Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
ཞེས་པའང་བརྗེད་བྱང་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།།  +
བདག་འདྲ་ཁྲག་འཐུང་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བྲིས་པའོ།། །།  +
བདག་འདྲ་དུས་མཐའི་གཏེར་མིང་དུ་སྙོམས་ལས་པ་ཁྲག་འཐུང་རྡོ་རྗེས་ཌཱཀྐི་མའི་བཀའ་འགྲོལ་གྱི་ཚེ་བརྡ་རིས་ལས་དག་པར་ཕབ་ཅིང་ཁྲིགས་ཆགས་སུ་བཏབ་པའི་ཡི་གེའི་འདུ་བྱེད་སློབ་བུ་འཇིགས་མེད་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་གཏེར་གྱི་བདག་མོའི་ཞབས་པད་ཡུན་རིང་དུ་བརྟན་པའི་རྒྱུར་གྱུར་ཅིགཿ  +
དུས་མཐའི་གཏེར་སྟོན་ཁྲག་འཐུང་དཔའ་བོས་དམར་ནག་རཀྟའི་ཀློང་ནས་སྤྱན་དྲངས་ཤིང་བརྡ་རིས་ལས་གདུག་བ་ཤིང་སྟག་ལོར་དག་པར་ཕབ་པ་གཏེར་སྲུང་གདུག་རྩུབ་ཆེ་བས་མཇུག་བསྡུ་མ་ནུས་པ་ཕྱིས་ཤིང་ཡོས་ལོར་ཌཱཀྐིའི་བརྡས་བསྐུལ་ལྟར་ཟླ་ཚེས་དགེ་བར་དག་པར་ཕབ་པའི་ཡི་གེ་འདུ་བྱེད་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའི་ཤིན་ཏུ་གསང་བའི་སྡེ་ཚན་ནོཿ དགེའོ།། །།  +
བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ཌཱཀྐིའི་བཀའ་རྒྱ་བཀྲོལ་ལྟར་ཁྱུང་གཤོག་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་སློབ་བུ་རསྨིའི་མིང་འཛིན་གྱི་བགྱིས་པ་ཟབ་མོཿ  +
བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོའི་བརྡ་རིས་ལས་དག་པར་ཕབ་ཅིང་ཡི་གེ་པ་ནི་ཉེ་གནས་རསྨིའི་མིང་འཛིན་གྱིས་བགྱིས་པ་སྟེ་ཤིན་ཏུ་བྱིན་རླབས་མྱུར་བའི་ཆོས་ཚན་ནོཿ  +
བསྟན་སྲུང་ཆེན་པོ་མེ་འབར་འཁོར་བཅས་ཀྱིཿ གསོལ་མཆོད་འདོད་དགུ་ལྷུན་གྲུབ་ཅེས་བྱ་བཿ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་གསུངསཿ ཁ་སྐོང་ཁྲིགས་བསྡེབས་ཁྲག་འཐུང་དཔའ་བོ་ཡིསཿ བསྟན་སྲུང་རང་གིས་བསྐུལ་མ་བྱུང་ལྟར་བཀོདཿ བསྟན་དགྲ་ལས་ངན་གདུག་པ་འདུལ་བའི་གཤེདཿ དྲག་རྩལ་རྣོ་མྱུར་གནམ་ལྕགས་ཐོག་དང་འདྲཿ རང་ལ་སྙིང་ཉེ་ཕྲག་ཡངས་བཀྲ་ཤིས་སོཿ དགེ་ལེགས་འཕེལ།  +
ཞེས་དབེན་རི་ཡང་ཁྲོད་ནས་སྤྲང་ཧྲུལ་བས་ཕུལ་བ་དགེའོ།།  +
།ཞེས་པ་འདིའང་ངེས་འབྱུང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་གཞན་ཕན་ལྷག་བསམ་བཟང་པོའི་རྩིས་ཟིན་ངེས་བླ་མ་གནས་བསྐོར་ཕྱག་འཚལ་བ་འགུ་ལོག་ཨ་ཕྱེ་ཕྱོགས་ཕུ་ཚང་གི་དཀོན་མཆོག་མགོན་པོ་ནས་གསོལ་འདེབས་དང་གདམས་པ་ཕྱོགས་སྒྲིལ་འདི་ལྟར་དགོས་ཞེས་བསྐུལ་ངོར་གྲུབ་སྲས་ཨ་བུ་ཧྲལ་པོ་འཕགས་མིང་པས་ཟླ་བདུན་པའི་ཚེས་ལ་བྲིས་པ་དགེའོ། །དགེའོ།།  +
།ཅེས་གོང་གི་ཤློ་ཀ་གཅིག་པོ་རྗེ་ཉིད་ཀྱི་དག་སྣང་དུ་བྱུང་བ་དང་། ཞབས་བརྟན་སྔར་བརྩམས་ལ་ཕྱིས་གསོལ་འདེབས་སུ་སྒྱུར་བ་པོའང་བློ་གྲོས་མཐའ་ཡས་ཏེ། སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མས་རྗེས་སུ་བཟུང་པའི་རྒྱུར་གྱུར་ཅིག །  +
།ཅེས་པའང་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །དགེ་ལེགས་འཕེལ།  +
།ཅེས་པའང་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །དགེ་ལེགས་འཕེལ།  +
།ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་ས་ཁྱི་ལོ་སྣྲོན་ཟླའི་ཚེས་ཉེར་དགུ་ལ་ཡིད་ངོར་ཤར་བཞིན་རྡོ་རྗེ་གླིང་དུ་བྲིས་པའོ། །འདིས་ཀྱང་འབྲེལ་ཚད་ཀྱི་རྒྱུད་ལ་གུ་རུའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།  +
ཞེས་པ་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་་འོག་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ཁོལ་དུ་ཕྱུངས་པ་སྟེ། འདིས་ཀྱང་བསྟན་འགྲོའི་བར་ཆད་དང་རྒུད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། དགེ་ལེགས་ཀྱི་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།  +
།ཅེས་པ་འདིའང་གཅོར་གཞུང་ཀླག་བཀས་ཚང་གི་བུ་ཚེ་དགའ་སོགས་ནས་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ངོར། གདམས་པ་ཕྱོགས་བསྒྲིལ་གྱི་ཚུལ་དུ་སྲས་མིང་པས་བྲིས་པའོ། །དགེའོ།།  +
།ཅེས་པའང་མཉྫུ་གྷོ་ཥས་བགྱིས་པ་དགེ།  +
།ཞེས་པ་འདིའང་མར་ཞོག་གྲྭ་མཁྱེན་རབ་མཆོག་ནས་གསོལ་འདེབས་ཞིག་དགོས་ཞེས་བསྐུལ་ཡང་། ལར་གསོལ་འདེབས་ཀྱི་རིགས་རྒྱས་བསྡུས་བྱེ་བྲག་མང་པོ་བཞུགས་བཞིན་ཉམས་སུ་ལོན་མཁན་དཀོན་པས་ན་དཔེ་ཉོབ་རྣམས་ཤུལ་དུ་ལྷག་ཅིང་རང་འཆི་དུས་འཁྲུལ་རྐྱེན་དུ་མི་འབྱུང་བའི་ངེས་པའང་མི་འདུག་པ་དང་། ཐོས་བསམ་གྱི་ཡོན་ཏན་མི་འབྱོང་བཞིན་རྩོམ་ཆོས་སོགས་ཀྱི་བྱ་བ་གཏན་ནས་སྤང་ཁུལ་ཡིན་པ་དང་། མ་ཟད་ལོ་ཆུང་དུས་རློམ་སེམས་དང་བཅས་ཏེ་རང་ལ་ཉམས་མྱོང་རྟགས་མཚན་ཡོན་ཏན་གྱི་རིགས་ཅུང་ཟད་ཡོད་སྙམ་པ་རྣམས་དེང་སང་གནས་མེད་དུ་སངས་ནས་འདི་བརྗོད་བྱ་བའི་གཏད་སོ་གང་ཡང་མི་འདུག་ཅིང་། འོན་ཀྱང་དད་པ་ཅན་ལ་ཁྱི་སོ་ལ་རིང་བསྲེལ་འཁྲུངས་ཟེར་བའི་དཔེ་ལྟར་ཟོབ་རྫུན་གྱི་ སྒྲོ་བཏགས་ཅུང་ཟད་བྱས་པ་ཡིན་པས་གོ་གཞི་སྣ་རེ་ཙམ་སློང་རྐྱེན་ཨེ་ཡོང་སྙམ་ནས་གསོལ་འདེབས་དང་གདམས་པ་ཕྱོགས་སྦྲེལ་གྱི་ཚུལ་དུ། སྲས་མིང་པས་གང་དྲན་དེ་འཕྲལ་ཉིད་དུ་བྲིས་ནས་ཕུལ་བ་དགེའོ། །དགེའོ།།  +
།ཞེས་པའང་དད་ལྡན་གྱི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།  +
།ཅེས་པའང་མདོ་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཚེ་དབང་གྲགས་པའི་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།།  +