JKCL-KABUM-06-CHA-011

From Khyentse Lineage - A Tsadra Foundation Project
Revision as of 17:08, 17 November 2021 by WikiBot2015 (talk | contribs)

Wylie title JKCL-KABUM-06-CHA-011.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "cha"., Text 11, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "CHA" is not a number.

1 Texts in this Section (sde tshan or chos tshan)

"CHA" is not a number.

[edit]
༄༅། །འཇའ་ཚོན་ཐུགས་རྗེ་ཆེན་པོའི་ནང་སྒྲུབ་དང་། ཁྲུས་ཆབ། རིལ་སྒྲུབ། སོགས་ཀྱི་ཟིན་བྲིས་མཐོང་བ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། འཇའ་ཚོན་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ནང་སྒྲུབ་ཀྱི་འདོན་འགྲིག་ལ། སྔོན་འགྲོའི་ལས་རིམ་ཕྱི་སྒྲུབ་ཆོག་ཁྲིད་ལྟར་བྱ། དངོས་གཞི་ལྷ་བསྐྱེད་ལས། ཨོཾ་སྭཱ་བྷཱ་ཝ༴སོགས་རྗེ་གུ་ཎའི་མཛད་པའི་ནང་སྒྲུབ་རྒྱུན་ཁྱེར་ལྟར་ལ། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་འཁོར་ནང་༔ བྷྲཱུྃ་ལས་གཞལ་ཡས་མཚན་ཉིད་ཡོངས་རྫོགས་དབུས༔ ། གསེར་གྱི་ས་གཞི་པད་ཉི་ཟླ་གདན་གསལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་སྒྲ་ལ་བརྟེན་ནས་བདག་ཉིད་འཕགས་པ་ནམ་མཁའི་རྒྱལ་པོ་ཞལ་བཅུ་གཅིག་པ༔ རྩ་བའི་ཞལ་གསུམ་དཀར་པོ་ཆོས་སྐུ་ཞི་བའི་ཞལ་འཛུམ་པ་དང་ལྡན་པ༔ དེའི་སྟེང་མ་གསུམ་སེར་པོ་ལོངས་སྐུ་རྒྱས་པའི་ཞལ་བཞད་པ༔ དེའི་སྟེང་མ་གཉིས་དམར་སྨུག་དབང་གི་སོགས། གཏེར་གཞུང་ལྟར། བཞེངས་སྟབས་སུ་བཞུགས་པའོ༔ ཞེས་པའི་བར་དང་། སླར་ཡང་ནང་སྒྲུབ་རྒྱུན་ཁྱེར་ལྟར། ཧྲཱིཿཀུན་གཞི་མ་བཅོས༴སོགས་ཚིག་བཅད་གསལ་བཏབ། བར་གྱི་འཇའ་ཚོན་སྙིང་པོ་སོགས་འཇོག་དགོས། སྤྱན་འདྲེན་ནས། གནས་གསུམ་རྒྱས་གདབ་རྫོགས་ཀྱི་བར་ནང་སྒྲུབ་རྒྱུན་ཁྱེར་ལྟར། སྐུ་གསུམ་ཐུགས་ཀྱི་ཕྱི་སྒྲུབ་གཏེར་གཞུང་ནས་བླངས། བསྟོད་པ་བསྡུ་ན་རྒྱུན་ཁྱེར་དཀྱུས་ལྟར་དང་། ཛབ྄་དམིགས་ཀྱང་རྒྱུན་ཁྱེར་ནང་བཞིན་བྱ། བཟླས་པ་རྫོགས་ནས་དབྱངས་གསལ་རྟེན་སྙིང་དང་། མཆོད་བསྟོད་བྱ། དེ་ནས་གཏོར་འབུལ་ཚོགས་མཆོད་སོགས་རྗེས་རིམ་ཕྱི་སྒྲུབ་ལས་བྱང་ལྟར་བྱའོ། །ཕྱི་སྒྲུབ་བསྔོ་སྨོན་ཚིག་ལྷུག་མཇུག་ཏུ། ནང་སྒྲུབ་རྒྱུན་ཁྱེར་གྱི་བསྔོ་སྨོན་གདབ། ཤིས་བརྗོད་སོགས་ཀྱི་མཐར་དབྱུང་ངོ་། ༈ཁྲུས་ཆབ་བསྒྲུབ་ན། བུམ་པ་བཅུད་ལྡན་གཞུང་གསལ་གྱི་རྫས་བླུགས་དགོས། དུང་ཆོས་གཟུངས་རྡོར་བཅས་དང་མཆོད་གཏོར་བཤམས། ཕྱིར་སྒྲུབ་ཀྱི་སྐྱབས་སེམས་དང་། ཡན་ལག་བཅུ་པའི་ཚོགས་བསགས། ཚད་མེད་བཞི་ཡི་རྗེས་མཆོད་པ་བྱིན་བརླབས་བྱ། སྭཱ་བྷཱ་ཝ་སོགས་ནས། བདག་བསྐྱེད་བསྙེན་པ་གྲུབ་ཀྱི་བར་དང་། དབྱངས་གསལ་རྟེན་སྙིང་སོགས་དང་། མཇུག་གི་ཡན་ལག་བདུན་པ་ཕུལ། ཧཱུྃ་ཧཱུྃ་ཧཱུྃ་གསུམ་གྱི་བསྡུ། ཕཊ་ཕཊ་ཕཊ༔ གསུམ་གྱིས་ལྡངས། སྭཱ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཕྱི་བུམ་པ་ནང་གཞལ་མེད་ཁང་འོད་ཟེར་གྱི་རང་བཞིན་ཅན་གྱི་དབུས་སུ་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། སོགས་ནས། ཉིང་ལག་སྤྲུལ་པའི་ཕྱག་སྟོང་དང་རྩ་གཉིས་ནི་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་སྐུར་གསལ་བར་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨོཾ་སོགས་ནས། སྤྱན་འདྲེན་མཆོད་པ་དང་། གཙོ་བོའི་བསྟོད་པ་ཕྱི་སྒྲུབ་བཞིན་བྱ། དེ་ནས། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་ལྷའི་ཐུགས་ཀར་ཕོག །སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས། ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་རྣམས་མཉེས་པར་བྱས། བྱིན་རླབས་ཐམས་ཅད་བསྡུས་ནས་བུམ་ལྷའི་ཐུགས་ཀར་ཐིམ། སྐུ་ཡི་ཆ་ཐམས་ཅད་ལས་བདུད་རྩིས་རྒྱུན་བྱུང་བས་བུམ་པ་ཁེངས་པར་བསམ། གཟུངས་ཐག་གི་སྣེ་ནས་འཛིན་བཞིན་གཟུངས་རིང་དང་། ཡིག་དྲུག་བཟླ་ཐུན་མཐར་མཆོད་བསྟོད་དང་། ཡིག་བརྒྱ་ལན་གསུམ། འབྲུ་གསུམ་གྱི་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། བསྔོ་སྨོན་ཤིས་བརྗོད་སོགས་ཀྱི་མཐར་དབྱུང་ངོ་། །དེ་ལྟར་བུའི་ཐུན་བཞིའི་རིམ་པས་ཞག་གསུམ་བདུན་སོགས་སུ་བསྒྲུབ་པར་བྱའོ། །དེ་ལྟར་སྒྲུབ་པའི་ཆུས་རིལ་བུ་དྲིལ་བསྐྱེད་བྱ་དགོས། དམ་རྫས་རིལ་བུ་སྒྲུབ་སྐབས་ཉིན་དང་པོར་བུམ་པ་སྦྱོངས་ཁྲུས་ཤིག་བྱ། ཉིན་རྗེས་མ་རྣམས་ལ་མི་དགོས། ཕྱི་སྒྲུབ་བདག་བསྐྱེད་སྐབས་ལྷ་བསྐྱེད་ཀྱི་མཇུག་ཞལ་གཙོ་བོ་ལ་བརྟན་ནས་འདུགས་ཅིང་ལས་ལ་བརྩོན་པའི་སྐུར་གསལ་བར་གྱུར། དངོས་གཞིའི་མདུན་བསྐྱེད་བུམ་པ་སྒྲུབ་པ་ནི། ལས་བྱང་འཇམ་མགོན་གུ་ཎའི་ཆོག་བསྒྲིགས་གཞིར་བཞག་གི། སྭཱ་བྷཱ་ཝས་སྦྱངས། རིལ་བུ་སྣོད་དང་བཅས་པ་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས་རིལ་བུ་སྣོད་ཕྱི་བུམ་པ་ལ། ནང་གཞལ་ཡས་ཁང་གྲུ་ཆད་བར་ཁྱམས་སྒོ་བཞི་དང་ལྡན་པ་སོགས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ༔ རིལ་བུ་རྣམས་འཕགས་པ་ནམ་མཁའི་རྒྱལ་པོ་ཀྲོང་ངེ་གྱུར་པ་ནི་སོགས་ནས་ཕྱི་སྒྲུབ་ལས་བྱང་དཀྱུས་ལྟར་ལ། ཐུན་མོང་དུ་གནས་གསུམ་བྱིན་རླབས་ནས་བསྟོད་པ་གྲུབ་ཀྱི་བར་དང་། བདག་བསྐྱེད་ལ་བདག་བསྐྱེད་ཟེར་བའང་དོན་ལ་མདུན་བསྐྱེད་རས་བྲིས་ཀྱི་དཀྱིལ་འཁོར་བདག་མདུན་ཐ་མི་དད་དུ་བསྐྱེད་པ་ཡིན་ཀྱང་རིལ་བུ་ལ་བསྐྱེད་ཆོག་ཟུར་དུ་དགོས་པས་དེ་མདུན་བསྐྱེད་ཀྱི་མིང་བཏགས་པའོ། །དམིགས་པའི་བཟླས་པས་གཞུང་ལྟར་བྱས་རྗེས། བུམ་པའི་གཟུངས་ཐག་ནས་འཛིན་བཞིན་བུམ་ལྷའི་གཙོ་བོའི་ཐུགས་ཀར་ཧྲཱིཿདཀར་པོ་ལ་གཟུངས་སྔགས་སྙིང་པོས་བསྐོར་བ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་ཞོན་ཏེ་སོང་བ་རིལ་བུའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པས་མཆོད་པ་ཕུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་རིལ་བུའི་ལྷ་ཚོགས་རྣམས་ལ་ཐིམ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར། དེ་དག་ཐམས་ཅད་དང་དཀྱིལ་འཁོར་པ་གཙོ་འཁོར་ཐམས་ཅད་ཀྱི་བཟླས་པ་མགྲིན་གཅིག་ཏུ་བྱས་པས་སྔགས་ཀྱི་སྒྲས་འཇིག་རྟེན་ཐམས་ཅད་འུར་གྱིས་གང་། སྲིད་ཞིའི་དྭངས་བཅུད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བསྡུས་ནས་རིལ་བུའི་ལྷ་ཚོགས་རྣམས་ལ་ཐིམ། དེ་རྣམས་ཀྱིས་ཀྱང་ཞལ་ནས་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ་ལ་སྔགས་བཟླ། ཐུན་མཐར་མཆོད་བསྟོད་དང་། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས། རིལ་བུ་ལ་ཐིམ་པར་གྱུར། ཅེས་བརྗོད་ལ་ཉུ་ལེ་འདུལ་ཆོག་དང་། བྱིན་འབེབས་བྱས་ནས་ཐུན་གཉིས་པ་ལ་འཇུག །ཐུན་ཐ་མ་ལ་འོད་ཞུ་རྗེས་ཆོག་གི་ནོངས་བཤགས་འཇུག་ཏུ་བྱ། བར་ཐུན་རྣམས་ལ་ཡན་ལག་བཅུ་པའི་ཚོགས་བསགས་དང་། མཆོད་པ་བྱིན་བརླབ་བྱས་ནས་བདག་མདུན་ལྷའི་བསྐྱེད་ཆོག་ལ་འཇུག །དེ་ལྟ་བའི་ཐུན་བཞི་དྲུག་སོགས་བྱ། ཉིན་པར་གྱི་ཐུན་ཐ་མ་ལ། བཟླས་པའི་མཇུག་གི་མཆོད་བསྟོད་གྲུབ་རྗེས་ལས་བྱང་གི་གཏོར་འབུལ་དང་ཆ་གསུམ་ཀྱང་འདོན། ཚོགས་མཆོད་རྗེས་རིམ་ལས་བྱང་ལྟར། ཐུན་བར་ཉུ་ལེ་འདུལ་བ་དང་། བྱིན་འབེབས་སོགས་བྱ། སྒྲུབ་ཆེན་དང་འབྲེལ་ན་སྒྲུབ་ཁོག་སྤྱི་འགྲེ་དང་། འཁོར་ཡུག་ཏུ་གསུངས་མི་ཆད་དང་། རྗེས་དངོས་གྲུབ་བླངས་བ་སོགས་བྱའོ། །ཞེས་པའང་ལཱ་ཝ་རི་ཁྲོད་པ་རྣམས་ལ་དགོས་པའི་དོན་དུ་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །།
[edit]

@#/__/'ja' tshon thugs rje chen po'i nang sgrub dang /__khrus chab/__ril sgrub/__sogs kyi zin bris mthong ba sgo 'byed ces bya ba bzhugs so/__/ 'ja' tshon thugs rje chen po ngan song rang grol gyi nang sgrub kyi 'don 'grig la/__sngon 'gro'i las rim phyi sgrub chog khrid ltar bya/__dngos gzhi lha bskyed las/__oM swA b+hA wa=sogs rje gu Na'i mdzad pa'i nang sgrub rgyun khyer ltar la/__stong pa'i ngang las rdo rje'i srung 'khor nang :__b+h+rU~M las gzhal yas mtshan nyid yongs rdzogs dbus:__/__gser gyi sa gzhi pad nyi zla gdan gsal:__oM ma Ni pad+me hU~M:__zhes pa'i sgra la brten nas bdag nyid 'phags pa nam mkha'i rgyal po zhal bcu gcig pa:__rtsa ba'i zhal gsum dkar po chos sku zhi ba'i zhal 'dzum pa dang ldan pa:__de'i steng ma gsum ser po longs sku rgyas pa'i zhal bzhad pa:__de'i steng ma gnyis dmar smug dbang gi sogs/__gter gzhung ltar/__bzhengs stabs su bzhugs pa'o:__zhes pa'i bar dang /__slar yang nang sgrub rgyun khyer ltar/__hrIHkun gzhi ma bcos=sogs tshig bcad gsal btab/__bar gyi 'ja' tshon snying po sogs 'jog dgos/__spyan 'dren nas/__gnas gsum rgyas gdab rdzogs kyi bar nang sgrub rgyun khyer ltar/__sku gsum thugs kyi phyi sgrub gter gzhung nas blangs/__bstod pa bsdu na rgyun khyer dkyus ltar dang /__dzaba? dmigs kyang rgyun khyer nang bzhin bya/__bzlas pa rdzogs nas dbyangs gsal rten snying dang /__mchod bstod bya/__de nas gtor 'bul tshogs mchod sogs rjes rim phyi sgrub las byang ltar bya'o/__/phyi sgrub bsngo smon tshig lhug mjug tu/__nang sgrub rgyun khyer gyi bsngo smon gdab/__shis brjod sogs kyi mthar dbyung ngo /__!khrus chab bsgrub na/__bum pa bcud ldan gzhung gsal gyi rdzas blugs dgos/__dung chos gzungs rdor bcas dang mchod gtor bshams/__phyir sgrub kyi skyabs sems dang /__yan lag bcu pa'i tshogs bsags/__tshad med bzhi yi rjes mchod pa byin brlabs bya/__swA b+hA wa sogs nas/__bdag bskyed bsnyen pa grub kyi bar dang /__dbyangs gsal rten snying sogs dang /__mjug gi yan lag bdun pa phul/__hU~M hU~M hU~M gsum gyi bsdu/__phaT phaT phaT:__gsum gyis ldangs/__swA b+hA was sbyangs/__bum pa mi dmigs pa stong pa nyid du gyur:__stong pa'i ngang las phyi bum pa nang gzhal med khang 'od zer gyi rang bzhin can gyi dbus su bcom ldan 'das nam mkha'i rgyal po sku mdog dkar la dmar ba'i mdangs chags pa/__sogs nas/__nying lag sprul pa'i phyag stong dang rtsa gnyis ni mchog sbyin gyi phyag rgya mdzad pa'i skur gsal bar gyur/__de rnams kyi spyi bor oM sogs nas/__spyan 'dren mchod pa dang /__gtso bo'i bstod pa phyi sgrub bzhin bya/__de nas/__rang gi thugs ka nas sngags kyi phreng ba gzungs thag la 'khril te song ba bum lha'i thugs kar phog__/sngags kyi 'od zer mchod pa'i tshul du spros/__zhing khams rab 'byams kyi rgyal ba rnams mnyes par byas/__byin rlabs thams cad bsdus nas bum lha'i thugs kar thim/__sku yi cha thams cad las bdud rtsis rgyun byung bas bum pa khengs par bsam/__gzungs thag gi sne nas 'dzin bzhin gzungs ring dang /__yig drug bzla thun mthar mchod bstod dang /__yig brgya lan gsum/__'bru gsum gyi mchod yon phul bas lha 'od du zhu ba bum chu dang dbyer med du gyur/__ces brjod/__bsngo smon shis brjod sogs kyi mthar dbyung ngo /__/de ltar bu'i thun bzhi'i rim pas zhag gsum bdun sogs su bsgrub par bya'o/__/de ltar sgrub pa'i chus ril bu dril bskyed bya dgos/__dam rdzas ril bu sgrub skabs nyin dang por bum pa sbyongs khrus shig bya/__nyin rjes ma rnams la mi dgos/__phyi sgrub bdag bskyed skabs lha bskyed kyi mjug zhal gtso bo la brtan nas 'dugs cing las la brtson pa'i skur gsal bar gyur/__dngos gzhi'i mdun bskyed bum pa sgrub pa ni/__las byang 'jam mgon gu Na'i chog bsgrigs gzhir bzhag gi/__swA b+hA was sbyangs/__ril bu snod dang bcas pa mi dmigs pa stong par gyur/__stong pa'i ngang las ril bu snod phyi bum pa la/__nang gzhal yas khang gru chad bar khyams sgo bzhi dang ldan pa sogs nas/__oM ma Ni pad+me hU~M:__ril bu rnams 'phags pa nam mkha'i rgyal po krong nge gyur pa ni sogs nas phyi sgrub las byang dkyus ltar la/__thun mong du gnas gsum byin rlabs nas bstod pa grub kyi bar dang /__bdag bskyed la bdag bskyed zer ba'ang don la mdun bskyed ras bris kyi dkyil 'khor bdag mdun tha mi dad du bskyed pa yin kyang ril bu la bskyed chog zur du dgos pas de mdun bskyed kyi ming btags pa'o/__/dmigs pa'i bzlas pas gzhung ltar byas rjes/__bum pa'i gzungs thag nas 'dzin bzhin bum lha'i gtso bo'i thugs kar hrIHdkar po la gzungs sngags snying pos bskor ba/__rang gi thugs ka nas sngags kyi phreng ba gzungs thag la zhon te song ba ril bu'i lha tshogs rnams kyi thugs kar phog pas thugs rgyud bskul/__thugs ka'i sngags phreng las 'od zer 'phros/__phyogs bcu'i bde bar gshegs pa thams cad la sku gsung thugs mnyes pas mchod pa phul/__byin rlabs dngos grub thams cad bsdus ril bu'i lha tshogs rnams la thim/__khams gsum gyi sems can thams cad la phog pas lus ngag yid gsum gyi sgrib pa sbyangs/__stong gsum gyi 'jig rten gyi khams thams cad thugs rje chen po'i lha tshogs su gyur/__de dag thams cad dang dkyil 'khor pa gtso 'khor thams cad kyi bzlas pa mgrin gcig tu byas pas sngags kyi sgras 'jig rten thams cad 'ur gyis gang /__srid zhi'i dwangs bcud thams cad 'od dang 'od zer gyi rnam pas bsdus nas ril bu'i lha tshogs rnams la thim/__de rnams kyis kyang zhal nas sngags sgra di ri ri sgrogs par bsam la sngags bzla/__thun mthar mchod bstod dang /__mdun bskyed kyi lha tshogs rnams 'od du zhu nas/__ril bu la thim par gyur/__ces brjod la nyu le 'dul chog dang /__byin 'bebs byas nas thun gnyis pa la 'jug__/thun tha ma la 'od zhu rjes chog gi nongs bshags 'jug tu bya/__bar thun rnams la yan lag bcu pa'i tshogs bsags dang /__mchod pa byin brlab byas nas bdag mdun lha'i bskyed chog la 'jug__/de lta ba'i thun bzhi drug sogs bya/__nyin par gyi thun tha ma la/__bzlas pa'i mjug gi mchod bstod grub rjes las byang gi gtor 'bul dang cha gsum kyang 'don/__tshogs mchod rjes rim las byang ltar/__thun bar nyu le 'dul ba dang /__byin 'bebs sogs bya/__sgrub chen dang 'brel na sgrub khog spyi 'gre dang /__'khor yug tu gsungs mi chad dang /__rjes dngos grub blangs ba sogs bya'o/__/zhes pa'ang lA wa ri khrod pa rnams la dgos pa'i don du mkhyen brtse'i sprul ming 'dzin pa chos kyi blo gros pas bris pa dge'o//___//

Footnotes

Other Information