རྒྱུན་གྱི་ཚོགས་སྐོང་མདོར་བསྡུས།

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-016
Wylie title rgyun gyi tshogs skong mdor bsdus JKW-KABAB-06-CHA-016.pdf
Location mkhyen brtse'i bka' babs
Volume 6, Text 16, Pages 177-183 (Folios 1a1 to 3a6)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. rgyun gyi tshogs skong mdor bsdus. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 177-183. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Daily Practice - rgyun khyer  ·  Mending Rituals - bskang chog  ·  Revelations - gter ma  ·  Feast Offering - tshogs mchod - tshogs kyi 'khor lo
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-077
Colophon

།ཅེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།།

ces pa'ang nye bar mkho ba'i yan lag tu pad+ma gar dbang blo gros mtha' yas kyi rdzong shod bde gshegs 'dus pa'i pho brang chen por bris pa dge legs 'phel

[edit]
མཁའ་འགྲོ་གསང་བ་ཀུན་འདུས་ལས། །རྒྱུན་གྱི་ཚོགས་སྐོང་མདོར་བསྡུས་བཞུགས་སོ། །གུ་རུ་བཛྲ་ཝཱ་ར་ཧཱི་ན་མོ་ན་མཱ་མི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཆོད་སྐོང་རྒྱས་པ་མི་ལྕོགས་པས་ཚོགས་སྐོང་དཀྱུས་འགྲོ་བྱ་བ་དང༌། །ཚོགས་བརྒྱ་བཏང་བ་སོགས་ལ་ཁྱེར་བདེར་མོས་ན་ཚོགས་ཀྱི་དམ་རྫས་སུ་འོས་པ་ཇི་ལྟར་ཚོགས་པ་བཤམ། ཕྲིན་ལས་ཚུལ་བཞིན་བཏང་ལ་བཟླས་པ་དང་གཏོར་འབུལ་ཡན་གྲུབ་ནས། ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ བདག་ཉིད་རྡོ་རྗེ་ཁྲོས་མ་ཡི༔ ཐུགས་ནས་རང་བྱུང་ཡི་གེ་ནི༔ རྃ་སྤྲོས་མེ་འབར་མི་གཙང་བསྲེགས༔ ཡྃ་སྤྲོས་རླུང་བྱུང་བག་ཆགས་གཏོར༔ ཁྃ་སྤྲོས་ཆུ་བྱུང་གཉིས་འཛིན་སྦྱངས༔ བྷྲཱུྃ་ལས་དུར་ཁྲོད་གཞལ་མེད་དབུས༔ ཨོཾ་ལས་བདེ་ཆེན་ཀ་པཱ་ལར༔ ཨཱཿལས་ཡེ་ཤེས་བདུད་རྩི་ཆེ༔ ཧཱུྃ་གིས་འདོད་ཡོན་ཅིར་ཡང་འཆར༔ ཏྲཱྃ་ལས་མཆོད་སྐོང་སྒྲུབ་པའི་རྫས༔ ཧྲཱིཿཡིས་ཟག་མེད་བདེ་སྐྱེད་གྱུར༔ རྃ་ཡྃ་ཁྃ་བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱི༔ སྥ་ར་ཎ་ཕཊ༔ སྃ་ཧ་ར་ཎ་ཧཱུྃ༔ སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ཚོགས་མགྲོན་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ༔ བཞེངས་ཤིག་འོག་མིན་གནས་ཡུལ་དུར་ཁྲོད་ནས༔ ཁྲོས་མ་ནག་མོ་རིགས་བཞིའི་དྷཱ་ཀི་ལ༔ ཞིང་སྔགས་ལྷན་སྐྱེས་མཁའ་འགྲོ་འབུམ་གྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ ཆོས་སྐྱོང་སྲུང་མ་གཏེར་གྱི་བདག་པོ་ཀུན༔ དམ་ཚིག་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་ད་ཚུར་གཤེགས༔ ཡུལ་སྣང་དུར་ཁྲོད་གསང་བ་མཆོག་གི་ཞིང་༔ ཐབས་ཤེས་བཟའ་བཏུང་དམ་ཚིག་རྡོ་རྗེའི་རྫས༔ འདོད་ཡོན་བདེ་ཆེན་རྣམ་འགྱུར་ཐམས་ཅད་པ༔ མཆེད་ལྕམ་ཡེ་ཤེས་སྙིང་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་བྷ་རཱ་ཧེ་སརྦ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ས་མ་ཡ་སྟྭཾ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་མ་ཧཱ་སུ་ཁ་ཨེ་ཨཱ་རལླི་ཧོཿ ཚོགས་དང་པོས་མཆོད་ཅིང་སྐོང་བ་ནི། ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ འདོད་པའི་ཡོན་ཏན་རྣམ་མང་པོས༔ ཆོས་དབྱིངས་རྒྱས་པར་གང་བ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང་༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆགས་ཉམས་འགལ་དང་རལ་བ་དང་༔ ཉམས་དང་འདྲེས་ཤིང་སྐོང་བ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ དབྱིངས་ཀྱི་དགོངས་པ་མ་གཡེལ་ཞིང་༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་འཇུག་པས་མ་བཏང་ཞིག༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཁྲོས་འཁྲུགས་རྣམ་རྟོག་མ་མཛད་ཅིག༔ ཉམས་ཆགས་ཐམས་ཅད་དབྱིངས་སུ་བསྐང་༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་འབུལ་བ་ནི། ཧོཿ དགོངས་ཤིག་རྡོ་རྗེ་ཕག་མོ་ཡུམ༔ གཟིགས་ཤིག་འབུམ་ཕྲག་མཁའ་འགྲོའི་ཚོགས༔ ཞལ་ཟས་འདོད་པའི་ཡོན་ཏན་གཏེར༔ དགྱེས་མཆོད་ཆེན་པོར་བཞེས་སུ་གསོལ༔ བདག་ཅག་འཁོར་བ་ཐོག་མེད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ མི་ཤེས་གཏི་མུག་དབང་དུ་གྱུར༔ ཉོན་མོངས་ཤུགས་དྲག་གཉེན་པོ་ཆུང་༔ བག་མེད་དབང་གིས་དམ་དང་འགལ༔ མ་གུས་བསླབ་པ་ཁྱད་དུ་བསད༔ ལེ་ལོ་སྙོམས་ལས་ཆེ་བ་དང་༔ གྲོགས་ངན་རྐྱེན་གྱིས་གཞན་དབང་ལ༔ བརྟེན་ནས་རང་བཞིན་སྡིག་པ་དང་༔ བཅས་པའི་ལྟུང་བ་ཆར་བཞིན་བབས༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ལས་འགལ་ཞིང་ཉམས་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་ལེགས་པར་བསྡམ་ལགས་ན༔ འགྱོད་བཤགས་དང་དུ་བཞེས་ནས་ཀྱང་༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་བཤགས་ཤིང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །ཚོགས་ཐ་མ་བསྒྲལ་མཆོད་བྱ་བ་ནི། ཨེ་ཡྃ་ཛྭ་ལ་རྃ་སརྦ་ཤ་ཏྲཱུྃ་བིགྷྣཱན་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོས་མ་དབྱིངས་ནས་བཞེངས༔ འཁོར་གྱི་མཁའ་འགྲོ་གཟི་བརྗིད་བསྐྱེད༔ ལས་ཀྱི་དྷཱ་ཀི་བྱེ་བའི་ཚོགས༔ ཁྲོས་འཁྲུགས་རྔམས་པའི་ཕོ་ཉ་སྤྲོས༔ འགྲོ་བའི་བདེ་སྐྱིད་འཕྲོག་པའི་དགྲ༔ སངས་རྒྱས་བསྟན་པ་བཤིགས་པའི་བགེགས༔ རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལ༔ བར་དུ་གཅོད་པའི་དམ་སྲིའི་ཚོགས༔ ཁུག་ཅིག་ཕོབ་ཅིག་རྟེན་ལ་བཅིངས༔ ལྷ་དང་ཕྲོལ་ལ་མྱོས་སུ་ཆུག༔ ཚེ་བསོད་སྒྲུབ་མཆོག་རྣམས་ལ་སྟིམས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕུང་པོ་ཚོགས་ཀྱི་འཁོར་ལོར་གཏུབས༔ རྔམས་བརྗིད་རོལ་པའི་ཞལ་དུ་བཞེས༔ གཟུང་འཛིན་འཁྲུལ་པའི་རྣམ་རྟོག་ཀུན༔ ཀ་དག་ཆེན་པོའི་ཀློང་དུ་ཟློག༔ ཨོཾ་བཛྲ་བྷ་རཱ་ཧེ་ཀྲོ་དྷཱི་ཀཱ་ལི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་བསྟབ་བོ། སླར་ཡང་ཕུད་གཏོར་འབུལ་ལ་ཐུགས་དམ་བསྐང་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀཱ་མ་གུ་ཎ་སྥ་ར་ཎ་ཁཾ༔ ཞེས་པས་སྐོང་རྫས་སྤེལ་ལ། ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དུས་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཐུགས༴ དབྱིངས་ཡུམ་རྡོ་རྗེ་ཕག་མོའི༴ བདེ་ཆེན་རྡོ་རྗེ་མཁའ་འགྲོའི༴ དོན་གྲུབ་རིན་ཆེན་མཁའ༴ སྒྲ་སྒྲོགས་པདྨ་མཁའ༴ སྣ་ཚོགས་ལས་ཀྱི་མཁའ༴ ཞིང་སྐྱེས་དཔའ་བོ་དཔའ་མོའི༴ ལས་མཛད་ཕྲ་མན་མཁའ༴ གང་འདུལ་དམ་ཚིག་མཁའ༴ འབུམ་ཕྲག་དཔའ་བོ་མཁའ༴ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོའི༴ སྣང་སྲིད་དག་པ་རབ་འབྱམས༴ སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར༴ ཉེར་སྤྱོད་ཀུན་བཟང་རོལ་མོས༴ འདོད་ཡོན་བདེ་ཆེན་རྒྱན་གྱིས༴ དུར་ཁྲོད་གསང་བའི་མཆོད་པས༴ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་གིས༴ རྩ་བརྒྱད་སྟོང་སྦྱར་བདུད་རྩིས༴ དམར་ཆེན་རཀྟའི་རྒྱ་མཚོས༴ རྨད་བྱུང་ཤ་ཁྲག་གཏོར་མས༴ ཟག་མེད་འདོད་འབྱུང་ཚོགས་ཀྱིས༴ རང་བྱུང་འོད་གསལ་ཞུན་མེས་ཐུགས་དམ་བསྐང་༔ གཞན་ཡང་མཆོད་རྫས་སྐོང་རྫས་སྒྲུབ་པའི་རྫས༔ མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་༔ བདག་ཅག་དམ་ཚིག་ཉམས་ཆགས་བཟོད་པར་བཞེས༔ ནད་རིམས་གདོན་བགེགས་མི་མཐུན་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྡོ་རྗེ་གསང་མཆོག་ལམ་གྱི་གྲོགས་མཛད་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ ཞེས་བསྐང་ཞིང་ཡིག་བརྒྱ་བརྗོད། ཚོགས་རྫས་རྣམས་བརྡའི་འབུལ་ལེན་དང་བཅས་ནང་གི་སྲེག་བླུགས་ཀྱིས་རོལ། ལྷག་མ་བསྡུས་ལ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་པས་བྱིན་བརླབ། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་མགྲོན་བཀུག་ལ། ཧཱུྃ༔ དབྱིངས་དང་ཡེ་ཤེས་གནས་ཡུལ་བདག༔ ལས་དང་དམ་ཚིག་མཁའ་འགྲོ་མ༔ བཀའ་ཉན་འཇིག་རྟེན་ཕོ་ཉའི་སྡེ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀུན༔ ཕུད་ལ་དགྱེས་པ་ཕུད་ཀྱིས་མཆོད༔ ལྷག་ལ་དབང་བ་ལྷག་མས་བསྐང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད༔ སརྦ་དྷཱ་ཀི་ནཱི་མ་མ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དང་བཤལ་ཆུས་མཆོད། སྨོན་ལམ་གདབ་པ་ནི། ཧོཿ བདག་ཅག་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་གྱིས༔ གསང་མཆོག་མཁའ་འགྲོ་འདུས་པའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་བརྗོད། དེ་ནི་གཏེར་གཞུང་མཆོད་སྐོང་ལས་བཏུས་པའོ། ༈ །ཡང་ཚོགས་མཆོད་ཁྲི་འབུམ་ལ་སོགས་པར་དེ་ལས་ཀྱང་བསྡུ་བར་འདོད་ན། ཐོག་མར་གོང་སྨོས་རྒྱས་པ་ཚར་གཅིག་སོང་ནས། རྃ་ཡྃ་ཁྃ༔ ཚོགས་ཀྱི་ཉེས་སྐྱོན་མ་དག་ཐམས་ཅད་ཀུན༔ ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ བནྡྷའི་སྣོད་དུ་དམ་ཚིག་རྫས་ཀྱི་བཅུད༔ ཡེ་ཤེས་སྤྲིན་ཕུང་མཁའ་ཁྱབ་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃཿ དབྱིངས་ནས་སྐུ་བསྐྱོད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་རབ་འབྱམས་ཚོགས༔ དུར་ཁྲོད་མ་མོ་སྤྱང་ཞོན་མཆེད་སྡེ་འབུམ༔ ཐུགས་དམ་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ ཚོགས་སྣོད་བནྡྷ་ཆོས་ཀྱི་དབྱིངས་དང་མཉམ༔ ཚོགས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་རང་བཞིན་ལྷུན་པོར་སྤུངས༔ ཀུན་ཏུ་དགྱེས་ཚིམ་འོད་ཟེར་རྣམ་པར་འཕྲོ༔ བཟའ་བཅའ་བཏུང་བ་མཆོག་གི་དམ་ཚིག་རྫས༔ གསེར་གྱི་རི་དང་རོལ་མཚོ་ལྟ་བུར་བསྐྱིལ༔ ཐུགས་དང་གཉན་སྐོང་འདོད་ཡོན་བསམ་མི་ཁྱབ༔ གླིང་བཞི་མུ་ཁྱུད་ཁོར་ཡུག་བརྡལ་བ་འདི༔ བླ་མ་ཡི་དམ་ཚོགས་ལ་མཆོད་པར་འབུལ༔ གནས་གསུམ་མཁའ་འགྲོ་རབ་འབྱམས་དགྱེས་པར་བཞེས༔ ཆོས་སྲུང་དམ་ཅན་མཉེས་པའི་ཕུལ་གྱུར་ནསཿ བྱིན་རླབས་དབང་དང་དངོས་གྲུབ་ཆར་ལྟར་ཕོབ༔ བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་༔ མཆོག་དང་ཐུན་མོང་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་བྷ་རཱ་ཧེ་ཀྲོ་དྷཱི་ཀཱ་ལི་བཛྲ་རཏྣ་པདྨ་ཀརྨ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་བྷྱོ་ཛཿས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏེར་གཞུང་ཕྲིན་ལས་ཀྱི་གཏོར་འབུལ་ཁ་བསྒྱུར་བ་དང་ལྷག་མ་སྨོན་ལམ་གོང་ལྟར་བྱས་པས་འགྲུབ་བོ། །འདི་ལ་ནོངས་པ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་རྡོ་རྗེ་བཙུན་མོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། །།
[edit]

mkha' 'gro gsang ba kun 'dus las/__/rgyun gyi tshogs skong mdor bsdus bzhugs so/__/gu ru badz+ra wA ra hI na mo na mA mi/__bsnyen sgrub sogs kyi skabs su mchod skong rgyas pa mi lcogs pas tshogs skong dkyus 'gro bya ba dang*/___/tshogs brgya btang ba sogs la khyer bder mos na tshogs kyi dam rdzas su 'os pa ji ltar tshogs pa bsham/__phrin las tshul bzhin btang la bzlas pa dang gtor 'bul yan grub nas/__tshogs byin gyis brlab pa ni/__hU~M:__bdag nyid rdo rje khros ma yi:__thugs nas rang byung yi ge ni:__ra~M spros me 'bar mi gtsang bsregs:__ya~M spros rlung byung bag chags gtor:__kha~M spros chu byung gnyis 'dzin sbyangs:__b+h+rU~M las dur khrod gzhal med dbus:__oM las bde chen ka pA lar:__AHlas ye shes bdud rtsi che:__hU~M gis 'dod yon cir yang 'char:__trA~M las mchod skong sgrub pa'i rdzas:__hrIHyis zag med bde skyed gyur:__ra~M ya~M kha~M b+h+rU~M oM AHhU~M trA~M hrI:__s+pha ra Na phaT:__sa~M ha ra Na hU~M:__sarba pU dza sa ma ye AHhU~M:__tshogs mgron spyan 'dren pa ni/__hU~M hU~M:__bzhengs shig 'og min gnas yul dur khrod nas:__khros ma nag mo rigs bzhi'i d+hA ki la:__zhing sngags lhan skyes mkha' 'gro 'bum gyis bskor:__dam tshig tshogs la spyan 'dren gshegs su gsol:__gzhan yang rtsa brgyud bla ma yi dam lha:__chos skyong srung ma gter gyi bdag po kun:__dam tshig tshogs kyi 'du bar spyan 'dren na:__thugs rje thugs dam dbang gis da tshur gshegs:__yul snang dur khrod gsang ba mchog gi zhing :__thabs shes bza' btung dam tshig rdo rje'i rdzas:__'dod yon bde chen rnam 'gyur thams cad pa:__mched lcam ye shes snying por byin phob cig:__oM AHhU~M badz+ra b+ha rA he sarba d+hA ki nI maN+Da la sa pa ri bA ra e h+ye hi:__dz+nyA na A be sha ya sa ma ya s+t+waM:__hrIM hrIM pheM pheM ma hA su kha e A ral+li hoH__tshogs dang pos mchod cing skong ba ni/___hU~M:__mkha' 'gro 'dus pa'i lha tshogs la:___tshogs kyi mchod pa 'bul ba ni:__sha lnga bdud rtsi rnam pa lnga:__rigs lnga yab yum mnyam par sbyor:__ye shes bdud rtsi'i rgya mtshor bskyil:__'dod pa'i yon tan rnam mang pos:__chos dbyings rgyas par gang ba 'dis:__bskang ngo mchod do thugs dam bskang :__rdo rje'i sku gsung thugs mchog dang :__rtsa ba yan lag dam tshig las:__chags nyams 'gal dang ral ba dang :__nyams dang 'dres shing skong ba sogs:__'phral dang yun gyi sgrib pa kun:__gnong 'gyod drag pos mthol bshags na:__tshangs pa mchog gi dngos grub stsol:__ye shes mkha' 'gro'i lha tshogs rnams:__dbyings kyi dgongs pa ma g.yel zhing :__'jig rten mkha' 'gro'i lha tshogs rnams:__thugs rje'i 'jug pas ma btang zhig:__las kyi mkha' 'gro'i lha tshogs rnams:__khros 'khrugs rnam rtog ma mdzad cig:__nyams chags thams cad dbyings su bskang :__rtog sgrib bag chags rang sar grol:__gzung 'dzin las 'das 'od gsal ngang :__bskangs gyur dbang dang dngos grub stsol:__ma hA ga Na tsakra pU dza khA hi:__bar pa bshags pa 'bul ba ni/__hoH__dgongs shig rdo rje phag mo yum:__gzigs shig 'bum phrag mkha' 'gro'i tshogs:__zhal zas 'dod pa'i yon tan gter:__dgyes mchod chen por bzhes su gsol:__bdag cag 'khor ba thog med nas:__tha ma da ltar thug gi bar:__mi shes gti mug dbang du gyur:__nyon mongs shugs drag gnyen po chung :__bag med dbang gis dam dang 'gal:__ma gus bslab pa khyad du bsad:__le lo snyoms las che ba dang :__grogs ngan rkyen gyis gzhan dbang la:__brten nas rang bzhin sdig pa dang :__bcas pa'i ltung ba char bzhin babs:__spyi dang khyad par lhag pa yi:__dam las 'gal zhing nyams pa kun:__snying nas 'gyod pas mthol lo bshags:__phyin chad legs par bsdam lags na:__'gyod bshags dang du bzhes nas kyang :__mi sgrib tshangs pa'i dngos grub stsol:__ces bshags shing yi ge brgya pa mang du bzla'o/___/tshogs tha ma bsgral mchod bya ba ni/__e ya~M dz+wa la ra~M sarba sha trU~M big+h+nAn aM ku sha dzaH__dzaHhU~M ba~M hoH__hU~M hU~M:__rdo rje khros ma dbyings nas bzhengs:__'khor gyi mkha' 'gro gzi brjid bskyed:__las kyi d+hA ki bye ba'i tshogs:__khros 'khrugs rngams pa'i pho nya spros:__'gro ba'i bde skyid 'phrog pa'i dgra:__sangs rgyas bstan pa bshigs pa'i bgegs:__rnal 'byor byang chub bsgrub pa la:__bar du gcod pa'i dam sri'i tshogs:__khug cig phob cig rten la bcings:__lha dang phrol la myos su chug:__tshe bsod sgrub mchog rnams la stims:__rnam shes chos kyi dbyings su drongs:__phung po tshogs kyi 'khor lor gtubs:__rngams brjid rol pa'i zhal du bzhes:__gzung 'dzin 'khrul pa'i rnam rtog kun:__ka dag chen po'i klong du zlog:__oM badz+ra b+ha rA he kro d+hI kA li badz+ra kI li kI la ya sarba shA trUn big+h+nAn dzaHhU~M ba~M hoH__mA ra ya rbad:__ma hA mAM sa rak+ta kiM ni ri ti sarba ga Na tsakra pU dza kha kha khA hi khA hiH__zhes bstab bo/__slar yang phud gtor 'bul la thugs dam bskang ba ni/___oM AHhU~M badz+ra dz+nyA na kA ma gu Na s+pha ra Na khaM:__zhes pas skong rdzas spel la/__hU~M hrI:__bskang ngo gsol lo mchod do thugs dam bskang :__dus gsum rtsa brgyud bla ma'i thugs dam bskang :__yi dam dkyil 'khor rgya mtsho'i thugs=__dbyings yum rdo rje phag mo'i=__bde chen rdo rje mkha' 'gro'i=__don grub rin chen mkha'=__sgra sgrogs pad+ma mkha'=__sna tshogs las kyi mkha'=__zhing skyes dpa' bo dpa' mo'i=__las mdzad phra man mkha'=__gang 'dul dam tshig mkha'=__'bum phrag dpa' bo mkha'=__rgyud gsum chos srung rgya mtsho'i=__snang srid dag pa rab 'byams=__snod bcud rgyal ba'i dkyil 'khor=__nyer spyod kun bzang rol mos=__'dod yon bde chen rgyan gyis=__dur khrod gsang ba'i mchod pas=__sbyor sgrol brtul zhugs mchog gis=__rtsa brgyad stong sbyar bdud rtsis=__dmar chen rak+ta'i rgya mtshos=__rmad byung sha khrag gtor mas=__zag med 'dod 'byung tshogs kyis=__rang byung 'od gsal zhun mes thugs dam bskang :__gzhan yang mchod rdzas skong rdzas sgrub pa'i rdzas:__ma tshang med pa'i mchod sprin rgya mtsho 'dis:__thugs dam gnyan po chos kyi dbyings su bskang :__bdag cag dam tshig nyams chags bzod par bzhes:__nad rims gdon bgegs mi mthun bar chad sol:__tshe bsod dpal 'byor 'khor slob snyan grags spel:__rdo rje gsang mchog lam gyi grogs mdzad nas:__mchog thun dngos grub ma lus stsal du gsol:__zhes bskang zhing yig brgya brjod/__tshogs rdzas rnams brda'i 'bul len dang bcas nang gi sreg blugs kyis rol/__lhag ma bsdus la/__oM AHhU~M pany+tsa a mr-i ta hU~M hrIHThA:__zhes pas byin brlab/__e A ral+li hriM hriM pheM pheM:__zhes mgron bkug la/__hU~M:__dbyings dang ye shes gnas yul bdag:__las dang dam tshig mkha' 'gro ma:__bka' nyan 'jig rten pho nya'i sde:__'bum phrag yangs pa'i tshogs rnams kun:__phud la dgyes pa phud kyis mchod:__lhag la dbang ba lhag mas bskang :__mchog dang thun mong dngos grub stsol:__rnam bzhi'i las kun 'grub par mdzod:__sarba d+hA ki nI ma ma ba liM ta khA hi:__zhes dang bshal chus mchod/__smon lam gdab pa ni/__hoH__bdag cag rdo rje'i rnal 'byor mched lcam gyis:__gsang mchog mkha' 'gro 'dus pa'i grong khyer du:__longs spyod chen pos mchod cing bskangs pa'i mthus:__bdag gzhan dkyil 'khor gcig tu 'grub par shog:__ces brjod/__de ni gter gzhung mchod skong las btus pa'o/___!__/yang tshogs mchod khri 'bum la sogs par de las kyang bsdu bar 'dod na/__thog mar gong smos rgyas pa tshar gcig song nas/__ra~M ya~M kha~M:__tshogs kyi nyes skyon ma dag thams cad kun:__ye shes me rlung chu yis bsregs gtor bkrus:__ban+d+ha'i snod du dam tshig rdzas kyi bcud:__ye shes sprin phung mkha' khyab 'phro bar gyur:__oM AHhU~M ha ho hrIH__hU~MH__dbyings nas sku bskyod bla ma yi dam lha:__rdo rje phag mo mkha' 'gro rab 'byams tshogs:__dur khrod ma mo spyang zhon mched sde 'bum:__thugs dam dbang gis 'dir gshegs brtan par bzhugs:__oM AHhU~M gu ru d+he ba d+hA ki nI sarba sa ma ya dzaHdzaH__hU~M hrIH__tshogs snod ban+d+ha chos kyi dbyings dang mnyam:__tshogs kyi ngo bo sha lnga bdud rtsi lnga:__zag med ye shes rang bzhin lhun por spungs:__kun tu dgyes tshim 'od zer rnam par 'phro:__bza' bca' btung ba mchog gi dam tshig rdzas:__gser gyi ri dang rol mtsho lta bur bskyil:__thugs dang gnyan skong 'dod yon bsam mi khyab:__gling bzhi mu khyud khor yug brdal ba 'di:__bla ma yi dam tshogs la mchod par 'bul:__gnas gsum mkha' 'gro rab 'byams dgyes par bzhes:__chos srung dam can mnyes pa'i phul gyur nasaH__byin rlabs dbang dang dngos grub char ltar phob:__byang chub sgrub pa'i 'gal rkyen zhi ba dang :__mchog dang thun mong phrin las 'grub par mdzod:__oM AHhU~M badz+ra gu ru d+he ba d+hA ki nI sa pa ri bA ra ga Na tsakra pU dza kha kha khA hi khA hi:__oM badz+ra b+ha rA he kro d+hI kA li badz+ra rat+na pad+ma karma d+hA ki nI maN+Da la sa pa ri bA ra ga Na tsakra pU dza kha kha khA hi khA hi:__ma b+h+yo dzaHsa pa ri bA ra ga Na tsakra pU dza kha kha khA hi khA hi:__zhes gter gzhung phrin las kyi gtor 'bul kha bsgyur ba dang lhag ma smon lam gong ltar byas pas 'grub bo/__/'di la nongs pa mchis na rtsa ba gsum la bshags shing dge bas rdo rje btsun mos rjes su 'dzin pa'i rgyur gyur cig___/ces pa'ang nye bar mkho ba'i yan lag tu pad+ma gar dbang blo gros mtha' yas kyi rdzong shod bde gshegs 'dus pa'i pho brang chen por bris pa dge legs 'phel//___//

Footnotes

Other Information