སྙན་བརྒྱུད་སྙིང་གི་གསང་མཛོད་ལས། །ཡི་དམ་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་རྒྱུན་གྱི་རྣལ་འབྱོར་ཕྲིན་ལས་བཅུད་སྙིང་།

From Khyentse Lineage - A Tsadra Foundation Project
DKR-KABUM-21-ZHA-012
Wylie title snyan brgyud snying gi gsang mdzod las/ /yi dam rdo rje phur pa gnyags lugs kyi rgyun gyi rnal 'byor phrin las bcud snying DKR-KABUM-21-ZHA-012.pdf
Location dil mgo mkhyen brtse bka' 'bum
Volume 21, Text 12, Pages 81-85 (Folios 1a to 5a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud snying gi gsang mdzod las yi dam rdo rje phur pa gnyags lugs kyi rgyun gyi rnal 'byor phrin las bcud snying. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 81-85. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon

།ཞེས་པའང་ཟབ་གསང་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདིའི་ཐོག་མའི་སྒོ་འབྱེད་ཀྱི་སྣོད་དུ་དབུག་དབྱུང་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། འདི་ཉིད་ཀྱི་དཀྱིལ་འཁོར་དུ་མེ་ཏོག་ཕོག་པའི་མིང་ཕྲིན་ལས་རིགས་མཆོག་གྲུབ་པའི་རྡོ་རྗེས་གཏེར་ཆེན་ཉིད་ཀྱི་ཞལ་ལུང་དང་མཐུན་པར་བྲིས་པ་འདིས་ཀྱང་བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བརྟན་ཅིང༌། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

/zhes pa'ang zab gsang ngo mtshar rmad du byung ba'i chos 'di'i thog ma'i sgo 'byed kyi snod du dbug dbyung thob pa 'jam dbyangs chos kyi blo gros sam/_'di nyid kyi dkyil 'khor du me tog phog pa'i ming phrin las rigs mchog grub pa'i rdo rjes gter chen nyid kyi zhal lung dang mthun par bris pa 'dis kyang bstan 'dzin skyes mchog rnams zhabs pad brtan cing*/_bstan pa rin po che dar zhing rgyas pa'i rgyur gyur cig__/sarba mang+ga laM//

[edit]
༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། །ཡི་དམ་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་རྒྱུན་གྱི་རྣལ་འབྱོར ཕྲིན་ལས་བཅུད་སྙིང་ཞེས་བྱ་བ་བཞུགས། །།

༄༅། །ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། འདིར་གཉགས་ཆེན་ཛྙཱ་ན་ཀུ་མཱ་རའི་བཀའ་སྲོལ་ཕྲིན་ལས་ཕུར་པ་རོལ་པའི་ཕུར་བཞིའི་སྒྲུབ་ལུགས་ཀྱི་བྱེ་བྲག་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་པ་ལུང་ཨ་ནུའི་དགོངས་པ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཉམས་སུ་ལེན་པར་འདོད་པས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ཀྱི་བསགས་སྦྱང་ལན་གསུམ་སྔོན་དུ་འགྲོ་བས་རང་ལུས་རྩ་རླུང་ཐིག་གསུམ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་བཞུགས་པའི་དོན་ལ་བློ་བཞག་སྟེ། ཧཱུྃ༔ སྟོང་ཉིད་དེ་བཞིན་ཉིད་ཀྱི་ཀློང༔ སྙིང་རྗེ་སྒྱུ་མས་ཉོན་མོངས་གཅོད༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧཱུྃ༔ འཕྲོ་འདུས་སྣོད་བཅུད་དབྱིངས་སུ་སྦྱངས༔ སྟོང་པའི་ངང་ལས་རྡོ་རྗེ་ཡི༔ སྲུང་བའི་འཁོར་ལོ་རྩིབས་བཅུ་པ༔ རྣོ་དྲག་སྤུ་གྲི་ལྟར་གཟེངས་ཤིང༔ ཡེ་ཤེས་མེ་རླུང་ཚྭ་ཚྭ་འཕྲོ༔ སྲ་མཁྲེགས་རྡོ་རྗེའི་རྡུལ་དུ་མཁྲེགས༔ ཁོག་པ་སྟོང་པའི་ལྟེ་བ་རུ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་གནམ་ལྕགས་མདོག༔ གཡས་དཀར་སྒེག་ཅིང་གཡོན་དམར་གཤེ༔ དབུས་མཐིང་རྔམས་པའི་གཟི་བྱིན་རྒྱས༔ ཕྱག་དྲུག་དང་པོས་རྡོ་རྗེ་ནི༔ རྩེ་དགུ་བར་པས་རྩེ་ལྔ་ཕྱར༔ གཡོན་པས་མེ་དཔུང་ཁཊྭཱཾ་ག༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས༔ འབར་བའི་ཆོ་འཕྲུལ་བསམ་མི་ཁྱབ༔ རང་བྱུང་རོལ་པ་ཆེན་པོའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་མོའི་ཆས༔ མཐིང་སྐྱ་དུར་ཁྲོད་རུས་རྒྱན་ཅན༔ ཨུཏྤལ་དུང་ཁྲག་བསྣམས་དང་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ རང་བྱུང་རྡོ་རྗེའི་སྐུ་ཡི་དབྱིངས༔ གཟུགས་དང་འདུ་ཤེས་རྣམ་པར་ཤེས༔ ཚོར་བ་འདུ་བྱེད་རྡོ་རྗེ་ཡི༔ ཕུང་པོ་ཀཱི་ལ་རིགས་མཆོག་ལྔ༔ ས་མེ་མཁའ་ཆུ་རླུང་འབྱུང་ཁམས༔ དག་པའི་ཡུམ་དང་མཉམ་པར་སྦྱོར༔ དཔྲལ་མགྲིན་སྙིང་ག་ལྟེ་བའི་གོང༔ ལྟེ་བ་གསང་གནས་དཔུང་གཡས་གཡོན༔ བརླ་གཉིས་མི་དགེ་བཅུ་དག་ཅིང༔ སྟོབས་བཅུའི་རང་གཟུགས་ཁྲོ་བོ་བཅུ༔ ཕར་ཕྱིན་དག་པའི་ཡུམ་ཆེན་བཅུ༔ མཉམ་སྦྱོར་ཞལ་གཅིག་ཕྱག་གཉིས་པ༔ མཐིང་ནག་ཕུར་འདྲིལ་ཕྲ་ཐབས་སྤྲོ༔ ཡན་ལག་བཞི་ལ་སྒོ་མ་བཅས༔ ཕུར་སྲུང་དམ་ཅན་ཉི་མ་དང༔ འོད་ཟེར་བཞིན་དུ་སྤྲོ་ཞིང་སྡུད༔ སྣང་སྟོང་གཉིས་མེད་ནམ་མཁའི་སྐུ༔ མཁའ་ཁྱབ་ཡེ་ཤེས་དྲྭ་བར་རྫོགས༔ ལྷ་དང་རང་སེམས་ཆོས་ཉིད་གསུམ༔ གཉིས་མེད་གཉིས་སུ་སྣང་བའི་བདག༔ དག་པ་ཆེན་པོའི་ཡེ་ཤེས་ནི༔ ཐིག་ལེ་ཉག་གཅིག་ཉིད་དུ་ཤར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཿ ཞེས་གསལ་བཏབ་སྟེ་ལས་རིམ་མདོར་བསྡུས་སྦྱར་བར་འདོད་ན། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཧཱུྃ་ཛཿཛཿ ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རུ་ཏྲ་པཱུ་ཛ་ས་མ་ཡ་ཧོཿ མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ དགོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་གཙོ་བོ་ཞལ་ཕྱག་ཡོངས་རྫོགས་དང༌། འཁོར་རྣམས་མོས་བསྐྱེད་ཀྱི་ཚུལ་དུ་གསལ་གདབ། སེམས་ཉིད་གཅིག་ཏུ་བསྲེ། ཆོས་ཉིད་གཉུག་མའི་རིག་གདངས་མ་འགག་པ་དག་པའི་སྣོད་བཅུད་དུ་ཤར་བ་ལ་བློ་གཏད། ཀུན་ཀྱང་སེམས་ཀྱི་རོལ་པར་དག་སྣང་སྦྱངས། སྣོད་བཅུད་ཡོངས་རྫོགས་ཕུར་པའི་དཀྱིལ་འཁོར་དུ་ངེས་ཤེས་བསྐྱེད་པར་བྱའོ། །བཟླས་པའི་རྣལ་འབྱོར་ནི། བདག་ཉིད་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་བསྒྲེངས༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་བསྐོར་སྙིང་པོ་འབྲུ་དགུ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་སྐུ་དང་གཉིས་མེད་གྱུར༔ ཞེས་པའི་སྤྲོ་བསྡུའི་དམིགས་པ་དང་མ་བྲལ་བས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཅེས་རྩེ་གཅིག་ཏུ་བཟླ། རྒྱུན་གྱི་ཉམས་ལེན་ལྟ་བུར་ལུས་དཀྱིལ་ལ་དམིགས་ཏེ་ཁྲོ་བཅུ། སྲས་མཆོག །སྒོ་མའི་བསྐྱེད་སྔགས་བཟླས་ཀྱང་འགལ་བ་མེད་ལ། སྐབས་འགའ་ཞིག་ཏུ་རྫོགས་རིམ་གྱི་ཉམས་ལེན་དང་འབྲེལ་ན་གཏེར་གཞུང་རྩ་བ་ནས་གསུངས་པ་མན་ངག་གིས་བཀྲལ་ཅེས་གསུང་པའི་དགོངས་པ་ནི། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ཏེ༔ སྤྱི་བོ་བདེ་ཆེན་འཁོར་ལོ་ནི༔ མཚན་བཟང་སོ་གཉིས་ནི་ཀཱ་ལི་གྲངས་སོ་གཉིས། རང་བཞིན་དཀྱིལ་འཁོར་ཁོ་ནའོ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི༔ འཕགས་ལམ་བརྒྱད་དེ་བཅུ་དྲུག །ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་རོ༔ སྙིང་ག་ཆོས་ཀྱི་འཁོར་ལོ་ནི༔ བདེན་པ་བཞི་འདབ་བརྒྱད། བདག་ཉིད་རྩ་བའི་དཀྱིལ་འཁོར་རོ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ནི༔ དབྱངས་དྲུག་ཅུ་རྩ་བཞི། ཕུར་པ་སྲས་ཀྱི་དཀྱིལ་འཁོར་རོ༔ དྷརྨ་ཙཀྲའི་དབུས་སུ་ནི༔ བདེ་བ་ཆེན་པོའི་རྩ་མཆོག་ལ༔ བཅོམ་ལྡན་བཛྲ་ཀུ་མཱ་ར༔ དབུ་མ་སྐུ་གསུམ་ཆོས་ཉིད་རྩ༔ མདུན་དུ་ཡེ་ཤེས་འཆར་བའི་རྩ༔ གཡོན་དུ་རང་བྱུང་རྩ་རྣམས་དང༔ ཐབས་དང་ཤེས་རབ་རྩ་རྣམས་སུ༔ ཧཱུྃ་ཆེན་ལ་སོགས་ཁྲོ་བོ་བཅུ༔ སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུའི༔ དྭངས་མའི་ཐིག་ལེར་འདྲིལ་བ་བཞུགས༔ དཔལ་ཆེན་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་ཟུར་བརྒྱད་ལྟེ་བ་རུ༔ ཡང་དག་དོན་གྱི་ཡེ་ཤེས་སེམས༔ ཧེ་རུ་ཀ་དཔལ་བདེ་བ་ཆེ༔ སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར༔ སྐུ་གསུམ་དབུ་དང་ཕར་ཕྱིན་ཕྱག༔ རྫུ་འཕྲུལ་ཞབས་ལྡན་དབྱིངས་ཕྱུག་སྦྱོར༔ དུར་ཁྲོད་དཔལ་གྱི་ཆས་ཀ་རྫོགས༔ རྡོ་རྗེ་ཁཊྭཱཾ་ཐོད་རྔ་གཡས༔ དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན༔ སྣང་སྟོང་ཤིན་ཏུ་ཕྲ་བའི་སྐུ༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ མཐའ་སྐོར་སྙིང་པོའི་སྔགས་ཀྱིས་མཚན༔ ཙིཏྟ་ཟུར་བརྒྱད་གཽ་རི་བརྒྱད༔ བདེ་སྟོང་སྐུ་ནི་ཡུངས་འབྲུ་ཙམ༔ བཟླས་པའི་འོད་ཀྱིས་ཡེ་ཤེས་བསྐུལ༔ ཡེ་ཤེས་སེམས་དཔའི་ཞལ་སྦྱོར་མཚམས༔ བྱུང་བའི་སྔགས་ཀྱི་འོད་ཟེར་ནི༔ གཽ་རི་མ་བརྒྱད་ཞལ་དང་མཁའ༔ བར་མེད་འཁོར་བའི་འོད་ཟེར་གྱིས༔ སྣང་སྲིད་བདེ་ཆེན་གཅིག་ཏུ་སད༔ དྭངས་མ་བདག་ལ་ཐིམ་པ་ཡིས༔ ལྷན་སྐྱེས་རྡོ་རྗེ་ནམ་མཁའི་དཀྱིལ༔ ཡེ་ཤེས་མཐའ་དབུས་མེད་པར་ཤར༔ ཞེས་རྩ་རླུང་ཐིག་ལེར་གདོད་ནས་གྲུབ་པའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སུ་ཤེས་པས་དམིགས་པ་གོང་ལྟར་སྦྱར་བས་ངག་བཟླས་དང་ཡིད་བཟླས་དང༌། རྡོ་རྗེའི་བཟླས་པ་ལ་རིམ་གྱིས་འབད་པས་དྲོད་ཐོབ་པར་བྱ་དགོས་སོ། །གང་ལྟར་ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱས་ལྷག་ཆད་ཁ་བསྐང་ཞིང༌། བསྡུ་ལྡང་ནི། ཨ་ཨ་ཨ༔ རང་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་ཆེན་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ བསྔོ་སྨོན་ཤིས་བརྗོད་ནི། ཧོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བདུན་ལྡན་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས༔ རིག་པ་རང་སྣང་བཛྲ་ཀུ་མཱ་ར༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་ཟབ་གསང་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདིའི་ཐོག་མའི་སྒོ་འབྱེད་ཀྱི་སྣོད་དུ་དབུག་དབྱུང་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། འདི་ཉིད་ཀྱི་དཀྱིལ་འཁོར་དུ་མེ་ཏོག་ཕོག་པའི་མིང་ཕྲིན་ལས་རིགས་མཆོག་གྲུབ་པའི་རྡོ་རྗེས་གཏེར་ཆེན་ཉིད་ཀྱི་ཞལ་ལུང་དང་མཐུན་པར་བྲིས་པ་འདིས་ཀྱང་བསྟན་འཛིན་སྐྱེས་མཆོག་རྣམས་ཞབས་པད་བརྟན་ཅིང༌། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

@#/__/snyan brgyud snying gi gsang mdzod las/_/yi dam rdo rje phur pa gnyags lugs kyi rgyun gyi rnal 'byor_phrin las bcud snying zhes bya ba bzhugs/_// @#/__/na mo gu ru badz+ra ku mA ra ya/_'dir gnyags chen dz+nyA na ku mA ra'i bka' srol phrin las phur pa rol pa'i phur bzhi'i sgrub lugs kyi bye brag bde chen byang chub sems kyi phur pa lung a nu'i dgongs pa rdo rje'i lus kyi dkyil 'khor la brten nas nyams su len par 'dod pas/_tshogs zhing mkha' khyab tu sad pa'i spyan sngar/_rdo rje slob dpon sogs rgyun bshags kyi bsags sbyang lan gsum sngon du 'gro bas rang lus rtsa rlung thig gsum rdo rje phur pa'i dkyil 'khor lhun grub tu bzhugs pa'i don la blo bzhag ste/_hU~M:_stong nyid de bzhin nyid kyi klong:_snying rje sgyu mas nyon mongs gcod:_zung 'jug rgyu yi sa bon hU~M:_'phro 'dus snod bcud dbyings su sbyangs:_stong pa'i ngang las rdo rje yi:_srung ba'i 'khor lo rtsibs bcu pa:_rno drag spu gri ltar gzengs shing:_ye shes me rlung tshwa tshwa 'phro:_sra mkhregs rdo rje'i rdul du mkhregs:_khog pa stong pa'i lte ba ru:_bdag nyid ma bcos rtsa ba'i lha:_rdo rje gzhon nu gnam lcags mdog:_g.yas dkar sgeg cing g.yon dmar gshe:_dbus mthing rngams pa'i gzi byin rgyas:_phyag drug dang pos rdo rje ni:_rtse dgu bar pas rtse lnga phyar:_g.yon pas me dpung khaT+wAM ga:_mtha' gnyis ri rab phur pa 'dril:_sku la dpal dang dur khrod chas:_'bar ba'i cho 'phrul bsam mi khyab:_rang byung rol pa chen po'i yum:_'khor lo rgyas 'debs khro mo'i chas:_mthing skya dur khrod rus rgyan can:_ut+pal dung khrag bsnams dang sbyor:_yab yum gnyis su med pa yi:_rang byung rdo rje'i sku yi dbyings:_gzugs dang 'du shes rnam par shes:_tshor ba 'du byed rdo rje yi:_phung po kI la rigs mchog lnga:_sa me mkha' chu rlung 'byung khams:_dag pa'i yum dang mnyam par sbyor:_dpral mgrin snying ga lte ba'i gong:_lte ba gsang gnas dpung g.yas g.yon:_brla gnyis mi dge bcu dag cing:_stobs bcu'i rang gzugs khro bo bcu:_phar phyin dag pa'i yum chen bcu:_mnyam sbyor zhal gcig phyag gnyis pa:_mthing nag phur 'dril phra thabs spro:_yan lag bzhi la sgo ma bcas:_phur srung dam can nyi ma dang:_'od zer bzhin du spro zhing sdud:_snang stong gnyis med nam mkha'i sku:_mkha' khyab ye shes drwa bar rdzogs:_lha dang rang sems chos nyid gsum:_gnyis med gnyis su snang ba'i bdag:_dag pa chen po'i ye shes ni:_thig le nyag gcig nyid du shar:_gnas gsum oM AHhU~M gis mtshan:_rdo rje gsum du byin gyis brlabs:_bde gshegs dbang bskur ye shes lnga:_khrag 'thung rigs lnga'i phyag rgyar rdzogs:_oM AHhU~M:_hU~M oM trA~M hrIHaH_zhes gsal btab ste las rim mdor bsdus sbyar bar 'dod na/_hU~M hrIH_chos dbyings mtha' dbus bral ba nas:_dpal chen karma kI la ya:_'jigs mdzad rdo rje gzhon nu che:_gnas 'di nyid du gshegs su gsol:_oM badz+ra kI li kI la ya sarba sa ma ya hU~M dzaHdzaH_hU~M hrIH_bde chen dbyings kyi gzhal yas dbus:_rang snang rig pa'i lha tshogs rnams:_gnyis su med par bzhugs nas kyang:_sku gsung thugs kyi dngos grub stsol:_sarba sa ma ya tiSh+Tha lhan:_hU~M hrIH_sangs rgyas kun gyi ye shes sku:_ngang nyid rdo rje chos dbyings las:_'bar ba'i khro bo mi bzad pa:_dkyil 'khor lha la phyag 'tshal lo:_a ti pU hoH_pra tIts+tsha hoH_hU~M:_bla med mchog gi mchod pa ni:_ye shes lnga yi 'od zer 'phro:_yul dang dbang po gnyis med pa:_bde chen longs spyod chen por bzhes:_oM badz+ra ar+g+haM nas/_shab+da ru tra pU dza sa ma ya hoH_ma hA a mr-i ta ba liM ta rak+ta khA hi:_ma hA maM sa rak+ta keM ni ri ti khA hi:_kha taM kha taM kha taM:_hU~M hU~M hU~M:_phaTa? phaTa? phaTa?:_ha ha ha:_hU~M:_sgeg pa dpa' ba mi sdug rdo rje'i sku:_dgod gshe drag shul sngags kyi sgra gdangs can:_snying rje rngams zhi ye shes srog ldan pa'i:_phrin las 'dus pa'i lha la phyag 'tshal bstod:_ces pas gtso bo zhal phyag yongs rdzogs dang*/_'khor rnams mos bskyed kyi tshul du gsal gdab/_sems nyid gcig tu bsre/_chos nyid gnyug ma'i rig gdangs ma 'gag pa dag pa'i snod bcud du shar ba la blo gtad/_kun kyang sems kyi rol par dag snang sbyangs/_snod bcud yongs rdzogs phur pa'i dkyil 'khor du nges shes bskyed par bya'o/_/bzlas pa'i rnal 'byor ni/_bdag nyid thugs kar ye shes sems:_rdor sems dkar gsal longs sku'i chas:_rdo rje dril bsnams phyed skyil bzhugs:_tshon gang 'od kyi phung po ni:_rin chen zur brgyad dbus na bzhugs:_de yi thugs kar tsit+ta ni:_mthing smug mchong gi gur ltar mdzes:_lte bar nyi steng rdo rje ni:_rtse dgu nas kyi 'bru tsam bsgrengs:_rdo rje'i lte bar hU~M mthing nag:_mtha' bskor snying po 'bru dgu 'bar:_sngags phreng mtshams su gsung rdo rje:_rta mgrin dmar pos bar chad srung:_'od zer spro bsdus don gnyis byas:_dpal chen sku dang gnyis med gyur:_zhes pa'i spro bsdu'i dmigs pa dang ma bral bas/_oM badz+ra kI li kI la ya ru lu ru lu hU~M b+h+yo hU~M phaTa?:_ces rtse gcig tu bzla/_rgyun gyi nyams len lta bur lus dkyil la dmigs te khro bcu/_sras mchog_/sgo ma'i bskyed sngags bzlas kyang 'gal ba med la/_skabs 'ga' zhig tu rdzogs rim gyi nyams len dang 'brel na gter gzhung rtsa ba nas gsungs pa man ngag gis bkral ces gsung pa'i dgongs pa ni/_thabs kyi spyod pas 'gro don du:_phung po rdo rjes gtams byas te:_spyi bo bde chen 'khor lo ni:_mtshan bzang so gnyis ni kA li grangs so gnyis/_rang bzhin dkyil 'khor kho na'o:_mgrin pa longs spyod 'khor lo ni:_'phags lam brgyad de bcu drug_/phyogs bcu'i khro bo'i dkyil 'khor ro:_snying ga chos kyi 'khor lo ni:_bden pa bzhi 'dab brgyad/_bdag nyid rtsa ba'i dkyil 'khor ro:_lte ba sprul pa'i 'khor lo ni:_dbyangs drug cu rtsa bzhi/_phur pa sras kyi dkyil 'khor ro:_d+harma tsakra'i dbus su ni:_bde ba chen po'i rtsa mchog la:_bcom ldan badz+ra ku mA ra:_dbu ma sku gsum chos nyid rtsa:_mdun du ye shes 'char ba'i rtsa:_g.yon du rang byung rtsa rnams dang:_thabs dang shes rab rtsa rnams su:_hU~M chen la sogs khro bo bcu:_sgra 'byin la sogs khro mo bcu'i:_dwangs ma'i thig ler 'dril ba bzhugs:_dpal chen thugs kar tsit+ta ni:_mthing smug zur brgyad lte ba ru:_yang dag don gyi ye shes sems:_he ru ka dpal bde ba che:_sangs rgyas thams cad mnyam par sbyor:_sku gsum dbu dang phar phyin phyag:_rdzu 'phrul zhabs ldan dbyings phyug sbyor:_dur khrod dpal gyi chas ka rdzogs:_rdo rje khaT+wAM thod rnga g.yas:_dril bu dung dmar rgyu zhags g.yon:_snang stong shin tu phra ba'i sku:_thugs kar rdo rje'i lte bar hU~M:_mtha' skor snying po'i sngags kyis mtshan:_tsit+ta zur brgyad gau ri brgyad:_bde stong sku ni yungs 'bru tsam:_bzlas pa'i 'od kyis ye shes bskul:_ye shes sems dpa'i zhal sbyor mtshams:_byung ba'i sngags kyi 'od zer ni:_gau ri ma brgyad zhal dang mkha':_bar med 'khor ba'i 'od zer gyis:_snang srid bde chen gcig tu sad:_dwangs ma bdag la thim pa yis:_lhan skyes rdo rje nam mkha'i dkyil:_ye shes mtha' dbus med par shar:_zhes rtsa rlung thig ler gdod nas grub pa'i dkyil 'khor gsum gyi lha tshogs su shes pas dmigs pa gong ltar sbyar bas ngag bzlas dang yid bzlas dang*/_rdo rje'i bzlas pa la rim gyis 'bad pas drod thob par bya dgos so/_/gang ltar thun mthar dbyangs gsal rten snying yig brgyas lhag chad kha bskang zhing*/_bsdu ldang ni/_a a a:_rang snang rig rtsal dbyings su thim:_dbyings rig 'du 'bral med pa'i ngang:_bde chen zung 'jug rtags kyi sku:_phyag rgya chen po'i rol par shar:_phaTa? phaTa? phaTa?:_bsngo smon shis brjod ni/_hoH_bsod nams ye shes tshogs gnyis kyis:_'gro rnams sgrib gnyis yongs dag nas:_kha sbyor bdun ldan dpal chen po:_rdo rje gzhon nu myur 'grub shog:_oM:_dbyings kyi ngo bo chos sku rdo rje sems:_rig pa rang snang badz+ra ku mA ra:_dbyings rig zung 'jug rtsa brgyud bla ma yis:_mchog thun dngos grub 'grub pa'i bkra shis shog:_ces brjod la rgyun gyi spyod lam la 'jug par bya'o/_/zhes pa'ang zab gsang ngo mtshar rmad du byung ba'i chos 'di'i thog ma'i sgo 'byed kyi snod du dbug dbyung thob pa 'jam dbyangs chos kyi blo gros sam/_'di nyid kyi dkyil 'khor du me tog phog pa'i ming phrin las rigs mchog grub pa'i rdo rjes gter chen nyid kyi zhal lung dang mthun par bris pa 'dis kyang bstan 'dzin skyes mchog rnams zhabs pad brtan cing*/_bstan pa rin po che dar zhing rgyas pa'i rgyur gyur cig__/sarba mang+ga laM//_//

Footnotes

Other Information