གསོལ་འདེབས་དྲིལ་སྒྲུབ།

From Khyentse Lineage - A Tsadra Foundation Project
Wylie title gsol 'debs dril sgrub JKCL-KABUM-10-THA-023.pdf
Location chos kyi blo gros bka' 'bum
Volume 10, Text 23, Pages 237-239 (Folios 1a1 to 2a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gsol 'debs dril sgrub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 237-239. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་ས་ཁྱི་ལོ་སྣྲོན་ཟླའི་ཚེས་ཉེར་དགུ་ལ་ཡིད་ངོར་ཤར་བཞིན་རྡོ་རྗེ་གླིང་དུ་བྲིས་པའོ། །འདིས་ཀྱང་འབྲེལ་ཚད་ཀྱི་རྒྱུད་ལ་གུ་རུའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

/ces pa'ang pad+ma ye shes rdo rjes sa khyi lo snron zla'i tshes nyer dgu la yid ngor shar bzhin rdo rje gling du bris pa'o/__/'dis kyang 'brel tshad kyi rgyud la gu ru'i byin rlabs 'jug pa'i rgyur gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
གསོལ་འདེབས་དྲིལ་སྒྲུབ་བཞུགས། གུ་རུ་དྷེ་བ་ཌཱ་ཀི་ནི་ཡེ། བྱིན་རླབས་བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་དྲིལ་སྒྲུབ་ནི། ཨ། གནས་ཡུལ་སྣོད་བཅུད་དག་པའི་ཞིང་། །མདུན་མཁར་འཇའ་འོད་འཁྲིགས་པའི་ཀློང་། །མཆོད་སྤྲིན་རྒྱ་མཚོས་གང་བའི་དབུས། །སེང་ཁྲི་པད་ཉི་ཟླ་བའི་སྟེང་། །བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །དཀར་དམར་མཚན་དཔེའི་གཟི་བརྗིད་འབར། །གསང་གོས་འདུང་མ་ཆོས་གོས་དང་། །ཟ་འོག་བེར་སྨུག་བརྗིད་པར་གསོལ། །དབུ་ལ་པད་ཞྭ་ཕྱག་གཡས་པས། །རྡོ་རྗེ་འཕྱར་ཞིང་གཡོན་མཉམ་བཞག །ཐོད་ཞལ་ཚེ་ཡི་བུམ་པ་བསྣམས། །ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །མཆན་གཡོན་ཁ་ཊྭཱྃ་ག་བསྟེན་ཅིང་། །སྣང་སྲིད་ཟིལ་གནོན་ཆེན་པོ་ཡི། །སྤྱི་བོ་དུང་ཁང་ནང་དག་ཏུ། །བླ་མ་གུ་རུ་བདེ་བ་ཆེ། །ཕྱག་གཉིས་མཉམ་བཞག་ཀ་པ་ལ། །བདུད་རྩི་བྃ་ཡིག་དཀར་པོས་མཚན། །དབུ་ལ་ཤེའུའི་སྙན་ཞུ་དང་། །སྐུ་ལ་གསང་གོས་པོད་ཀ་དང་། །ཆོས་གོས་གསོལ་ཞིང་རྡོར་སྐྱིལ་བཞུགས། །མགྲིན་པར་མཚོ་སྐྱེས་རྡོ་རྗེ་ནི། །ཞི་འཛུམ་དཀར་དམར་མཚན་དཔེས་མཛེས། །ཕྱག་གཉིས་རྡོ་རྗེ་ཐོད་ཆང་བསྣམས། །གཅེར་བུ་དར་དང་རིན་པོ་ཆེའི། །རྒྱན་དང་ཨུཏྤལ་ཕྲེང་བ་དང་། །གསང་ཡུམ་མནྡྷ་ར་བ་ནི། །གྲི་ཐོད་འཛིན་དང་མཉམ་པར་སྦྱོར། །ཐུགས་ཀར་པདྨ་ཉི་མའི་སྟེང་། །རྒྱལ་བསེན་བསྣོལ་བའི་གདན་སྟེང་དུ། །རྡོ་རྗེ་དྲག་རྩལ་སྐུ་མདོག་མཐིང་། །ཁྲོ་ཆགས་གར་དགུའི་ཉམས་ལྡན་པ། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །གསང་གོས་ཕོད་ཀ་མགོ་རློན་ཕྲེང་། །སྦྲུལ་ཆུན་རུས་རྒྱན་སྟག་གླང་དང་། །མི་ལྤགས་གཡང་གཞི་ལ་སོགས་གསོལ། །གར་དགུའི་ཉམས་ལྡན་མེ་དཔུང་དབུས། །ཡུམ་མཆོག་རྣལ་འབྱོར་དམར་མོ་ནི། །གྲི་ཐོད་འཛིན་དང་འཁྲིལ་སྟབས་སུ། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བཞེངས། །གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །སྔོན་བསྐལ་མའི་གདུང་དབྱངས་ཀྱིས་བསྐུལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿདབྱེར་མེད་དུ་བསྟིམས་ལ། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། སོགས་སྐྱབས་སེམས་ཡན་ལག་བཅུ་པ་སྦྲེལ། གསོལ་འདེབས་ནི། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། སོགས་ཅི་ནུས་དང་། ཐུགས་དམ་རྒྱུད་བསྐུལ་བཟླས་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ། ཞེས་དང་། བཛྲ་གུ་རུ་ཅི་ནུས་བཟླ། ཐུན་མཐར། སྤྱི་བོའི་བདེ་བ་ཆེན་པོ་ལས། །བྱང་སེམས་བདུད་རྩིའི་རྒྱུན་བབས་པས། །མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་གྱི། །སྐུ་ཡི་དབྱིབས་བརྒྱུད་དྲག་རྩལ་གྱི། །སྐུ་གང་ལྷ་རྣམས་རྗེས་ཆགས་ཀྱི། །ཞུ་བདེའི་བྱང་སེམས་བདུད་རྩིའི་རྒྱུན། །དཀར་ལ་དམར་བའི་མདངས་ཅན་བབས། །རང་གི་ལུས་ཀྱི་རྩ་རྣམས་ཁེངས། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །བླ་མ་དགྱེས་པ་ཆེན་པོ་ཡི། །ཚངས་བུག་ནས་ཞུགས་བདག་གི་ལུས། །གཞལ་ཡས་ཁང་གྱུར་ཙིཏྟ་ནི། །རིན་ཆེན་འོད་ཀྱི་གོང་བུའི་ནང་། །དགྱེས་པ་ཆེན་པོས་བཞུགས་པར་མོས། ཐུགས་ཡིད་བསྲེ་ཞིང་དགོངས་པ་སྐྱོང་། སྐབས་སུ་བཟླས་པ་བྱ་འདོད་ན། དྲག་པོའི་ཐུགས་ཀར་པད་ཉིའི་སྟེང་། །གསེར་གྱི་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་ཧཱུྃ་སྔོན་གསལ་བ་ལས། །སྔགས་ཀྱི་ཕྲེང་བ་སྒྲར་བཅས་འཕྲོས། །རྒྱལ་མཆོད་བྱིན་བསྡུས་སྣོད་བཅུད་རྣམས། །བླ་མ་རིག་འཛིན་འཁོར་ལོར་རྫོགས། སིདྡྷི་དང་གོང་གི་ཐོད་ཕྲེང་རྩལ་གྱི་སྔགས་བཟླ། །ཐུན་མཐར་སྣོད་བཅུད་འོད་གསལ་བསྡུ། །ལྷར་ལྡང་དགེ་བསྔོ་ཤིས་བརྗོད་བྱ། །ཚོགས་མཆོད་བྱ་བར་སྤྲོ་ན་ཐུགས་སྒྲུབ་རྣམ་གཉིས་ཀྱི་ཕྲིན་ལས་འབྲིང་པོ་གང་རུང་ལྟར་བགྱིས་པས་གྲུབ་བོ། །ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་ས་ཁྱི་ལོ་སྣྲོན་ཟླའི་ཚེས་ཉེར་དགུ་ལ་ཡིད་ངོར་ཤར་བཞིན་རྡོ་རྗེ་གླིང་དུ་བྲིས་པའོ། །འདིས་ཀྱང་འབྲེལ་ཚད་ཀྱི་རྒྱུད་ལ་གུ་རུའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

gsol 'debs dril sgrub bzhugs/__gu ru d+he ba DA ki ni ye/__byin rlabs bla ma'i rnal 'byor phyi nang gsang gsum dril sgrub ni/__a/__gnas yul snod bcud dag pa'i zhing /__/mdun mkhar 'ja' 'od 'khrigs pa'i klong /__/mchod sprin rgya mtshos gang ba'i dbus/__/seng khri pad nyi zla ba'i steng /__/bla ma o rgyan rdo rje 'chang /__/dkar dmar mtshan dpe'i gzi brjid 'bar/__/gsang gos 'dung ma chos gos dang /__/za 'og ber smug brjid par gsol/__/dbu la pad zhwa phyag g.yas pas/__/rdo rje 'phyar zhing g.yon mnyam bzhag__/thod zhal tshe yi bum pa bsnams/__/zhabs gnyis rol pa'i stabs kyis bzhugs/__/mchan g.yon kha T+wA~M ga bsten cing /__/snang srid zil gnon chen po yi/__/spyi bo dung khang nang dag tu/__/bla ma gu ru bde ba che/__/phyag gnyis mnyam bzhag ka pa la/__/bdud rtsi ba~M yig dkar pos mtshan/__/dbu la she'u'i snyan zhu dang /__/sku la gsang gos pod ka dang /__/chos gos gsol zhing rdor skyil bzhugs/__/mgrin par mtsho skyes rdo rje ni/__/zhi 'dzum dkar dmar mtshan dpes mdzes/__/phyag gnyis rdo rje thod chang bsnams/__/gcer bu dar dang rin po che'i/__/rgyan dang ut+pal phreng ba dang /__/gsang yum man+d+ha ra ba ni/__/gri thod 'dzin dang mnyam par sbyor/__/thugs kar pad+ma nyi ma'i steng /__/rgyal bsen bsnol ba'i gdan steng du/__/rdo rje drag rtsal sku mdog mthing /__/khro chags gar dgu'i nyams ldan pa/__/zhal gcig phyag gnyis rdor dril 'dzin/__/gsang gos phod ka mgo rlon phreng /__/sbrul chun rus rgyan stag glang dang /__/mi lpags g.yang gzhi la sogs gsol/__/gar dgu'i nyams ldan me dpung dbus/__/yum mchog rnal 'byor dmar mo ni/__/gri thod 'dzin dang 'khril stabs su/__/zhabs gnyis g.yas bskum g.yon brkyang bzhengs/__/gnas gsum rdo rje gsum gyis mtshan/__/'od 'phros ye shes spyan drangs gyur/__/sngon bskal ma'i gdung dbyangs kyis bskul/__oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHdzaHhU~M ba~M hoHdbyer med du bstims la/__na mo/__bla ma bde gshegs 'dus pa'i sku/__sogs skyabs sems yan lag bcu pa sbrel/__gsol 'debs ni/__dus gsum sangs rgyas gu ru rin po che/__sogs ci nus dang /__thugs dam rgyud bskul bzlas pa ni/__oM AHhU~M badz+ra gu ru pad+ma thod phreng rtsal d+he wa d+hA ki ni badz+ra sa ma ya dzaHsid+d+hi pha la hU~M/__zhes dang /__badz+ra gu ru ci nus bzla/__thun mthar/__spyi bo'i bde ba chen po las/__/byang sems bdud rtsi'i rgyun babs pas/__/mtsho skyes rdo rje yab yum gyi/__/sku yi dbyibs brgyud drag rtsal gyi/__/sku gang lha rnams rjes chags kyi/__/zhu bde'i byang sems bdud rtsi'i rgyun/__/dkar la dmar ba'i mdangs can babs/__/rang gi lus kyi rtsa rnams khengs/__/sgrib dag dbang dang dngos grub thob/__/bla ma dgyes pa chen po yi/__/tshangs bug nas zhugs bdag gi lus/__/gzhal yas khang gyur tsit+ta ni/__/rin chen 'od kyi gong bu'i nang /__/dgyes pa chen pos bzhugs par mos/__thugs yid bsre zhing dgongs pa skyong /__skabs su bzlas pa bya 'dod na/__drag po'i thugs kar pad nyi'i steng /__/gser gyi rdo rje rtse lnga pa'i/__/lte bar hU~M sngon gsal ba las/__/sngags kyi phreng ba sgrar bcas 'phros/__/rgyal mchod byin bsdus snod bcud rnams/__/bla ma rig 'dzin 'khor lor rdzogs/__sid+d+hi dang gong gi thod phreng rtsal gyi sngags bzla/__/thun mthar snod bcud 'od gsal bsdu/__/lhar ldang dge bsngo shis brjod bya/__/tshogs mchod bya bar spro na thugs sgrub rnam gnyis kyi phrin las 'bring po gang rung ltar bgyis pas grub bo/__/ces pa'ang pad+ma ye shes rdo rjes sa khyi lo snron zla'i tshes nyer dgu la yid ngor shar bzhin rdo rje gling du bris pa'o/__/'dis kyang 'brel tshad kyi rgyud la gu ru'i byin rlabs 'jug pa'i rgyur gyur cig__/sarba mang+ga laM//___//

Footnotes

Other Information