དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། རྡོ་རྗེ་ཕུར་པའི་སྒྲུབ་ཐབས་དང་དབང་གི་ཆོ་ག་བདུད་འདུལ་ཕྲིན་ལས་འབར་བའི་ཐོག་གཟེར།

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-019
Wylie title dag snang bka' brgyad rig 'dzin zhal lung las/ rdo rje phur pa'i sgrub thabs dang dbang gi cho ga bdud 'dul phrin las 'bar ba'i thog gzer DKR-KABUM-05-CA-019.pdf
Location dil mgo mkhyen brtse bka' 'bum
Volume 5, Text 19, Pages 117-125 (Folios 1a to 9b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Dag snang bka' brgyad rig 'dzin zhal lung las rdo rje phur pa'i sgrub thabs dang dbang gi cho ga bdud 'dul phrin las 'bar ba'i thog gzer. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 117-125. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ (dag snang bka' brgyad rig 'dzin zhal lung)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Colophon

།གདོད་ནས་འགྱུརྃ་མེདྃ་སྣང་སྲིད་ཕུར་བུའི་ལྷ། །སྨིན་བྱེད་ཐེགྃ་མཆོྃག་གདམས་པས་བསྟནྃ་པའིྃ་རྒྱན། །བསྐྲུན་ལས་བདུད་བཞིའི་དཔུང་གཉེན་བགེགས་ཚོགས་ལས། །ཕྱོགས་ལས་རྣམ་རྒྱལ་རྒྱལྃ་མཚྃན་བརྟན་གྱུར་ཅིག །རྡོ་རྗེ་ཕུར་པའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།།

/gdod nas 'gyura~M meda~M snang srid phur bu'i lha/_/smin byed thega~M mcho~Mg gdams pas bstana~M pa'i~M rgyan/_/bskrun las bdud bzhi'i dpung gnyen bgegs tshogs las/_/phyogs las rnam rgyal rgyala~M mtsha~Mn brtan gyur cig__/rdo rje phur pa'i sgrub thabs dbang dang bcas pa'i le'u tshan no//

[edit]
༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། རྡོ་རྗེ་ཕུར་པའི་སྒྲུབ་ཐབས་དང་དབང་གི་ཆོ་ག་བདུད་འདུལ་ཕྲིན་ལས་འབར་བའི་ཐོག་གཟེར་ཞེས་བྱ་བ་བཞུགས་སོ།།


༄༅། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་རྩེ་བརྒྱའི་མཚོན། །ཕྲིན་ལས་འབར་བའི་ཁྲོ་རྒྱལ་ཤར་བའི་ལྷས། །སྡེར་བཅས་ཡིད་སྲུབ་བརླག་དེར་གུས་བཏུད་ནས། །དེ་སྒྲུབ་ལས་བྱང་དབང་བཅས་འདིར་གསལ་བྱ། ཕྲིན་ལས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་སྟ་གོན་དངོས་གཞི་རིག་དབང་ལྔ་བཅས་བཀའ་བརྒྱད་ལྟར་གསུངས་ཀྱང་འདིར་སྒྲུབ་སྡེ་བརྒྱད་སྤྱི་ལྟར་དོན་དབང་བསྐུར་བར་འདོད་པས། གཞུང་མཐུན་གྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ། རྣམ་རྒྱལ་བུམ་པ། ཕུར་པའི་ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། རྡོ་དྲིལ། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། ལྕགས་ཧོམ་དུ་ལིངྒ། སྒྲོལ་ཕུར། ཐོ་གཏུན། ཐུན་རྫས། སྨན་རཀ་གཏོར་མ། ཉེར་སྤྱོད་མཆོད་པ། ཚོགས། དཀར་བགེགས། ཆད་བརྟན་སོགས་སྤྱི་ལྟར་འདུ་བྱ། སློབ་དཔོན་གྱི་མདུན་དུ། ལས་བུམ། གཡབ་དར། རྡོར་དྲིལ་སོགས་བཀོད་ལ། དངོས་གཞིའི་དབང་སྒྲུབ་ཁྲོ་བོ་སྤྱི་ཡི་ལས་བྱང་གི་ཆིངས་ལྟར་ལ། གཞལ་ཡས་ཁང་བསྐྱེད་པའི། བྃ་ལས་རུ་ཏྲ་ཕོ་མོ་བསྣོལ་བའི་སྟེང༌། །རྒྱུ་ཡིག་ཧཱུྃ་ལྗང་གདན་སྟེང་བབས་པ་ལས། །དཔལ་ཆེན་ཕུར་པ་ཞལ་གསུམ་ཕྱག་དྲུག་ལྗང༌། །གཡས་དཀར་གཡོན་དམར་དབུས་ལྗང་ཁྲོ་ཞིང་གཏུམ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་ཁམ་སེར་འབར། །གཡས་གཉིས་རྡོ་རྗེ་རྩེ་ལྔ་རྩེ་དགུ་གདེངས། །གཡོན་གཉིས་སྡིགས་མཛུབ་མེ་དཔུང་ཁ་ཊྭཱཾ་འཛིན། །ཐ་མའི་ཕྱག་གཉིས་རི་རབ་ཕུར་བུ་འདྲིལ། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། འཁོར་ལོ་རྒྱས་འདེབས་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །ཤར་དུ་སྲས་མཆོག་བུདྡྷ་ཀཱི་ལ་ཡ། །དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ན་རྡོ་རྗེ་དགྲ་སྟྭ་བསྣམས། །བར་པ་གཉིས་ན་རྒྱུ་ཞགས་རལ་གྲི་གདེངས། །ལྷོ་རུ་སྲས་མཆོག་རཏྣ་ཀཱི་ལ་ཡ། །སེར་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ན་བེ་ཅོན་དགྲ་སྟྭ་འཛིན། །བར་པ་གཉིས་ན་རིན་ཆེན་རལ་གྲི་བསྣམས། །ནུབ་ཏུ་སྲས་མཆོག་པདྨ་ཀཱི་ལ་ཡ། །དམར་དཀར་སེར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་རལ་གྲི་མདུང་ཐུང་འཛིན། །བར་པ་གཉིས་ཀྱིས་མདའ་གཞུ་རྣ་བར་འགེངས། །བྱང་དུ་སྲས་མཆོག་ཀརྨ་ཀཱི་ལ་ཡ། །ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ན་མདུང་རྣོན་གྲི་གུག་གདེངས། །བར་པ་གཉིས་ན་ལྕགས་ཀྱུ་རལ་གྲི་འཕྱར། །བཞི་ཀ་ཐ་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ། །སྐུ་སྨད་ལས་བཞིའི་ཕུར་དབལ་དགྲ་སྙིང་གཟིར། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །སྟེང་འོག་ཕྱོགས་མཚམས་ཁྲོ་བཅུ་ཕྲ་ཕྱག་དང༌། །སྒོ་སྐྱོང་ཕུར་སྲུང་ལ་སོགས་བདུན་ཅུ་བརྒྱད། །ཀུན་ཀྱང་མཁའ་ལ་འཇའ་ཚོན་ཇི་བཞིན་དུ། །སྣང་སྟོང་ལྷ་སྐུའི་སྒྱུ་འཕྲུལ་རོལ་པར་ཤར། །སྤྱན་འདྲེན་ནས་བསྟོད་པའི་བར་ཁྲོ་བོ་སྤྱི་ཡི་ལས་བྱང་ལྟར་དང༌། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། རྣམ་རྒྱལ་བུམ་པ་དང༌། ལས་བུམ་སྒྲུབ་པ་ནས་བརྩམ་རིག་པའི་མེ་ཏོག་དོར་བ་བཅས་གཤིན་རྗེ་ལྟར་དང༌། སློབ་མ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་སྒོམ་པ་བཅས་སྤྱི་ལྟར་བྱ། ལོ་རྒྱུས་ནི། དེ་ལ་འདིར་རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་སྙིང་པོ་མཐར་ཐུག་གི་གསང་སྔགས་རྡོ་རྗེ་ཐེག་པ། དེ་ལའང་རྒྱུད་སྡེ་ཆེན་པོ་བཞི་ལས་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེའི་བྱེ་བྲག །ཕྲིན་ལས་ཕུར་པ་རོལ་པ་སྟེ་འདི་ཁོ་ན་ལའང་སྤྱིའི་རྒྱུད་སྡེ་སུམ་ཅུ་རྩ་དྲུག་དང༌། མན་ངག་གི་རྩ་རྒྱུད་རྡོ་རྗེ་ཁྲོས་པ། ཕུར་པ་མྱང་འདས་སོགས་དང༌། དེ་ཡི་ཡང་སྙིང་རྩ་དུམ་སོགས་མཐའ་ཡས་པ་བཞུགས་ཤིང༌། རིག་འཛིན་ཆེན་པོ་པྲ་བྷ་ཧསྟི་དང༌། ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་སོགས་ཀྱིས་བཀྲལ་བའི་བཀའ་སྲོལ་དང༌། ལྷག་པའི་ལྷ་འདི་བར་ཆད་སེལ་བ་ལ་བྱིན་རླབས་གཞན་མཚུངས་མེད་པས་དམ་པ་རྒྱ་གར་དང༌། ཁ་ཆེ་པཎ་ཆེན་སོགས་འཕགས་ཡུལ་གྱི་པཎ་ཆེན་རམ་འགོས་ཁྱུང་གསུམ་སོགས་བོད་ཡུལ་གསར་མའི་སྐྱེས་ཆེན་ཀུན་གྱིས་ཀྱང་ཐུགས་དམ་གྱི་ལྷར་བསྟེན་པའི་ཟབ་ཆོས་འདི་ལ་རྒྱ་ཆེ་བ་བཀའ་མ། ཟབ་པ་གཏེར་མའི་སྨིན་གྲོལ་གྱི་ཆོས་སྐོར་རྒྱ་མཚོ་ལྟ་བུའི་སྙིང་པོ་འདི་ནི། སངས་རྒྱས་གཉིས་པ་པདྨའི་ཐུགས་སྲས་རྗེ་གཅིག་མངའ་བདག་རྒྱལ་པོ་ཉིད་གངས་ཅན་བསྟན་འགྲོའི་དཔལ་དུ་གྲུ་འཛིན་གྱི་རི་བོར་པད་དཀར་འཆང་བ་མཁས་ཤིང་དངོས་གྲུབ་བརྙེས་པའི་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོའི་རོལ་གར་དུ་བྱོན་པ་ཀུན་མཁྱེན་རྡོ་རྗེ་ཐོགས་མེད་རྩལ་ལ། བཀའ་གཙིགས་ཀྱི་ཕྱག་རྒྱ་ཉེར་ལྔས་རྒྱས་བཏབ་པའི་དག་སྣང་གི་ཆོས་སྡེ་རྒྱ་ཆེ་དོན་ཟབ་ཏུ་བཞུགས་པའི་བྱེ་བྲག །བཀའ་བརྒྱད་རིག་འཛིན་ཞལ་ལུང་ལ་སྤྱི་དང་བྱེ་བྲག་གི་སྒྲུབ་པ་གཉིས་ལས། བྱེ་བྲག་རྡོ་རྗེ་ཕུར་པའི་དབང་བསྐུར་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བཏབ་ནས་བྱིན་འབེབས་ཀྱི་བར་གཤིན་རྗེ་ལྟར་ལ། བྱིན་འབེབས་ཀྱི་ལྷ་བསྐྱེད། དབང་སྟེགས་ལ་འཁོད་པ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ནི། སྐུ་མདོག་ལྗང་ནག་ལྗང་དཀར་དམར་བའི་ཞལ་གསུམ་སྤྱན་བགྲད་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་རྩེ་དགུ་དང་མེ་དཔུང༌། བར་པ་གཉིས་རྡོ་རྗེ་རྩེ་ལྔ་དང་ཁ་ཊྭཱཾ། ཐ་མ་གཉིས་ཀྱིས་ཕུར་པ་སྒྲིལ་བ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་ནས་པདྨ་ཉི་ཟླའི་གདན་སྟེང་བདུད་བཞི་བྱི་ཆིངས་སུ་མནན་པ། དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པའི་ཡུམ་འཁོར་ལོ་རྒྱས་འདེབས་མཐིང་སྐྱ་གཅེར་བུ། གཟིག་ཤམ། རུས་རྒྱན་ཐོད་སྐམ་གྱི་ཕྲེང་བས་བརྒྱན་པ་དང་མཉམ་པར་སྦྱོར་བ་གསལ་བའི་དཔྲལ་བར་ཨོཾ་དཀར་པོ་སོགས་ནས་བྱིན་འབེབས། བརྟན་བཞུགས། མཐོང་བ་བསྟན་པའི་བར་གཤིན་རྗེ་ལྟར་ལ། མཐོང་བ་བསྟན་པའི་ལྷག་པ་ཏིང་ངེ་འཛིན་གྱི་སྤྲུལ་པའི་གཞལ་མེད་ཁང་རྡོ་རྗེ་རྭ་གུར་མེ་དཔུང་གི་དབུས་སུ་རྡོ་རྗེ་བྲག་ཆེན་བདུད་བཞིའི་གདན་ལ་དཔལ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་སོགས་བྱིན་འབེབས་ཀྱི་ལྷ་བསྐྱེད་ལྟར། མཉམ་པར་སྦྱོར་བའི་མཐའ་བསྐོར་འཁོར་ལོ་རྩིབས་བཅུར་བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ་ཡབ་ཡུམ་གྱི་གཡས་གཡོན་དུ་ཕྲ་ཐབས་ཉི་ཤུ། གཙོ་བོའི་གནས་ལྔར་སྲས་མཆོག་རིགས་ལྔ། སྒོ་བཞིར་སྒོ་མ་བཞི་དང༌། མུ་རན་ལ་ཕུར་སྲུང་དམ་ཅན་བཅུ་གཉིས་སོགས་ཡེ་ཤེས་སྒྱུ་མའི་རྣམ་རོལ་གཞི་ལམ་འབྲས་བུའི་སོགས་ནས་ལྷ་དབང་བར་གཤིན་རྗེ་ལྟར་ལ། ལྷ་དབང་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས། །གཡོན་པ་མེ་དཔུང་ཁ་ཊྭཱཾ་བསྣམས། །ཐ་མ་གཉིས་ན་ཕུར་པ་འདྲིལ། །འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ། །ཕུར་པ་ཡབ་ཡུམ་དབང་བསྐུར་བས། །ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་བུདྡྷ་ཀཱི་ལ་ཡ། །བུདྡྷ་ཁྲོ་མོ་ཡུམ་དང་སྦྱོར། །ཞི་བའི་ཕྲིན་ལས་མཐར་ཕྱིན་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་བུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་རཏྣ་ཀཱི་ལ་ཡ། །རཏྣ་ཁྲོ་མོ་ཡུམ་དང་སྦྱོར། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་རཏྣ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་པདྨ་ཀཱི་ལ་ཡ། །པདྨ་ཁྲོ་མོ་ཡུམ་དང་སྦྱོར། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་པདྨ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་ཀརྨ་ཀཱི་ལ་ཡ། །ཀརྨ་ཁྲོ་མོ་ཡུམ་དང་སྦྱོར། །དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་ཀརྨ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧོཿ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བས། བདེ་གཤེགས་ཐམས་ཅད་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་དང་ཐུགས་ཀྱི་དབང་ཡང་དག་ལྟར་སྦྱར། དབང་ཆོག་གཞན་དུ་དབང་བཞིའི་རྗེས་སུ་སྒྲོལ་དབང་འབྱུང༌། བུམ་དབང་གི་མཐར་སྒྲོལ་དབང་སྦྱར་བ་སྐབས་འདི་རྟ་མགྲིན་ཁམས་གསུམ་ཟིལ་གནོན་དུ་གསུངས་པ་ལྟར་བཀོད་པའོ། དེ་དག་གིས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་གིས་རྒྱུད་སྨིན་པར་བྱས་ནས། ད་སྨད་ལས་དགྲ་བགེགས་སྒྲོལ་བའི་རྗེས་སུ་གནང་བ་སྦྱིན་པ་ལ། མངོན་སྤྱོད་རྩོམ་པ་པོ་རིག་པ་ཡེ་ཤེས་ཀྱི་ཕུར་བའི་དགོངས་པ་མངོན་དུ་གྱུར་པའི་ལྟ་བ་ཆོས་ཉིད་ཀྱི་རྫོང་ལ་བཞུགས་ཤིང༌། བསྐྱེད་རིམ་སྲིད་པ་ཕུར་བུ་དང་རྫོགས་རིམ་བྱང་ཆུབ་སེམས་ཀྱི་ཕུར་བུས་སྒོམ་པ་ཏིང་ངེ་འཛིན་གྱི་འཕྲང་ལ་འགྲིམས་ཏེ། སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པས་མཚན་མ་རྫས་ཀྱི་ཕུར་བུས་དགྲ་བགེགས་བསྒྲལ་བ་མངོན་སྤྱོད་ཀྱི་ལས་རྩོམ་པར་བྱ་སྟེ། ཇི་སྐད་དུ། ཕུར་པ་གྲུབ་ནས་གདབ་ལས་བྱ། །ཞེས་གསུངས་པས་ཕྲིན་ལས་རྩོམ་པའི་ཡུལ་ཉམས་པ་བདུན་ལྡན་གྱི་དགྲ་བགེགས་ལ། ཇི་ལྟར་བརྩམ་པའི་མངོན་སྤྱོད་དྲག་པོ་སྒྲོལ་བའི་ཕྲིན་ལས་ཀྱི་དམིགས་པའི་རིམ་པ་འདི་ལྟར་གསལ་འདེབས་གནང་བར་ཞུ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཨེ་ཁྲོམ་འབར་བའི་རང་བཞིན། ནང་བཅུད་རྣམས་རྡོ་རྗེ་ཕུར་པ་རིག་འཛིན་དང་བཅས་པའི་ལྷ་ཚོགས་ཐམས་ཅད་འབར་བའི་སྐུར་བཞེངས་ཏེ་རྔམས་པའི་ཧཱུྃ་སྒྲ་སྒྲོགས་ཤིང་ལས་ལ་ཆས་པར་གྱུར། ཨེ་ཡཾ་ཛྭ་ལ་རཾ། མདུན་དུ་བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་དགྲ་བགེགས་དམ་སྲི་ཕོ་མོ་རྣམས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། གཡབ་དྲིལ་འགུགས་རྒྱ་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་ཕྲིན་ལས་ཕུར་པ་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤྲཱི་གྷྲཾ་ཨཱ་ན་ཡ་ཛཿཧཱུྃ་བྃ་ཧོཿ ལན་གསུམ། དེ་ནས་གདབ་པའི་སྔགས་དྲུག་སྤུ་གྲིའི་དགོངས་པས་བསྒྲལ་བ་ལ་རིག་པ་མཆོག་གི་རྒྱུད་ལས། །ལྷ་དབྲལ་གཟུགས་ལ་གདབ་པ་དང༌། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ལའང་ཕོ་ཉ་འཕྱང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། ཞེས་གསུངས་པ་ལྟར། དང་པོ་ལྷ་དང་དབྲལ་བ་ལ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབས། །སྤྲུལ་པ་ཆེན་པོའི་དུས་ལ་བབས། །ཕྱག་བརྙན་ཆེན་པོའི་དུས་ལ་བབས། །ཤྭ་ན་མུ་ཁའི་དུས་ལ་བབས། །བདག་ཉིད་ཆེན་པོའི་དུས་ལ་བབས། །ས་བདག་ཆེན་མོའི་དུས་ལ་བབས། །ཁྱོད་ཀྱི་ཕྲིན་ལས་དུས་ལ་བབས། མཐུ་རྩལ་དབྱུང་བའི་དུས་ལ་བབས། །ཞེས་པ་བབས་བརྒྱད་བསྐུལ་རྗེས་སུ་འཕྱོང་ནི། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཧ་ས་ཡ་ར་ཧ་ར་ཧྲཱི་དཎྜ་ཧཱུྃ་ཕཊ། རྫས་ནི། གུ་གུལ་སོགས་དབྱེ་རྫས་ཀྱིས་བདུག་ཅིང་བྱ་རོག་དང་འུག་པའི་དང་རུས་ཕྱིར་འབྱེད་པའི་ཚུལ་བྱ། ཏིང་འཛིན་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་དང་རྡོ་རྗེ་ལེགས་པ་འགོང་པོ་འཁོར་བཅས་ཀྱིས་བསྒྲུབ་བྱ་སྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲལ་ནས་བྱ་སྤུ་རླུང་གིས་གཏོར་བ་ལྟར་དབྱེ་བར་བསམ་མོ། །དམོད་པ་ནི། དགྲ་དང་སྐྱོབ་པའི་ལྷ་གཉིས་བྲལ་བར་གྱུར་ཅིག །ཅེས་བརྗོད་དོ། །གཉིས་པ་གཟུགས་ལ་དབབ་པ་ལ་དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབས། །སྤྲུལ་པ༴ །ཕྱག་བརྙན་ཆེན་པོའི༴ །ཤྭ་ན༴ །བདག་ཉིད༴ །ས་བདག་ཆེན་པོའི༴ །ཁྱོད་ཀྱི་ཕྲིན་ལས༴ །མཐུ་རྩལ་དབྱུང་བའི༴ །འཕྱོང་ནི། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ། རྫས་ནི། ཡུངས་ཀར་གྱིས་བྲབ་ཅིང་ཐལ་མོ་གཉིས་སྦུབས་ལ་འབེབས་ཚུལ་བྱ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་ལྕགས་ཀྱུ་ཐོགས་པ་མང་པོ་ཀླུ་ཆེན་འཇོག་པོ་འཁོར་བཅས་ཀྱིས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིངྒ་ལ་གཉིས་སུ་མེད་པར་བསྟིམ་པར་བསམ། དམོད་པ་ནི། ཆེ་གེ་མོའི། རྣམ་ཤེས་ལིངྒ་ལ་ཐིམ་པར་གྱུར་ཅིག །ཅེས་བརྗོད་པའོ། །གསུམ་པ་བྱད་དུ་གཞུག་པ་ལ། དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབས། །སྤྲུལ་པ༴ །ཕྱག་བརྙན༴ །ཤྭ་ན་མུ་ཁའི༴ །བདག་ཉིད༴ །ས་བདག༴ །ཁྱོད་ཀྱི༴ །མཐུ་རྩལ༴ །འཕྱོང་ནི། ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། ཞེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཛཿཧཱུྃ་བྃ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། རྫས་ནི། ཚོན་སྐུད་སྣ་ལྔའི་སྐུད་པ་དང་ཡུགས་སའི་སྒྲ་སྐུད་ཀྱིས་ཡན་ལག་རྣམས་འཆིང་བའི་ཚུལ་བྱ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པ་རྣམས་དང་སྲོག་བདག་སྒྲོལ་གིང་འཁོར་བཅས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་ཐོགས་པ་རྣམས་ཀྱིས་དགྲ་བོ་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་བར་བསམ། དམོད་པ་ནི། དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག་སྡོམས་ཤིག །ཅེས་བརྗོད། བཞི་པ་སྨྱོ་རུ་གཞུག་པ་ལ་དྲུག་གི་ཕོ་ཉ་ནི། བབ་བརྒྱད་བསྐུལ། ཧཱུྃ་ཛཿ དམ་ཚིག༴ །སྤྲུལ་པ༴ །ཕྱག་བརྙན༴ །ཤྭ་ན༴ །བདག་ཉིད༴ །ས་བདག༴ །ཁྱེད་ཀྱི༴ །མཐུ་རྩལ་འབྱུང༴ །འཕྱོང་ནི། རིངས་པར་ཁུག་ལ་སྨྱོ་རུ་ཆུག །ཅེས་སྦྱར། སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། རྫས་ནི། དུག་སྣ་ཚོགས་དང་དྷ་དུ་རའི་ཁུ་བས་བྲབ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་ཡང་སྤྲུལ་དང་བཅས་པ་དང་གནམ་ཐེ་འཁོར་བཅས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དམིགས་བྱ་སེམས་སྨྱོས་ལུས་སྐྲངས་དྲན་མེད་དུ་གྱུར་ནས་མུ་ཅོལ་དུ་སྨྲ་བར་བསམ། དམོད་པ་ནི། ཆེ་གེ་མོ་སྨྱོ་རུ་ཆུག །འབོག་ཏུ་ཆུག །དྲན་པ་ཉམས་པར་གྱུར་ཅིག །ཅེས་བརྗོད། ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་ཆིག་ཤུར་གྱི་གདབ་ལས་འབྱུང་བས་བསྒྲལ་ཕུར་ཐོགས་ལ། བདག་དཔལ་ཆེན་པོ་ཕུར་པ་སྲས་མཆོག་ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་སྙིང་གར་ཚེ་སྲོག་གི་རྟེན་ནྲྀ་ཏྲི་དང་བཅས་གསལ། ཕུར་པའི་དབལ་རྩེ་ཨ་དཀར་པོའི་འོད་ཀྱིས་དམིགས་བྱའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སྲོག་རྟེན་ལ་རེག་པ་ཙམ་གྱིས་སྒོ་ལྔའི་རྣམ་ཤེས་དབལ་རྩེར་བསྡུས། ཉོན་ཡིད་རྩད་བཅད། དྭངས་མ་ལྔ་འདུས་ཀྱི་ཚེ་བསོད་ཐམས་ཅད་འོད་དཀར་པོའི་རྣམ་པར་བསྡུས་ནས་རང་ལ་ཐིམ། ཀུན་གཞིའི་རྣམ་ཤེས་ཨ་དཀར་པོའི་རྣམ་པ་ཕུར་རྩེས་ལིང་གིས་བཏེགས་ནས་དཔལ་ཆེན་པོའི་ཐུགས་ཀར་ཐིམ། ཕུར་བུའི་དབལ་ལས་མཚོན་ཆའི་ཆར་བབ་པས་བག་ཆགས་ཀྱི་གཟུགས་ཕུང་དུམ་བུར་གཏུབས་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པ་ཉེར་གཅིག་གི་མཐར། ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན་མོ་ཧ་གྷཱ་ཏ་ཡ་བྷ་ག་ཝཱན་ཧྲཱིཿཥྚིཿབཱི་ཀྲྀ་བཛྲ་ཧཱུྃ་ཀ་ར་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱཾན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཀ་ར་ཧཱུྃ་ཕཊ། ཧཱུྃ་ཀ་ར་ཧཱུྃ་ཕཊ། སྤུ་གྲིའི་སྔགས་བརྗོད། ཕྱིར་མི་ལྡོག་པའི་ཕྱིར། ལྷ་སོ་སོའི་ཕུར་པ་ཡོད་ན་དེ་ལྟར་དང༌། ཕུར་པ་གཅིག་ལས་མེད་ན་ལྷ་དེ་དང་དེར་མོས་པས་བསྒྲལ་འོས་གནས་སོ་སོར་གདབ་སྟེ། སྤྱི་བོར་ཐོབ་ཅིག་ཧཱུྃ་ཀ་ར། །དཔྲལ་བར་ཐོབ་ཅིག་རྣམ་པར་རྒྱལ། །ལྟེ་བར་ཐོབ་ཅིག་གཤིན་རྗེ་གཤེད། །མགྲིན་པར་ཐོབ་ཅིག་རྟ་མགྲིན་དཔལ། །སྙིང་ལ་ཐོབ་ཅིག་བདུད་རྩི་འཁྱིལ། །དཔུང་གཡོན་ཐོབ་ཅིག་དབྱུག་སྔོན་ཅན། །དཔྱི་གཡོན་ཐོབ་ཅིག་མི་གཡོ་མགོན། །དཔྱི་གཡས་ཐོབ་ཅིག་འདོད་པའི་རྒྱལ། དཔུང་གཡས་ཐོབ་ཅིག་ཁམས་གསུམ་རྒྱལ། །གསང་བར་ཐོབ་ཅིག་སྟོབས་པོ་ཆེ། །ཞེས་ཁྲོ་བོ་བཅུ་དང༌། བར་བར་ཐོབ་ཅིག་ཟ་གསོད་ཚོགས། ཞེས་གཡས་གཡོན་དུ་ཕྲ་ཕྱག་དང༌། ཁྱབ་པར་ཐོབ་ཅིག་སྲས་མཆོག་ཚོགས། ཞེས་པས་དབང་པོ་ལྔ་དང་དོན་སྙིང་ལ་སྲས་མཆོག་ཉེར་གཅིག །ཚིག་བཞིར་ཐོབ་ཅིག་ཕྲིན་ལས་བཞི། ཞེས་པས་སྡུད་སྒོ་དང་སྤྱི་ཚིག་བཞི་ལ་ཕྲིན་ལས་བཞི། ལྷུ་རྣམས་ཐོབ་ཅིག་སྲུང་མའི་ཚོགས། ཞེས་པས་ལྷུ་ཚིག་བཅུ་གཉིས་ལ་ཕུར་སྲུང་བཅུ་གཉིས། མཐིལ་བཞིར་ཐོབ་ཅིག་དབང་མོའི་ཚོགས། ཞེས་པས་དབང་མོ་ཉེར་བཞིའི་ཕུར་པ་རྣམས་གདབ། ཐུན་སྣ་ཚོགས་ཀྱིས་བྲབ། རྡུལ་དུ་བརླག་པ་དངོས་ལ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ༴ །ཕྱག་བརྙན༴ །ཤྭ་ན༴ །བདག་ཉིད༴ །ས་བདག༴ །ཁྱེད་ཀྱི༴ །མཐུ་རྩལ་འབྱུང༴ །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ད་དྷ་ཡ་ཧཱུྃ་ཕཊ། རྫས། རྡོ་རྗེ་ཐོ་བ་དང༌། གཏུན་ཁུང་གྲུ་གསུམ་བར་དུ་བརྡུང༌། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཡང་སྤྲུལ་དང་བཅས་པ་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དམིགས་བྱ་རྡུལ་དུ་བརླག་པར་བསམ། དམོད་པ། དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློག་ཅིག །དྲུག་པ་ཞལ་དུ་བསྟབ་པ་ལ་ཡང་དྲུག་གི་ཕོ་ཉ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ༴ །ཕྱག་བརྙན༴ །ཤྭ་ན༴ །བདག་ཉིད༴ །ས་བདག་ཆེན་པོའི༴ །ཁྱེད་ཀྱི་ཕྲིན་ལས༴ །མཐུ་རྩལ་འབྱུང་བའི༴ བབ་བརྒྱད་བསྐུལ། འཕྱོང་ནི། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི། ཞེས་གདགས། སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ རྫས། ཧོམ་གཟར་དུ་སྙིགས་མའི་ཤ་ཁྲག་སྟོབ་ཅིང༌། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་རེ་མ་ཏིས་གྲོགས་བྱས་ཤིང་སྟོབ་པས་དགྱེས་པའི་རྐན་སྒྲ་དང་བཅས་རོལ་བར་བསམ། དམོད་པ། དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག །ཅེས་བརྗོད། དེ་ནས་སླར་ཡང་ལིང་རོ་རྣམས་བདུད་རྩིར་སྤར་བ་ཞལ་དུ་སྟོབ་ཅིང༌། ཧཱུྃ། །དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི། །སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་སྟོབ། །ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་བསྩལ་དུ་གསོལ། ཞེས་ཕུལ་བས་ལྷ་ཐམས་ཅད་མཉེས་ཏེ་ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཞེས་དངོས་གྲུབ་བསྩལ། ཕཊ་ཕཊ་ཀྱིས་དགྲ་བགེགས་དབྱིངས་སུ་བསྒྲལ་བར་བསམ་མོ། །དེ་རྣམས་ཀྱིས་མངོན་སྤྱོད་དྲག་པོའི་རྗེས་གནང་གྲུབ་པ་ལགས་པས། དེང་ནས་བརྩམས་ཏེ་སྣང་སྲིད་ཐལ་འབྱིན་གྱི་དགོངས་པས་ཕུར་བུ་རྣམ་བཞི་ཡུལ་སོ་སོར་གདབ་པའི་ལས་ལ་བརྩོན་པར་མཛོད་ཅིག །གཉིས་པ་གསང་བའི་དབང་ནས་བརྩམ་དམ་ཚིག་ཁས་བླངས་གཏང་རག་ལུས་འབུལ་དགེ་བསྔོ་བཅས་གཤིན་རྗེ་ལྟར་མཐར་དབྱུང༌། སློབ་དཔོན་གྱིས་ལྷག་མ་ནས་བརྩམས་ཕྲིན་ལས་མཐའ་རྒྱས་སུ་བྱའོ། །གདོད་ནས་འགྱུརྃ་མེདྃ་སྣང་སྲིད་ཕུར་བུའི་ལྷ། །སྨིན་བྱེད་ཐེགྃ་མཆོྃག་གདམས་པས་བསྟནྃ་པའིྃ་རྒྱན། །བསྐྲུན་ལས་བདུད་བཞིའི་དཔུང་གཉེན་བགེགས་ཚོགས་ལས། །ཕྱོགས་ལས་རྣམ་རྒྱལ་རྒྱལྃ་མཚྃན་བརྟན་གྱུར་ཅིག །རྡོ་རྗེ་ཕུར་པའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
[edit]

@#/_dag snang bka' brgyad rig 'dzin zhal lung las/_rdo rje phur pa'i sgrub thabs dang dbang gi cho ga bdud 'dul phrin las 'bar ba'i thog gzer zhes bya ba bzhugs so// @#/_/rgyal kun ye shes rdo rje rtse brgya'i mtshon/_/phrin las 'bar ba'i khro rgyal shar ba'i lhas/_/sder bcas yid srub brlag der gus btud nas/_/de sgrub las byang dbang bcas 'dir gsal bya/_phrin las rdo rje phur pa'i dkyil 'khor du dbang bskur sta gon dngos gzhi rig dbang lnga bcas bka' brgyad ltar gsungs kyang 'dir sgrub sde brgyad spyi ltar don dbang bskur bar 'dod pas/_gzhung mthun gyi dkyil 'khor bkram pa'i dbus su/_rnam rgyal bum pa/_phur pa'i lha tsaka yongs rdzogs/_sngags byang*/_rdo dril/_gsang thod bdud rtsi/_rig tsaka_/shel rdo/_lcags hom du ling+ga/_sgrol phur/_tho gtun/_thun rdzas/_sman raka gtor ma/_nyer spyod mchod pa/_tshogs/_dkar bgegs/_chad brtan sogs spyi ltar 'du bya/_slob dpon gyi mdun du/_las bum/_g.yab dar/_rdor dril sogs bkod la/_dngos gzhi'i dbang sgrub khro bo spyi yi las byang gi chings ltar la/_gzhal yas khang bskyed pa'i/_ba~M las ru tra pho mo bsnol ba'i steng*/_/rgyu yig hU~M ljang gdan steng babs pa las/_/dpal chen phur pa zhal gsum phyag drug ljang*/_/g.yas dkar g.yon dmar dbus ljang khro zhing gtum/_/spyan bgrad zhal gdangs ljags 'dril mche ba gtsigs/_/smin ma sma ra dbu skra kham ser 'bar/_/g.yas gnyis rdo rje rtse lnga rtse dgu gdengs/_/g.yon gnyis sdigs mdzub me dpung kha T+wAM 'dzin/_/tha ma'i phyag gnyis ri rab phur bu 'dril/_/dpal dang dur khrod chas kyis rnam par brgyan/_zhabs bzhi g.yas bskum g.yon brkyang dor stabs bgrad/_'khor lo rgyas 'debs kha T+wAM thod 'dzin 'khyud/_/shar du sras mchog bud+d+ha kI la ya/_/dkar mthing dmar ba'i zhal gsum phyag drug gi_/dang po gnyis na rdo rje dgra s+t+wa bsnams/_/bar pa gnyis na rgyu zhags ral gri gdengs/_/lho ru sras mchog rat+na kI la ya/_/ser dkar dmar ba'i zhal gsum phyag drug gi_/dang po gnyis na be con dgra s+t+wa 'dzin/_/bar pa gnyis na rin chen ral gri bsnams/_/nub tu sras mchog pad+ma kI la ya/_/dmar dkar ser ba'i zhal gsum phyag drug gi_/dang po gnyis kyis ral gri mdung thung 'dzin/_/bar pa gnyis kyis mda' gzhu rna bar 'gengs/_/byang du sras mchog karma kI la ya/_/ljang dkar dmar ba'i zhal gsum phyag drug gi_/dang po gnyis na mdung rnon gri gug gdengs/_/bar pa gnyis na lcags kyu ral gri 'phyar/_/bzhi ka tha phyag gnyis kyis phur bu 'dril/_/sku smad las bzhi'i phur dbal dgra snying gzir/_/dpal dang dur khrod chas kyis rnam par brgyan/_/steng 'og phyogs mtshams khro bcu phra phyag dang*/_/sgo skyong phur srung la sogs bdun cu brgyad/_/kun kyang mkha' la 'ja' tshon ji bzhin du/_/snang stong lha sku'i sgyu 'phrul rol par shar/_/spyan 'dren nas bstod pa'i bar khro bo spyi yi las byang ltar dang*/_sngags ni/_oM badz+ra kI li kI la ya sarba big+h+nAn baM hU~M phaT/_rnam rgyal bum pa dang*/_las bum sgrub pa nas brtsam rig pa'i me tog dor ba bcas gshin rje ltar dang*/_slob ma khrus bya/_bgegs bskrad/_srung 'khor sgom pa bcas spyi ltar bya/_lo rgyus ni/_de la 'dir rgyal bas chos sgo brgyad khri bzhi stong gsungs pa'i snying po mthar thug gi gsang sngags rdo rje theg pa/_de la'ang rgyud sde chen po bzhi las gsang sngags bla med kyi rgyud sde'i bye brag_/phrin las phur pa rol pa ste 'di kho na la'ang spyi'i rgyud sde sum cu rtsa drug dang*/_man ngag gi rtsa rgyud rdo rje khros pa/_phur pa myang 'das sogs dang*/_de yi yang snying rtsa dum sogs mtha' yas pa bzhugs shing*/_rig 'dzin chen po pra b+ha hasti dang*/_o rgyan rdo rje thod phreng rtsal sogs kyis bkral ba'i bka' srol dang*/_lhag pa'i lha 'di bar chad sel ba la byin rlabs gzhan mtshungs med pas dam pa rgya gar dang*/_kha che paN chen sogs 'phags yul gyi paN chen ram 'gos khyung gsum sogs bod yul gsar ma'i skyes chen kun gyis kyang thugs dam gyi lhar bsten pa'i zab chos 'di la rgya che ba bka' ma/_zab pa gter ma'i smin grol gyi chos skor rgya mtsho lta bu'i snying po 'di ni/_sangs rgyas gnyis pa pad+ma'i thugs sras rje gcig mnga' bdag rgyal po nyid gangs can bstan 'gro'i dpal du gru 'dzin gyi ri bor pad dkar 'chang ba mkhas shing dngos grub brnyes pa'i mchog gi rdo rje slob dpon chen po'i rol gar du byon pa kun mkhyen rdo rje thogs med rtsal la/_bka' gtsigs kyi phyag rgya nyer lngas rgyas btab pa'i dag snang gi chos sde rgya che don zab tu bzhugs pa'i bye brag_/bka' brgyad rig 'dzin zhal lung la spyi dang bye brag gi sgrub pa gnyis las/_bye brag rdo rje phur pa'i dbang bskur gsan pa'i yon du maN+Dal phul/_gsol btab nas byin 'bebs kyi bar gshin rje ltar la/_byin 'bebs kyi lha bskyed/_dbang stegs la 'khod pa dpal chen po rdo rje gzhon nu'i skur gyur pa ni/_sku mdog ljang nag ljang dkar dmar ba'i zhal gsum spyan bgrad mche ba gtsigs shing ljags 'dril ba/_phyag drug gi dang po gnyis rdo rje rtse dgu dang me dpung*/_bar pa gnyis rdo rje rtse lnga dang kha T+wAM/_tha ma gnyis kyis phur pa sgril ba/_zhabs bzhi g.yas bskum g.yon brkyang nas pad+ma nyi zla'i gdan steng bdud bzhi byi chings su mnan pa/_dpal dang dur khrod chas kyis brgyan pa'i yum 'khor lo rgyas 'debs mthing skya gcer bu/_gzig sham/_rus rgyan thod skam gyi phreng bas brgyan pa dang mnyam par sbyor ba gsal ba'i dpral bar oM dkar po sogs nas byin 'bebs/_brtan bzhugs/_mthong ba bstan pa'i bar gshin rje ltar la/_mthong ba bstan pa'i lhag pa ting nge 'dzin gyi sprul pa'i gzhal med khang rdo rje rwa gur me dpung gi dbus su rdo rje brag chen bdud bzhi'i gdan la dpal rdo rje gzhon nu sku mdog mthing nag sogs byin 'bebs kyi lha bskyed ltar/_mnyam par sbyor ba'i mtha' bskor 'khor lo rtsibs bcur bdud 'dul khro bo chen po bcu yab yum gyi g.yas g.yon du phra thabs nyi shu/_gtso bo'i gnas lngar sras mchog rigs lnga/_sgo bzhir sgo ma bzhi dang*/_mu ran la phur srung dam can bcu gnyis sogs ye shes sgyu ma'i rnam rol gzhi lam 'bras bu'i sogs nas lha dbang bar gshin rje ltar la/_lha dbang ni/_hU~M/_dpal chen rdo rje gzhon nu'i sku/_/ljang nag zhal gsum phyag drug pa/_/rdo rje rtse dgu rtse lnga g.yas/_/g.yon pa me dpung kha T+wAM bsnams/_/tha ma gnyis na phur pa 'dril/_/'khor lo rgyas 'debs yum dang 'khril/_/phur pa yab yum dbang bskur bas/_/phrin las lhun gyis grub par shog_/oM badz+ra kI li kI la ya sarba sa ma ya a b+hi Shiny+tsa a aH_hU~M/_khrag 'thung bud+d+ha kI la ya/_/bud+d+ha khro mo yum dang sbyor/_/zhi ba'i phrin las mthar phyin nas/_/mthu stobs rdzogs pa'i dbang thob shog_/oM bud+d+ha kI li kI la ya hU~M phaT/_oM bud+d+ha kro ti shwa ri hU~M phaT/_a b+hi Shiny+tsa a aH_hU~M/_khrag 'thung rat+na kI la ya/_/rat+na khro mo yum dang sbyor/_/rgyas pa'i phrin las mthar phyin nas/_/mthu stobs rdzogs pa'i dbang thob shog_/oM rat+na kI li kI la ya hU~M phaT/_oM rat+na kro ti shwa ri hU~M phaT/_a b+hi Shiny+tsa a aH_hU~M/_khrag 'thung pad+ma kI la ya/_/pad+ma khro mo yum dang sbyor/_/dbang gi phrin las mthar phyin nas/_/mthu stobs rdzogs pa'i dbang thob shog_/oM pad+ma kI li kI la ya hU~M phaT/_oM pad+ma kro ti shwa ri hU~M phaT/_a b+hi Shiny+tsa a aH_hU~M/_khrag 'thung karma kI la ya/_/karma khro mo yum dang sbyor/_/drag po'i phrin las mthar phyin nas/_/mthu stobs rdzogs pa'i dbang thob shog_/oM karma kI li kI la ya hU~M phaT/_oM karma kro ti shwa ri hU~M phaT/_a b+hi Shiny+tsa a aH_hoH_phur pa phrin las lha tshogs rnams kyi dbang bskur bas/_bde gshegs thams cad kyi phrin las yongs su rdzogs pa'i dbang dam pa thob par gyur cig_/gsung dang thugs kyi dbang yang dag ltar sbyar/_dbang chog gzhan du dbang bzhi'i rjes su sgrol dbang 'byung*/_bum dbang gi mthar sgrol dbang sbyar ba skabs 'di rta mgrin khams gsum zil gnon du gsungs pa ltar bkod pa'o/_de dag gis stod las byang chub sgrub pa'i dbang gis rgyud smin par byas nas/_da smad las dgra bgegs sgrol ba'i rjes su gnang ba sbyin pa la/_mngon spyod rtsom pa po rig pa ye shes kyi phur ba'i dgongs pa mngon du gyur pa'i lta ba chos nyid kyi rdzong la bzhugs shing*/_bskyed rim srid pa phur bu dang rdzogs rim byang chub sems kyi phur bus sgom pa ting nge 'dzin gyi 'phrang la 'grims te/_spyod pa snying rje'i srog dang ldan pas mtshan ma rdzas kyi phur bus dgra bgegs bsgral ba mngon spyod kyi las rtsom par bya ste/_ji skad du/_phur pa grub nas gdab las bya/_/zhes gsungs pas phrin las rtsom pa'i yul nyams pa bdun ldan gyi dgra bgegs la/_ji ltar brtsam pa'i mngon spyod drag po sgrol ba'i phrin las kyi dmigs pa'i rim pa 'di ltar gsal 'debs gnang bar zhu/_phyi snod kyi 'jig rten thams cad e khrom 'bar ba'i rang bzhin/_nang bcud rnams rdo rje phur pa rig 'dzin dang bcas pa'i lha tshogs thams cad 'bar ba'i skur bzhengs te rngams pa'i hU~M sgra sgrogs shing las la chas par gyur/_e yaM dz+wa la raM/_mdun du brub khung yangs shing gting zab pa'i nang du dgra bgegs dam sri pho mo rnams rid cing nyam thag pa'i lus can du gyur/_g.yab dril 'gugs rgya bcas/_na mo/_dkon mchog gsum la phyag 'tshal lo/_dkon mchog gsum gyi bka' bden pa dang*/_chos nyid rnam par dag pa'i bden pa dang*/_chos can rgyu 'bras bslu ba med pa'i bden pa dang*/_khyad par du phrin las phur pa rol pa'i lha tshogs rnams kyi bden pa dang*/_sprul pa yang sprul phyag brnyan dang bcas pa rnams kyi bden pa dang*/_bden pa chen po'i mthu la brten nas ma rungs pa'i sems can bsgral ba'i zhing du gyur pa thams cad mtshan ma rdzas kyi rten 'di la mchis par gyur cig_/oM badz+ra kI li kI la ya shrI g+h+raM A na ya dzaHhU~M ba~M hoH_lan gsum/_de nas gdab pa'i sngags drug spu gri'i dgongs pas bsgral ba la rig pa mchog gi rgyud las/_/lha dbral gzugs la gdab pa dang*/_/byad du gzhug dang smyo ru gzhug_/rdul du brlag dang zhal du bstab/_/de la'ang pho nya 'phyang sngags rdzas/_/ting 'dzin dmod pas las rdzogs bya/_zhes gsungs pa ltar/_dang po lha dang dbral ba la/_hU~M dzaH_dam tshig chen po'i dus la babs/_/sprul pa chen po'i dus la babs/_/phyag brnyan chen po'i dus la babs/_/shwa na mu kha'i dus la babs/_/bdag nyid chen po'i dus la babs/_/sa bdag chen mo'i dus la babs/_/khyod kyi phrin las dus la babs/_mthu rtsal dbyung ba'i dus la babs/_/zhes pa babs brgyad bskul rjes su 'phyong ni/_gtogs shig grogs dang bral bar gyis/_zhes sbyar/_sngags ni/_oM badz+ra kI li kI la ya che ge mo ha sa ya ra ha ra hrI daN+Da hU~M phaT/_rdzas ni/_gu gul sogs dbye rdzas kyis bdug cing bya rog dang 'ug pa'i dang rus phyir 'byed pa'i tshul bya/_ting 'dzin ni/_dkyil 'khor gyi lha tshogs dang rdo rje legs pa 'gong po 'khor bcas kyis bsgrub bya srung skyob byed pa'i lha dang phral nas bya spu rlung gis gtor ba ltar dbye bar bsam mo/_/dmod pa ni/_dgra dang skyob pa'i lha gnyis bral bar gyur cig_/ces brjod do/_/gnyis pa gzugs la dbab pa la drug gi pho nya ni/_hU~M dzaH_dam tshig chen po'i dus la babs/_/sprul pa=_/phyag brnyan chen po'i=_/shwa na=_/bdag nyid=_/sa bdag chen po'i=_/khyod kyi phrin las=_/mthu rtsal dbyung ba'i=_/'phyong ni/_/phob cig rnam par gzir bar gyis/_/zhes sbyar/_sngags ni/_oM badz+ra kI li kI la ya che ge mo a be sha ya a be sha ya hU~M phaT/_rdzas ni/_yungs kar gyis brab cing thal mo gnyis sbubs la 'bebs tshul bya/_ting nge 'dzin ni/_dkyil 'khor gsum gyi lha tshogs las sprul pa yang sprul lcags kyu thogs pa mang po klu chen 'jog po 'khor bcas kyis dgra bo'i rnam shes bkug nas ling+ga la gnyis su med par bstim par bsam/_dmod pa ni/_che ge mo'i/_rnam shes ling+ga la thim par gyur cig_/ces brjod pa'o/_/gsum pa byad du gzhug pa la/_drug gi pho nya ni/_hU~M dzaH_dam tshig chen po'i dus la babs/_/sprul pa=_/phyag brnyan=_/shwa na mu kha'i=_/bdag nyid=_/sa bdag=_/khyod kyi=_/mthu rtsal=_/'phyong ni/_zungs shig rgyob cig rnam par chings/_zhes sbyar/_sngags ni/_oM badz+ra kI li kI la ya che ge mo dzaHhU~M ba~M hoH_shI g+h+raM A na ya hU~M phaT/_rdzas ni/_tshon skud sna lnga'i skud pa dang yugs sa'i sgra skud kyis yan lag rnams 'ching ba'i tshul bya/_ting nge 'dzin ni/_dkyil 'khor gsum gyi lha tshogs yang sprul dang bcas pa rnams dang srog bdag sgrol ging 'khor bcas lcags kyu zhags pa lcags sgrog thogs pa rnams kyis dgra bo ri dwags rgyar tshud pa ltar bcings bar bsam/_dmod pa ni/_dgra bgegs gnod byed 'di gru gu thul du chings shig sdoms shig_/ces brjod/_bzhi pa smyo ru gzhug pa la drug gi pho nya ni/_bab brgyad bskul/_hU~M dzaH_dam tshig=_/sprul pa=_/phyag brnyan=_/shwa na=_/bdag nyid=_/sa bdag=_/khyed kyi=_/mthu rtsal 'byung=_/'phyong ni/_rings par khug la smyo ru chug_/ces sbyar/_sngags ni/_oM badz+ra kI li kI la ya che ge mo dz+wa la pa ya dz+wa la pa ya hU~M phaT/_rdzas ni/_dug sna tshogs dang d+ha du ra'i khu bas brab/_ting nge 'dzin ni/_dkyil 'khor gsum yang sprul dang bcas pa dang gnam the 'khor bcas kyis smyo dug gi char phab pas dmigs bya sems smyos lus skrangs dran med du gyur nas mu col du smra bar bsam/_dmod pa ni/_che ge mo smyo ru chug_/'bog tu chug_/dran pa nyams par gyur cig_/ces brjod/_lnga pa rdul du brlag pa'i khongs su spu gri chig shur gyi gdab las 'byung bas bsgral phur thogs la/_bdag dpal chen po phur pa sras mchog ling+ga dgra bgegs dngos su gsal ba'i snying gar tshe srog gi rten nr-i tri dang bcas gsal/_phur pa'i dbal rtse a dkar po'i 'od kyis dmigs bya'i sgrib gnyis bag chags dang bcas pa sbyangs/_srog rten la reg pa tsam gyis sgo lnga'i rnam shes dbal rtser bsdus/_nyon yid rtsad bcad/_dwangs ma lnga 'dus kyi tshe bsod thams cad 'od dkar po'i rnam par bsdus nas rang la thim/_kun gzhi'i rnam shes a dkar po'i rnam pa phur rtses ling gis btegs nas dpal chen po'i thugs kar thim/_phur bu'i dbal las mtshon cha'i char bab pas bag chags kyi gzugs phung dum bur gtubs par bsam la/_oM badz+ra kI li kI la ya hU~M phaT/_ces pa nyer gcig gi mthar/_oM laM hU~M laM s+t+wam+b+ha ya nan mo ha g+hA ta ya b+ha ga wAn hrIHSh+TiHbI kr-i badz+ra hU~M ka ra hU~M badz+ra kI li kI la ya dzaHhU~M ba~M hoH_sarba big+h+nAMn badz+ra kI li kI la ya hU~M phaT/_badz+ra hU~M ka ra hU~M phaT/_hU~M ka ra hU~M phaT/_spu gri'i sngags brjod/_phyir mi ldog pa'i phyir/_lha so so'i phur pa yod na de ltar dang*/_phur pa gcig las med na lha de dang der mos pas bsgral 'os gnas so sor gdab ste/_spyi bor thob cig hU~M ka ra/_/dpral bar thob cig rnam par rgyal/_/lte bar thob cig gshin rje gshed/_/mgrin par thob cig rta mgrin dpal/_/snying la thob cig bdud rtsi 'khyil/_/dpung g.yon thob cig dbyug sngon can/_/dpyi g.yon thob cig mi g.yo mgon/_/dpyi g.yas thob cig 'dod pa'i rgyal/_dpung g.yas thob cig khams gsum rgyal/_/gsang bar thob cig stobs po che/_/zhes khro bo bcu dang*/_bar bar thob cig za gsod tshogs/_zhes g.yas g.yon du phra phyag dang*/_khyab par thob cig sras mchog tshogs/_zhes pas dbang po lnga dang don snying la sras mchog nyer gcig_/tshig bzhir thob cig phrin las bzhi/_zhes pas sdud sgo dang spyi tshig bzhi la phrin las bzhi/_lhu rnams thob cig srung ma'i tshogs/_zhes pas lhu tshig bcu gnyis la phur srung bcu gnyis/_mthil bzhir thob cig dbang mo'i tshogs/_zhes pas dbang mo nyer bzhi'i phur pa rnams gdab/_thun sna tshogs kyis brab/_rdul du brlag pa dngos la/_hU~M dzaH_dam tshig chen po'i dus la bab/_/sprul pa=_/phyag brnyan=_/shwa na=_/bdag nyid=_/sa bdag=_/khyed kyi=_/mthu rtsal 'byung=_/lus ngag rdul phran bzhin du rlog_/sngags ni/_oM badz+ra kI li kI la ya che ge da d+ha ya hU~M phaT/_rdzas/_rdo rje tho ba dang*/_gtun khung gru gsum bar du brdung*/_ting nge 'dzin ni/_dkyil 'khor gsum gyi lha yang sprul dang bcas pa dang lha bdud rnam rol 'khor dang bcas pas rdo rje ri rab kyi tho ba thogs nas dmigs bya rdul du brlag par bsam/_dmod pa/_dgra bgegs gnod byed thal ba'i rdul du rlog cig_/drug pa zhal du bstab pa la yang drug gi pho nya ni/_hU~M dzaH_dam tshig chen po'i dus la bab/_/sprul pa=_/phyag brnyan=_/shwa na=_/bdag nyid=_/sa bdag chen po'i=_/khyed kyi phrin las=_/mthu rtsal 'byung ba'i=_bab brgyad bskul/_'phyong ni/_badz+ra yak+sha kro d+ha khA hi/_zhes gdags/_sngags/_oM badz+ra kI li kI la ya che ge b+hin+d+ha ya b+hin+d+ha ya hU~M phaT:_rdzas/_hom gzar du snyigs ma'i sha khrag stob cing*/_ting nge 'dzin ni/_dkyil 'khor gsum gyi lha tshogs rnams kyi zhal du re ma tis grogs byas shing stob pas dgyes pa'i rkan sgra dang bcas rol bar bsam/_dmod pa/_dgra bgegs kyi sha khrag lhag ma med par rol cig_/ces brjod/_de nas slar yang ling ro rnams bdud rtsir spar ba zhal du stob cing*/_hU~M/_/dug gsum dgra bgegs bsgral ba'i sha khrag rus/_/srid gsum zhing kun gang ba'i longs spyod 'di/_/sku gsum rol pa khrag 'thung zhal du stob/_/khams gsum yongs sgrol dngos grub bstsal du gsol/_zhes phul bas lha thams cad mnyes te ha ha zhes bzhad/_hU~M hU~M zhes dngos grub bstsal/_phaT phaT kyis dgra bgegs dbyings su bsgral bar bsam mo/_/de rnams kyis mngon spyod drag po'i rjes gnang grub pa lags pas/_deng nas brtsams te snang srid thal 'byin gyi dgongs pas phur bu rnam bzhi yul so sor gdab pa'i las la brtson par mdzod cig_/gnyis pa gsang ba'i dbang nas brtsam dam tshig khas blangs gtang rag lus 'bul dge bsngo bcas gshin rje ltar mthar dbyung*/_slob dpon gyis lhag ma nas brtsams phrin las mtha' rgyas su bya'o/__/gdod nas 'gyura~M meda~M snang srid phur bu'i lha/_/smin byed thega~M mcho~Mg gdams pas bstana~M pa'i~M rgyan/_/bskrun las bdud bzhi'i dpung gnyen bgegs tshogs las/_/phyogs las rnam rgyal rgyala~M mtsha~Mn brtan gyur cig__/rdo rje phur pa'i sgrub thabs dbang dang bcas pa'i le'u tshan no//_//

Footnotes

Other Information