DKR-KABUM-05-CA-016: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(6 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། འཇམ་དཔལ་གཤིན་རྗེ་ཚེ་བདག་གི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཟིལ་གནོན་ཐུགས་ཀྱི་ཐིག་ལེ། | |||
|fulltitle=dag snang bka' brgyad rig 'dzin zhal lung las/ 'jam dpal gshin rje tshe bdag gi dbang bskur bklag chog tu bkod pa zil gnon thugs kyi thig le | |||
|citation=[[Khyentse, Dilgo]]. ''dag snang bka' brgyad rig 'dzin zhal lung las 'jam dpal gshin rje tshe bdag gi dbang bskur bklag chog tu bkod pa zil gnon thugs kyi thig le''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 5: 89-107. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer=Dalai Lama, 5th | |||
|sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་ | |||
|tibgenre=Activity Manual - las byang, Empowerment Ritual - dbang chog - dbang skur, Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Three | |||
|deity='jam dpal gshin rje | |||
|cycle=dag snang bka' brgyad rig 'dzin zhal lung | |||
|cycletib=དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ | |||
|parentcycle=dag snang rgya can | |||
|parentcycletib=དག་སྣང་རྒྱ་ཅན་ | |||
|language=Tibetan | |||
|volumenumber=005 | |||
|volnumtib=༥ | |||
|volyigtib=ཅ་ | |||
|totalvolumes=25 | |||
|textnuminvol=016 | |||
|pagenumbers=89-107 | |||
|totalpages=38 | |||
|beginfolioline=1a | |||
|endfolioline=19b6 | |||
|totalfolios=19 | |||
|multivolumework=No | |||
|rectonotes=gshin rje | |||
|versonotes=dag snang rgya can | |||
|colophontib=།འཕོ་བཅས་སྲིད་པའི་རྒྱུ་འབྲས་ལྟར་སྣང་ལ། །འགྱུརྃ་མེདྃ་ཡེ་ཤེས་ཕྱག་རྒྱས་ཟིལ་མནན་པས། །ཚེ་འཆི་སྲོག་གི་བདུད་བཅོམ་ཐེགྃ་མཆོྃག་གི །བསྟནྃ་པའིྃ་སྨིན་བྱེད་རྒྱལྃ་མཚནྃ་ཛ་ཡནྟུ། འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། | |||
|colophonwylie=/'pho bcas srid pa'i rgyu 'bras ltar snang la/_/'gyura~M meda~M ye shes phyag rgyas zil mnan pas/_/tshe 'chi srog gi bdud bcom thega~M mcho~Mg gi_/bstana~M pa'i~M smin byed rgyala~M mtshana~M dza yan+tu/_'jam dpal gshin rje tshe bdag gi sgrub thabs dbang dang bcas pa'i le'u tshan no// | |||
|pdflink=File:DKR-KABUM-05-CA-016.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། འཇམ་དཔལ་གཤིན་རྗེ་ཚེ་བདག་གི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཟིལ་གནོན་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས། | |||
༄༅། །སྒྲིབ་བྲལ་ཡེ་ཤེས་སྐུ་ཅན་མཉྫུ་ཤྲཱི། །སྲིད་ཞི་ཕྱག་རྒྱ་ཟིལ་གནོན་ཁྲོ་བོའི་རྗེ། །བདུད་དང་མུ་སྟེགས་མཐར་བྱེད་དེར་བཏུད་ནས། །དེ་སྒྲུབ་དབང་གི་ཆོ་ག་འདིར་གསལ་བྱ། །སྐུ་དེ་བཞིན་གཤེགས་རིགས་འཇམ་དཔལ་ཁྲག་འཐུང་ཕྱག་རྒྱ་ཟིལ་གནོན་གྱི་དབང་བྱ་བར་འདོད་པས། རྒྱས་པར་སྤྲོ་ན་སྟ་གོན་གསུམ་དང༌། དངོས་གཞི་ལ་ཐུན་མོང་རིགས་དབང་ལྔ་བཅས་བཀའ་བརྒྱད་ཀྱི་དབང་ཆོག་ལྟར་སྦྱར་ཞིང༌། འདིར་གཤིན་རྗེ་རང་གི་དབང་དངོས་འཆད་པ་ལ། གང་དུ་བྱ་བའི་གནས་སུ་གཞུང་མཐུན་གྱི་དཀྱིལ་འཁོར་དབུས་སུ་རྣམ་རྒྱལ་བུམ་པ། གཤིན་རྗེའི་ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། ཕྱག་མཚན། མངའ་གསོལ་གྱི་ཆས། དུར་ཁྲོད་དཔལ་ཆས། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། མིག་དར། མིག་ཐུར། མེ་ཏོག །དོ་ར། ཕྱག་ཤིང༌། ཟན་ལ་མངར་གསུམ་ཆོས་སྨན་སྦྱར་བས་བམ་ཆེན་ཙོག་པུར་སྡོད་པའི་ལག་པ་བསྣོལ་བ་ལ་སྨན་རཀ །སྤྱི་གཙུག་ཏུ་གཏོར་མ། མར་ཐག་དཀར་དམར་གྱིས་རྐང་ལག་བཅིངས་པ། མཆོད་རྟེན། བཀའ་སྲུང་ལས་གཤིན་གྱི་དམར་གཏོར་ནང་དུ་འཁོར་བཞི། དེ་རྒྱབ་བཅུ་གཉིས་ཀྱིས་བསྐོར། བར་དུ་མཐེབ་ཀྱུས་གཏམས། མེ་རི་ཤ་ཁྲག་གིས་བརྒྱན་པ་ལ། དར་གདུགས་ལས་གཤིན་གྱི་ཙཀ་ལིས་བརྒྱན། ཉེར་སྤྱོད་མཆོད་པས་བསྐོར་ཞིང་སྨན་རཀ་གཏོར་མ། ཚོགས་དཀར་བགེགས་ཆད་བརྟན་སོགས་སྤྱི་ལྟར་འདུ་བྱ་ཞིང༌། སློབ་དཔོན་གྱི་མདུན་དུ་ལས་བུམ། ཐུན་བཟེད། འབྲུ་ཕོར། ཌཱ་རུ། རྡོར་དྲིལ་བཅས་བཀོད་ལ་དངོས་གཞིའི་དབང་སྒྲུབ་ཁྲོ་བོ་སྤྱི་ཡི་ལས་བྱང་གི་ཆིངས་ལྟར་སྐྱབས་སེམས་ནས་གཞལ་ཡས་ཁང་བསྐྱེད་པ། ཐོད་པའི་ར་བ་ཅན། ཕྱི་རོལ་འཁོར་ལོ་རྩིབས་བཞི་བརྒྱད་བཅུ་གཉིས། མགོན་བོ་རློན་པའི་སོགས་ནས་དཀྱུས་ལ་འཇུག །གདན་བསྐྱེད་ཀྱི། །བམ་ལས་རཱུ་ཏྲ་ཕོ་མོ་བསྣོལ་བ་ཡི། །ཞེས་པའི་མཚམས་སུ། གདན་སྟེང་རྒྱུ་ཡིག་ཧཱུྃ་མཐིང་ལས། །དྲུག་པ་རྡོ་རྗེ་འཆང་ཆེན་པོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཅན། །མཐིང་ནག་ཟིལ་གནོན་དྲེགས་པ་འདུལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །དཔལ་གྱི་ཆས་རྫོགས་དུར་ཁྲོད་བརྒྱན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་སྟོབ། །ཡེ་ཤེས་བཞི་ཡི་སྤྲུལ་པ་ཡི། །ཐུགས་ཀར་ཡ་མ་རཱ་ཛ་ནི། །སྨུག་ནག་འཁོར་ལོ་ཙིཏྟ་འཛིན། །ཡ་མའི་ཐུགས་ཀར་དྲེགས་པའི་བདག །ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེང༌། །འཇིགས་བྱེད་ཆེན་པོ་ཐུར་དུ་བལྟས། །ལྟོ་བ་སྲིད་གསུམ་ཚེ་སྲོག་འཚང༌། །སྤྱི་གཙུག་མཁའ་ལྡིང་སྤྲུལ་པ་འདུལ། །དཀར་པོ་ཟིལ་གནོན་རོ་ཉེ་ཟ། །ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང༌། །སོག་ཁར་སྟག་མོ་རོ་ལ་རྔམས། །ནུ་ཁར་སེང་གེ་རལ་པ་སྤྲུགས། །རི་རབ་ལྟ་བུར་བརྗིད་པ་ཡི། །སྐུ་ལ་ཁྲོ་རྒྱལ་བཅུ་པོ་རྫོགས། །ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། །སྐུ་སྤྲུལ་འཆི་བདག་བྱེ་བ་སྔོ། །གསུང་སྤྲུལ་སྲོག་བདག་དམར་པོ་བརྗིད། །ཐུགས་སྤྲུལ་ཚེ་བདག་མགོ་དགུ་པ། །ཕྱི་རིམ་ཐོད་པའི་མཁར་བཞི་ལ། །གཤེད་པོ་ཡ་མ་རཱ་ཛ་དང༌། །སྲིན་པོ་མྱོས་བྱེད་འབར་བ་དང༌། །ཀླུ་བདུད་ཨརྻ་མེ་རུ་དང༌། །གནོད་སྦྱིན་རལ་པ་ཚར་དགུ་དང༌། །དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། །ཕྱོགས་བཞི་ལ་ནི་མོན་པ་བཞི། །མཚམས་བཞི་ལ་ནི་བདུད་བཞི་སྟེ། །དེ་དག་ཡུམ་དང་བཅས་པའོ། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ། །ལས་ཀྱི་འཆི་བདག་བཅུ་གཉིས་གནས། །དེ་ཡི་ཕྱི་རིམ་བར་ཁྱམས་ལ། །ཕོ་གཤེད་མོ་གཤེད་ལ་སོགས་པའི། །ཤ་ཟ་ཀིང་ཀང་མ་མོའི་ཚོགས། །སྒོ་བཞི་རུ་ནི་རྒྱལ་པོ་དང༌། །མགོན་པོ་བདུད་དང་གནོད་སྦྱིན་བཞི། །ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ། །འོབས་སྲུང་ཆེན་པོ་བཅུ་དྲུག་གནས། །དེ་ལྟར་དེ་དག་ཐམས་ཅད་ཀུན། །སེམས་ཉིད་སྟོང་པའི་ཆོ་འཕྲུལ་ཏེ། །ཆོས་ཉིད་དབྱིངས་ལས་ཤར་བས་ན། །བར་སྣང་ཁམས་ཀྱི་འཇའ་ཚོན་ནམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པར་གྱུར། །ཞེས་པའི་མཚམས་དབང་བསྐུར་རྒྱས་བཏབ། སྤྱན་འདྲེན་ནས་བརྩམས། ཧཱུྃ། རང་བྱུང་དཀྱིལ་འཁོར་གཤིན་རྗེ་ཡི། ཞེས་བསྒྱུར། བསྙེན་པ། ཨོཾ་ཨཱཿཧཱུྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཞེས་ཇི་ལྟར་འོས་པ་བཟླ། བུམ་པ་བསྐྱེད་བཟླས་ནི། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །གཟུངས་ཐག་བླངས་ཏེ་བཟླས་པ་དང༌། མཐར་མཆོད་བསྟོད་འོད་ཞུ་བྱ། ལས་ཐམས་ཅད་ཀྱི་བུམ་པར། པད་ཉི་དྲེགས་པའི་གདན་གྱི་སྟེང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་རིགས་ཀྱི་བདག་པོ་ཨོ་རྒྱན་ཟ་ཧོར་མའི་ཚུལ་དུ་བཞུགས་པའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་ཐིམ་པར་བསམ། ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ་འོད་ཞུ་བྱ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང༌། ཨོཾ་བཛྲ་ཀྲོ་དྷཱ་ས་མ་ཡ་སྟྭཾ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་བར་བསམ་ལ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་ཛྲ་ས་མ་ཡ་ཧོཿ ཞེས་དང༌། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། ཐལ་མོ་སྦྱར་བས་བཏུད་དེ། ཨོཾ་རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། ཞེས་གསོལ་ནས་སློབ་མ་གཞུག་པར་གནང་བར་ཞུ། ཟུར་གསལ་ལྟར་ལས་གཤིན་གཏོར་ཆོག་སྦྱར། སློབ་མ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ་པ་སྔོན་འགྲོས། ལོ་རྒྱུས་ཀྱི་ཁྱད་པར། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལ་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ། འཇིག་རྟེན་པའི་སྒྲུབ་ཚུལ་གཉིས། སོ་མཚམས་ཀྱི་སྒྲུབ་པ་གཅིག་སྟེ་སྡེ་བརྒྱད་དུ་ཕྱེ་བ་ལས། འདི་ནི་འཇིག་རྟེན་ལས་འདས་པའི་སྒྲུབ་ཚུལ་ལྔ་ཡི་ཐོག་མ་སྐུ་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་ཏེ། དེ་ལ་རྩ་བཤད་མན་ངག་གི་རྒྱུད་དང༌། སྒྲུབ་བརྙེས་སློབ་དཔོན་སོ་སོས་བཀྲལ་བའི་བཀའ་བབ་ཀྱི་ལམ་སྲོལ་མཐའ་ཡས་པས་གངས་ཅན་འདིར་ཡང་སྔ་འགྱུར་རྙིང་མ་ལ་གཤེད་སྐོར་རིགས་ལྔ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་གཤིན་རྗེ། ཕྲིན་ལས་ཀྱི་བྱེ་བྲག་རྣ་ཆ་བརྒྱད་དང༌། གསར་མ་ལ་དམར་ནག་འཇིགས་གསུམ་ནང་གསེས་བཅས་བྱོན་པ་ལས། ཡེ་ཤེས་ཀྱི་གཤིན་རྗེ་འཇམ་དཔལ་ཞི་བ་བླ་མེད་ལུགས་ཀྱི་དྲག་སྒྲུབ། འཇམ་དཔལ་སྐུ་ཡི་བཀའ་བབ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། རྒྱ་གར་ཁྲག་འཐུང་ནག་པོ། དྲག་སྔགས་ཀྱི་རིག་འཛིན་ཤཱནྟིཾ་གྷརྦྷ། སློབ་དཔོན་བ་སུ་དྷ་ར་སོགས་བཀའ་སྲོལ་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་ཀྱི་སྙིང་པོ། རྩ་རྒྱུད་ཟླ་གསང་ནག་པོ་དང༌། །སྡིག་པ་སྙིང་འཛིན་སོགས་ཀྱི་རྒྱུད་དོན་ལག་ལེན་དུ་བསྡེབས་པ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དང༌། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡབ་སྲས་ལས་བརྒྱུད་དེ་ལྕགས་འདྲ་དང་ལྕགས་སྡིག་སོགས་ཀྱི་མན་ངག་འབྲི་བྱང་གི་ཤིང་རྟ་གཉིས་ལ་ཡོངས་སུ་གྲགས་པ་ལས། སྐབས་སུ་བབ་པ་ཡབ་གཅིག་འཇམ་དབྱངས་དངོས་ཚངས་པ་ལྷ་ཡི་མེ་ཏོག་གིས་ཕྲིན་ལས་ཀྱི་ཕྱག་རྒྱ་གངས་ཅན་འགྲོ་བའི་དཔལ་དུ་བྱོན་པའི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱི་དག་ཆེན་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་རོལ་མོ་མཐའ་ཀླས་ལས་བྱོན་པའི་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དངོས་གཞིའི་དབང་བསྐུར་བའི་ཐོག་མ་ཕྱི་ནང་གི་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་དཔོན་དང་དཀྱིལ་འཁོར་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་མོས་དྲག་པོས་ཐལ་སྦྱར་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། །བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །སྒྲུབ་པ་བཀའ་བརྒྱད་འཁོར་དང་བཅས། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །སློབ་དཔོན་གྱིས་ཀྱང་བདག་གཞུག་གསོལ། །ལན་གསུམ་བརྗོད་ནས་གདོང་གཡོགས་ནི། ཨ་ཁཾ་བི་ར་ཧཱུྃ། མེ་ཏོག་ཕྲེང་བ་ནི། ཨོཾ་པུཥྤེ་རཏྣ་མ་ལྱ་ཏྲཾ་གྱིས་སྦྱིན། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། །བླ་མ་དཀོན་མཆོག་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །སྐྱོབ་པ་ཁྱེད་ལ་སྐྱབས་སུ་མཆི། ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བླ་མེད་བྱང་ཆུབ་གནས་སུ་སྒྲུབ་པ་དང༌། །བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་བྱའི་ཕྱིར། །ཡང་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག །བོ་དྷི་ཙིཏྟ་ཨུ་པ་ཏ་ཡ་མི། ལན་གསུམ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་གཞན་དོན་ཁས་བླང་བ་འདི་ཡི་རྗེས་ཟློས་མཛོད། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་ཕྱིར་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། ལན་གསུམ་བརྗོད། སྨིན་བྱེད་ཀྱི་སྲོག་དང་རྩ་བར་གྱུར་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདི་ཡི་རྗེས་ཟློས་མཛོད། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ནམ་ཡང་བདག་ནི་མི་སྤང་ངོ༌། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་བདག་ཀྱང་གཟུང་བར་བགྱི། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །སྡོམ་པ་རྣམ་བཞི་རྟག་ཏུ་གཟུང༌། །བདག་ནི་སྡོམ་པ་མ་ལུས་གཟུང༌། ལན་གསུམ་བརྗོད། ནང་དུ་གཞུག་ཅིང་ཕྱག་བྱ་བ་ནི། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། ཛཿཧཱུྃ་བྃ་ཧོཿ ཞེས་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་ཁྲིད་པར་མོས་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་བརྗོད་དེ་ཤར་སྒོ་ནས་ཕྱག་བྱས་པར་མོས། དེ་བཞིན་དུ་ཕྱོགས་གཞན་གསུམ་ནས་ཕྱག་བྱས་པར་མོས་ཏེ་མཐར་ཤར་སྒོའི་ནང་དུ་དབང་སྟེགས་ལ། གཙོ་བོ་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་ལ་གནས་པར་བསམ་ལ། དམ་བཞག་བཞི་ཡོད་པ་ལས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་ལ། །རིགས་ཀྱི་བུ་མཆོག་ཚུར་ཉོན་ཅིག །དེང་ཁྱོད་བདེ་གཤེགས་འཁོར་བཅས་ཀྱིས། །ནང་དུ་ཁྲིད་ཀྱིས་ཞུགས་པ་ཡིན། །སློབ་དཔོན་ལུང་བསྟན་ངས་ཀྱང་ནི། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡི། །ཡེ་ཤེས་ཁྱེད་ལ་བསྐྱེད་པར་བྱ། །རྣལ་འབྱོར་བུ་མཆོག་ཁྱེད་ཀྱིས་ཀྱང༌། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། དངོས་གྲུབ་དམ་པ་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཁྱེད་ཀྱིས་དཀྱིལ་འཁོར་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་པར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། །དམ་ཚིག་མ་སྲུང་བའི་ཉེས་དམིགས་བསྒྲགས་པས་དམ་བཞག་པ་ནི། རྡོ་རྗེ་སྙིང་གར་གཏུགས་ཏེ། །བཅོམ་ལྡན་སྒྲུབ་པ་འཇམ་དཔལ་གཤིན་རྗེ་ནི། །ཁྱེད་ཀྱི་སྙིང་ལ་གཞུག་པས་ན། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་བརྗོད། དམ་ཚིག་བསྲུང་བའི་དཔང་པོ་བདུད་རྩི་བྱིན་པས་དམ་ལ་བཞག་པ་ནི། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཨུ་ད་ཀ་ཧཱུྃ་ཕཊ། བླ་མའི་བཀའ་ཉན་པའི་ཚུལ་གྱིས་དམ་ལ་བཞག་པ་ནི། རྡོ་རྗེ་མགོ་བོར་བཞག་ལ། དེང་ནས་བརྩམས་ཏེ་ཐམས་ཅད་དུ། །ཧེ་རུ་ཀ་དཔལ་ང་ཡིན་གྱི། །ང་ཡིས་སྨྲས་པ་བུ་ཡིས་གྱིས། །ང་ལ་བརྙས་པར་བྱས་ན་ནི། །ཁྱོད་ནི་སྡུག་བསྔལ་མ་བྲལ་བར། །ཚེ་ཡི་འདུ་བྱེད་བྱས་ནས་ནི། །སེམས་ཅན་དམྱལ་བ་ཆེན་པོར་ལྷུང༌། ཞེས་བརྗོད། དབང་གི་གཞི་ཡེ་ཤེས་དབབ་པ་ལ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཧཱུྃ། བླ་མ་ཡི་དམ་དགོངས་སུ་གསོལ། །འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་འདིར། །དེ་རིང་བདག་སོགས་མཆེད་ལྕམ་ལ། །བྱིན་ཆེན་དབབ་ལ་དབང་ཆེན་བསྐུར། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་རྣམས་ལུས་གནད་ཆོས་བདུན་བཅས། ངག་གནད་བུམ་ཅན་ནམ་རླུང་རང་སོར་བཞག །སེམས་ཀྱི་རྟོག་པ་སྐད་ཅིག་ཀྱང་མ་ཡེངས་པར་དམིགས་པ་འདི་ལྟར་བསྒོམ་པར་ཞུ། ཨོཾ་བཛྲ་ཨ་མྲྀ་ཏས་བགེགས་བསང༌། སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་གསུམ་ལྡན་གྱི་ལྟེ་བར་ཨེ་ཀློང་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་མཁའ་ལ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་སྡེ་བརྒྱད་ཕྱོགས་སྐྱོང་རུ་དྲ་ཕོ་མོ་མ་ཧེ་གླང་རྒོད་བརྒྱད་པད་ཉིའི་སྟེང་དུ་རྒྱལ་ཀུན་སྤྱི་གཟུགས་སྐུ་རྡོ་རྗེ་འཇམ་དབྱངས་དྲག་པོར་ཁྲོས་པ་ཟིལ་གནོན་ཕྱག་རྒྱ་ཆེན་པོ་གཡས་དཀར་ཀླུ་འབུམ་མཐོང་བའི་དུག་ཅན་སྦྲུལ་འབུམ། གཡོན་དམར་གཉན་རྭ་ཡི་དུག་ཅན་ལྕང་མོ་ཁྲི། དབུས་ཞལ་མཐིང་ནག་ས་བདག་མཆེ་བའི་དུག་ཅན་སྦལ་པ་མགོ་སྟོང་རྣམས་ཟ་བ། །གཡས་གསུམ་རྡོ་རྗེ་འཁོར་ལོ་རལ་གྲི། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་ཅན། ཞབས་བརྐྱང་བསྐུམ་དུ་བགྲད་པས་དྲེགས་པ་ཅན་ཐམས་ཅད་མནན་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང༌། ཁྲོ་གཏུམ་གར་དགུའི་གཟི་བྱིན་འབར་བ། །ཡུམ་བཻ་ཏ་ལི་སྙིང་དང་གྲི་ཐོད་འཛིན་པ་གཉིས་མེད་དུ་སྦྱོར་བ། གཙོ་བོའི་ཐུགས་ཀར་ཡ་མ་རཱ་ཛ་འཁོར་ལོ་དང་ཙིཏྟ། དེའི་ཐུགས་ཀར་དྲེགས་པ་ཕྱག་ན་རྡོ་རྗེ་རྡོ་རྗེ་དང་སྙིང་ཕྲེང༌། དེའི་ཐུགས་ཀར་རུས་སྦལ་རྔམ་པ་མི་ཟན། སྤྱི་བོར་ཤེལ་གྱི་བྱ་ཁྱུང༌། ཕྲག་གོང་དུ་ཁྱུང་མོ་སྔོ་ནག་གཉིས། དཔུང་པར་སྟག་མོ་མི་ཟན། ནུ་མར་སེང་གེ །སྟ་ཟུར་དུག་སྦྲུལ་དང་ལྕེ་སྤྱང་སྟེ་རྒྱན་གྱི་ལྷ་བརྒྱད་ཁྲོ་བཅུའི་གོ་ཆ་དང་བཅས་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པ་དང་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེད་པའི་རྐྱེན་གྱིས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པའི་ཐུགས་ཀའི་འོད་དང་སྙོམས་འཇུག་བདེ་བའི་སྒྲས་བསྐུལ་ཏེ། མཁའ་ཁྱབ་ཀྱི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབ་པ་བཞིན་བྱོན་ནས་སློབ་མའི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་བསམ་ལ་སློབ་དཔོན་གྱིས་དགོངས་པའི་གདིང་བསྐྱེད། འབེབས་པའི་རྫས་བདུན་རོལ་མོ་དབྱངས་དང་བཅས་པས། ཨ་ལ་ལ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ འཕགས་མཆོག་ཐུགས་རྗེ་སོགས་དང༌། ཨོཾ་ཨཱཿཧཱུྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཛྙཱ་ན་ཨ་བེ་ཤ་ཡཿ སྟྭཾ་བྷ་ཡ་སྟྭཾ་བྷ་ཡ༔ ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ༔ ཧཱུྃ་ཨ་ཧེ་ཛྷེཾ༔ ཞེས་དྲག་ཏུ་བཟླས་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་མོས་ཤིག༔ ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོ་བོར་རྒྱ་གྲམ་དུ་བཞག །ཁྱེད་རྣམས་ཀྱི་སྤྱན་མིག་དར་གྱིས་བཀབ་སྟེ་དཀྱིལ་འཁོར་ལ་ལྟོས་དང་ཁ་དོག་གང་མཐོང་བ་བདག་ལ་སྨྲོས་ཤིག །སློབ་མ་རྣམས་ཀྱིས་གང་མཐོང་བ་ཞུས་པས། སློབ་དཔོན་གྱིས་ལས་བཞིའི་ཁ་དོག་གང་མཐོང་བ་དེ་རིགས་དང་དངོས་གྲུབ་འགྲུབ་པར་ལུང་བསྟན། འགྲིམ་དཀྱིལ་བསྟར་ལ། །སྔར་བྱིན་པའི་མེ་ཏོག་ཅོད་པན་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་དཀྱིལ་འཁོར་ཆེན་པོར་དོར་བའི་མོས་པས་ཚིག་འདི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། དཀྱིལ་འཁོར་ལྷ་ཚོགས་དྲུང་དུ་བདག་མཆི་ཡིས། །དཔལ་ཆེན་གཤིན་རྗེའི་དཀྱིལ་འཁོར་ཆེན་པོ་རུ། །དངོས་གྲུབ་ཐོབ་ཕྱིར་དབུས་སུ་མེ་ཏོག་དོར། །སྔོན་སྦྱངས་ལས་འཕྲོ་གང་ཡོད་དེར་བབ་ཤོག །པྲ་ཏཱིཙྪ་ཧོཿ དེ་ལྟར་ཕུལ་བ་ཉིད་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པ་དང་ལྷན་ཅིག་དཔལ་ཆེན་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་འཕྲོས་ཏེ་སྤྱི་བོར་ཐིམ་པར་མོས་ཤིག །སྐབས་འདིར་སྤྲོ་ན་མེ་ཏོག་གང་དུ་བབ་པའི་རིགས་དང་མཐུན་པའི་དབང་མིང་གདགས། ཧཱུྃ། ཅོད་པན་འདི་ནི་དཔའ་བའི་རྟགས། །སྨོན་ལམ་མཐུན་པའི་ལྷས་བྱིན་བརླབས། །བར་ཆད་ཀུན་གྱིས་མི་ཚུགས་ཤིང༌། །འཁོར་བའི་སྐྱོན་གྱིས་མི་གོས་ཤོག །པུཥྤེ་ཨབྷི་ཥིཉྩ་མཾ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང༌། །ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་སངས་ཀྱིས་གསལ་བར་མོས་ཤིག །རྡོ་རྗེས་མིག་འབྱེད་པའི་ཚུལ་བྱས། །སྐལ་བཟང་ཁྱེད་ལ་གཞལ་ཡས་ངས་བསྟན་ཕྱིར། །རབ་ཏུ་དགའ་བར་བསྐྱེད་ལ་གུས་པར་གྱིས། །མ་རིག་མུན་སེལ་ཡེ་ཤེས་མིག་དབྱེ་ཡི། །གསལ་ཞིང་དྭངས་པས་སེམས་ཅན་དོན་ལ་ལྟོས། །ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་མིག་དར་བསལ། དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། དཀྱིལ་འཁོར་བཟང་པོ་ཉིད་ལ་ལྟོས། །ཤེས་རབ་རྣམ་གསུམ་རབ་ཏུ་བསྐྱེད། བདེ་བར་གཤེགས་པའི་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། འགྲོ་བ་རིགས་དྲུག་ཐམས་ཅད་ལ། །བུ་བཞིན་སྙིང་རྗེ་ཀུན་ལ་སྐྱེད། །གསང་བའི་ཆོས་ལ་དད་པར་གྱིས། །ཞེས་བརྗོད་ནས་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་རྒྱས་པར་བསྟན། དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པའི་མཚོན་བྱེད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་བུམ་པ་ལ་སོགས་པའི་རྫས་རྣམས་བཀྲ་ལམ་མེ་མཇལ་བ་ལ་བརྟེན་ནས་མཚོན་བྱ་དོན་གྱི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འཛིན་གྱིས་སྤྲུལ་པའི་གཞལ་མེད་ཁང་རྡོ་རྗེའི་རྭ་གུར་མེ་དཔུང་གི་དབུས་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་གསུམ་ལྡན་གྱི་ལྟེ་བར་ཨེ་ཀློང་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་མཁའ་ལ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་སྡེ་བརྒྱད་ཕྱོགས་སྐྱོང་རུ་ཏྲ་ཕོ་མོ་མ་ཧེ་གླང་རྒོད་བརྒྱད་པད་ཉིའི་སྟེང་དུ་རྒྱལ་ཀུན་སྤྱི་གཟུགས་སྐུ་རྡོ་རྗེ་འཇམ་དཔལ་དབྱངས་དྲག་པོར་ཁྲོས་པ་སོགས་ནས་རྒྱན་གྱི་ལྷ་བརྒྱད་ཁྲོ་བཅུའི་གོ་ཆ་དང་བཅས་པའི་བར་བྱིན་འབེབས་ལྟར་ལ། ལྷག་པའི་བདེ་ཆེན་ཡེ་ཤེས་བཞིའི་ཐོད་མཁར་གྱི་གློ་འབུར་བཞི་ལ་ཤར་དུ་ཡ་མ་རཱ་ཛ། ལྷོར་ཡ་བ་ཏི། ནུབ་ཏུ་ཨ་བ་གླང་མགོ །བྱང་དུ་རལ་པ་ཚར་དགུ་སྟེ་ཡེ་ཤེས་ལྔའི་རང་བཞིན་རྩ་བའི་ལྷ་ལྔ། ཚད་མེད་བཞིའི་བདག་ཉིད་གྲུ་ཆད་བཞི་རུ་ཕྱལ་པ། ཏིལ་པ། འཕྱར་ཀ་གྭ་དམར། མ་རུ་རྩེ་ལྔ་ལ་གཤེད་ཆེན་བཅུ་གཉིས་ཀྱིས་བསྐོར་བ། དེའི་ཕྱི་སྐྱེ་མཆེད་བཅུ་གཉིས་དག་པའི་ལྕགས་མཁར་དུ་ཟླ་གཤེད་འཆི་བདག་བཅུ་གཉིས། འོབས་ཆེན་བཅུ་དྲུག་ཏུ་ཞག་གཤེད་སོ་གཉིས། ཕྲིན་ལས་བཞིའི་ཁམས་ལ་ཕོ་གཤེད་མོ་གཤེད་བདུད་དང་མོན་པ་ཀིང་ཀང་མ་མོའི་འཁོར་ཚོགས། བདག་ཏུ་ལྟ་བ་དག་པའི་ལྷ་མགོན་བདུད་དང་གནོད་སྦྱིན་གྱི་སྒོ་བ་བཞི་སྟེ་གཙོ་དང་འཁོར་དུ་སྣང་བ་དེ་དག་ཀྱང་རྣམ་འགྱུར་སྲིད་ཞི་དབྱིངས་སུ་ཟ་བའི་དུས་ཀྱི་དགྲ་ཆེན་པོ་ཁམས་གསུམ་སྐྱེ་འཆི་སྲོག་གི་བདག་པོ་འཇིགས་བྱེད་གཤིན་རྗེ་རོལ་པའི་ཆོ་འཕྲུལ་དུ་རྔམས་པར་སྟོན་ཀྱང་དོན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་གཅིག་གི་ཡེ་ཤེས་སྒྱུ་མའི་རྣམ་རོལ་གཞི་ལམ་འབྲས་བུའི་ཡོན་ཏན་མ་ལུས་པ་ལྷུན་གྱིས་རྫོགས་པའི་བདག་ཉིད་ཆེན་པོ་གང༌། ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་འདི་ནི་དཔེས་མཚོན་པ་ཡིན་གྱི་དོན་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་ངོ་བོར་ལྷུན་གྲུབ་ཏུ་གནས་ཏེ་ཕྱི་ནང་གཞན་གསུམ་དབྱེར་མེད་ངོ་བོ་གཅིག་ཏུ་རྫོགས་པའི་དོན་རྟོགས་པར་མོས་མཛོད། ཞུགས་པ་ལ་མངོན་པར་དབང་བསྐུར་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཕྱག་རྡོར་བདུད་སྡེ་ཕྱེར་འཐག་དབང་ལ། ཧོ། བླ་མ་གསང་བའི་བདག་པོ་ལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །སྙིང་ནས་གུས་པས་གསོལ་བ་འདེབས། །དངོས་གྲུབ་ཟབ་མོ་བསྩལ་དུ་གསོལ། ཞེས་བསྒྱུར་དགོས། མཆན རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ། །བུམ་པའི་དབང་བསྐུར་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྒོས་བཀའ་སོ་སོ་ལ་ཐུན་མོང་རིགས་པའི་དབང་ལྔ་སྦྱོར་ན་འདི་ན་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་དབང་ལྟར་ཤེས་པར་བྱའོ། མཆན་ དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་གཤེད། །གསང་བ་གསུམ་ལས་བྱུང་བ་ཡི། །བུམ་པའི་དབང་བསྐུར་ཆེན་པོ་འདི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། ཨོཾ་ཨཱཿཧཱུྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཡ་མ་རཱ་ཛ་ཀ་ལ་ཤ་ཨ་བྷི་ཥིཉྩ་མཾ། དེ་ལྟར་རྣམ་རྒྱལ་བུམ་པའི་དབང་བསྐུར་བས་སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད། ལྷ་དང་ལྷ་མོར་གནས་དག་སྟེ་ཉོན་མོངས་པ་དུག་ལྔ་སྦྱངས༌། རིགས་ལྔ་ཡེ་ཤེས་མངོན་དུ་གྱུར་ནས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་འོད་ཕུང་གི་རྣམ་པས་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེ་དག་གིས་ཕྱི་དབང་རྫས་ལ་བརྟེན་ནས་བསྐུར་བའི་རྗེས་སུ། ནང་ནུས་པ་འཇུག་པའི་དབང་གི་སླད་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལྷ་སྐུ་ཕྱག་རྒྱའི་རྣམ་པ་སྤྱི་བོ་ནས་བྱོན་ཏེ་དབང་བསྐུར་བར་མོས་ཤིག །ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་དུ། །ལྷ་ཡི་ལྷར་གྱུར་བཅོམ་ལྡན་གཤིན་རྗེའི་གཤེད། །སྲིད་གསུམ་སྒྲོལ་བའི་དབུ་གསུམ་ཞལ་ནི་རྔམ། །རྒྱུད་དྲུག་སྒྲོལ་མཛད་ཕྱག་མཚན་མེ་ལྟར་འབར། །སྡེ་བརྒྱད་འདུལ་བའི་དཔའ་བོའི་ཆས་བརྒྱད་བརྒྱན། །དྲེགས་པའི་གཤེད་མཛད་ཟིལ་གནོན་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ མི་འགྱུར་མཐིང་ནག་མ་མོ་ཀུན་གྱི་གཙོ། །ཁམས་གསུམ་དབང་སྡུད་ཁྲག་མཚོ་ཞལ་དུ་གསོལ། །ཞིང་བཅུ་སྒྲོལ་མཛད་ཙིཏྟ་ཡབ་ལ་འཁྱུད། །སྒྲོལ་བྱེད་ནག་མོ་ཡུམ་གྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཏྲ་ཀ་རཀྴ་ཀྲོ་དྷི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྨུག་ནག་འཇིགས་པ་དྲེགས་པ་ཀུན་གྱི་གཤེད། །ལོག་ལྟའི་སྦོར་བ་མ་ལུས་སྟོབས་ཀྱིས་གདོན། །འཁོར་ལོ་ཙིཏྟ་ཕྲེང་བ་ཕྱག་ན་བསྣམས། །གསོད་བྱེད་ཡ་མ་རཱ་ཛའི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུ་ན་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དྲེགས་པ་ཕྱག་ན་རྡོ་རྗེ་ནི། །མཐུ་སྟོབས་རྡོ་རྗེ་སྡིགས་མཛུབ་བགྲད། །ལྗང་ནག་ཀླུ་གཉན་གནོད་སྦྱིན་གཟིར། །རྡོ་རྗེ་ཁྲོས་པའི་དབང་ཐོབ་ཤོག །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རུས་སྦལ་རྔམ་པ་མི་ཟན་ནི། །རང་བྱུང་མཆོད་རྟེན་ལུས་ལ་བརྒྱན། །སྲིད་པའི་འཁོར་ལོ་ལྟོ་ན་གནས། །ཚེ་སྲོག་ཁྱམས་དང་དབང་ཐོབ་ཤོག །ཨེ་ཀ་མ་ཧཱ་བྷེ་ར་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། མཁའ་ལྡིང་རྒྱལ་པོ་ག་རུ་ཊ། །གཤོག་སྤུ་མཚོན་ཆའི་འཁོར་ལོས་གཏམས། །ཀླུ་གཤེད་དཔའ་བོ་གདུག་པ་གཟིར། །བྱ་ཁྱུང་རྒྱལ་པོའི་དབང་ཐོབ་ཤོག །ཨེ་ཀ་མ་ཧཱ་ག་རུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཁྱུང་མོ་སྨུག་ནག་ཀླུ་གཉན་ས་བདག་འདུལ། །སྟག་མོ་རོ་ཟན་བཙན་དང་ས་བདག་འདུལ། །སེང་གེ་དཀར་མོས་རིག་འཛིན་ལས་ལ་འཛུད། །དུག་སྦྲུལ་ནག་པོས་ཕས་ཀྱི་རྦོད་གཏོང་ཟློག །སྤྲུལ་པ་གྱད་གནོན་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་མ་ཧཱ་ག་རུ་ཊ་བྱཱ་གྷྲྀ་ཙཎྜ་སེཾ་ཧ་རོ་ཉེ་ཧ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐུ་ཡི་ཕྱག་རྒྱ་རོལ་པ་ལས། །བདུད་པོ་བྱེ་བ་དགུ་ཁྲི་ནི། །སྔོ་ནག་ལྕགས་ཆས་ཆུ་གླང་ཆིབས། །འཆི་བདག་ནག་པོའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཧེ་དུན་ཀི་ཤན་ཀཱ་ལ་བདུད་ཀྲཾ་ནཱ་ག་རཀྴ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གསུང་གི་ཕྱག་རྒྱ་རོལ་པ་ལས། །སྒྲོལ་གིང་སྲོག་བདག་དམར་པོ་ནི། །དམར་ནག་བསེ་ཆས་རྟ་ལ་ཆིབས། །སྲོག་བདག་དམར་པོའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་རཀྴ་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུགས་ཀྱི་ཕྱག་རྒྱ་རོལ་པ་ལས། །ཡ་མ་གཏུམ་པོ་མགོ་དགུ་པ། །མཐིང་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །ཚེ་བདག་ནག་པོའི་དབང་ཐོབ་ཤོག །ཡ་མ་ཀྲོ་དྷ་ཀཱ་ལ་ཨེ་ཀ་ཧེ་དུན་ཡ་མ་རཀྴ་ཏྲི་ཤུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྨུག་ནག་ཡ་མ་རཱ་ཛ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱི་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། །ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡ་མ་རཱ་ཛ་ས་དོ་མེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སེར་ནག་སྨྱོས་བྱེད་འབར་བ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དམར་ནག་ཨརྻ་དམར་པོ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། །ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡ་ད་ཡོ་ནི་ར་ཡཀྵེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། །ཧཱུྃ། ལྗང་ནག་རལ་པ་ཚར་དགུ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། །ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡཀྵེ་ཡ་ཙ་ནི་ར་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དུང་གི་མོན་པ་དྲེགས་ཆེན་སེང་གེའི་གདོང༌། །དུང་གི་མོན་མོ་བླ་རྐུན་རྔམ་པའི་གདོང༌། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུགས། །ཤར་ཕྱོགས་མོན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། །ལྕགས་ཀྱི་མོན་པ་གསོད་བྱེད་སྟག་གི་གདོང༌། །མོན་མོ་ནག་མོ་གཡུ་ཡི་རལ་པ་ཅན། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུགས། །ལྷོ་ཕྱོགས་མོན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། །བསེ་ཡི་མོན་པ་གཏུམ་ཆེན་དྲེད་ཀྱི་མགོ །མོན་མོ་ཚེ་འཕྲོག་ཁྲག་གི་རལ་པ་ཅན། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུགས། །ནུབ་ཕྱོགས་མོན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གསེར་གྱི་མོན་པ་སྲོག་གཤེད་ཁྱུང་གི་མགོ །མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་མ། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུགས། །བྱང་ཕྱོགས་མོན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། །ཧཱུྃ། །ཧེ་ལེ་ཁྱབ་པ་ཤར་གྱི་བདུད། །ནག་མོ་མི་ཟན་སྙིང་རྐུན་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང༌། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནག་པོ་འཛུམ་མེད་ལྷོ་ཡི་བདུད། །ནག་མོ་མེ་ཐོགས་སྙིང་འབྱིན་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང༌། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། །ཧཱུྃ། སོ་བདར་འཁྲིགས་པ་ནུབ་ཀྱི་བདུད། །ནག་མོ་ཁྲག་སྐྱུག་སྙིང་གཟེར་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང༌། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རལ་པ་སྤྱིར་བཅིངས་བྱང་གི་བདུད། །ནག་མོ་སྨྱོས་བྱེད་དབུགས་སྡུད་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང༌། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། །གཉིས་པ་གསུང་ནུས་པ་སྟེར་བར་བྱེད་པ་སྔགས་ཀྱི་དབང་ནི། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ལྟར་བླ་མའི་ཞལ་ནས་བྱུང་སྟེ་སློབ་མའི་མགྲིན་པའི་ལམ་དུ་བརྒྱུད་སྙིང་གའི་ས་བོན་མཐར་འཁོད་པས་གསུང་གི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ལ། སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ལན་གསུམ་བཟླ། །གསུམ་པ་ཐུགས་ཕྱག་མཚན་གྱི་དབང་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱི་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་ཐམས་ཅད་ཐུགས་ཕྱག་མཚན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་འདུས། དེ་ཉིད་སློབ་མའི་སྙིང་གར་ཐིམ་པར་བསམ་ལ། ཧཱུྃ། འཁོར་བ་དྲལ་བྱེད་འཁོར་ལོ་དང༌། །ཉོན་མོངས་གཅོད་བྱེད་རལ་གྲི་དང༌། །ཆོས་དབྱིངས་སྐྱེ་མེད་རྡོ་རྗེ་ཡིས། །སྐུ་གསུམ་མཉམ་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁངྒ་བཛྲ་ཨ་བྷི་ཥིཉྩ་ཧོཿ བམ་ཆེན་ཙིཏྟ་གྲུ་གསུམ་གྱི་གདན་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་ལྷ་བརྒྱད། སྤྲུལ་པ་གསུམ། གཤེད་ཆེན་བཞི། མོན་བདུད་ཡབ་ཡུམ། འཆི་བདག་བཅུ་གཉིས། འོབས་སྲུང་ཤ་ཟ་ཀིང་ཀང་སྟེ་དཀྱིལ་འཁོར་ཡོངས་རྫོགས་གསལ་བར་བྱིན་གྱིས་བརླབས་པས་ཡོན་ཏན་གྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཧཱུྃ། །དཔའ་བརྟུལ་སྔགས་ཀྱིས་བྱིན་བསྐྱེད་པའི། །བམ་ཆེན་རོ་ལ་མཉམ་པར་རོལ། །རྡོ་རྗེ་འཛིན་པའི་དབང་ཐོབ་ནས། །བདེ་ཆེན་མཉམ་ཉིད་རྟོགས་པར་ཤོག །ཨེ་ཀ་ཡ་མ་མ་ཧཱ་མཱཾ་ས་ཨ་དྷི་པ་ཏ་སིདྡྷི་ཨ་བྷི་ཥིཉྩ་ཧོཿ བམ་གྱི་ཕྱི་རྒྱུད་ཀྱི་ལྷ་ཐམས་ཅད་ཙིཏྟའི་དཀྱིལ་འཁོར་ལ་འདུས། དེ་ཡང་དྭངས་མ་ལྔའི་ཐིག་ལེ་ལ་འདུས། དེ་སློབ་མའི་སྙིང་གར་འུབ་ཀྱིས་ཐིམ་པར་གྱུར་པར་བསམ་ལ། བམ་དེ་ཡེ་ཤེས་ལྔའི་ངོ་བོར་བྱིན་རླབས་དང་དངོས་གྲུབ་དཔག་ཏུ་མེད་པར་བསམ་ལ་དུམ་བུར་བགོས་ཏེ་གདོང་པ། ཁ་མིག །མགོ་བོ། ལུས་ཀྱི་ཆ་ཤས་ཏེ་དམེ་བ་ལྔ་པོ་ཅུང་ཟད་རེ་འཇོག་ལ་གསང་དབང་སྐབས་དབང་རྫས་ལ་བསྲེ། འཕྲོས་ཐམས་ཅད་སློབ་མར་སྟེར་ལ། དེས་བམ་ཆེན་གསང་བའི་དབང་བསྐུར་བ་ཐོབ། འཇམ་དཔལ་གཤིན་རྗེ་གཤེད་པོའི་ལས་དང་དངོས་གྲུབ་མཐའ་དག་སྒྲུབ་པ་ལ་དབང་བ་ཡིན་པས། དེང་ནས་བརྩམས་ཏེ་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། ཁྱད་པར་ཟིལ་གནོན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱས་ནས་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཡོན་སྟེར་བ་ལ་བརྩོན་པར་གྱིས་ཤིག །ལྔ་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྲུང་བ་སྟོབས་ཆེན་པུ་རིའི་དབང་བསྐུར་བས་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །ཆོས་སྐུ་འགྱུར་མེད་མཆོད་རྟེན་འདི། །ལོངས་སྐུ་བདེ་ཆེན་ཟིལ་གནོན་བཞུགས། །སྤྲུལ་སྐུ་འཁོར་ཚོགས་བསམ་མི་ཁྱབ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེའི་མཁར་དུ་བསྲུང་བ་དང༌། །ནམ་མཁའི་མཐོངས་སུ་བཤིག་པ་དང༌། །རི་རབ་རྩེ་ལ་བསད་པ་དང༌། །རི་ཐང་མཚམས་སུ་བཟློག་པ་དང༌། །རྒྱ་མཚོའི་གཏིང་དུ་མནན་པ་དང༌། །དྲེག་པ་ཙིཏྟ་དཀྲུགས་པ་སྟེ། །ལས་དྲུག་འཁོར་ལོ་བསྐོར་བ་ཡི། །དབང་རྣམས་ཁྱེད་ཀྱིས་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། མཆོད་རྟེན་སྤྱི་བོར་བཞག །དེས་བཀའ་རྫོགས་མཆོད་རྟེན་གྱི་དབང་བསྐུར་བ་ཐོབ། །གཤིན་རྗེ་གཤེད་པོའི་ཕྲིན་ལས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ལ་དབང་བ་ཡིན་པས། སྲུང་བ་དང་ཞི་བའི་ལས་ཀྱིས་རྗེས་སུ་འཛིན་པ་དང༌། ཟློག་བསད་མནན་དཀྲུགས་དབྱེ་བསྐྲད་རེངས་རྨོངས་ལ་སོགས་པས་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་རྟག་ཏུ་སྒྲུབ་པར་གྱིས་ཤིག །ལྔ་པ་མཐའ་རྟེན་དབང་ལ་གཉིས་སུ་ཡོད་པ་ལས། དང་པོ་བསྟན་སྲུང་མཐུའི་དབང་གི་དོན་དུ་དམིགས་པ་འདི་ལྟར་མཛོད། རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བའི་མདུན་དུ་གཤིན་རྗེའི་ཞིང་ཁམས་འཇིགས་སུ་རུང་བའི་དབུས་སུ་ཐོད་མཁར་སྲིད་པའི་རྩེ་མོར་སླེབས་པ། ཁྲག་ཞག་འབབ་པའི་ནང་དུ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བར་པད་ཉིའི་སྟེང་དུ་དགྲ་བོ་གན་རྐྱལ་ཁ་སྦུབ་ཏུ་བརྫིས་པས་མ་ཧེའི་སྟེང་དུ་ཡཿལས་གཤིན་རྗེ་བྷེ་བ་སཏྭ་ནག་པོ་ཤིན་ཏུ་ཁྲོས་ཤིང་སྤྱན་གསུམ་པ་ཞལ་གདངས་པ་ལས་མེ་འབར་ཞིང་ཁ་ནས་ཁྲག་འཛག་པ། མཆེ་བ་གཙིགས་ཤིང་ལྗགས་གློག་ལྟར་འཁྱུགས་པ་དབུ་སྐྲ་སྨིན་མ་སྨ་ར་དམར་སེར་འབར་བ། གཡས་བེ་ཅོན་འཕྱར་ཞིང་གཡོན་གནམ་ལྕགས་ཀྱི་འཁོར་ལོ་བསྐོར་བ། མི་ལྤགས་ཀྱི་སྟོད་གཡོག་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག །རྒྱུ་མ། དུག་སྦྲུལ། ཁྲག་གི་ཐིག་ལེས་བརྒྱན་པ། ཞབས་གཉིས་མ་ཧེ་ལ་ཞོན་ནས་སྟོང་གསུམ་ཉུལ་བ། གཡོན་དུ་བྷྱོཿལས་ཡུམ་གཏུམ་མོ་དུག་ཧྲུལ་མ་ནག་མོ་ཤིན་ཏུ་ཁྲོས་ཤིང་གྲི་གུག་དང་ཐོད་ཁྲག་འཛིན་པ་ལས་ཀྱི་རླུང་དམར་ལ་ཞོན་པ། གཉིས་ཀའང་མེ་འབར་བའི་དབུས་ན་བཞུགས་པ། དེའི་ཕྱི་རོལ་དུ་གཤེད་ཆེན་སྡེ་བཞི་འཆི་བདག་བཅུ་གཉིས་དྲེགས་པའི་དམག་ཚོགས་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་རྣོན་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་སྐད་ཅིག་གིས་ལྷགས་པར་གྱུར་བར་བསམ་ཞིང༌། སྤྱན་དྲངས་པ་ནི། ཧཱུྃ། ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་གྱི༔ འཇིགས་སུ་རུང་བ་མུན་པའི་ཀློང༔ དྲེགས་པ་ཀུན་གྱི་ཤན་ཁང་ནས༔ ལས་བྱེད་གཤིན་རྗེའི་འཁོར་དང་བཅས༔ བདག་གིས་དད་པས་སྤྱན་འདྲེན་ན༔ སྔོན་གྱི་ཁས་བླངས་དམ་བཅའ་བཞིན༔ མ་ཐོགས་རིངས་པའི་ཚུལ་གྱིས་ནི༔ དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ཨེ་ཡ་མ་རཱ་ཛ་ས་པ་རི་ཝ་ར་བཛྲ་ས་མཱ་ཛ་ཛཿཧཱུྃ་བྃ་ཧོཿ ཞེས་པས་སྤྱན་དྲངས་ལ། དམ་བཞག་ནི་རྡོ་རྗེ་སྤྱི་བོར་བཞག་དམ་ཆུ་ལྗགས་ལ་བྱིན་པར་མོས་ཏེ། ཧཱུྃ། སྔོན་ཚེ་འཇམ་དཔལ་གཤིན་རྗེ་ཡི༔ སྤྱན་སྔར་ཞལ་བཞེས་དམ་བཅས་ལྟར༔ བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད༔ གལ་ཏེ་དམ་ལས་འདས་པ་ན༔ དུས་གསུམ་རྒྱལ་བའི་བཀའི་ཆད་པས༔ ཁྱོད་ཀྱང་ཉམས་པར་གདོན་མི་ཟ༔ ཨོཾ་ཡ་མ་རཱ་ཛ་ས་མ་ཡ་རཀྴ་ཧཱུྃ་ཞེས་དམ་ལ་བཞག །མཆོད་གཏོར་འབུལ་བ་ནི། ཧཱུྃ། ལས་མཛད་གཤིན་རྗེ་འཁོར་བཅས་ལ༔ གདུག་པའི་དགྲ་བགེགས་བསྒྲལ་བ་ཡི༔ དམར་ཆེན་ཁྲག་དང་དབང་པོ་ལྔ༔ ཚིལ་ཆེན་གསུར་དུད་ཞུན་ཆེན་མེ༔ མཁྲིས་ཆེན་བདུད་རྩི་སྨན་གྱི་བཅུད༔ ཤ་ཁྲག་དམར་གྱི་གཏོར་མ་སོགས༔ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ བདག་ཅག་དད་པས་འབུལ་ལགས་ན༔ བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾནས་ཤཔྟའི་བར་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། ཞེས་འབུལ། བསྟོད་པ་ནི། ཧཱུྃ། ཁྲག་འཐུང་གཤིན་རྗེ་གཤེད་པོ་ཡི༔ བཀའ་ཉན་འཇིགས་བྱེད་མ་རུངས་པ༔ ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག༔ རྫུ་འཕྲུལ་ཆེ་ཞིང་མཐུ་དང་ལྡན༔ བསྟན་པ་སྲུང་མཛད་དམ་ཚིག་ཅན༔ ཉམས་པ་སྒྲོལ་བའི་གཤེད་པོ་ཆེ༔ དགེ་སྡིག་ཤན་འབྱེད་དཔའ་བོ་མཛད༔ རྡོ་རྗེ་འཛིན་པའི་ཕོ་ཉ་བ༔ ལས་མཛད་ནག་པོ་ཁྱོད་ལ་བསྟོད༔ གཏུམ་དྲག་བཟོད་པར་དཀའ་བའི་གཟུགས༔ དབྱུག་པ་ཕྱར་ཞིང་ཐོད་ཁྲག་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ དྲག་ཤུལ་ཆེན་པོའི་གར་སྟབས་ཀྱིས༔ སྲིན་གྱི་མ་ཧེ་ཁྲོས་པ་བརྫིས༔ ཡུམ་ཆེན་གཏུམ་མོ་དུག་ཧྲུལ་མ༔ བཀའ་ཉན་ཕོ་བརྒྱད་མོ་བརྒྱད་སོགས༔ ལས་བྱེད་གཤིན་རྗེའི་ཚོགས་ཀྱིས་བསྐོར༔ ས་གསུམ་ཀུན་ལ་མངའ་མཛད་པའི༔ དྲག་ཤུལ་ཆེན་པོ་ཁྱོད་ལ་བསྟོད༔ དེ་ནས་སློབ་དཔོན་གཤིན་རྗེ་གཤེད་དུ་གསལ་བ་ལ་གུས་འདུད་དུད་པ་བྱས་པས། དེའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། སྲུང་མ་འཁོར་དང་བཅས་པ་ལ་གཉེར་གཏད་པར་མོས་ཤིག །གཏོར་མ་ལག་ཏུ་གཏད་དེ། ཧོ། འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཚོགས། །སློབ་མ་འདི་ཡི་བྲན་དུ་གཏོང་བྱེད་ན། །འཇམ་དཔལ་ཁྲོ་བོའི་དམ་ཚིག་གཉན་པོ་རྣམས། །དྲན་པར་མཛོད་ལ་བཅོལ་བའི་ལས་ཀུན་སྒྲུབས། །ཁྱད་པར་བསད་མནན་གཏད་སེལ་སྨྱོ་རེངས་རྨོངས། །བྱེད་དཀྲུགས་སྡེབ་གཤོར་ཧོམ་ཟོར་རླུང་འཁོར་སོགས། །གནག་པའི་མཐར་ཐུག་མངོན་སྤྱོད་དྲག་པོའི་ལས། །ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་མཛོད། །ཡ་མ་མེ་ད་ཀྵེ་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙ་ནི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་བཀའ་ཡི་ཕོ་ཉ་ཆེན་པོ་འཆི་བདག་ལས་ཀྱི་གཤིན་རྗེ་ཡུམ་གཏུམ་མོ་དུག་ཧྲུལ་ནག་མོ་འཁོར་གྱི་གཤིན་རྗེ་སྡེ་དཔོན་བརྒྱད། ལོ་ཟླ་ཞག་གཤེད་ལ་སོགས་པ་མ་རུངས་པའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་འཇམ་དཔལ་ཞི་ཁྲོ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སྤྲུལ་སྐུ་པདྨ་ཐོད་ཕྲེང༌། ཕུང་བྱེད་ཤཱནྟིཾ་གརྦྷ། བལ་པོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙཱ་ན། ཁྲག་འཐུང་ཟིལ་གནོན་བཞད་པ་རྩལ་ནས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བྱོན་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་ནོན། དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་རྡོ་རྗེའི་སློབ་མའམ་རིགས་ཀྱི་བུ་འདིའི་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ནད་དང་ཉེར་འཚེ་སེལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་བསྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། མདོར་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་བཞིན་དུ་འགྲོགས་ཏེ་ཕུན་སུམ་ཚོགས་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་གཡེལ་མེད་དུ་སྒྲུབ་པར་མཛོད་ཅིག །ཅེས་བྱས་ལ་གཏོར་མའི་ལྷ་སློབ་མ་ལ་བསྟིམས་ནས་གཉིས་མེད་ཀྱི་དགོངས་པ་བསྐྱང་དུ་བཅུག །སྤྱི་བོར་རྡོ་རྗེ་བཞག་ལྕེར་བདུད་རྩི་བླུད་དེ། སརྦ་པཉྩ་ཨ་མྲྀ་ཏ་བརྗོད་ཅིང་གཏོར་མ་ལའང་བྲན་ནས་དམ་བསྲེའོ། །གོང་དུ་ཐུན་མོང་རིགས་དབང་ལྔ་སྦྱར་ན་འདིར་རྡོ་རྗེ་སློབ་དཔོན་གྱི་དབང་བཀའ་བརྒྱད་ལྟར་སྦྱར་དགོས་སོ། །གཉིས་པ་གསང་བའི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཧོཿ །བླ་མ་ཡབ་ཡུམ་གསང་བའི་བདག །གསང་བའི་དཀྱིལ་འཁོར་བདག་ལ་སྟོན། །བདེ་བ་ཆེན་པོའི་དངོས་གྲུབ་ནོད། །གསང་བའི་དབང་ཆེན་བསྐུར་དུ་གསོལ། །ལན་གསུམ་གསོལ་བ་གདབ། འབྲུ་གསུམ་བརྗོད་ཅིང་གདོང་གཡོགས་བཅིངས། སློབ་དཔོན་འཇམ་དཔལ་གཤིན་རྗེ་གཤེད་དུ་ རྟ་མགྲིན་ལ། རྟ་མགྲིན་དུ་ མཆན། གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུའི་རྩ་བར་ཨོཾ། རྩེ་མོར་ཕཊཿདང་བཅས་པ། ཕྱག་རྒྱ་ཡུམ་གཟི་ལྡན་མར་བྷེ་ཏ་ལི་གསལ་བའི་མཁའ་ཨཱཿལས་པདྨ་ཨཱཿས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། འཇམ་དཔལ་ཡ་མནྟ་ཀ་ཡབ་ཡུམ་སྙོམ་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། ཐུགས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པ་ཐོད་ཆང་བདུད་རྩི་སྦྱར་བ་དང་བསྲེས་ནས་སློབ་མར་བྱིན་ཏེ། །བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས། གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས། །སྐལ་ལྡན་ངག་ལ་དབང་བསྐུར་བས། །བདེ་ཆེན་གསང་བའི་དབང་ཐོབ་ཤོག །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བྱིན་པས་སློབ་མས་ཀྱང༌། ཨ་ཧོ་མ་ཧཱ་སུ་ཁ། །ད་ནི་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་པ་ཆེ། །ཡོན་ཏན་ཀུན་གྱིས་བདག་བརྒྱན་ཏེ། །བཛྲ་ཧེ་རུའི་བདག་ཉིད་དོ། །ཞེས་བརྗོད་པས་མྱང༌། དེས་ལུས་གང་བས་ངག་གི་ཉེས་པ་དག་ནས་གསུང་རྡོ་རྗེར་གྱུར་པར་བསམ་ལ། མིག་དར་བཀྲོལ། ཡུམ་གྱི་བྷ་ག་ནས་གསང་བའི་དབང་ཐོབ་པས་རང་བྱིན་གྱིས་བརླབས་པ་སྒོམ་པ་ལ་དབང་ཞིང༌། ལམ་ལྔ་ལས་མཐོང་བའི་ལམ་ས་དང་པོའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ངག་གི་དྲི་མ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །གསུམ་པ་ཤེས་རབ་ཀྱི་དབང་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །གཉིས་མེད་ཡེ་ཤེས་བདེ་ཆེན་པོ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །བརྟེན་ན་གཉིས་མེད་བདེ་བ་བསྐྱེད། །འཁོར་ལོ་གནས་བཞིར་དབབ་བཟུང་བཞི། །བདེ་ཆེན་ཆོས་ཉིད་རྟོགས་པར་ཤོག །ཅེས་ཕྱག་རྒྱའི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱིས་མིག་དར་བཅིངས་ལ། ཨོཾ་ཨཱཿཧཱུྃཿ ཨ་ཧོ་སུ་ཁ་བྷཉྫ་མོ་ཀྵ་ཧོ། ཞེས་གཟུངས་མ་སློབ་མར་གཏད་དེ། སློབ་མ་འཇམ་དཔལ་ཡ་མཱནྟ་ཀ་ རྟ་མགྲིན་དུ་ མཆན། གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུའི་རྩ་བར་ཨོཾ། ཕྱག་རྒྱ་ཡུམ་བྷེ་ཏ་ལི་གཟི་ལྡན་མར་གསལ་བའི་མཁའ་གསང་ཨཱཿ་ལས་པདྨ་ཨཱཿས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་རྩ་གཡས་ལ་ཨོཾ་དཀར་པོ། གཡོན་ལ་ཨཱཿ་དམར། དབུས་སུ་ཧཱུྃ་མཐིང་ཀ་རྩེ་མོར་ཕཊ་ཡིག་སེར་པོར་བསྒོམ། སྙོམས་པར་ཞུགས་པས་ཁམས་ཀྱི་དྭངས་མ་རྣམས་འཁོར་ལོ་བཞིར་རིམ་པ་བཞིན་དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་རྣམས་རྒྱུད་ལ་སྐྱེས་ནས་སླར་ཡང་རླུང་འཕོ་མེད་དམ་པའི་མས་བརྟེན་གྱི་དགའ་བ་བཞི་ངོ་སྤྲད་དེ་ལུས་དཀྱིལ་མཐོང་བའི་བརྡར་གདོང་གཡོགས་བཀྲོལ། དེ་ལྟར་ཕྱག་རྒྱ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་དང་ཡེ་ཤེས་གཉིས་ཀྱི་དབང་དཀྱིལ་འཁོར་ལོ་བསྒོམ་པ་ལ་དབང༌། ལམ་ལྔ་ལས་རྒྱུ་ཡི་ཐེག་པའི་མཐར་ཕྱིན་ལམ་ཀུན་ཏུ་འོད་ཀྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། དེས་ཡིད་ཀྱི་དྲི་མ་དག་སྟེ་ཆོས་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །བཞི་པ་རིག་པའི་ཡེ་ཤེས་བདེ་ཆེན་ལྟ་བ་སྤྱི་འབྱམས་ཚིག་གི་དབང་བསྐུར་བ་ལ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ །གསང་ཆེན་རོལ་པའི་གཞལ་ཡས་འདིར། །བཀའ་དྲིན་བསམ་འདས་བླ་མ་ལ། །སྒྱུ་སོགས་རབ་སྤངས་མེ་ཏོག་འབུལ། །ཡང་དག་སྙིང་པོ་བསྟན་དུ་གསོལ། །ལན་གསུམ་གསོལ་བ་གདབ། དབང་གསུམ་པའི་དཔེ་ལས་བྱུང་བའི་ཡེ་ཤེས་ཀྱིས་མཚོན་བྱེད་བྱས་ནས་དོན་གྱི་འོད་གསལ་ངོ་སྤྲད་པའི་ཕྱིར་བདེ་སྟོང་གཉིས་མེད་མཚོན་པའི་རྡོར་དྲིལ་ལག་ཏུ་གཏད། སྟོང་གསལ་རིག་པའི་ཡེ་ཤེས་མན་ཤེལ་མིག་ཏུ་བསྟན་ཏེ་བརྡ་མཚོན་ནས་ངོ་སྤྲད་པ་ནི། ཧཱུྃ། །སེམས་ཉིད་ཀ་དག་ལྷུན་རྫོགས་དོན། །སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ། །གཉིས་མེད་འཛིན་གྲོལ་སྤྲུལ་པའི་སྐུ། །ཡང་དག་ངེས་དོན་རྟོགས་པར་བགྱི། ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨཿ ཁྱོད་ཀྱིས་དབང་བཞི་པ་རིག་པའི་ཡེ་ཤེས་ཚིག་གི་བརྡ་སྤྲད་པ་ལ་བརྟེན་ནས་ཐོབ་པའི་ལམ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་ཞིང་ལམ་ལྔ་ལས་འབྲས་བུའི་ཐེག་པས་མཐར་ཕྱིན་ལམ། བཅུ་གསུམ་རྡོ་རྗེ་འཛིན་པའི་ཐེག་པའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག་སྟེ། ངོ་བོ་ཉིད་སྐུ་ཐོབ་པའི་རྟེན་འབྲེལ་འགྲིག་གོ །ཅེས་བརྗོད། བཏང་རག་གི་མཎྜལ་ཕུལ། རྗེས་ཆོག་ནི། ལྷག་མ། ཆད་ཐོ། བརྟན་སྐྱོང༌། དཀྱུས་བཞིན་བྱ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་ནོངས་པ་བཟོད་པར་གསོལ། རྟེན་ལ་བརྟན་བཞུགས་བྱ། སྨོན་ལམ་ཤིས་བརྗོད་སོགས་རྒྱས་པར་བྱའོ། །འཕོ་བཅས་སྲིད་པའི་རྒྱུ་འབྲས་ལྟར་སྣང་ལ། །འགྱུརྃ་མེདྃ་ཡེ་ཤེས་ཕྱག་རྒྱས་ཟིལ་མནན་པས། །ཚེ་འཆི་སྲོག་གི་བདུད་བཅོམ་ཐེགྃ་མཆོྃག་གི །བསྟནྃ་པའིྃ་སྨིན་བྱེད་རྒྱལྃ་མཚནྃ་ཛ་ཡནྟུ། འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-05-CA]] | [[Category:DKR-KABUM-Volume-05-CA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:02, 1 June 2024
Wylie title | dag snang bka' brgyad rig 'dzin zhal lung las/ 'jam dpal gshin rje tshe bdag gi dbang bskur bklag chog tu bkod pa zil gnon thugs kyi thig le | |
---|---|---|
Location | dil mgo mkhyen brtse bka' 'bum Volume 5, Text 16, Pages 89-107 (Folios 1a to 19b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th) | |
Citation | Khyentse, Dilgo. dag snang bka' brgyad rig 'dzin zhal lung las 'jam dpal gshin rje tshe bdag gi dbang bskur bklag chog tu bkod pa zil gnon thugs kyi thig le. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 89-107. Delhi: Shechen Publications, 1994. | |
Genre | Activity Manual - las byang · Empowerment Ritual - dbang chog - dbang skur · Sadhanas - Evocation Ritual - sgrub thabs | |
Cycle | དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ (dag snang bka' brgyad rig 'dzin zhal lung) | |
Parent Cycle | དག་སྣང་རྒྱ་ཅན་ (dag snang rgya can) | |
Deity | 'jam dpal gshin rje | |
Colophon |
།འཕོ་བཅས་སྲིད་པའི་རྒྱུ་འབྲས་ལྟར་སྣང་ལ། །འགྱུརྃ་མེདྃ་ཡེ་ཤེས་ཕྱག་རྒྱས་ཟིལ་མནན་པས། །ཚེ་འཆི་སྲོག་གི་བདུད་བཅོམ་ཐེགྃ་མཆོྃག་གི །བསྟནྃ་པའིྃ་སྨིན་བྱེད་རྒྱལྃ་མཚནྃ་ཛ་ཡནྟུ། འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། | |
/'pho bcas srid pa'i rgyu 'bras ltar snang la/_/'gyura~M meda~M ye shes phyag rgyas zil mnan pas/_/tshe 'chi srog gi bdud bcom thega~M mcho~Mg gi_/bstana~M pa'i~M smin byed rgyala~M mtshana~M dza yan+tu/_'jam dpal gshin rje tshe bdag gi sgrub thabs dbang dang bcas pa'i le'u tshan no// |
Footnotes
Other Information
- DKR-KABUM-05-CA-016
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- dag snang bka' brgyad rig 'dzin zhal lung
- dag snang rgya can
- 'jam dpal gshin rje
- Activity Manual - las byang
- Empowerment Ritual - dbang chog - dbang skur
- Sadhanas - Evocation Ritual - sgrub thabs
- Khyentse, Dilgo
- Dalai Lama, 5th
- DKR-KABUM-Volume-05-CA
- Khyentse Lineage Project