གསོལ་མཆོད་འདོད་དགུ་ལྷུན་གྲུབཿ

From Khyentse Lineage - A Tsadra Foundation Project
Wylie title gsol mchod 'dod dgu lhun grub
Location mdo mkhyen brtse bka' 'bum
Volume 7, Text 65, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

བསྟན་སྲུང་ཆེན་པོ་མེ་འབར་འཁོར་བཅས་ཀྱིཿ གསོལ་མཆོད་འདོད་དགུ་ལྷུན་གྲུབ་ཅེས་བྱ་བཿ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་གསུངསཿ ཁ་སྐོང་ཁྲིགས་བསྡེབས་ཁྲག་འཐུང་དཔའ་བོ་ཡིསཿ བསྟན་སྲུང་རང་གིས་བསྐུལ་མ་བྱུང་ལྟར་བཀོདཿ བསྟན་དགྲ་ལས་ངན་གདུག་པ་འདུལ་བའི་གཤེདཿ དྲག་རྩལ་རྣོ་མྱུར་གནམ་ལྕགས་ཐོག་དང་འདྲཿ རང་ལ་སྙིང་ཉེ་ཕྲག་ཡངས་བཀྲ་ཤིས་སོཿ དགེ་ལེགས་འཕེལ།

bstan srung chen po me 'bar 'khor bcas kyi: gsol mchod 'dod dgu lhun grub ces bya ba: rig 'dzin chen po bdud 'dul rdo rjes gsungs: kha skong khrigs bsdebs khrag 'thung dpa' bo yis: bstan srung rang gi bskul ma byung ltar bkod: bstan dgra las ngan gdug pa 'dul ba'i gshed: drag rtsal rno myur gnam lcags thog dang 'dra: rang la snying nye phrag yangs bkra shis so: dge legs 'phel/

[edit]
༁ྃ༔ ཁྲག་འཐུང་ཧེ་ཀུར་ཀ་ལ་འདུདཿ ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷཿ བསྟན་སྐྱོང་མེ་འབར་ཡབ་ཡུམ་གྱིཿ མཆོད་སྒྲུབ་འདོད་དགུ་ལྷུན་གྲུབ་བསྟནཿ རཾ་ཡཾ་ཁཾཿ ལན་གསུམཿ མ་དག་པའི་ཉེས་སྐྱོན་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུརཿ སྟོང་པའི་ངང་ལས་བྷྲཱུཾཿལས་རིན་པོ་ཆེའི་སྣོད་དུ་གཏོར་མ་གསེར་སྐྱེམས་འདོདཔའི་ཡོན་ཏན་ལྔ་དང་ལྡན་ཞིང་ཀུན་དགའ་གཞོན་ནུ་ཡབ་ཡུམ་སྲས་འཁོར་དགྱེས་སྐོང་གི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འཕྲོ་བར་གྱུརཿ ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཧཱུཾ་བྷྱོཿ ཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་སོགསཿ གར་བཞུགས་དམར་ནག་མེ་རླུང་འཁྲུགས་དབུས་ནསཿ བསྟན་སྲུང་ཆེན་པོ་ཞིང་སྐྱོང་ཀུན་ཀྱི་གཙོཿ དཔལ་མགོན་ལྕམ་དྲན་སྲས་འཁོར་སྐུར་བཞེངས་ཤིགཿ བསྟན་སྲུང་ནག་པོ་ཆེན་པོ་བསྟན་དགྲའི་གཤེདཿ ལེགས་གྲུབ་རྡོ་རྗེ་ཡུམ་སྲས་འཁོར་བཅས་གཤེགསཿབཛྲ་ས་མ་ཡཱ་ཛཿ དུར་ཁྲོད་རབ་ཏུ་འཇིགས་པའི་གཞལ་ཡས་འདིརཿ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་དུཿ སྒྲུབ་མཆོག་རྣལ་འབྱོར་སྐྱོང་ཕྱིར་བཞུགས་སུ་གསོལཿ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོཿ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དངཿ བདུད་རྩི་གསེར་སྐྱེམས་ཁྲག་སྐྱེམས་སྤྱན་གཟིགས་ཚོགསཿ ཆོས་སྐྱོང་ཀུན་གཙོ་འགྲན་བྲལ་གར་གྱི་དབངཿ འཁོར་དང་བཅས་ལ་མཆོད་འབུལ་ཐུགས་དམ་བསྐངསཿ ལུས་ངག་ཡིད་གསུམ་རབ་གུས་གདུང་བ་ཡིསཿ ཕྱི་ནང་གསང་བའི་དམ་རྫས་མ་ལུས་དང༌། དགྲ་བོའི་ཁ་རྗེ་དབང་ཐང་སྲོག་དབུགས་བཅསཿ དགྱེས་པ་ཆེན་པོས་རོལ་ལ་ཕྲིན་ལས་སྒྲུབསཿ རང་ལ་བརྩེ་གདུང་ཕ་རོལ་ཐོག་ལྟར་མྱུརཿ བཟློག་པའི་མི་བཟློག་སྔགས་བཟློག་མཁན་གྱི་གཤེདཿ དམ་ཚིག་སྲོག་ལྟར་སྲུང་བའི་རྫུ་འཕྲུལ་ཅནཿ བདུད་མགོན་ཡབ་ཡུམ་འཁོར་དང་བཅས་ལ་བསྟོདཿ བདག་ལ་སྡང་ཞིང་གནག་པའི་སེམས་ལྡན་དགྲཿ སྲོག་དབུགས་ཤ་ཁྲག་རུས་གསོལ་མྱུར་དུ་སྒྲོལཿ སྒྲུབ་པོར་འབྲལ་མེད་འགྲོགས་ལ་སྡོང་གྲོགས་མཛོདཿ ཕྲིན་ལས་ཀུན་སྒྲུབས་མཆོག་ཐུན་དངོས་གྲུབ་རྩོལཿ ཨོཾ་ཤྲྀ་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་དྷཀྐི་ནི་སི་ན་ར་མ་བཛྲ་ས་མ་ཡ་ཛཿ དུང་དུང་སིདྡྷི་ཕ་ལ་ཧཱུཾཿ དྷྲི་ཏྲི། ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲི་ཧྲཱིཾ་ཛ་ཛཿ ཨོཾ་མ་ཧཱ་བཱ་ལིང་ཏ་པཉྩ་ཨ་མྲྀ་ཏ་ཁཱ་རམ་ཁ་ཧིཿ དམ་ཉམས་དགྲ་བགེགས་བྱད་མའི་ཙིཏྟ་མཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ལ་ཁ་རམ་ཁཱ་ཧིཿ བཞེས་ཤིག་རོལ་ཞིག་ལྷག་མ་མེད་པར་མཛོད་ཅིགཿ ཀྱཻ་རྒྱལ་བའི་ཞིང་ཁམས་ཀུན་ལ་དབང་སྒྱུར་བའིཿ ཕ་ལྟར་སྐྱོང་མཛད་ཀུན་དགའ་གཞོན་ནུ་མཆོདཿ མ་ལྟར་བྱམས་པའི་སི་ན་ར་མ་མཆོདཿ སྤུན་ལྟར་བརྩེ་བའི་བམ་རོ་ཕོ་མོ་མཆོདཿ བྲན་ལྟར་བཀུར་བའི་ལྷ་སྲིན་སྡེ་བརྒྱད་མཆོདཿ འཁོར་ལྟར་གུས་པའི་གཙང་རིས་དཔལ་མགོན་མཆོདཿ གསོལ་ལོ་མཆོད་དོ་བརྟེན་པའི་ཡོན་ཏན་གྱིསཿ ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་བསམ་དོན་སྒྲུབསཿ མི་མཐུན་རྐྱེན་ངན་སོལ་ལ་དགྲ་བགེགས་སོདཿ ཚེ་དབང་ལོངས་སྤྱོད་བསོད་་ནམས་འཕེལ་བ་དངཿ གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོདཿ བསྟན་སྲུང་ཞལ་དྲོ་བཀྲ་ཤིས་བདེ་ལེགས་ཤོགཿ བསྟན་སྲུང་ཆེན་པོ་མེ་འབར་འཁོར་བཅས་ཀྱིཿ གསོལ་མཆོད་འདོད་དགུ་ལྷུན་གྲུབ་ཅེས་བྱ་བཿ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་གསུངསཿ ཁ་སྐོང་ཁྲིགས་བསྡེབས་ཁྲག་འཐུང་དཔའ་བོ་ཡིསཿ བསྟན་སྲུང་རང་གིས་བསྐུལ་མ་བྱུང་ལྟར་བཀོདཿ བསྟན་དགྲ་ལས་ངན་གདུག་པ་འདུལ་བའི་གཤེདཿ དྲག་རྩལ་རྣོ་མྱུར་གནམ་ལྕགས་ཐོག་དང་འདྲཿ རང་ལ་སྙིང་ཉེ་ཕྲག་ཡངས་བཀྲ་ཤིས་སོཿ དགེ་ལེགས་འཕེལ།