DKR-KABUM-21-ZHA-011

From Khyentse Lineage - A Tsadra Foundation Project
Revision as of 16:24, 12 December 2022 by Mort (talk | contribs)

སྙན་བརྒྱུད་སྙིང་གི་གསང་མཛོད་ལས། གཉགས་ལུགས་རྡོ་རྗེ་ཕུར་པའི་རྒྱུན་གྱི་རྣལ་འབྱོར་སྙིང་པོ་ཕྲིན་ལས་སྲོག་ཏིག།
Wylie title snyan brgyud snying gi gsang mdzod las/ gnyags lugs rdo rje phur pa'i rgyun gyi rnal 'byor snying po phrin las srog tig DKR-KABUM-21-ZHA-011.pdf
Location dil mgo mkhyen brtse bka' 'bum
Volume 21, Text 11, Pages 77-80 (Folios 1a to 4b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud snying gi gsang mdzod las gnyags lugs rdo rje phur pa'i rgyun gyi rnal 'byor snying po phrin las srog tig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 77-80. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon

དེ་ལྟར་བསྐྱེད་རིམ་དང་འབྲེལ་བའི་རྒྱུན་གྱི་རྣལ་འབྱོར་ཡང་ཕུར་སྦྲག་མའི་ཚུལ་དུ་འབྲེལ་བ་དགོས་ཞེས་ངེས་གསང་བསྟན་མཆོག་མཛེས་པའི་རྒྱན་མཆོག་འཁྲུལ་ཞིག་ཝཱ་གིནྡྲ་དྷརྨ་མ་ཏི་དང༌། ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཟུང་ནས་ལྷ་རྫས་ཀྱི་རྟེན་དང་བཅས་པའི་གསུང་བསྐུལ་བཞིན་སྔགས་ཀྱི་རྣལ་འབྱོར་ཙམ་པོ་པ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ལམ་མངྒའི་མིང་གིས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་འཕེལ་ཚེས་བཅུ་གསུམ རྒྱལ་ཕུར་འགྲུབ་པའི་སྦྱོར་བའི་ཉིན་ཐུབ་བསྟན་ཆོས་གླིང་གི་དབེན་གནས་སུ་བྲིས་པ་དངོས་གྲུབ་མཆོག་གི་དགའ་སྟོན་དུ་གྱུར་ཅིག།

de ltar bskyed rim dang 'brel ba'i rgyun gyi rnal 'byor yang phur sbrag ma'i tshul du 'brel ba dgos zhes nges gsang bstan mchog mdzes pa'i rgyan mchog 'khrul zhig wA gin+d+ra d+harma ma ti dang*/_theg mchog snying po'i rnal 'byor klong chen ye shes rdo rje zung nas lha rdzas kyi rten dang bcas pa'i gsung bskul bzhin sngags kyi rnal 'byor tsam po pa 'od gsal rdo rje thugs mchog rtsal lam mang+ga'i ming gis me sbrul cho 'phrul zla ba'i 'phel tshes bcu gsum_rgyal phur 'grub pa'i sbyor ba'i nyin thub bstan chos gling gi dben gnas su bris pa dngos grub mchog gi dga' ston du gyur cig

[edit]
༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། གཉགས་ལུགས་རྡོ་རྗེ་ཕུར་པའི་རྒྱུན་གྱི་རྣལ་འབྱོར་སྙིང་པོ་ཕྲིན་ལས་སྲོག་ཏིག་བཞུགས།།

༄༅། །ན་མོ་གུ་རུ་བཛྲ་ཀཱི་ལ་ཡ། དཔལ་རྡོ་རྗེ་ཕུར་པའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་སོགས་གསོལ་འདེབས་ཚིག་རྐང་དྲུག་སྔོན་དུ་འགྲོ་བས། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ལན་གསུམ། སེམས་ཅན་བདེ་དང་སོགས་ཚད་མེད་བཞི་བསྒོམ་ལ། བསྐྱེད་རིམ་དངོས་ནི། ཧཱུྃ༔ སྟོང་ཉིད་དེ་བཞིན་ཉིད་ཀྱི་ཀློང༔ སྙིང་རྗེ་སྒྱུ་མས་ཉོན་མོངས་གཅོད༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧཱུྃ༔ འཕྲོ་འདུས་སྣོད་བཅུད་དབྱིངས་སུ་སྦྱངས༔ སྟོང་པའི་ངང་ལས་རྡོ་རྗེ་ཡི༔ སྲུང་བའི་འཁོར་ལོ་རྩིབས་བཅུ་པ༔ རྣོ་དྲག་སྤུ་གྲི་ལྟར་གཟིང་ཞིང༔ ཡེ་ཤེས་མེ་རླུང་ཚྭ་ཚྭ་འཕྲོ༔ སྲ་མཁྲེགས་རྡོ་རྗེའི་རྡུལ་དུ་འཁྲིགས༔ ཁོག་པ་སྟོང་པའི་ལྟེ་བ་རུ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་གནམ་ལྕགས་མདོག༔ གཡས་དཀར་སྒེག་ཅིང་གཡོན་དམར་གཤེ༔ དབུས་མཐིང་རྔམ་པའི་གཟི་བྱིན་རྒྱས༔ ཕྱག་དྲུག་དང་པོས་རྡོ་རྗེ་ནི༔ རྩེ་དགུ་བར་པས་རྩེ་ལྔ་ཕྱར༔ གཡོན་པས་མེ་དཔུང་ཁཊྭཱཾ་ག༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས༔ འབར་བའི་ཆོ་འཕྲུལ་བསམ་མི་ཁྱབ༔ རང་བྱུང་རོལ་པ་ཆེན་པོའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་མོའི་ཆས༔ མཐིང་སྐྱ་དུར་ཁྲོད་རུས་རྒྱན་ཅན༔ ཨུཏྤལ་དུང་ཁྲག་བསྣམས་དང་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ རང་བྱུང་རྡོ་རྗེའི་སྐུ་ཡི་དབྱིངས༔ གཟུགས་དང་འདུ་ཤེས་རྣམ་པར་ཤེས༔ ཚོར་བ་འདུ་བྱེད་རྡོ་རྗེ་ཡི༔ ཕུང་པོ་ཀཱི་ལ་རིགས་མཆོག་ལྔ༔ ས་མེ་མཁའ་ཆུ་རླུང་འབྱུང་ཁམས༔ དག་པའི་ཡུམ་དང་མཉམ་པར་སྦྱོར༔ དཔྲལ་མགྲིན་སྙིང་ག་ལྟེ་བའི་གོང༔ ལྟེ་བ་གསང་གནས་དཔུང་གཡས་གཡོན༔ བརླ་གཉིས་མི་དགེ་བཅུ་དག་ཅིང༔ སྟོབས་བཅུའི་རང་གཟུགས་ཁྲོ་བོ་བཅུ༔ ཕར་ཕྱིན་དག་པའི་ཡུམ་ཆེན་བཅུ༔ མཉམ་སྦྱོར་ཞལ་གཅིག་ཕྱག་གཉིས་པ༔ མཐིང་ནག་ཕུར་འདྲིལ་ཕྲ་ཐབས་སྤྲོ༔ ཡན་ལག་བཞི་ལ་སྒོ་མ་བཅས༔ ཕུར་སྲུང་དམ་ཅན་ཉི་མ་དང༔ འོད་ཟེར་བཞིན་དུ་སྤྲོ་ཞིང་སྡུད༔ སྣང་སྟོང་གཉིས་མེད་ནམ་མཁའི་སྐུ༔ མཁའ་ཁྱབ་ཡེ་ཤེས་དྲྭ་བར་རྫོགས༔ ལྷ་དང་རང་སེམས་ཆོས་ཉིད་གསུམ༔ གཉིས་མེད་གཉིས་སུ་སྣང་བའི་བདག༔ དག་པ་ཆེན་པོའི་ཡེ་ཤེས་ནི༔ ཐིག་ལེ་ཉག་གཅིག་ཉིད་དུ་ཤར༔ ཞེས་བསྐྱེད་རིམ་ལ་སེམས་འཛིན། གསལ་བརྟན་དག་དྲན་ལ་བསླབ། དེ་ནས་བཟླས་པ་ནི། དཔལ་ཆེན་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་ཟུར་བརྒྱད་ལྟེ་བ་རུ༔ ཡང་དག་དོན་གྱི་ཡེ་ཤེས་སེམས༔ ཧེ་རུ་ཀ་དཔལ་བདེ་བ་ཆེ༔ སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར༔ སྐུ་གསུམ་དབུ་དང་ཕར་ཕྱིན་ཕྱག༔ རྫུ་འཕྲུལ་ཞབས་ལྡན་དབྱིངས་ཕྱུག་སྦྱོར༔ དུར་ཁྲོད་དཔལ་གྱི་ཆས་ཀ་རྫོགས༔ རྡོ་རྗེ་ཁཊྭཱཾ་ཐོད་རྔ་གཡས༔ དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན༔ སྣང་སྟོང་ཤིན་ཏུ་ཕྲ་བའི་སྐུ༔ ཙིཏྟ་ཟུར་བརྒྱད་གཽ་རི་བརྒྱད༔ བདེ་སྟོང་སྐུ་ནི་ཡུངས་འབྲུ་ཙམ༔ དེ་ཡི་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་བསྒྲེངས༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་བསྐོར་ཁྲག་འཐུང་སྙིང་པོ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་གསང་གསུམ་གཉིས་མེད་གྱུར༔ ཞེས་དམིགས་པའི་དོན་ཡིད་ལ་གཞོལ་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཅེས་ཅི་ནུས་བཟླ། སྐབས་སུ་དགོས་པ་དང་འབྲེལ་ན་སྲུང་བཟློག་བསད་པའི་དམིགས་རིམ་མདོར་བསྡུས་སྦྱར་ན་རུང་བས། དང་པོ་སྲུང་དམིགས་ནི། བདག་ཐུགས་འོད་ཀྱིས་ཁྲོ་བཅུ་བསྐུལ༔ ཕོ་ཉ་སྤྲོས་པས་ཕྱོགས་སྐྱོང་བཏུལ༔ མ་རུངས་གདོན་ཚོགས་མཚོན་ཆས་བཅོམ༔ ཚུར་འདུས་སྤྲུལ་པའི་ཁྲོ་བོ་དང༔ ཕྱག་མཚན་དྲུག་གི་གུར་གྱི་ནང༔ བསྲུང་བྱ་ཀུན་ཚུད་ཕྱི་རོལ་ཏུ༔ ཡེ་ཤེས་མེ་ལྕེས་གཏམས་པར་གྱུར༔ རྩ་སྔགས་ལ། མ་མ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ ཞེས་སྲུང་ཤམ་བཏགས་པ་བཟླ། གཉིས་པ་བཟློག་དམིགས་ནི། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བཅུ། ཕྲ་ཐབས། སྒོ་མ། ཕུར་སྲུང་རྣམས་བསྐུལ་ཏེ་སྤྲུལ་པ་ཡང་སྤྲུལ་གྲངས་མེད་པས་དགྲ་བགེགས་བྱད་མའི་ལུས་ངག་ཡིད་གསུམ་ཕྱེ་མར་བྱས་ཤིང་ཀུན་ཀྱང་སྔགས་སྒྲ་སྒྲོགས་ཤིང་གནོད་པ་བཟློག་པའི་ལས་མཛད་པར་བསམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོམ་ཁྲོམ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ གསུམ་པ་བསད་དམིགས་ནི། སྲུང་འཁོར་གྱི་ཕྱི་རོལ་ཏུ་གནམ་ལྕགས་ཀྱི་འཁོར་ལོའི་རྩིབས་སྤུ་གྲི་ལྟར་རྣོ་གཡས་གཡོན་དུ་འཁོར་བས་དགྲ་བགེགས་བྱད་མ་ཐམས་ཅད་ཕྱེ་མར་བཏགས་ཤིང་རྣམ་ཤེས་དབྱིངས་སུ་སྤར། ཤ་ཁྲག་སྤྲུལ་པའི་ཕོ་ཉས་རོལ་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཁྲིལ་ཁྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་རྩ་ལ་ཤད་ཤད༔ ཐུམ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ཅེས་བཟླ་བ་སྟེ། འཚུབ་ལྟས་ཆེ་ཞིང་དྲག་པོའི་དུས་ཚེས་སོགས་སུ་སྲུང་བཟློག་བསད་གསུམ་ཆིག་དྲིལ་དང༌། སྔ་དགོང་སྲོད་གསུམ་གྱི་ཐུན་གཤམ་ལ་སྦྱར་བ་གང་རུང་བྱས་ན་ལེགས་ཤིང༌། རྒྱུན་དུ་སྲུང་དམིགས་ཁོ་ན་ཙམ་སྦྱར་ཀྱང་རུང༌། དམིགས་བཟླས་སྙིང་པོ་ཙམ་འཕྲོས་དོན་སྨོས་པའོ། །གང་ལྟར་ཡང་དབྱངས་གསལ་རྟེན་སྙིང་ཡིག་བརྒྱས་ལྷག་ཆད་ཁ་སྐང་ཞིང་བྱིན་རླབས་བརྟན་པར་བྱ། བསྡུ་ལྡང་ནི། ཨ་ཨ་ཨ༔ རང་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་ཆེན་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ བསྔོ་སྨོན་ཤིས་བརྗོད་ནི། ཧོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བདུན་ལྡན་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས༔ རིག་པ་རང་སྣང་བཛྲ་ཀུ་མཱ་ར༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ དེ་ལྟར་བསྐྱེད་རིམ་དང་འབྲེལ་བའི་རྒྱུན་གྱི་རྣལ་འབྱོར་ཡང་ཕུར་སྦྲག་མའི་ཚུལ་དུ་འབྲེལ་བ་དགོས་ཞེས་ངེས་གསང་བསྟན་མཆོག་མཛེས་པའི་རྒྱན་མཆོག་འཁྲུལ་ཞིག་ཝཱ་གིནྡྲ་དྷརྨ་མ་ཏི་དང༌། ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཟུང་ནས་ལྷ་རྫས་ཀྱི་རྟེན་དང་བཅས་པའི་གསུང་བསྐུལ་བཞིན་སྔགས་ཀྱི་རྣལ་འབྱོར་ཙམ་པོ་པ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ལམ་མངྒའི་མིང་གིས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་འཕེལ་ཚེས་བཅུ་གསུམ རྒྱལ་ཕུར་འགྲུབ་པའི་སྦྱོར་བའི་ཉིན་ཐུབ་བསྟན་ཆོས་གླིང་གི་དབེན་གནས་སུ་བྲིས་པ་དངོས་གྲུབ་མཆོག་གི་དགའ་སྟོན་དུ་གྱུར་ཅིག། །།
[edit]

@#/__/snyan brgyud snying gi gsang mdzod las/_gnyags lugs rdo rje phur pa'i rgyun gyi rnal 'byor snying po phrin las srog tig bzhugs// @#/__/na mo gu ru badz+ra kI la ya/_dpal rdo rje phur pa'i rgyun gyi rnal 'byor nyams su len par 'dod pas/_dpal chen rdo rje gzhon nu'i dgongs pa sogs gsol 'debs tshig rkang drug sngon du 'gro bas/_rdo rje slob dpon sogs rgyun bshags lan gsum/_sems can bde dang sogs tshad med bzhi bsgom la/_bskyed rim dngos ni/_hU~M:_stong nyid de bzhin nyid kyi klong:_snying rje sgyu mas nyon mongs gcod:_zung 'jug rgyu yi sa bon hU~M:_'phro 'dus snod bcud dbyings su sbyangs:_stong pa'i ngang las rdo rje yi:_srung ba'i 'khor lo rtsibs bcu pa:_rno drag spu gri ltar gzing zhing:_ye shes me rlung tshwa tshwa 'phro:_sra mkhregs rdo rje'i rdul du 'khrigs:_khog pa stong pa'i lte ba ru:_bdag nyid ma bcos rtsa ba'i lha:_rdo rje gzhon nu gnam lcags mdog:_g.yas dkar sgeg cing g.yon dmar gshe:_dbus mthing rngam pa'i gzi byin rgyas:_phyag drug dang pos rdo rje ni:_rtse dgu bar pas rtse lnga phyar:_g.yon pas me dpung khaT+wAM ga:_tha gnyis ri rab phur pa 'dril:_sku la dpal dang dur khrod chas:_'bar ba'i cho 'phrul bsam mi khyab:_rang byung rol pa chen po'i yum:_'khor lo rgyas 'debs khro mo'i chas:_mthing skya dur khrod rus rgyan can:_ut+pal dung khrag bsnams dang sbyor:_yab yum gnyis su med pa yi:_rang byung rdo rje'i sku yi dbyings:_gzugs dang 'du shes rnam par shes:_tshor ba 'du byed rdo rje yi:_phung po kI la rigs mchog lnga:_sa me mkha' chu rlung 'byung khams:_dag pa'i yum dang mnyam par sbyor:_dpral mgrin snying ga lte ba'i gong:_lte ba gsang gnas dpung g.yas g.yon:_brla gnyis mi dge bcu dag cing:_stobs bcu'i rang gzugs khro bo bcu:_phar phyin dag pa'i yum chen bcu:_mnyam sbyor zhal gcig phyag gnyis pa:_mthing nag phur 'dril phra thabs spro:_yan lag bzhi la sgo ma bcas:_phur srung dam can nyi ma dang:_'od zer bzhin du spro zhing sdud:_snang stong gnyis med nam mkha'i sku:_mkha' khyab ye shes drwa bar rdzogs:_lha dang rang sems chos nyid gsum:_gnyis med gnyis su snang ba'i bdag:_dag pa chen po'i ye shes ni:_thig le nyag gcig nyid du shar:_zhes bskyed rim la sems 'dzin/_gsal brtan dag dran la bslab/_de nas bzlas pa ni/_dpal chen thugs kar tsit+ta ni:_mthing smug zur brgyad lte ba ru:_yang dag don gyi ye shes sems:_he ru ka dpal bde ba che:_sangs rgyas thams cad mnyam par sbyor:_sku gsum dbu dang phar phyin phyag:_rdzu 'phrul zhabs ldan dbyings phyug sbyor:_dur khrod dpal gyi chas ka rdzogs:_rdo rje khaT+wAM thod rnga g.yas:_dril bu dung dmar rgyu zhags g.yon:_snang stong shin tu phra ba'i sku:_tsit+ta zur brgyad gau ri brgyad:_bde stong sku ni yungs 'bru tsam:_de yi thugs kar ye shes sems:_rdor sems dkar gsal longs sku'i chas:_rdo rje dril bsnams phyed skyil bzhugs:_tshon gang 'od kyi phung po ni:_rin chen zur brgyad dbus na bzhugs:_de yi thugs kar tsit+ta ni:_mthing smug mchong gi gur ltar mdzes:_lte bar nyi steng rdo rje ni:_rtse dgu nas kyi 'bru tsam bsgrengs:_rdo rje'i lte bar hU~M mthing nag:_mtha' bskor khrag 'thung snying po 'bar:_sngags phreng mtshams su gsung rdo rje:_rta mgrin dmar pos bar chad srung:_'od zer spro bsdus don gnyis byas:_dpal chen gsang gsum gnyis med gyur:_zhes dmigs pa'i don yid la gzhol nas/_oM badz+ra kI li kI la ya ru lu ru lu hU~M b+h+yo hU~M phaTa?:_ces ci nus bzla/_skabs su dgos pa dang 'brel na srung bzlog bsad pa'i dmigs rim mdor bsdus sbyar na rung bas/_dang po srung dmigs ni/_bdag thugs 'od kyis khro bcu bskul:_pho nya spros pas phyogs skyong btul:_ma rungs gdon tshogs mtshon chas bcom:_tshur 'dus sprul pa'i khro bo dang:_phyag mtshan drug gi gur gyi nang:_bsrung bya kun tshud phyi rol tu:_ye shes me lces gtams par gyur:_rtsa sngags la/_ma ma badz+ra kA wA tsi rak+Sha rak+Sha:_zhes srung sham btags pa bzla/_gnyis pa bzlog dmigs ni/_slar yang rang gi snying ga nas 'od zer 'phros pas khro bcu/_phra thabs/_sgo ma/_phur srung rnams bskul te sprul pa yang sprul grangs med pas dgra bgegs byad ma'i lus ngag yid gsum phye mar byas shing kun kyang sngags sgra sgrogs shing gnod pa bzlog pa'i las mdzad par bsam/_oM badz+ra kI li kI la ya hU~M hU~M:_bdud pra mA ra ya rbad nan:_kha la dza ma li rbad nan:_rA tsa du ling shag rbad nan:_shig shig dum dum rbad nan:_tshal pa tshal pa rbad nan:_khrom khrom b+h+yo rbad nan:_rmug rmug rbad nan:_tir tir rbad nan:_tshal tshal rbad nan:_gsum pa bsad dmigs ni/_srung 'khor gyi phyi rol tu gnam lcags kyi 'khor lo'i rtsibs spu gri ltar rno g.yas g.yon du 'khor bas dgra bgegs byad ma thams cad phye mar btags shing rnam shes dbyings su spar/_sha khrag sprul pa'i pho nyas rol par bsam la/_oM badz+ra kI li kI la ya:_ma rak+mo yak+mo:_kA la rU pa:_snying rtsa la yaM yaM:_srog la yaM yaM:_snying la khril khril:_srog la chum chum:_tsit+ta srog la tung tung:_snying khrag srog rtsa la shad shad:_thum ri li li:_tseg tseg:_'ur 'ur:_shig shig:_'gul 'gul:_myag myag:_sod sod:_d+ha ti ma ma karma shI g+h+raM ka ra ye:_mA ra se na pra mar+d+ha na ye hU~M phaTa?:_ces bzla ba ste/_'tshub ltas che zhing drag po'i dus tshes sogs su srung bzlog bsad gsum chig dril dang*/_snga dgong srod gsum gyi thun gsham la sbyar ba gang rung byas na legs shing*/_rgyun du srung dmigs kho na tsam sbyar kyang rung*/_dmigs bzlas snying po tsam 'phros don smos pa'o/__/gang ltar yang dbyangs gsal rten snying yig brgyas lhag chad kha skang zhing byin rlabs brtan par bya/_bsdu ldang ni/_a a a:_rang snang rig rtsal dbyings su thim:_dbyings rig 'du 'bral med pa'i ngang:_bde chen zung 'jug rtags kyi sku:_phyag rgya chen po'i rol par shar:_phaTa? phaTa? phaTa?:_bsngo smon shis brjod ni/_hoH_bsod nams ye shes tshogs gnyis kyis:_'gro rnams sgrib gnyis yongs dag nas:_kha sbyor bdun ldan dpal chen po:_rdo rje gzhon nu myur 'grub shog:_oM:_dbyings kyi ngo bo chos sku rdo rje sems:_rig pa rang snang badz+ra ku mA ra:_dbyings rig zung 'jug rtsa brgyud bla ma yis:_mchog thun dngos grub 'grub pa'i bkra shis shog:__de ltar bskyed rim dang 'brel ba'i rgyun gyi rnal 'byor yang phur sbrag ma'i tshul du 'brel ba dgos zhes nges gsang bstan mchog mdzes pa'i rgyan mchog 'khrul zhig wA gin+d+ra d+harma ma ti dang*/_theg mchog snying po'i rnal 'byor klong chen ye shes rdo rje zung nas lha rdzas kyi rten dang bcas pa'i gsung bskul bzhin sngags kyi rnal 'byor tsam po pa 'od gsal rdo rje thugs mchog rtsal lam mang+ga'i ming gis me sbrul cho 'phrul zla ba'i 'phel tshes bcu gsum_rgyal phur 'grub pa'i sbyor ba'i nyin thub bstan chos gling gi dben gnas su bris pa dngos grub mchog gi dga' ston du gyur cig/_//

Footnotes

Other Information