རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མྱོང་གྲོལ་བདུད་རྩིའི་བྱིན་རླབས་འཆི་མེད་སྲོག་གི་དཔལ་སྟེར།

From Khyentse Lineage - A Tsadra Foundation Project
Revision as of 08:02, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-05-CA-041
Wylie title rta zhal yid bzhin rgya can las/ mkha' 'gro ye shes mtsho rgyal gyi myong grol bdud rtsi'i byin rlabs 'chi med srog gi dpal ster DKR-KABUM-05-CA-041.pdf
Location dil mgo mkhyen brtse bka' 'bum
Volume 5, Text 41, Pages 315-319 (Folios 1a to 5b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Associated People ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal)
Citation Khyentse, Dilgo. Rta zhal yid bzhin rgya can las mkha' 'gro ye shes mtsho rgyal gyi myong grol bdud rtsi'i byin rlabs 'chi med srog gi dpal ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 315-319. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle རྟ་ཞལ་ཡིད་བཞིན་རྒྱ་ཅན་ (rta zhal yid bzhin rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Colophon

།བདེ་ཆེན་འགྱུརྃ་མེདྃ་རྟག་བརྟན་རྡོ་རྗེའི་ཚེ། །མངོན་བརྙེས་ཐེགྃ་མཆོྃག་བསྟནྃ་པའིྃ་གསང་འཛིན་གྱི། །རྡོ་རྗེ་གསུམ་གྱིས་བྱིན་རླབས་མངོན་གྱུར་སྟེ། །ཕྱོགས་ལས་རྣམ་རྒྱལ་རྒྱལྃ་མཚྃན་བརྟན་གྱུར་ཅིག །ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་བདུད་རྩི་བྱིན་རླབས་ཀྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།།

/bde chen 'gyura~M meda~M rtag brtan rdo rje'i tshe/_/mngon brnyes thega~M mcho~Mg bstana~M pa'i~M gsang 'dzin gyi/_/rdo rje gsum gyis byin rlabs mngon gyur ste/_/phyogs las rnam rgyal rgyala~M mtsha~Mn brtan gyur cig_/jo mo ye shes mtsho rgyal gyi bdud rtsi byin rlabs kyi sgrub thabs dang dbang gi le'u tshan no//

[edit]
༄༅། རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མྱོང་གྲོལ་བདུད་རྩིའི་བྱིན་རླབས་འཆི་མེད་སྲོག་གི་དཔལ་སྟེར་བཞུགས།།


༄༅། །བདེ་ཆེན་འཆི་མེད་བདུད་རྩིའི་བཅུད་ལེན་གྱིས། །འཁྲུལ་སྣང་སྐྱེ་འཆིའི་སྡུག་བསྔལ་ཀུན་སྦྱངས་ཏེ། །རྡོ་རྗེའི་ལང་ཚོའི་མཆོག་སྦྱིན་མཁར་ཆེན་བཟར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བྱིན་རླབས་སྤེལ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བརྟེན་པའི་བདུད་རྩི་བྱིན་རླབས་ཀྱི་དབང་བཞི་བསྐུར་བར་འདོད་པས་སྟེགས་ཀྱི་ཁར་མཉྫིས་བཏེགས་པའི་མཎྜལ་གྱི་སྟེང་དུ་ཇོ་མོའི་སྐུ་འབག་བཞུགས་པའི་མདུན་དུ་བྲམ་ཟེའི་ཐོད་པ་ལྟ་བུའམ། དུམ་བུ་གཅིག་པའི་ནང་དུ་ཆང་ལ་ཆོས་སྨན་དང་ཚེ་རྫས་བཏབ་པའི་མཐའ་བསྐོར་དུ་ཆུ་གཉིས་ཉེར་སྤྱོད་ལྔ་དང་གཏོར་ཟླུམ་གསུམ་བཤམས་ལ། ཐོག་མར་སྐྱབས་སེམས་ནི། བདག་དང་ཁམས་གསུམ་སེམས་ཅན་རྣམས། །ལོག་པའི་ལམ་ལས་ལྡོག་ནས་ཀྱང༌། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཉོན་མོངས་དབང་གྱུར་སྡུག་བསྔལ་ལས། །ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ། །ལན་གསུམ་བྱ། གཉིས་པ་བདག་བསྐྱེད་ནི། རང་ཉིད་རྟ་མགྲིན་དམར་པོ་གཡས་ཙནྡན་གྱི་བེ་ཅོན་དང་གཡོན་སྡིགས་མཛུབ་མཛད་པའི་སྐུ་ཅན་ཁྲོ་གཏུམ་མི་ཟད་པའི་གཟུགས་ཅན་ཞལ་གཅིག་སྤྱན་གསུམ་དྲག་ཏུ་ཁྲོས་པ་སྨ་ར་དང་སྨིན་མ་གློག་ལྟར་འཁྱུག་པ་ཞལ་གདངས་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ་དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་བརྫེས་པའི་སྤྱི་གཙུག་ཏུ་རྟ་ཞལ་ལྗང་ཁུ། རྟ་སྐད་འཚེར་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རུས་པ་དང་རིན་པོ་ཆེའི་དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་ཤིང༌། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་པདྨ་དང་ཉི་མའི་གདན་ལ་བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུར་གྱུར། གསུམ་པ་མཆོད་པ་བྱིན་བརླབ་ནི། རྃ་ཡྃ་ཁྃ། །རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ཨཱཿཧཱུྃ། བཞི་པ་མདུན་བསྐྱེད་ནི། སྭ་བྷཱ་ཝས་སྐུ་འབག་དང་དམ་རྫས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཇོ་མོ་མཁར་ཆེན་བཟའ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས་ཆགས་པ། ན་ཚོད་དར་བབ་ཀྱི་རྣམ་པ་དབུ་སྐྲ་གནག་སྣུམ་ལྟག་པར་བཅིངས་པ། རས་དཀར་གྱི་གཟན་དང་སྨད་གཡོགས་གསོལ་བ། ཕྱག་གཡས་ནུ་མའི་ཐད་ནས་རས་གཟན་འཛིན་ཅིང་གཡོན་པུས་སྟེང་ན་མཆོག་སྦྱིན་ཕྱག་རྒྱའི་རྣམ་པ་ཅན་སོར་མོ་རྣམས་ཅུང་ཟད་རུབ་པ། ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པའི་མདུན་དུ། ཨ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདུད་རྩི་ཁ་དོག་དཀར་ལ་དམར་མདངས་ཅན་གྱིས་གང་བའི་སྟེང་དུ་དབུས་དང་ཕྱོགས་བཞིར། ཨོཾ་ཧཱུྃ་སྭཱ་ཨྃ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་བུདྡྷ་ཐོད་ཕྲེང་རྩལ་དཀར་པོ། ཤར་དུ་བཛྲ་ཐོད་ཕྲེང་རྩལ་སྔོན་པོ། ལྷོར་རཏྣ་ཐོད་ཕྲེང་རྩལ་སེར་པོ། ནུབ་ཏུ་པདྨ་ཐོད་ཕྲེང་རྩལ་དམར་པོ། བྱང་དུ་ཀརྨ་ཐོད་ཕྲེང་རྩལ་ལྗང་ཁུ་སྟེ་ལྔ་ཀའང་རིན་པོ་ཆེའི་རྒྱན་དང་རུས་པའི་རྒྱན་དྲུག་དར་གྱི་སྟོད་གཡོགས་དང་སྟག་ཤམ་སོགས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། གཡས་རིགས་ལྔ་རང་རྟགས་ཀྱི་ཕྱག་མཚན་དང༌། གཡོན་ཚེ་བུམ་འཛིན་པས་སྤྱན་མ་སོགས་ཡུམ་རྣམས་གཡས་རང་རྟགས་ཀྱི་ཕྱག་མཚན་དང༌། གཡོན་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ་དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཧཱུྃ་ནས་ཤཔྟའི་བར་དང༌། གཏོར་མ། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཀ་པཱ་ལར། དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། མདུན་བསྐྱེད་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཛྙཱ་ན་ཌཱ་ཀི་ནི་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་དཀྱིལ་འཁོར་གྱི་ལྷ་དང༌། ཨོཾ་ཛྙཱ་ན་ཌཱ་ཀི་ནི་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་མཁའ་འགྲོ་སྤྱི། ཨོཾ་སརྦ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་གཞི་བདག་ལ་ཕུལ། ལྔ་པ་བསྟོད་པ་ནི། ཧཱུྃ། མགོན་ཁྱོད་ཡིད་ལ་དྲན་པ་ཙམ་གྱི་མོད། །དུས་མིན་འཆི་བའི་འཇིགས་པ་མཐར་བྱེད་པའི། །བཅོམ་ལྡན་ཚེ་ལྷ་རིགས་ལྔའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་བྱ། དྲུག་པ་བཟླས་པ་ནི། མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཀྱིས་འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་མ་ལུས་པ་བསྡུས་ནས་ཡབ་ཡུམ་གྱི་དབུ་གཙུག་ནས་ཞུགས། སྦྱོར་མཚམས་ནས་བྱུང༌། བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་ཐོད་པ་གང་བར་མོས་ལ། ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ། ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ། ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ། ཨོཾ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ། ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ། སོ་སོར་ཅི་ཙམ་ནུས་པ་བཟླ། མཐར་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པར་བསམ། སློབ་མ་རྗེས་སུ་འཛིན་པ་ནི། ཁྲུས། བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྔོན་དུ་འགྲོ་བས། དེ་ཡང་འཆི་མེད་གྲུབ་པའི་རིག་འཛིན་ཆེན་པོ་རྡོ་རྗེའི་སློབ་དཔོན་པདྨ་སཾ་བྷ་ཝས་གསང་ཆེན་བཀའ་ཡི་སྡུད་པ་མོ་རྡོ་རྗེ་བཙུན་མོའི་དབྱིངས་ཕྱུག་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པ་འཆི་མེད་རྡོ་རྗེའི་སྐུ་ཅན་ཡེ་ཤེས་མཚོ་རྒྱལ་དང་བདེ་བ་ཆེན་པོ་ཐོད་ཕྲེང་སྡེ་ལྔའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་གསན་པའི་ཆེད་དུ་མཎྜལ་ཕུལ། བླ་མ་དང་རྩ་གསུམ་ཀུན་འདུས་ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་པས་འདི་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བ་དང་མཁའ་མཉམ་སེམས་ཅན་ཐམས་ཅད་སྲིད་ཞི་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་ལ་འགོད་པར་དམ་བཅའ་བའི་བློས་འདིས་རྗེས་ཟློས་མཛོད། བདག་དང་ཁམས་གསུམ་སེམས་ཅན་སོགས་ལན་གསུམ། བསགས་སྦྱང་གི་སྙིང་པོ་ཡན་ལག་བཅུ་པ་འདི་ཡི་རྗེས་ཟློས་མཛོད། །བླ་མ་ཡི་དམ་མཁའ་འགྲོ་གཤེགས་སོགས་ལན་གསུམ། གསོལ་བ་འདེབས་པ་འདི་ཡིས་རྗེས་ཟློས་མཛོད། །ཀྱཻ། ཌཱཀྐིའི་གཙོ་མོ་ཡིས། །འཆི་མེད་བདུད་རྩི་ཚེ་ཡི་དབང༌། །བདག་སོགས་སྐལ་པར་ལྡན་རྣམས། །བཀའ་དྲིན་བླ་མེད་བསྩལ་དུ་གསོལ། །ལན་གསུམ། བླ་མ་དང་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གཉིས་སུ་མེད་པའི་བཀའ་ཡིས་གནང་བ་བསྩལ་བར་མོས་ལ། ཧྲཱིཿ འོན་ཏེ་འཆི་མེད་བདུད་རྩིས་ཀ་པཱ་ལ། །བཀང་འདི་འཐུང་དང་ཚེ་ཡི་བར་ཆད་བཟློག །དེ་ཕྱིར་བདུད་རྩི་ཨ་མྲྀ་ཏ་ཡི་དབང༌། དེ་རིང་སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ། །ཞེས་ཞལ་གྱིས་བཞེས་ནས་སློབ་དཔོན་ཡེ་ཤེས་མཚོ་རྒྱལ་གྱིས་མདུན་གྱི་ཀ་པཱ་ལ་ཕྱག་ཏུ་བསྣམས་ཏེ་སྤྱི་བོར་ནས་དབང་བསྐུར་བར་མོས་མཛོད། ཧྲཱིཿ །མི་བསླུ་ངེས་པ་རྩ་གསུམ་ལྷ་ཚོགས་ཡིན། །ཁྱད་པར་ཁོ་མོ་རྡོ་རྗེ་རྣལ་འབྱོར་མ། །རྗེ་བཙུན་སྒྲོལ་མ་ལ་སོགས་སྣང་ངོ་རུ། །སོ་སོར་ཤར་ཡང་དོན་ལ་དབྱེ་བ་མེད། །དེ་ཕྱིར་དུས་མིན་འཆི་བ་ཟློག་བྱེད་པའི། །འཆི་བ་མེད་པ་ཚེ་ཡི་དབང་བསྐུར་རོ། །ཨོཾ་བུདྡྷ་ཀ་ལ་ཤ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨོཾ་སྭཱ་ཧཱ། ཞེས་དཔྲལ་བར་གཏུག །སླར་ཡང་ཀ་པཱ་ལ་མགྲིན་པར་བཞག་སྟེ། ཧྲཱིཿ མི་བསླུ་ངེས་པ་སོགས་གོང་ལྟར། ཨོཾ་པདྨ་ཀ་ལ་ཤ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧྲཱིཿསྭཱ་ཧཱ། ཀ་པཱ་ལ་སྙིང་ཀར་བཞག་སྟེ། ཨོཾ། མི་བསླུ་ངེས་པ་སོགས༴ ཨོཾ་བཛྲ་ཀ་ལ་ཤ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཀ་པཱ་ལ་ལྟེ་བར་བཞག་ལ། ཨོཾ། མི་བསླུ་ངེས་པ་སོགས༴ ཨོཾ་རཏྣ་ཀ་ལ་ཤ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ་སྭཱ་ཧཱ། ཀ་པཱ་ལ་གསང་བར་བཞག་ལ། ཨོཾ། མི་བསླུ་ངེས་པ་སོགས༴ ཨོཾ་ཀརྨ་ཀ་ལ་ཤ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨཿསྭཱ་ཧཱ། བདུད་རྩི་ཧུབ་གང་བཏུང་ལ། དེ་ལྟར་བདུད་རྩིའི་ཐོད་པ་གནས་ལྔར་བཞག་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་གིས་བྱིན་གྱིས་བརླབས་ཤིང༌། སླར་མྱངས་བས་ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གང་བས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་འཆི་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་མཆོག་ཏུ་རྒྱས་པར་གྱུར། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་སོགས་ཀྱི་ཤིས་པ་བརྗོད། དེ་དག་གིས་འཆི་མེད་བདུད་རྩིའི་བྱིན་རླབས་ཀྱི་ཚེ་དབང་གསན་གྲུབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། དམ་ཚིག་ཁས་བླང༌། ལུས་འབུལ་དགེ་བསྔོ་བཅས་བྱ། སློབ་དཔོན་གྱིས་སྤྱན་དྲངས་བའི་ལྷ་ལ་མཆོད་བསྟོད་ནོངས་བཤགས་བྱས་ལ། མདུན་གྱི་ཇོ་མོ་དབང་རྟེན་ལ་ཐིམ་པར་བསམ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱས་བརྟན་བཞུགས་བྱ། མཐར་དགེ་བསྔོ་ཤིས་པར་བརྗོད་ཅིང་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱའོ། །བདེ་ཆེན་འགྱུརྃ་མེདྃ་རྟག་བརྟན་རྡོ་རྗེའི་ཚེ། །མངོན་བརྙེས་ཐེགྃ་མཆོྃག་བསྟནྃ་པའིྃ་གསང་འཛིན་གྱི། །རྡོ་རྗེ་གསུམ་གྱིས་བྱིན་རླབས་མངོན་གྱུར་སྟེ། །ཕྱོགས་ལས་རྣམ་རྒྱལ་རྒྱལྃ་མཚྃན་བརྟན་གྱུར་ཅིག །ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་བདུད་རྩི་བྱིན་རླབས་ཀྱི་སྒྲུབ་ཐབས་དང་དབང་གི་ལེའུ་ཚན་ནོ།། །།
[edit]

@#/_rta zhal yid bzhin rgya can las/_mkha' 'gro ye shes mtsho rgyal gyi myong grol bdud rtsi'i byin rlabs 'chi med srog gi dpal ster bzhugs//


@#/_/bde chen 'chi med bdud rtsi'i bcud len gyis/_/'khrul snang skye 'chi'i sdug bsngal kun sbyangs te/_/rdo rje'i lang tsho'i mchog sbyin mkhar chen bzar/_/btud nas de yi sgrub thabs byin rlabs spel/_/mkha' 'gro ye shes mtsho rgyal la brten pa'i bdud rtsi byin rlabs kyi dbang bzhi bskur bar 'dod pas stegs kyi khar many+dzis btegs pa'i maN+Dal gyi steng du jo mo'i sku 'bag bzhugs pa'i mdun du bram ze'i thod pa lta bu'am/_dum bu gcig pa'i nang du chang la chos sman dang tshe rdzas btab pa'i mtha' bskor du chu gnyis nyer spyod lnga dang gtor zlum gsum bshams la/_thog mar skyabs sems ni/_bdag dang khams gsum sems can rnams/_/log pa'i lam las ldog nas kyang*/_/dkon mchog gsum la skyabs su mchi/_/nyon mongs dbang gyur sdug bsngal las/_/thar bar bya phyir sems bskyed do/__/lan gsum bya/_gnyis pa bdag bskyed ni/_rang nyid rta mgrin dmar po g.yas tsan+dan gyi be con dang g.yon sdigs mdzub mdzad pa'i sku can khro gtum mi zad pa'i gzugs can zhal gcig spyan gsum drag tu khros pa sma ra dang smin ma glog ltar 'khyug pa zhal gdangs mche ba gtsigs shing ljags 'dril ba dbu skra ral pa kham nag gyen du brdzes pa'i spyi gtsug tu rta zhal ljang khu/_rta skad 'tsher ba/_thod pa skam po lnga'i dbu rgyan/_rlon pa lnga bcu'i do shal/_rus pa dang rin po che'i dur khrod kyi chas brgyad rdzogs shing*/_zhabs gnyis g.yas brkyang g.yon bskum pad+ma dang nyi ma'i gdan la bskal pa'i me dpung 'bar ba'i dbus na bzhugs pa'i skur gyur/_gsum pa mchod pa byin brlab ni/_ra~M ya~M kha~M/_/rnam dag chos dbyings ngang nyid las/_/rang byung mchod pa'i phung po ni/_/kun bzang mchod pa'i sprin lta bus/_/dpag yas nam mkha' gang bar gyur/_/oM a hA ra a hA ra sarba bid+yA d+hA ra pU dzi te AHhU~M/_bzhi pa mdun bskyed ni/_swa b+hA was sku 'bag dang dam rdzas stong par sbyang*/_stong pa'i ngang las pad+ma dang zla ba'i gdan la jo mo mkhar chen bza' sku mdog dkar la cung zad dmar ba'i mdangs chags pa/_na tshod dar bab kyi rnam pa dbu skra gnag snum ltag par bcings pa/_ras dkar gyi gzan dang smad g.yogs gsol ba/_phyag g.yas nu ma'i thad nas ras gzan 'dzin cing g.yon pus steng na mchog sbyin phyag rgya'i rnam pa can sor mo rnams cung zad rub pa/_zhabs gnyis tsog pu'i tshul gyis bzhugs pa'i mdun du/_a las ka pA la phyi dkar la nang dmar ba yangs shing rgya che ba'i nang du bdud rtsi kha dog dkar la dmar mdangs can gyis gang ba'i steng du dbus dang phyogs bzhir/_oM hU~M swA a~M hA/_mU~M lA~M mA~M pA~M tA~M rnams yongs su gyur pa las/_dbus su bud+d+ha thod phreng rtsal dkar po/_shar du badz+ra thod phreng rtsal sngon po/_lhor rat+na thod phreng rtsal ser po/_nub tu pad+ma thod phreng rtsal dmar po/_byang du karma thod phreng rtsal ljang khu ste lnga ka'ang rin po che'i rgyan dang rus pa'i rgyan drug dar gyi stod g.yogs dang stag sham sogs longs spyod rdzogs sku'i cha lugs can/_g.yas rigs lnga rang rtags kyi phyag mtshan dang*/_g.yon tshe bum 'dzin pas spyan ma sogs yum rnams g.yas rang rtags kyi phyag mtshan dang*/_g.yon thod pa 'dzin pa dang mnyam par sbyor ba de rnams kyi dpral bar oM/_mgrin par AH_thugs kar hU~M/_de las 'od zer 'phros pas bsgoms pa dang 'dra ba'i ye shes pa oM badz+ra sa ma ya dzaH_dzaHhU~M ba~M hoHsa gnyis su med par thim par bsam/_oM sarba ta thA ga ta pany+tsa ku la sa pa ri wA ra ar+g+haM pU dza hU~M nas shap+ta'i bar dang*/_gtor ma/_ra~M ya~M kha~M gis bsang sbyang*/_stong pa'i ngang las rlung me thod pa'i sgyed pu gsum la gnas pa'i ka pA lar/_dam rdzas sha lnga bdud rtsi lnga me rlung gis sbyangs/_ye shes kyi bdud rtsi thim pa dang gnyis su med par gyur/_oM AHhU~M/_lan gsum gyis byin gyis brlabs/_mdun bskyed lha rnams kyi ljags 'od zer gyi sbu gus gtor ma'i bcud drangs te gsol bar gyur/_oM dz+nyA na DA ki ni bud+d+ha badz+ra rat+na pad+ma karma a yur+dz+nyA na sarba sid+d+hi hU~M i daM ba liM ta kha kha khA hi/_lan gsum gyis dkyil 'khor gyi lha dang*/_oM dz+nyA na DA ki ni bud+d+ha badz+ra rat+na pad+ma karma sa pa ri wA ra i daM ba liM ta kha kha khA hi/_lan gsum gyis mkha' 'gro spyi/_oM sarba lo ka pA la sa pa ri wA ra i daM ba liM ta kha kha khA hi/_lan gsum gyis gzhi bdag la phul/_lnga pa bstod pa ni/_hU~M/_mgon khyod yid la dran pa tsam gyi mod/_/dus min 'chi ba'i 'jigs pa mthar byed pa'i/_/bcom ldan tshe lha rigs lnga'i tshogs rnams la/_/sgo gsum gus pa'i sgo nas phyag 'tshal bstod/_/ces bstod pa bya/_drug pa bzlas pa ni/_mdun bskyed kyi thugs ka'i 'od kyis 'khor 'das lam gsum gyi tshe bcud ma lus pa bsdus nas yab yum gyi dbu gtsug nas zhugs/_sbyor mtshams nas byung*/_byang chub sems kyi rgyun gyis thod pa gang bar mos la/_oM bud+d+ha A yur+dz+nyA na sarba sid+d+hi hU~M/_oM badz+ra A yur+dz+nyA na sarba sid+d+hi hU~M/_oM rat+na A yur+dz+nyA na sarba sid+d+hi hU~M/_oM pad+ma A yur+dz+nyA na sarba sid+d+hi hU~M/_oM karma A yur+dz+nyA na sarba sid+d+hi hU~M/_so sor ci tsam nus pa bzla/_mthar lha tshogs rnams 'od du zhu nas bdud rtsi dang ro gcig tu 'dres par bsam/_slob ma rjes su 'dzin pa ni/_khrus/_bgegs bskrad srung 'khor bsgom pa sngon du 'gro bas/_de yang 'chi med grub pa'i rig 'dzin chen po rdo rje'i slob dpon pad+ma saM b+ha was gsang chen bka' yi sdud pa mo rdo rje btsun mo'i dbyings phyug kun tu bzang mo dang gnyis su med pa 'chi med rdo rje'i sku can ye shes mtsho rgyal dang bde ba chen po thod phreng sde lnga'i byin rlabs dbang bskur gyi rim pa gsan pa'i ched du maN+Dal phul/_bla ma dang rtsa gsum kun 'dus kyi spyan sngar bdag gzhan sems can thams cad 'khod pas 'di nas byang chub bar du skyabs su 'gro ba dang mkha' mnyam sems can thams cad srid zhi la mi gnas pa'i byang chub chen po la 'god par dam bca' ba'i blos 'dis rjes zlos mdzod/_bdag dang khams gsum sems can sogs lan gsum/_bsags sbyang gi snying po yan lag bcu pa 'di yi rjes zlos mdzod/_/bla ma yi dam mkha' 'gro gshegs sogs lan gsum/_gsol ba 'debs pa 'di yis rjes zlos mdzod/_/kyai/_DAk+ki'i gtso mo yis/_/'chi med bdud rtsi tshe yi dbang*/_/bdag sogs skal par ldan rnams/_/bka' drin bla med bstsal du gsol/_/lan gsum/_bla ma dang mkhar chen ye shes mtsho rgyal gnyis su med pa'i bka' yis gnang ba bstsal bar mos la/_hrIH_'on te 'chi med bdud rtsis ka pA la/_/bkang 'di 'thung dang tshe yi bar chad bzlog_/de phyir bdud rtsi a mr-i ta yi dbang*/_de ring skal ldan khyod la sbyin par bya/_/zhes zhal gyis bzhes nas slob dpon ye shes mtsho rgyal gyis mdun gyi ka pA la phyag tu bsnams te spyi bor nas dbang bskur bar mos mdzod/_hrIH_/mi bslu nges pa rtsa gsum lha tshogs yin/_/khyad par kho mo rdo rje rnal 'byor ma/_/rje btsun sgrol ma la sogs snang ngo ru/_/so sor shar yang don la dbye ba med/_/de phyir dus min 'chi ba zlog byed pa'i/_/'chi ba med pa tshe yi dbang bskur ro/_/oM bud+d+ha ka la sha ka pA la a b+hi Shiny+tsa oM swA hA/_zhes dpral bar gtug_/slar yang ka pA la mgrin par bzhag ste/_hrIH_mi bslu nges pa sogs gong ltar/_oM pad+ma ka la sha ka pA la a b+hi Shiny+tsa hrIHswA hA/_ka pA la snying kar bzhag ste/_oM/_mi bslu nges pa sogs=_oM badz+ra ka la sha ka pA la a b+hi Shiny+tsa hU~M swA hA/_ka pA la lte bar bzhag la/_oM/_mi bslu nges pa sogs=_oM rat+na ka la sha ka pA la a b+hi Shiny+tsa trA~M swA hA/_ka pA la gsang bar bzhag la/_oM/_mi bslu nges pa sogs=_oM karma ka la sha ka pA la a b+hi Shiny+tsa aHswA hA/_bdud rtsi hub gang btung la/_de ltar bdud rtsi'i thod pa gnas lngar bzhag ste sku gsung thugs yon tan phrin las kyi dbang gis byin gyis brlabs shing*/_slar myangs bas lus thams cad bdud rtsi'i rgyun gyis gang bas skye 'chi gzhom gzhig dang bral ba'i 'chi med rdo rje'i tshe dang ye shes mchog tu rgyas par gyur/_lo brgya thub cing ston brgya mthong ba sogs kyi shis pa brjod/_de dag gis 'chi med bdud rtsi'i byin rlabs kyi tshe dbang gsan grub pa'i bka' drin gtang rag gi yon du maN+Dal phul/_dam tshig khas blang*/_lus 'bul dge bsngo bcas bya/_slob dpon gyis spyan drangs ba'i lha la mchod bstod nongs bshags byas la/_mdun gyi jo mo dbang rten la thim par bsam/_oM su pra tiSh+Tha badz+ra swA hAs brtan bzhugs bya/_mthar dge bsngo shis par brjod cing me tog 'thor bas dge legs su bya'o/__/bde chen 'gyura~M meda~M rtag brtan rdo rje'i tshe/_/mngon brnyes thega~M mcho~Mg bstana~M pa'i~M gsang 'dzin gyi/_/rdo rje gsum gyis byin rlabs mngon gyur ste/_/phyogs las rnam rgyal rgyala~M mtsha~Mn brtan gyur cig_/jo mo ye shes mtsho rgyal gyi bdud rtsi byin rlabs kyi sgrub thabs dang dbang gi le'u tshan no//__//

Footnotes

Other Information