཀུ་མཱ་ར་ས་པ་རི་ཝ་ར་ས་མ་ཡ་ཕེཾ་ཕེཾ་ཛཿཛཿ མཆོད་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་བའི་མཆོད་པའི་རྫས༔ སྨན་དང་གཏོར་མ་རཀྟ་བཅས༔ ཉེར་སྤྱོད་མཆོད་པའི་ཡོ་བྱད་ཀུན༔ ནམ་མཁའ་མཛོད་དུ་སྦྱངས་སྤེལ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། དངོས་གཞི་གཞལ་ཡས་ཁང་དང་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་དབྱིངས་དམིགས་མེད་སྟོང་གསལ་ངང༔ མ་རྟོགས་འགྲོ་རྣམས་སྙིང་རེ་རྗེ༔ འགག་མེད་རྒྱུ་ཡི་ཡི་གེ་ཧཱུྃ༔ འབྱུང་བ་བཞི་ཡི་ས་བོན་གྱུར༔ སྣོད་བཅུད་དག་པའི་མཁའ་ཀློང་ཞིང༔ ཧཱུྃ་ལས་ཡོངས་གྱུར་གཞལ་ཡས་ཁང༔ ཕོ་བྲང་ཕྱི་ནང་ཡོངས་སུ་རྫོགས༔ དྲི་མེད་ཟང་ཐལ་དག་པའི་ཞིང༔ དེ་དབུས་པདྨ་ཉི་ཟླའི་སྟེང༔ རང་རིག་ཧཱུྃ་ཡིག་མཐིང་ག་གསལ༔ ཧཱུྃ་ཡིག་སྐད་ཅིག་གནས་གྱུར་པས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་གཡོན་ཞལ་དམར༔ དབུས་མཐིང་སྤྱན་གསུམ་ཁྲོ་གཉེར་ཅན༔ སྨ་ར་སྨིན་མ་མེ་དཔུང་འབར༔ ལྗགས་གློག་མཆེ་བ་རྣམ་བཞི་གཙིགས༔ གཡས་གཉིས་རྡོ་རྗེ་རི་རབ་དང༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ག༔ མཐའ་གཉིས་ཕུར་པ་འདྲིལ་ཞིང་འདེབས༔ དབུ་སྐྲ་མེ་དཔུང་གྱེན་དུ་འཁྱིལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས༔ མི་ལྤགས་གཡང་གཞི་ཀོ་རློན་གསོལ༔ སྟག་ལྤགས་སྨད་ཤམ་སྦྲུལ་ཆུན་རྒྱན༔ རྡོ་རྗེའི་གཤོག་པ་རུས་རྒྱན་གསོལ༔ ཁྲག་ཞག་ཟོ་རིས་ཐལ་ཚོན་བྱུགས༔ ཞབས་བཞི་བགྲད་ཅིང་དོར་སྟབས་འགྱིང༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་གཡོན་ཐོད་ཁྲག༔ ཐོད་སྐམ་ལྔས་བརྒྱན་དབུ་སྐྲ་གྲོལ༔ དར་དཔྱང་སྔོ་སྐྱ་སྟ་ཟུར་འཕྱང༔ ཡབ་ཡུམ་མཉམ་སྦྱོར་བདེ་སྟོང་འབར༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ སྤྱི་བོར་ཀུན་བཟང་མཉམ་བཞག་ཅན༔ ལྔ་ལྡན་ཐིག་ལེའི་ཀློང་ན་བཞུགས༔ སྤྲུལ་པའི་བྱ་ཁྱུང་ག་རུ་ཌཱ༔ དབུ་གཙུག་ལྡིང་ཞིང་རབ་འཇིགས་རྔམས༔ སྲས་མཆོག་རིགས་བཞིས་སྐུ་དབྱིངས་བརྒྱན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སོགས༔ ཕུར་སྲུང་བཅུ་གཉིས་གིང་ཆེན་བཞི༔ ཤྭ་ན་རེ་ཏིའི་བཀའ་སྲུང་ཚོགས༔ རང་རང་རྒྱན་དང་ཆ་ལུགས་སོགས༔ སོ་སོར་མ་འདྲེས་ཡོངས་རྫོགས་གསལ༔ སྣང་ལ་རང་བཞིན་མེད་པའི་སྐུ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་བཞིན༔ གནས་གསུམ་ཡི་གེའི་འོད་འཕྲོས་པས༔ རང་རང་གནས་ནས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་དམིགས་མེད་བདེ་ཆེན་ཕོ་བྲང་ཞིང༔ མེ་དཔུང་རབ་འཇིགས་འབར་བའི་ཀློང་ཡངས་ནས༔ ཁྲོ་རྒྱལ་བདག་ཉིད་བཛྲ་ཀཱི་ལ་ཡ༔ འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་སརྦ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི༔ ཧཱུྃ༔ ཆོས་སྐུའི་ཀློང་ནས་སྤྲུལ་པའི་ལྷ་ཚོགས་རྣམས༔ གཤེགས་བཞུགས་གཉིས་སུ་མེད་པའི་རང་བཞིན་ལྷ༔ སོ་སྐྱེའི་བློ་ཡི་གཉིས་འཛིན་སྒྲོལ་བའི་ཕྱིར༔ པད་ཉི་རུ་ཏྲའི་གདན་སྟེང་བཞུགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་སརྦ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་ལས་སྤྲུལ་པའི་ཕུར་པའི་ལྷ་ཚོགས་རྣམས༔ འཚལ་བྱ་འཚལ་བྱེད་ཡེ་ནས་ལས་འདས་ཀྱང༔ རང་གཞན་སྒོ་གསུམ་བག་ཆགས་སྦྱང་ཕྱིར་དུ༔ འཁོར་འདས་མཉམ་ཉིད་ངང་དུ་ཕྱག་བགྱིའོ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ན་མོ་ཧཱུྃ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་དང་ཡང་འཁོར་སྤྲུལ་པ་འབུམ་བཅས་ལ༔ ཕྱི་མཆོད་ཚོགས་དྲུག་འདོད་ཡོན་རྣམ་ལྔའི་རྫས༔ ནང་མཆོད་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ བ་ལིཾ་རཀྟ་དབང་པོ་རྣམ་ལྔའི་རྫས༔ གསང་མཆོད་བདེ་སྟོང་རིག་མ་དཀར་སེར་དམར༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་ཚོགས་སུ་འབུལ༔ ཨོཾ་བཛྲ་ཛྙཱ་ན་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཤཔྟ་སརྦ་པཉྩ་བ་ལིཾ་ཏ་མ་ཧཱ་མུ་དྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀཱི་ལ་ཡ༔ བདུད་དང་དམ་སྲི་ལོག་འདྲེན་འཇོམས་མཛད་སྐུ༔ སྐུ་ལྔའི་རང་བཞིན་ཆོས་ཉིད་དམིགས་མེད་ལྷ༔ འཁོར་འདས་མཉམ་གྲོལ་ཆོས་སྐུ་ཁྱེད་ལ་བསྟོད༔ སྐུ་གསུང་ཐུགས་ཡོན་སྤྲུལ་པའི་སྲས་མཆོག་ལྔ༔ མི་དགེ་བཅུ་སྤང་ཁྲོ་བཅུ་ཡབ་ཡུམ་སྐུ༔ ཉེ་ཉོན་གནས་དག་ཁྲ་ཐབས་ཉི་ཤུའི་ཚོགས༔ གང་འདུལ་སྐུར་སྟོན་ཤྭ་ན་བརྒྱ་རྩ་བརྒྱད༔ རེ་ཏི་སྟོང་དང་ཕུར་སྲུང་བཅུ་གཉིས་ཚོགས༔ ཚད་མེད་རྣམ་བཞི་གིང་ཆེན་སྡེ་བཞིའི་ཚོགས༔ འཁོར་དང་ཡང་འཁོར་སྤྲུལ་པ་གཏེར་སྲུང་བཅས༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བསྐལ་པ་སྔོན་ནས་ད་ལྟའི་བར་དག་ཏུ༔ རང་རིག་རྡོ་རྗེ་ཕུར་པའི་ཞལ་མ་མཇལ༔ གཉིས་འཛིན་བག་ཆགས་དྲི་མའི་ཉེས་ཚོགས་རྣམས༔ ཀ་དག་དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ཡིག་བརྒྱ་བརྗོད། དེ་ནས་བསྙེན་དམིགས་ནི། རང་ཉིད་ལྷ་ཡི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སྲོག་ཡིག་ཧཱུྃ་མཐིང་གའི་མཐར་རྩ་སྔགས་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་རང་ལ་ཐིམ་པས་མཐུ་སྟོབས་གཟི་བརྗིད་དང་ལྡན་ཞིང་དམ་སྲི་ཐམས་ཅད་མི་དམིགས་པ་ཆོས་ཉིད་ཀྱི་ཀློང་དུ་བསྒྲལ་ནས་སྣང་བ་ཐམས་ཅད་ལྷ། སྒྲ་གྲགས་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཆོས་སྐུའི་ངང་ནས་དམིགས་མེད་དུ་བཟླ༔ སྔགས་ཀྱི་ཡི་གེ་འབྲུ་བཅུ་བཞི་བུང་བ་ཚང་ཞིག་པ་ལྟ་བུའི་ངང་ནས་བཟླས་པ་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དམིགས་མེད་ངང་དུ་གསང་སྔགས་བཟླས༔ སྐྱེ་མེད་ཆོས་སྐུའི་དོན་ལ་བལྟ༔ ས་མ་ཡ༔ དེ་ནས་ཡུམ་གྱི་བསྙེན་དམིགས་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་རྩ་སྔགས་ལ་འོད་ཟེར་ཕོག་པའི་རྐྱེན་གྱིས་སྔགས་ཕྲེང་གཡོན་དུ་འཁོར་བས་ཡབ་ཡུམ་གཉིས་ཀྱི་བར་སྔགས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བར་བསྒོམ༔ ཨོཾ་དིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཁྲོ་བཅུའི་སྔགས་ནི། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་དམིགས་མེད་ཆོས་ཉིད་གཤིས༔ ཡེངས་མེད་རིག་པའི་རྒྱ་རུ་བསྡོམ༔ འཆི་མེད་དོན་གྱི་རྣལ་འབྱོར་བསྒོམ༔ ཡང་གསང་བླ་མེད་དོན་ལྡན་བྱ༔ དུས་གྲངས་རྟགས་གསུམ་བཟླས་པ་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ས་མ་ཡ༔ དེ་རྗེས་ཚོགས་ཀྱི་རིམ་པ་ནི༔ སྲིད་པའི་འདོད་ཡོན་ཚོགས་སུ་བཤམས༔ ཟག་མེད་ཏིང་འཛིན་མཆོད་སྤྲིན་དམིགས༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ མ་དག་ཉེས་སྐྱོན་དྲི་མ་རྣམས༔ བསྲེག་གཏོར་བཀྲུས་ནས་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས༔ འཛད་མེད་ཡིད་བཞིན་གཏེར་དུ་སྤྲུལ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེའི་གཞོན་ནུའི་སྐུ༔ ཡབ་ཡུམ་སྲས་བཅས་འཁོར་དང་བཅས་པ་རྣམས༔ མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ རྩ་གསུམ་ཀུན་འདུས་རྡོ་རྗེ་གཞོན་ནུ་དང༔ ཡབ་ཡུམ་སྲས་བཅས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་བས༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བཤགས་པ་ནི། ཧཱུྃ༔ རང་རིག་ཚེ་རབས་ཐོག་མེད་ད་ལྟའི་བར༔ གཟུང་འཛིན་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ༔ ང་ནི་དཔལ་ཆེན་ཁྲག་འཐུང་སྐུ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ ཕྱག་མཚན་སྣ་ཚོགས་སྐར་ལྟར་འཕྲོས༔ མ་རིག་དུག་ལྔའི་གཟུགས་ཕུང་འདི༔ རིག་སྟོང་ཀ་དག་ཀློང་དུ་བསྒྲལ༔ རྣམ་པ་རྡོ་རྗེས་བཏུབ་བྱས་ནས༔ བདག་མེད་ཆོས་ཉིད་ཀློང་དུ་ཨ༔ ཨོཾ་བཛྲ་ཤྲཱི་ཀུ་མཱ་ར་སརྦ་ས་མ་ཡ་དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཛཿཛཿ དེ་ནས་ཞལ་བསྟབ་ནི༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ལ༔ དགྲ་བགེགས་ཤ་ཁྲག་རུས་གསུམ་འདི༔ ཞལ་དུ་བསྟབ་བོ་དགྱེས་པར་རོལ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ཁཱ་ཧི༔ རྣལ་འབྱོར་དམ་ཚིག་རྫས་ལ་རོལ༔ ཐབས་ཤེས་རྡོ་རྗེའི་བརྟུལ་ཞུགས་སྤྱོད༔ དེ་ནས་ལྷག་མ་ནི༔ ཧཱུྃ༔ དཀྱིལ་འཁོར་མཐའ་སྐྱོང་མུ་རན་ལ༔ གནས་པའི་ལྷག་མགྲོན་ཕོ་མོ་རྣམས༔ འདིར་གཤེགས་ཚོགས་ལྷག་བཤལ་ཆུ་བཞེས༔ ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་ནི༔ ཛཿ བཞེངས་ཤིག་ཁྲག་འཐུང་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ གནོད་བྱེད་བསྟན་དགྲ་དམ་སྲི་བགེགས༔ དྲག་ཤུལ་འབར་བའི་མཐུ་སྟོབས་ཀྱིས༔ དགྲ་དཔུང་ཐལ་བའི་རྡུལ་དུ་བརླག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཆད་ཐོ་ནི༔ ཧཱུྃ༔ དུས་གསུམ་ལས་འདས་ཀ་དག་ཆོས་སྐུའི་ཀློང༔ སྔོན་ཚེ་ཐོག་མའི་མགོན་པོ་ཀུན་ཏུ་བཟང༔ མ་འོངས་རྩོད་ལྡན་སྙིགས་མའི་དུས་དགོངས་ནས༔ གང་ཤར་བདག་ཉིད་ཁྲག་འཐུང་ལས་ཀྱི་ལྷར༔ ད་ལྟ་བསྟན་པའི་གདུལ་བྱར་བབ་པའི་ཚེ༔ དམ་ཚིག་ལ་གནས་བཀའ་འཁོར་སྲུང་མའི་ཚོགས༔ མཆོད་གཏོར་རྒྱན་ལྡན་བ་ལིཾ་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བརྟན་མ་ནི༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ བསྟན་སྲུང་ཁས་བླངས་བརྟན་མ་བཅུ་གཉིས་རྣམས༔ འདིར་སྤྱོན་གཏོར་མའི་བཤལ་ཆུ་འདི་བཞེས་ལ༔ ཕྱི་ནང་གསང་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ བྲོ་མནན་ནི༔ ཧཱུྃ༔ སྟོང་གསུམ་རི་རབ་འབར་བའི་ཕོ་བྲང་ཀློང༔ ཞིང་བཅུ་དམ་སྲི་གདོན་བགེགས་འོག་ཏུ་མནན༔ ནམ་ཡང་ལྡང་མེད་ཀ་དག་དགོངས་པའི་རྒྱ༔ སྡུག་བསྔལ་དང་བྲལ་བདེ་ཆེན་ངང་ལ་བསྟིམ༔ སྟྭཾ་བྷ་ཡ་ལཾ་ནན༔ དངོས་གྲུབ་བླང་བ་ནི༔ ཧཱུྃ༔ སྐུ་བཞིའི་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་བཞི་ཡིས༔ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་འབད་མེད་པས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཇུག་ཏུ། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཤགས་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་གསང་བའི་དཀྱིལ་འཁོར་དུ༔ བསྐྱེད་རིམ་ཏིང་འཛིན་ཆོ་ག་ལྷག་ཆད་སོགས༔ འགལ་འཁྲུལ་གནོང་འགྱོད་སེམས་ཀྱིས་བཤགས་པར་བགྱི༔ དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡིག་བརྒྱ་གྲངས་མང་བརྗོད༔ དེ་ནས་བསྡུ་རིམ་ནི༔ ཧཱུྃ༔ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མཐའ་ནས་རིམ་ཡལ་དབུས་ཀྱི་གཙོ་ལ་ཐིམ༔ གཙོ་བོ་དམིགས་མེད་ཀ་དག་གཤིས་སུ་ཡལ༔ སླར་ཡང་འགག་མེད་སྒྱུ་མ་ལྟ་བུར་གསལ༔ སྤྲོས་བྲལ་གདོད་མའི་དབྱིངས་སུ་ཨེ་མ་ཧོ༔ བསྔོ་བ་ནི༔ ཧཱུྃ༔ རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བསྐྱེད་རིམ་སྔགས་བཟླས་དགེ་ཚོགས་གང་བགྱིས་པ༔ སྤྲོས་བྲལ་ཀུན་བཟང་གདོད་མའི་ཀློང་ཡངས་སུ༔ འཁོར་གསུམ་མི་དམིགས་མཁའ་ཁྱབ་འགྲོ་ལ་བསྔོ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སྐྱེ་འཆིའི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ༔ རྡོ་རྗེ་གཞོན་ནུའི་སྐུ་ཡི་བཀྲ་ཤིས་ཤོག༔ འགག་པ་མེད་པ་རང་བྱུང་རྡོ་རྗེའི་གསུང༔ རྡོ་རྗེ་གཞོན་ནུའི་གསུང་གི་བཀྲ་ཤིས་ཤོག༔ འཁྲུལ་པ་མེད་པ་མཁྱེན་གཉིས་སྤྲོས་བྲལ་ཐུགས༔ རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ སྐྱེ་བ་མེད་པ་ཡེ་ཤེས་སྒྱུ་མའི་སྐུ༔ འགག་པ་མེད་པ་རྡོ་རྗེ་ཚེ་ཡི་ལྷ༔ གང་འདུལ་དེར་སྣང་ཐུགས་རྗེའི་བཀོད་པ་ཅན༔ དུས་གསུམ་རྒྱལ་བའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ བསྟན་སྲུང་བཀྲ་ཤིས་དབྱིངས་ཀྱི་རྗེ་མོའི་ཚོགས༔ མཐུ་སྟོབས་རྨད་བྱུང་མ་གཟའ་དམ་ཅན་སོགས༔ མཐར་ཕྱིན་བཀྲ་ཤིས་གཏེར་སྲུང་ལྷ་ཡི་ཚོགས༔ ཡེ་ཤེས་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ ཉིན་པར་བཀྲ་ཤིས་བདེ་ལེགས་འོད་སྟོང་འབར༔ མཚན་མོ་བཀྲ་ཤིས་ཡར་ངོའི་ཟླ་ལྟར་འཕེལ༔ ཉིན་མཚན་བཀྲ་ཤིས་བསོད་ནམས་རི་བོའི་བརྗིད༔ དགེ་ཚོགས་ཡོན་ཏན་དཔལ་གྱི་བཀྲ་ཤིས་ཤོག༔ ཨེ་མ་ཡང་ཟབ་ཐུགས་ཀྱི་ཏིག༔ རྒྱལ་ཀུན་དཔལ་གྱི་ཐུགས་ཀྱི་བཅུད༔ སྐལ་ལྡན་ལས་ཅན་རྒྱུད་གྲོལ་ཕྱིར༔ སྟོང་གསུམ་འདི་ལྷག་བཙལ་མི་བརྙེད༔ ཚེ་འདིར་མི་འདོད་བར་ཆད་ཞི༔ ཕྱི་མ་རིག་འཛིན་གྲལ་ལ་འཁོད༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས༔ འོད་གསལ་བདེ་ཆེན་རྒྱལ་མོ་ལ༔ ཆོས་དབྱིངས་ཡེ་ཤེས་ཐུགས་ཀྱི་ཀློང༔ འཇིགས་བྲལ་རྡོ་རྗེ་འབར་བའི་སྒྲོམ༔ གཟའ་སྒྲོམ་མེ་འོད་འབར་བ་རུ༔ འཕོས་ནས་ཟབ་རྒྱའི་གཏེར་དུ་གཏམས༔ རྟེན་འབྲེལ་དུས་ལ་བབ་པའི་ཚེ༔ ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་མས༔ ཕ་ནོར་ཆེན་པོ་བུ་ཡི་སྐལ༔ དངོས་སུ་གཏད་དེ་ས་སྟེང་སྣང༔ འགྲོ་དོན་ཕྱོགས་མེད་བསྟན་པ་རྒྱས༔ བསྟན་འཛིན་རྣམས་ཀྱི་སྐུ་ཚེ་སྤེལ༔ བསྟན་དགྲ་བར་ཆད་དབྱིངས་སུ་ཞི༔ མི་མཐུན་རྒུད་པའི་གཡུལ་ལས་རྒྱལ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ བརྡ་ཐིམ༔ ཨེ་མ་སྐལ་ལྡན་ལས་ཅན་རྣམས༔ ཁྱད་པར་གསང་སྔགས་ལམ་མཆོག་འདི༔ དྲག་པོ་སྔགས་ཀྱི་བརྡ་སྒོ་བཀྲོལ༔ ཟབ་གཏེར་རྫས་ཀྱི་ལྡེའུ་མིག་རྙེད༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནས༔ གསང་ཆེན་སྔགས་ཀྱི་ལམ་ལ་ཞུགས༔ མཚན་ལྡན་ཌཱ་ཀིས་ཡང་ཡང་བསྐུལ༔ རིག་འཛིན་གྲུབ་པའི་དབང་མོ་ནི༔ བདེ་བའི་རྡོ་རྗེ་ཆེན་མོ་ཡིས༔ བརྟུལ་ཞུགས་གྲུབ་པའི་རྩལ་བསྐྱེད་དེ༔ མཁའ་འགྲོ་དགྱེས་པའི་ཚོགས་མེ་མཆོད༔ རྒྱ་ཆེར་ཕུལ་ནས་ཁྱུང་བྲག་གི༔ གཡོན་ལོགས་རཱ་ཧུའི་ལྟོ་ཞལ་ནས༔ ཌཱ་ཀི་ཟུང་གིས་སྤྱན་དྲངས་ཏེ༔ ཤིང་རྟ་ཁྲུམ་ཟླའི་ཚེས་༢དགེ་བར༔ བརྡ་གྲོལ་ཤིན་ཏུ་བསྡུས་པ་རུ༔ དྷརྨ་ཙནྡྲས་དག་པར་ཕབ༔ དགེ་བས་བར་ཆད་བདུད་ལས་རྒྱལ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཏི་གུ་ཧྱ་བཛྲ་གུ་ཧྱ་བཛྲ་གརྦྷ་ྀཨཐི།། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 50: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:08, 1 June 2024
🚧 This website is under continued development. We appreciate your patience!
Wylie title | mtsho rgyal snyan brgyud phur pa me yi spu gri | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 9, Pages 33-41 (Folios 1a to 9a2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | རྒྱ་རོང་མཁའ་འགྲོ་བདེ་ཆེན་དབང་མོ་ (rgya rong mkha' 'gro bde chen dbang mo) | |
Associated People | ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal) | |
Citation | Khyentse, Dilgo. Mtsho rgyal snyan brgyud phur pa me yi spu gri. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 33-41. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | མཚོ་རྒྱལ་སྙན་བརྒྱུད་ཕུར་པ་མེ་ཡི་སྤུ་གྲི་ (mtsho rgyal snyan brgyud phur pa me yi spu gri) | |
Deity | rdo rje phur pa | |
Colophon |
| |
|
Footnotes
Other Information
Categories:
- DKR-KABUM-10-THA-009
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- mtsho rgyal snyan brgyud phur pa me yi spu gri
- rdo rje phur pa
- Sadhanas - Evocation Ritual - sgrub thabs
- Khyentse, Dilgo
- rgya rong mkha' 'gro bde chen dbang mo
- ye shes mtsho rgyal
- DKR-KABUM-Volume-10-THA
- Khyentse Lineage Project