དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། མ་མོ་མངོན་རྫོགས་ཀྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བདེ་མཆོག་ཕྱག་རྒྱའི་དགའ་སྟོན།

From Khyentse Lineage - A Tsadra Foundation Project
Revision as of 08:02, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dag snang bka' brgyad rig 'dzin zhal lung las/ ma mo mngon rdzogs kyi sgrub thabs dbang bskur dang bcas pa bde mchog phyag rgya'i dga' ston DKR-KABUM-05-CA-020.pdf
Location dil mgo mkhyen brtse bka' 'bum
Volume 5, Text 20, Pages 126-133 (Folios 1a to 8a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Dag snang bka' brgyad rig 'dzin zhal lung las ma mo mngon rdzogs kyi sgrub thabs dbang bskur dang bcas pa bde mchog phyag rgya'i dga' ston. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 126-133. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ (dag snang bka' brgyad rig 'dzin zhal lung)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity ma mo
Colophon

།འཕོ་འགྱུརྃ་གཉིས་མེདྃ་བདེ་ཆེན་ཐིག་ལེའི་རྩལ། །རབ་འབྱམས་ལས་སྒྲུབ་ཐེགྃ་མཆོྃག་མངོན་རྫོགས་ཀྱི། །བསྟནྃ་པའིྃ་སྙིང་པོའི་དབང་དང་སྒྲུབ་ཐབས་བཅས། །རྒྱལྃ་མཚྃན་མཁས་དང་གྲུབ་པའི་གསུང་བཞིན་སྤེལ། །བླ་མེད་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།།

/'pho 'gyura~M gnyis meda~M bde chen thig le'i rtsal/_/rab 'byams las sgrub thega~M mcho~Mg mngon rdzogs kyi/_/bstana~M pa'i~M snying po'i dbang dang sgrub thabs bcas/_/rgyala~M mtsha~Mn mkhas dang grub pa'i gsung bzhin spel/_/bla med he ru ka mngon rdzogs rgyal po'i sgrub thabs dbang dang bcas pa'i le'u tshan no//

[edit]
༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། མ་མོ་མངོན་རྫོགས་ཀྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བདེ་མཆོག་ཕྱག་རྒྱའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ།།


༄༅། །སྣང་སྲིད་འཁོར་འདས་སྒྱུ་འཕྲུལ་དྲྭ་བའི་ཆོས། །ཨེ་དབྱིངས་ཕྱག་རྒྱའི་ཡེ་ཤེས་རོལ་པར་སྡོམ། །ལས་དང་དངོས་གྲུབ་མཆོག་སྟེར་དེར་བཏུད་ནས། །ཕྲིན་ལས་དབང་བསྐུར་བཅས་པ་འདིར་གསལ་བྱ། འཇིག་རྟེན་འདས་མ་འདས་ཀྱི་ས་མཚམས་མངོན་རྫོགས་མ་མོའི་དཀྱིལ་འཁོར་དུ་སྨིན་པར་འདོད་པས་སྒྲུབ་པའི་གནས་སུ་གཞུང་མཐུན་གྱི་དཀྱིལ་འཁོར་སྟེང༌། རྣམ་རྒྱལ་བུམ་པ། མ་མོ་མངོན་རྫོགས་ཀྱི་ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། རྡོར་དྲིལ། དུར་ཁྲོད་དཔལ་ཆས། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ་བཅས་ལ་ཉེར་སྤྱོད་མཆོད་པས་བསྐོར། གཞན་ཡང་ཉེར་མཁོའི་ཆས། མིག་དར། མེ་ཏོག །དོར་ར། མིག་ཐུར། ཕྱག་ཤིང༌། སྨན་རཀ་གཏོར་མ། ཚོགས། དཀར་བགེགས། ཆད་བརྟན་སོགས་དང༌། བཀའ་སྲུང་སྲིད་རྒྱལ་སྔགས་སྲུང་མགྱོགས་བྱེད་ནག་མོ་གསུམ་གྱི་གཏོར་མ་མོ་རྒྱུད་སྤྱི་གཏོར་གཙོ་འཁོར་གསུམ་གྱི་རྩེར་ནམ་མཁའ་དང་གཡས་གཡོན་དུ་བྱང་བུ་མདའ་འཕང་བཙུགས་པའི་མཐར་མཐེབ་ཀྱུ་དང་ཨུ་ཀྱུ་ཁྲག་ཀོང་གིས་བསྐོར་བ་བཤམས། སློབ་དཔོན་གྱི་མདུན་དུ། ལས་བུམ་སོགས་འདུ་བྱས་ལ། ཁྲོ་བོ་སྤྱི་ཡི་ལས་བྱང་གི་སྐྱབས་སེམས་ནས་བརྩམས་དཀྱིལ་འཁོར་བསྐྱེད་པའི་བར་བཏང་ལ། གན་རྐྱལ་ཁ་སྦུབ་བརྩེགས་པའི་གདན་སྟེང་དུ། ཞེས་པའི་མཚམས། །རྒྱུ་ཡིག་མཐིང་ནག་གདན་སྟེང་བབས་པ་ལས། །བླ་མེད་ཁྲག་འཐུང་ཞལ་གསུམ་ཕྱག་དྲུག་མཐིང༌། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་ཞིང་གཏུམ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་དམར་སེར་འབར། །གཡས་གསུམ་རྡོ་རྗེ་བྱ་ཁྱུང་སྦྲུལ་ཞགས་འཛིན། །གཡོན་གསུམ་ཐོད་པ་ཞིང་དབྱུག་གྭའུ་བསྣམས། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །ཡུམ་ཆེན་ཉིད་ཞི་ཞལ་ལྔ་ཕྱག་དྲུག་གིས། །རྡོར་དྲིལ་འཛིན་འཁྱུད་གཡས་ལྷག་སྦྲུལ་ཞགས་བུམ། །གཡོན་ལྷག་དུང་ཁྲག་མི་ལྤགས་འཛིན་དང་སྦྱོར། །ཤར་དུ་སྣང་གསལ་དཀར་པོ་ཁྲོ་མོའི་གདོང༌། །གཡས་གཡོན་སེང་ཞལ་རྡོ་རྗེ་དགྲ་སྟྭ་སེང༌། །ཐོད་པ་གཏུན་ཤིང་མི་ལྤགས་གཡོན་གྱིས་འཛིན། །ལྷོ་རུ་འོད་གསལ་སྔོན་མོ་ཁྲོ་མོའི་གདོང༌། །གཡས་གཡོན་གླང་ཞལ་ཕྱག་དྲུག་གཡས་པ་གསུམ། །རིན་ཆེན་མེ་དཔུང་དང་ནི་སྟག་མོ་འཛིན། །བྷན་དམར་ཐོད་དབྱུག་ཏི་ར་གཡོན་ན་བསྣམས། །ནུབ་ཀྱི་སྙན་གསལ་དམར་མོ་ཁྲོ་མོའི་གདོང༌། །གཡས་གཡོན་རྨ་བྱ་ཕྱག་དྲུག་གཡས་པ་གསུམ། །པདྨ་ཞགས་པ་ལྕེ་སྤྱང་གཡོན་པ་ན། །ཐོད་པ་ཁ་ཊྭཱཾ་རྩེ་གསུམ་ཏི་ར་བསྣམས། །བྱང་གི་ཡང་གསལ་ལྗང་ཁུ་ཁྲོ་མོའི་གདོང༌། །གཡས་གཡོན་ཁྱུང་ཞལ་ཕྱག་དྲུག་གཡས་པ་གསུམ། །སྣ་ཚོགས་རྡོ་རྗེ་ཐོད་དབྱུག་སྤྱང་ཀི་བསྣམས། །བྷན་དམར་རྒྱུ་ཞགས་ཏི་ར་གཡོན་ན་བསྣམས། །མདུན་དུ་བཀྲག་གསལ་མཐིང་ནག་ཁྲོ་མོའི་གདོང༌། །རལ་པའི་གསེབ་ན་རྡོ་རྗེ་འབར་བའི་མཆུ། །གཡས་གསུམ་འཁོར་ལོ་རྒྱལ་མཚན་འུག་པ་འཛིན། །གཡོན་གསུམ་མདུང་དམར་སྤུ་གྲི་ཏི་ར་བསྣམས། །ལྔ་ཀའང་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིངས། །རྗེ་མོ་སྨན་མོ་སྒོ་སྐྱོང་ལ་སོགས་པ། །བདུན་ཅུ་རྩ་གཉིས་ཁྲོ་གཏུམ་རྔམས་བརྗིད་ཅན། །སྣ་ཚོགས་རྒྱན་སྤྲས་རྣམ་འགྱུར་ཅིར་ཡང་སྟོན། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །དབང་བསྐུར་རྒྱས་གདབ། སྤྱན་འདྲེན་ནས་བརྩམས་བཟླས་པའི་བར་ཁྲོ་བོ་སྤྱི་ཆིངས་ལྟར་བཏང༌། སྔགས་ནི། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སྟྭཱཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། བུམ་སྒྲུབ་ནས་བདག་འཇུག་བར་གཤིན་རྗེ་ལྟར་དང༌། ཟུར་གསལ་ལྟར་བཀའ་སྲུང་མ་མོ་གསུམ་གྱི་གཏོར་ཆོག་ཀྱང་བཏང༌། སློབ་མ་འཇུག་པ། ཁྲུས་དང་བགེགས་བསྐྲད་སྲུང་འཁོར་བསྒོམས་ཟིན་པའི་རྗེས། ལོ་རྒྱུས་ནི། དེ་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཨེ་དབྱིངས་ཀུན་ཏུ་བཟང་མོ་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་མཁའ་ལས་མ་འདས་པས། ཆོས་ཉིད་ཡེ་ཤེས་ཀྱི་མ་མོའི་མཁའ། ཆོས་ཅན་ལས་ཀྱི་མ་མོའི་ཀློང༌། བརྡ་རྟགས་འཇིག་རྟེན་གྱི་མ་མོའི་དབྱིངས་ཞེས་ལྡོག་ཆས་བསྟན་པ་ཙམ་ལས་ནམ་ཡང་གཞན་དུ་མ་གྱུར་པས། དེ་དག་རིགས་ལྔ་ཁྱབ་བྱེད་དང་བཅས་པའི་གཟུགས་སྐུའི་རྣམ་རོལ་མཁའ་ཁྱབ་སྤྲོ་བསྡུ་མ་ལུས་པ་བདེ་བ་ཆེན་པོའི་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་ལ་སོ་མཚམས་མ་མོ་མངོན་རྫོགས་བླ་མེད་ཀྱི་དཀྱིལ་འཁོར་ཞེས་སྒྲུབ་པ་བཀའ་བརྒྱད་ཀྱི་བྱེ་བྲག་སྟེ། དེ་ལའང་མཁས་ཤིང་དངོས་གྲུབ་བརྙེས་པའི་སྐྱེས་བུ་རྣམས་ཀྱི་བཀའ་སྲོལ་སྤྱི་དང་བྱེ་བྲག་དུ་མ་བསྟན་ཅིང༌། སྣང་སྲིད་ཀྱི་གཡོ་འཁྲུགས་ཞི་བ་དང༌། རྩ་རླུང་ཐིག་ལེའི་ཉམས་ཆག་སྦྱང་བ། སྔགས་ལ་ཞུགས་པའི་སྐྱེ་བོའི་ས་ལམ་གྱི་ཉམས་རྟོགས་སྤར་བའི་མཐུ་རྩལ་ཆེས་མྱུར་བ། རྩོད་དུས་བསྔགས་པའི་བཀའ་གཏེར་དག་སྣང་གི་ལམ་སྲོལ་དུ་མ་ལས། འདིར་རྗེ་བཙུན་ཡེ་ཤེས་ཀྱི་མེ་ལོང་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གིས་དུས་གསུམ་ཀུན་ཏུ་གངས་ཅན་གྱི་གདུལ་བྱ་རྗེས་སུ་འཛིན་པའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་ཐུགས་རྗེའི་དབང་ཕྱུག་ལྔ་པ་ཆེན་པོའི་དག་ཆེན་ཡེ་ཤེས་ཀྱི་ཆོ་འཕྲུལ་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་བླ་མེད་ཧེ་རུ་ཀའི་སྨིན་བྱེད་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས་སློབ་མའི་ངོ་སྐལ་དུ་གྱུར་པ་ལ་སྔོན་འགྲོ་འཇུག་པའི་ཆོས་རྣམས་ཞུ་བའི་ཕྱིར་མཎྜལ་ཕུལ། དཀྱིལ་འཁོར་དུ་འཇུག་པ་གསོལ་གདབ་ནས་བརྩམས་བྱིན་འབེབས་བར་གཤིན་རྗེ་ལྟར་ལ། བྱིན་འབེབས་ཀྱི་ལྷ་བསྐྱེད་ནི། སྣོད་རྣམ་པར་དག་པ་བདེ་ཆེན་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཆེན་པོའི་དབུས་སུ་པདྨ་ཉི་མ་དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་ལ། བཅུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་ཕྱག་རྒྱ་སྒྲུབ་པའི་སླད་དུ། ཁྱེད་རང་རྣམས་བཅོམ་ལྡན་འདས་བླ་མེད་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་བ་དབུས་མཐིང་ནག་ཁྲོ་ཞིང་གཏུམ་པ། ཕྱག་དྲུག་གཡས་གསུམ་གྱི་རྡོ་རྗེ་བྱ་ཁྱུང༌། སྦྲུལ་ཞགས་འཛིན་པ། གཡོན་གསུམ་ཐོད་ཁྲག །ཞིང་དབྱུག །བྷནྡྷའི་གྭའུ་ཁ་སྦྱོར་བསྣམས་པ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའི་ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་ཀྱིས་ཉི་གདན་སྲིད་པ་མ་མོའི་གདན་ལ་བཞེངས་པའི་ཡུམ་མཆོག་ཉིད་ཞི་མུ་ཁ་ལེ་ཞལ་ལྔ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་རྡོར་དྲིལ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་ལྷག་མ་གཉིས་ཀྱིས་སྦྲུལ་ཞགས་བུམ་པ་འཛིན་པ། གཡོན་ལྷག་མ་གཉིས་ཀྱི་དུང་ཁྲག །ཞིང་ལྤགས་འཛིན་པ་དང་གཉིས་མེད་སྦྱོར་བས་བདེ་སྟོང་རོལ་པ་ཆེན་པོས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ། དཔྲལ་བར་ཨོཾ་དཀར་པོ་སོགས་ནས་བྱིན་འབེབས། བརྟན་བཞུགས་ནས་བརྩམས་མཐོང་བ་བསྟན་པའི་བར་གཤིན་རྗེ་ལྟར་ལ། མཐོང་བ་བསྟན་པའི་ཚེ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འཛིན་གྱི་སྤྲུལ་པའི་གཞལ་མེད་ཁང་རྡོ་རྗེའི་རྭ་གུར་མེ་དཔུང་གི་དབུས་རྡོ་རྗེའི་བྲག་ཆེན་པདྨ་ཉི་མའི་གདན་ལ་བླ་མེད་ཧེ་རུ་ཀ་སོགས་བྱིན་འབེབས་ལྟར་ལ། གཙོ་བོའི་ཕྱི་རོལ་ཤར་དུ་སྣང་གསལ་མར། ལྷོ་རུ་འོད་གསལ་འབར། ནུབ་ཏུ་མཉེན་གསལ་འབར། བྱང་དུ་ཡང་གསལ་འབར། མདུན་དུ་བཀྲག་གསལ་འབར། གཙོ་བོ་ཡབ་ཡུམ་གཡོན་དུ་སྲིད་པ་བདེ་འགྲོ། མདུན་དུ་ཉི་ཟླ་ཐོད་ཕྲེང༌། ཕྱི་རོལ་ཕྱོགས་བཞིར་དབང་མོ་བཞི། མཚམས་བཞིར་སྦས་པའི་མ་མོ་བཞི། དེའི་ཕྱི་རོལ་དུ་དགྱེས་སྡེ་བཞི། རྗེ་མོ། སྨན་མོ་ཉི་ཤུ་རྩ་བརྒྱད། སྒོ་སྐྱོང་སོགས་བདེ་སྟོང་ཡེ་ཤེས་གཅིག་གི་རྣམ་རོལ་གཞི་ལམ་འབྲས་བུའི་ཡོན་ཏན་སོགས་ནས་གཤིན་རྗེ་ལྟར་ལ། ལྷ་དབང་ནི། ཧཱུྃ། །བཅོམ་ལྡན་བླ་མེད་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་ཁྱུང་སྦྲུལ་ཞགས་པ་གཡས། །བྷནྡྷ་ཞིང་དབྱུག་གྭའུ་གཡོན། །ཀུན་བཟང་ཉིད་ཞི་ཡུམ་དང་སྦྱོར། །མ་མོའི་ལྷ་ཚོགས་འཁོར་དང་བཅས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །མ་མོ་མཁའ་འགྲོ་དབང་འདུས་ཤོག །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ །གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟྭཱཾ་ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཡུམ་ཆེན་རྣམ་སྣང་གསལ་ཆེན་མོ། །རྡོ་རྗེ་མཁའ་འགྲོའི་གཙོ་མོ་སྟེ། །འབྱུང་བ་ས་ལ་དབང་བསྒྱུར་བའི། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཛྭ་རཾ་ས་སྭཱ་ཧཱ་ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཡུམ་ཆེན་འོད་གསལ་འབར་ཆེན་མོ། །རིན་ཆེན་མཁའ་འགྲོའི་གཙོ་མོ་སྟེ། །འབྱུང་བ་ཆུ་ལ་དབང་བསྒྱུར་བའི། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་བྷི་ཤ་ས་ན་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཡུམ་ཆེན་མཉེན་གསལ་འབར་ཆེན་མོ། །པདྨ་མཁའ་འགྲོའི་གཙོ་མོ་སྟེ། །འབྱུང་བ་མེ་ལ་དབང་བསྒྱུར་བའི། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་བྷི་ར་ཡཾ་ལཾ་ཏེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཡུམ་ཆེན་ཡང་གསལ་གཡོས་ཆེན་མོ། །ལས་ཀྱི་མཁའ་འགྲོའི་གཙོ་མོ་སྟེ། །འབྱུང་བ་རླུང་ལ་དབང་བསྒྱུར་བའི། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་མ་ཧཱ་ལཾཏེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཡུམ་ཆེན་མཉམ་གསལ་བཀྲག་ཆེན་མོ། །སངས་རྒྱས་མཁའ་འགྲོའི་གཙོ་མོ་སྟེ། །ནམ་མཁའི་ཁམས་ལ་དབང་བསྒྱུར་བའི། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་གྷྲི་ས་མུཾ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨ། ཧོ། མ་མོ་རྦོད་གཏོང་གི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བས། བདེ་གཤེགས་ཐམས་ཅད་ཀྱི་གཟི་བརྗིད་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་དང་ཐུགས་ཀྱི་དབང་ཡང་དག་ལྟར་སྦྱར། བཀའ་སྲུང་སྲིད་རྒྱལ་མཆེད་གསུམ་གྱི་བཀའ་གཏད་ནི། དེ་ཡང་མ་མོ་མངོན་རྫོགས་ཀྱི་བཀའ་ཡི་སྲུང་མ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་རྡོ་རྗེ་བཙུན་མོ་ཡེ་ཤེས་ཀྱི་སྣང་ཆ་བསྟན་པའི་བཀའ་སྲུང་སྲིད་པའི་རྒྱལ་མོ་མཆེད་གསུམ་འདི་ནི་སྔོན་བསྐལ་པ་མང་པོའི་གོང་རོལ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་རིམ་བཞིན་ལས་དང་སྨོན་ལམ་གྱི་རྣམ་པར་སྨིན་པའི་འབྲས་བུ་དུས་སུ་སད་པ་ལས། སྔ་འགྱུར་ནག་མོ་ཁྲོས་མའི་རྒྱུད་སོགས་ལས་ཀུན་ཏུ་བཟང་མོའི་ཡེ་ཤེས་ཀྱི་རྣམ་པར་རོལ་པ་ཨེ་ཀ་ཛཱ་ཏི་དང༌། འཕགས་པ་ལྷ་མོ་དཔལ་ཆེན་མོ་ལུང་བསྟན་པའི་མདོ་དང༌། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་དང༌། གསེར་འོད་མཆོག་ཏུ་རྣམ་པར་རྒྱལ་བ་སོགས་ལས། དེང་འདིར་འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་ཅིང་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་སྲུང་ཡོངས་ཀྱི་གཙོ་བོར་དབང་བསྐུར་བ་འདི་ཉིད་ཀྱི་སྔོན་གྱི་རབས་དང་སྐྱེ་བརྒྱུད། ད་ལྟ་གང་ལ་བརྟེན་ཅིང་ཕྲིན་ལས་ཀྱི་མཛད་ཚུལ། མ་འོངས་པ་ན་ཞིང་གང་དུ་འཚང་རྒྱ་བར་འགྱུར་བ་སོགས་མཚན་དང་སྐུའི་རྣམ་འགྱུར་མཐའ་ཡས་པའི་བྱེ་བྲག །སྐབས་འདིར་མཚོ་སྐྱེས་རྒྱལ་བའི་ཞལ་སྐྱིན་ཀུན་གཟིགས་རྡོ་རྗེ་ཐུགས་མཆོག་རྩལ་གྱི་དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་གྱི་སྒོས་བཀའ་མངོན་རྫོགས་མ་མོའི་བཀའ་སྲུང་སྲིད་རྒྱལ་མཆེད་གསུམ་གྱི་བཀའ་གཏད་བགྱི་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་སློབ་མ་རྣམས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་མངོན་སུམ་དུ་གསལ་བ་ལ་སློབ་དཔོན་ཧེ་རུ་ཀའི་ང་རྒྱལ་གྱིས་མདུན་གྱི་བཀའ་སྲུང་མ་མོ་མཆེད་གསུམ་གྱི་གཏོར་མ་འདི་ལྟར་གསལ་ཐོབ་ཅིག །སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སོགས་ནས་བསྟོད་པའི་བར་གཏོར་ཆོག་བཞིན་གསལ་བཏབ་ལ། དགོངས་པས་གཟིར་བས་བཀའ་སྲུང་མཆེད་གསུམ་འཁོར་དང་བཅས་པས་དེ་བཞིན་ཁས་བླངས་པར་བསམ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་མ་མོའི་ཐུགས་རྒྱུད་བསྐུལ་བས་དཔྲལ་བ་ནས་སྐུ། མགྲིན་པ་ནས་སྔགས་ཀྱི་ཕྲེང་བ། ཐུགས་ཀ་ནས་སྲོག་ཡིག་དང་ཕྱག་མཚན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ཡེ་ཤེས་ཀྱི་མ་མོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཁྱབ་པར་མོས་ལ། ཧཱུྃ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་ནམ་གྲུ་མ། །ཨེ་ཀ་ཛཱ་ཏི་མགྱོགས་བྱེད་མ། །སྣང་སྲིད་མ་མོའི་ལྷ་ཚོགས་རྣམས། །རྣལ་འབྱོར་འདི་ཡི་བྲན་དུ་གཏད། །དཔལ་གྱི་བཀའ་ལས་མ་འདའ་བར། །ཉིན་མཚན་དུས་དྲུག་སྲུང་སྐྱོབ་མཛོད། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློག །ཞི་རྒྱས་དབང་གི་ཕྲིན་ལས་མཛོད། །བཅོལ་བ་ཇི་བཞིན་འགྲུབ་པར་མཛོད། བྷྱོཿརཀྨོ་བྷྱོཿ རཀྨོ་བྷྱོ་བྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རཀ་ཆེན་མོཿ རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་རུ་རུ་ཨེ་ཀ་ཛཱ་ཏི་སྙིང་ཁ་རག་མོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ། མ་མ་ཌཱཀྐི་ནི་ཡཾ་ཛཿ ཨ་བྷི་ཥིཉྩ་ཨ་ཨཿ གཏོར་མ་གནས་གསུམ་དུ་བཞག །མ་མོའི་གཏོར་མ་ལ། ནང་མཆོད་བྲན་ཏེ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་བརྗོད་པས། བསྟན་སྲུང་མ་མོ་དབང་མོ་དགྱེས་ཤིང་ཐུགས་དམ་བསྐངས་ཏེ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་བཅོལ་བའི་ཕྲིན་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་འཐོན་དུ་བཞུགས་པར་མོས་ལ། བྷྱོ། དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོའི་ཆུང་མ་རལ་པ་ཅན། །སྐྱེ་གནས་རྣམ་བཞི་སྒྲོལ་བ་མོ། །ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་ཀུན་གྱི་གཙོ་མོ་སྟེ། །ཁྲོ་མོ་ཀུན་གྱི་སྤྲུལ་པ་ཡིན། །སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་ལ་བསྟོད། ཁྱེད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། །ཁྱེད་ཀྱི་གསང་བའི་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། །ཁྱེད་ཀྱི་གཡས་གཡོན་ཞབས་དག་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། བདུད་དང་ལྷ་འདྲེ་ངན་སེམས་ཅན། །དགྲ་བོ་མ་ལུས་འདུལ་བར་མཛོད། །རྟགས་དང་མཚན་མ་མྱུར་དུ་སྟོན། །གང་ལ་བྱ་བ་ནོར་ར་རེ། །མ་མོ་མཁའ་འགྲོ་འཁོར་བཅས་རྣམས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། མ་མོ་སྲིད་པའི་རྒྱལ་མོ་སྔགས་སྲུང་རལ་གཅིག་མ་ལྷ་མོ་མགྱོགས་བྱེད་དཀར་མོ་སོ་སོའི་འཁོར་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་རྣམས་ཀྱིས་ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་སྒྲུབ་པ་བཀའ་བརྒྱད། སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ། བཀའ་བབ་རིག་འཛིན་བརྒྱད། མངའ་བདག་ཁྲི་སྲོང་ལྡེའུ་བཙན་སོགས་རྗེ་འབངས་སྙིང་གི་བུ་དགུ །མཁས་གྲུབ་ཆེན་པོ་ཆེ་མཆོག་དགྱེས་པ་རྩལ། ལས་ཅན་ཆོས་ཀྱི་བདག་པོ་རྣམས་དང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་གྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་དང་དངོས་གྲུབ་སྩོལ་བ་དང༌། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་ནུས་མཐུ་དང་ལྡན་པར་མཛད་དུ་གསོལ། སློབ་མ་རྣམས་ཀྱི་སྲུང་མ་ཆེན་པོ་མཛད་ནས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། མཐུ་དང་དཔུང་སྐྱེད། བསམ་པ་སྒྲུབས། རེ་བ་སྐོངས། ཡིད་ལ་བསམ་པའི་དོན་ཐམས་ཅད་བདེ་བླག་ཏུ་སྒྲུབས། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་ཡང་དག་པར་སྦྱོར་ཅིག །ཅེས་ཕྲིན་ལས་བཅོལ་བས་ཁས་བླངས་ནས་འོད་དུ་ཞུ་བ་སློབ་མའི་སྙིང་གར་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་ཞིང༌། གཏོར་མའི་གཤམ་ནས་ཆ་ཤས་ཙམ་དང་ནང་མཆོད་ཅུང་ཟད་རེ་བྱིན་པས་མ་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་རོལ་དུ་གཞུག །དེ་དག་གིས་སྲིད་པའི་རྒྱལ་མོ་མཆེད་གསུམ་གྱིས་བཀའ་གཏད་གྲུབ་པ་ལགས། གསང་དབང་ནས་བརྩམས་དམ་ཚིག་ཁས་བླངས། གཏང་རཀ །ཡོན་འབུལ། དགེ་བསྔོ་དང་ལས་གཞུང་གི་ཚོགས་ནས་ཤིས་བརྗོད་ཀྱི་བར་རྗེས་རིམ་གཤིན་རྗེའི་དབང་ཆོག་ལྟར་རོ། །འཕོ་འགྱུརྃ་གཉིས་མེདྃ་བདེ་ཆེན་ཐིག་ལེའི་རྩལ། །རབ་འབྱམས་ལས་སྒྲུབ་ཐེགྃ་མཆོྃག་མངོན་རྫོགས་ཀྱི། །བསྟནྃ་པའིྃ་སྙིང་པོའི་དབང་དང་སྒྲུབ་ཐབས་བཅས། །རྒྱལྃ་མཚྃན་མཁས་དང་གྲུབ་པའི་གསུང་བཞིན་སྤེལ། །བླ་མེད་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
[edit]

@#/_dag snang bka' brgyad rig 'dzin zhal lung las/_ma mo mngon rdzogs kyi sgrub thabs dbang bskur dang bcas pa bde mchog phyag rgya'i dga' ston ces bya ba bzhugs so// @#/__/snang srid 'khor 'das sgyu 'phrul drwa ba'i chos/_/e dbyings phyag rgya'i ye shes rol par sdom/_/las dang dngos grub mchog ster der btud nas/_/phrin las dbang bskur bcas pa 'dir gsal bya/_'jig rten 'das ma 'das kyi sa mtshams mngon rdzogs ma mo'i dkyil 'khor du smin par 'dod pas sgrub pa'i gnas su gzhung mthun gyi dkyil 'khor steng*/_rnam rgyal bum pa/_ma mo mngon rdzogs kyi lha tsaka yongs rdzogs/_sngags byang*/_rdor dril/_dur khrod dpal chas/_gsang thod bdud rtsi/_rig tsaka_/shel rdo bcas la nyer spyod mchod pas bskor/_gzhan yang nyer mkho'i chas/_mig dar/_me tog_/dor ra/_mig thur/_phyag shing*/_sman raka gtor ma/_tshogs/_dkar bgegs/_chad brtan sogs dang*/_bka' srung srid rgyal sngags srung mgyogs byed nag mo gsum gyi gtor ma mo rgyud spyi gtor gtso 'khor gsum gyi rtser nam mkha' dang g.yas g.yon du byang bu mda' 'phang btsugs pa'i mthar mtheb kyu dang u kyu khrag kong gis bskor ba bshams/_slob dpon gyi mdun du/_las bum sogs 'du byas la/_khro bo spyi yi las byang gi skyabs sems nas brtsams dkyil 'khor bskyed pa'i bar btang la/_gan rkyal kha sbub brtsegs pa'i gdan steng du/_zhes pa'i mtshams/_/rgyu yig mthing nag gdan steng babs pa las/_/bla med khrag 'thung zhal gsum phyag drug mthing*/_/g.yas dkar g.yon dmar dbus mthing khro zhing gtum/_/spyan bgrad zhal gdangs ljags 'dril mche ba gtsigs/_/smin ma sma ra dbu skra dmar ser 'bar/_/g.yas gsum rdo rje bya khyung sbrul zhags 'dzin/_/g.yon gsum thod pa zhing dbyug gwa'u bsnams/_/dpal dang dur khrod chas kyis rnam par brgyan/_/zhabs bzhi g.yas bskum g.yon brkyang dor stabs bgrad/_/yum chen nyid zhi zhal lnga phyag drug gis/_/rdor dril 'dzin 'khyud g.yas lhag sbrul zhags bum/_/g.yon lhag dung khrag mi lpags 'dzin dang sbyor/_/shar du snang gsal dkar po khro mo'i gdong*/_/g.yas g.yon seng zhal rdo rje dgra s+t+wa seng*/_/thod pa gtun shing mi lpags g.yon gyis 'dzin/_/lho ru 'od gsal sngon mo khro mo'i gdong*/_/g.yas g.yon glang zhal phyag drug g.yas pa gsum/_/rin chen me dpung dang ni stag mo 'dzin/_/b+han dmar thod dbyug ti ra g.yon na bsnams/_/nub kyi snyan gsal dmar mo khro mo'i gdong*/_/g.yas g.yon rma bya phyag drug g.yas pa gsum/_/pad+ma zhags pa lce spyang g.yon pa na/_/thod pa kha T+wAM rtse gsum ti ra bsnams/_/byang gi yang gsal ljang khu khro mo'i gdong*/_/g.yas g.yon khyung zhal phyag drug g.yas pa gsum/_/sna tshogs rdo rje thod dbyug spyang ki bsnams/_/b+han dmar rgyu zhags ti ra g.yon na bsnams/_/mdun du bkrag gsal mthing nag khro mo'i gdong*/_/ral pa'i gseb na rdo rje 'bar ba'i mchu/_/g.yas gsum 'khor lo rgyal mtshan 'ug pa 'dzin/_/g.yon gsum mdung dmar spu gri ti ra bsnams/_/lnga ka'ang dur khrod chas brgyad sku la rdzogs/_/zhabs bzhi g.yas bskum g.yon brkyang tshul gyis 'gyings/_/rje mo sman mo sgo skyong la sogs pa/_/bdun cu rtsa gnyis khro gtum rngams brjid can/_/sna tshogs rgyan spras rnam 'gyur cir yang ston/_/ye shes me dpung 'bar ba'i klong na bzhugs/_/dbang bskur rgyas gdab/_spyan 'dren nas brtsams bzlas pa'i bar khro bo spyi chings ltar btang*/_sngags ni/_oM gu h+ya dz+nyA na shrI he ru ka gu h+ya dz+nyA na kro d+hI shwa ri s+t+wAM ma ma yo gi ni ru lu ru lu hU~M b+h+yo hU~M phaT/_bum sgrub nas bdag 'jug bar gshin rje ltar dang*/_zur gsal ltar bka' srung ma mo gsum gyi gtor chog kyang btang*/_slob ma 'jug pa/_khrus dang bgegs bskrad srung 'khor bsgoms zin pa'i rjes/_lo rgyus ni/_de yang snang srid 'khor 'das kyi chos thams cad e dbyings kun tu bzang mo chos dbyings rdo rje btsun mo'i mkha' las ma 'das pas/_chos nyid ye shes kyi ma mo'i mkha'/_chos can las kyi ma mo'i klong*/_brda rtags 'jig rten gyi ma mo'i dbyings zhes ldog chas bstan pa tsam las nam yang gzhan du ma gyur pas/_de dag rigs lnga khyab byed dang bcas pa'i gzugs sku'i rnam rol mkha' khyab spro bsdu ma lus pa bde ba chen po'i dkyil 'khor gcig tu sgrub pa la so mtshams ma mo mngon rdzogs bla med kyi dkyil 'khor zhes sgrub pa bka' brgyad kyi bye brag ste/_de la'ang mkhas shing dngos grub brnyes pa'i skyes bu rnams kyi bka' srol spyi dang bye brag du ma bstan cing*/_snang srid kyi g.yo 'khrugs zhi ba dang*/_rtsa rlung thig le'i nyams chag sbyang ba/_sngags la zhugs pa'i skye bo'i sa lam gyi nyams rtogs spar ba'i mthu rtsal ches myur ba/_rtsod dus bsngags pa'i bka' gter dag snang gi lam srol du ma las/_'dir rje btsun ye shes kyi me long mnga' bdag tshangs pa lha yi me tog gis dus gsum kun tu gangs can gyi gdul bya rjes su 'dzin pa'i phrin las mi zad rgyan gyi 'khor lo'i bdag nyid thugs rje'i dbang phyug lnga pa chen po'i dag chen ye shes kyi cho 'phrul bka' brgyad rig 'dzin zhal lung gi bla med he ru ka'i smin byed sgrub pa la slob dpon gyi bya ba grub nas slob ma'i ngo skal du gyur pa la sngon 'gro 'jug pa'i chos rnams zhu ba'i phyir maN+Dal phul/_dkyil 'khor du 'jug pa gsol gdab nas brtsams byin 'bebs bar gshin rje ltar la/_byin 'bebs kyi lha bskyed ni/_snod rnam par dag pa bde chen ye shes rol pa'i dkyil 'khor chen po'i dbus su pad+ma nyi ma dregs pa pho mo bsnol ba'i steng la/_bcud rnam par dag pa ye shes lha yi phyag rgya sgrub pa'i slad du/_khyed rang rnams bcom ldan 'das bla med he ru ka sku mdog mthing nag zhal gsum g.yas dkar g.yon dmar ba dbus mthing nag khro zhing gtum pa/_phyag drug g.yas gsum gyi rdo rje bya khyung*/_sbrul zhags 'dzin pa/_g.yon gsum thod khrag_/zhing dbyug_/b+han+d+ha'i gwa'u kha sbyor bsnams pa dpal dang dur khrod rol pa'i chas kyis brgyan pa'i zhabs bzhi g.yas brkyang g.yon bskum dor stabs kyis nyi gdan srid pa ma mo'i gdan la bzhengs pa'i yum mchog nyid zhi mu kha le zhal lnga phyag drug gi dang po gnyis kyi rdor dril 'dzin pas yab la 'khyud cing*/_g.yas lhag ma gnyis kyis sbrul zhags bum pa 'dzin pa/_g.yon lhag ma gnyis kyi dung khrag_/zhing lpags 'dzin pa dang gnyis med sbyor bas bde stong rol pa chen pos bskal pa'i me dpung 'bar ba'i klong na bzhugs par gsal/_dpral bar oM dkar po sogs nas byin 'bebs/_brtan bzhugs nas brtsams mthong ba bstan pa'i bar gshin rje ltar la/_mthong ba bstan pa'i tshe/_mtshon bya don gyi dkyil 'khor lhag pa ting nge 'dzin gyi sprul pa'i gzhal med khang rdo rje'i rwa gur me dpung gi dbus rdo rje'i brag chen pad+ma nyi ma'i gdan la bla med he ru ka sogs byin 'bebs ltar la/_gtso bo'i phyi rol shar du snang gsal mar/_lho ru 'od gsal 'bar/_nub tu mnyen gsal 'bar/_byang du yang gsal 'bar/_mdun du bkrag gsal 'bar/_gtso bo yab yum g.yon du srid pa bde 'gro/_mdun du nyi zla thod phreng*/_phyi rol phyogs bzhir dbang mo bzhi/_mtshams bzhir sbas pa'i ma mo bzhi/_de'i phyi rol du dgyes sde bzhi/_rje mo/_sman mo nyi shu rtsa brgyad/_sgo skyong sogs bde stong ye shes gcig gi rnam rol gzhi lam 'bras bu'i yon tan sogs nas gshin rje ltar la/_lha dbang ni/_hU~M/_/bcom ldan bla med he ru ka_/mthing nag zhal gsum phyag drug pa/_/rdo rje khyung sbrul zhags pa g.yas/_/b+han+d+ha zhing dbyug gwa'u g.yon/_/kun bzang nyid zhi yum dang sbyor/_/ma mo'i lha tshogs 'khor dang bcas/_/skal ldan 'di la dbang bskur bas/_/ma mo mkha' 'gro dbang 'dus shog_/oM gu h+ya dz+nyA na shrI he ru ka_/gu h+ya dz+nyA na kro d+hi shwa ri s+t+wAM a b+hi Shiny+tsa a aH_hU~M/_yum chen rnam snang gsal chen mo/_/rdo rje mkha' 'gro'i gtso mo ste/_/'byung ba sa la dbang bsgyur ba'i/_/mthu stobs yongs rdzogs dbang thob shog_/oM dz+wa raM sa swA hA a b+hi Shiny+tsa a aH_hU~M/_yum chen 'od gsal 'bar chen mo/_/rin chen mkha' 'gro'i gtso mo ste/_/'byung ba chu la dbang bsgyur ba'i/_/mthu stobs yongs rdzogs dbang thob shog_/oM b+hi sha sa na ti swA hA/_a b+hi Shiny+tsa a aH_hU~M/_yum chen mnyen gsal 'bar chen mo/_/pad+ma mkha' 'gro'i gtso mo ste/_/'byung ba me la dbang bsgyur ba'i/_/mthu stobs yongs rdzogs dbang thob shog_/oM b+hi ra yaM laM te swA hA/_a b+hi Shiny+tsa a aH_hU~M/_yum chen yang gsal g.yos chen mo/_/las kyi mkha' 'gro'i gtso mo ste/_/'byung ba rlung la dbang bsgyur ba'i/_/mthu stobs yongs rdzogs dbang thob shog_/oM ma hA laMte swA hA/_a b+hi Shiny+tsa a aH_hU~M/_yum chen mnyam gsal bkrag chen mo/_/sangs rgyas mkha' 'gro'i gtso mo ste/_/nam mkha'i khams la dbang bsgyur ba'i/_/mthu stobs yongs rdzogs dbang thob shog_/oM g+h+ri sa muM hU~M phaT/_a b+hi Shiny+tsa a a/_ho/_ma mo rbod gtong gi lha tshogs rnams kyi dbang bskur bas/_bde gshegs thams cad kyi gzi brjid yongs su rdzogs pa'i dbang dam pa thob par gyur cig_/gsung dang thugs kyi dbang yang dag ltar sbyar/_bka' srung srid rgyal mched gsum gyi bka' gtad ni/_de yang ma mo mngon rdzogs kyi bka' yi srung ma rgyal ba thams cad skyed pa'i yum rdo rje btsun mo ye shes kyi snang cha bstan pa'i bka' srung srid pa'i rgyal mo mched gsum 'di ni sngon bskal pa mang po'i gong rol du byang chub mchog tu thugs bskyed nas rim bzhin las dang smon lam gyi rnam par smin pa'i 'bras bu dus su sad pa las/_snga 'gyur nag mo khros ma'i rgyud sogs las kun tu bzang mo'i ye shes kyi rnam par rol pa e ka dzA ti dang*/_'phags pa lha mo dpal chen mo lung bstan pa'i mdo dang*/_gser 'od dam pa mdo sde'i dbang po'i rgyal po dang*/_gser 'od mchog tu rnam par rgyal ba sogs las/_deng 'dir 'dod pa khams kyi dbang phyug mar gyur cing ston pa shAkya thub pa'i bstan srung yongs kyi gtso bor dbang bskur ba 'di nyid kyi sngon gyi rabs dang skye brgyud/_da lta gang la brten cing phrin las kyi mdzad tshul/_ma 'ongs pa na zhing gang du 'tshang rgya bar 'gyur ba sogs mtshan dang sku'i rnam 'gyur mtha' yas pa'i bye brag_/skabs 'dir mtsho skyes rgyal ba'i zhal skyin kun gzigs rdo rje thugs mchog rtsal gyi dag snang bka' brgyad rig 'dzin zhal lung gyi sgos bka' mngon rdzogs ma mo'i bka' srung srid rgyal mched gsum gyi bka' gtad bgyi ba la dmigs pa 'di bzhin du mdzod/_khyed rang slob ma rnams dpal chen mngon rdzogs rgyal po mngon sum du gsal ba la slob dpon he ru ka'i nga rgyal gyis mdun gyi bka' srung ma mo mched gsum gyi gtor ma 'di ltar gsal thob cig_/stong pa'i ngang las mdun gyi nam mkhar sogs nas bstod pa'i bar gtor chog bzhin gsal btab la/_dgongs pas gzir bas bka' srung mched gsum 'khor dang bcas pas de bzhin khas blangs par bsam la/_slob dpon gyi thugs ka'i 'od zer gyis mdun gyi ma mo'i thugs rgyud bskul bas dpral ba nas sku/_mgrin pa nas sngags kyi phreng ba/_thugs ka nas srog yig dang phyag mtshan dpag tu med pa byung*/_khyed rang rnams kyi gnas gsum du thim pas ye shes kyi ma mo'i sku gsung thugs kyi byin rlabs dang dngos grub thams cad khyab par mos la/_hU~M/_sngon tshe dpal chen spyan snga ru/_/khas blangs dam bca' nam gru ma/_/e ka dzA ti mgyogs byed ma/_/snang srid ma mo'i lha tshogs rnams/_/rnal 'byor 'di yi bran du gtad/_/dpal gyi bka' las ma 'da' bar/_/nyin mtshan dus drug srung skyob mdzod/_/gnod byed dgra bgegs rdul du rlog_/zhi rgyas dbang gi phrin las mdzod/_/bcol ba ji bzhin 'grub par mdzod/_b+h+yoHrak+mo b+h+yoH_rak+mo b+h+yo b+h+yoH_rak+mo thun b+h+yoH_kha la raka chen moH_rak+mo a bya ta bya thun b+h+yoH_ru lu ru lu hU~M b+h+yo hU~M/_oM ru ru e ka dzA ti snying kha rag mo ru lu ru lu hU~M b+h+yo hU~M dza/_ma ma DAk+ki ni yaM dzaH_a b+hi Shiny+tsa a aH_gtor ma gnas gsum du bzhag_/ma mo'i gtor ma la/_nang mchod bran te/_oM sarba pany+tsa a mr-i ta khA hi/_zhes brjod pas/_bstan srung ma mo dbang mo dgyes shing thugs dam bskangs te/_sngon gyi dam tshig rjes su dran pas bcol ba'i phrin las sgrub pa la dgyes shing ngo 'thon du bzhugs par mos la/_b+h+yo/_dpal ldan lha mo chen mo ni/_/srin po'i chung ma ral pa can/_/skye gnas rnam bzhi sgrol ba mo/_/nag mo 'bum gyi dbus na bzhugs/_/dbang phyug kun gyi gtso mo ste/_/khro mo kun gyi sprul pa yin/_/sangs rgyas kun dang sbyor ba'i yum/_/srid gsum za bar byed la bstod/_khyed kyi thugs kyi dkyil 'khor nas/_/'dod khams ma mo stong stong 'gyed/_/khyed kyi gsang ba'i b+ha ga nas/_/las kyi ma mo stong stong 'gyed/_/khyed kyi g.yas g.yon zhabs dag nas/_/pho nya stong phrag drug cu 'gyed/_bdud dang lha 'dre ngan sems can/_/dgra bo ma lus 'dul bar mdzod/_/rtags dang mtshan ma myur du ston/_/gang la bya ba nor ra re/_/ma mo mkha' 'gro 'khor bcas rnams/_/sgrub pa po la dngos grub stsol/_ma mo srid pa'i rgyal mo sngags srung ral gcig ma lha mo mgyogs byed dkar mo so so'i 'khor g.yog pho nya las mkhan dang bcas pa rnams kyis chos sku kun tu bzang po/_longs sku sgrub pa bka' brgyad/_sprul sku rdo rje thod phreng rtsal/_bka' bab rig 'dzin brgyad/_mnga' bdag khri srong lde'u btsan sogs rje 'bangs snying gi bu dgu_/mkhas grub chen po che mchog dgyes pa rtsal/_las can chos kyi bdag po rnams dang bdag cag gi dpal ldan bla ma dam pa'i bar gyi bka' dang dam las ma 'da' bar rdo rje'i slob ma 'di rnams la sku gsung thugs yon tan phrin las kyi sgo nas dbang dang dngos grub stsol ba dang*/_sangs rgyas kyi bstan pa bsrung ba la nus mthu dang ldan par mdzad du gsol/_slob ma rnams kyi srung ma chen po mdzad nas lus dang grib ma bzhin du 'grogs te 'gal rkyen sol/_mthun rkyen sgrubs/_mthu dang dpung skyed/_bsam pa sgrubs/_re ba skongs/_yid la bsam pa'i don thams cad bde blag tu sgrubs/_mthar thug phyag rgya chen po mchog gi dngos grub la yang dag par sbyor cig_/ces phrin las bcol bas khas blangs nas 'od du zhu ba slob ma'i snying gar thim pas dbyer med du gyur par bsam zhing*/_gtor ma'i gsham nas cha shas tsam dang nang mchod cung zad re byin pas ma mo'i sku gsung thugs yon tan phrin las kyi dngos grub thob par bsam la rol du gzhug_/de dag gis srid pa'i rgyal mo mched gsum gyis bka' gtad grub pa lags/_gsang dbang nas brtsams dam tshig khas blangs/_gtang raka_/yon 'bul/_dge bsngo dang las gzhung gi tshogs nas shis brjod kyi bar rjes rim gshin rje'i dbang chog ltar ro/__/'pho 'gyura~M gnyis meda~M bde chen thig le'i rtsal/_/rab 'byams las sgrub thega~M mcho~Mg mngon rdzogs kyi/_/bstana~M pa'i~M snying po'i dbang dang sgrub thabs bcas/_/rgyala~M mtsha~Mn mkhas dang grub pa'i gsung bzhin spel/_/bla med he ru ka mngon rdzogs rgyal po'i sgrub thabs dbang dang bcas pa'i le'u tshan no//_//

Footnotes

Other Information