DKR-KABUM-05-CA-024: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-024
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:02, 1 June 2024

Wylie title dag snang bka' brgyad rig 'dzin zhal lung las/ dmod pa drag sngags kyi dkyil 'khor sgrub cing dbang gi cho ga drag rtsal rdo rje'i thog gzer DKR-KABUM-05-CA-024.pdf
Location dil mgo mkhyen brtse bka' 'bum
Volume 5, Text 24, Pages 156-160 (Folios 1a to 5b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Dag snang bka' brgyad rig 'dzin zhal lung las dmod pa drag sngags kyi dkyil 'khor sgrub cing dbang gi cho ga drag rtsal rdo rje'i thog gzer. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 156-160. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ (dag snang bka' brgyad rig 'dzin zhal lung)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity drag sngags
Colophon

།འགྱུརྃ་མེདྃ་ཞི་བའི་དབྱིངས་ལས་ཐུགས་རྗེ་ཡི། །ཁྲོ་གཏུམ་གནམ་ལྕགས་འབར་བའི་ནག་པོའི་ཚོགས། །རླག་བྱེད་ཐེགྃ་མཆོགྃ་བསྟནྃ་པའིྃ་རྒྱལྃ་མཚནྃ་གྱི། །སྨིན་བྱེད་ངོ་མཚར་དཔལ་དུ་འབར་བའོ། །དྲག་སྔགས་སྟོབས་ལྡན་ནག་པོའི་དབང་དང་སྒྲུབ་ཐབས་ལེའུ་ཚན་ནོ།།

/'gyura~M meda~M zhi ba'i dbyings las thugs rje yi/_/khro gtum gnam lcags 'bar ba'i nag po'i tshogs/_/rlag byed thega~M mchoga~M bstana~M pa'i~M rgyala~M mtshana~M gyi/_/smin byed ngo mtshar dpal du 'bar ba'o/__/drag sngags stobs ldan nag po'i dbang dang sgrub thabs le'u tshan no//

[edit]
༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་སྒྲུབ་ཅིང་དབང་གི་ཆོ་ག་དྲག་རྩལ་རྡོ་རྗེའི་ཐོག་གཟེར་ཞེས་བྱ་བ་བཞུགས་སོ།།


༄༅། །ཡེ་ཤེས་རྡོ་རྗེ་རྩེ་བརྒྱའི་མཚོན་ཆེན་པོས། །ཡིད་སྲུབ་ལྷ་མིན་གྲོང་ཁྱེར་བཅོམ་པའི་ཕྱིར། །རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་ལྷར་བཏུད་ནས། དྲག་པོ་སྔགས་ཀྱི་སྒོས་བཀའ་འདིར་གསལ་བྱ། །དེ་ལ་འདིར་དམོད་པ་དྲག་སྔགས་སྒེར་གྱི་སྒྲུབ་ཐབས་དང་དབང་གི་རིམ་པ་ནི། གང་དུ་བྱ་བའི་གནས་སུ་གཞུང་མཐུན་གྱི་དཀྱིལ་འཁོར་དབུས། རྣམ་རྒྱལ་བུམ་པ། དྲག་སྔགས་ཀྱི་ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། རྡོར་དྲིལ། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། བྲུབ་ཁུང་དུ་ཐུན་རྫས་སྣ་ཚོགས། ལིངྒ། མེ་ཧོམ། སཱཙྪ། གདབ་ཕུར། ཕུང་རེ། སྒྲོལ་གྲི། སྨན་རཀ་གཏོར་གསུམ། ཉེར་སྤྱོད་མཆོད་པ། ཚོགས། དཀར་བགེགས། ཆད་བརྟན་སོགས་འདུ་བྱ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་གཡབ་དར། སྒྲོལ་ཕུར་སོགས་བཀོད་ལ། དངོས་གཞི་དབང་སྒྲུབ་ཁྲོ་བོ་སྤྱི་ཡི་ལས་བྱང་གི་ཆིངས་ལྟར་སྐྱབས་སེམས་ནས་ལྷ་བསྐྱེད། བཾ་ལས་རུ་ཏྲ་ཕོ་མོ་བསྣོལ་བ་ཡི། ཞེས་པའི་མཚམས་སུ། །རྒྱུ་ཡིག་མཐིང་ནག་གདན་སྟེང་བབས་པ་ལས། །སྟོབས་ལྡན་ནག་པོ་ཞལ་གསུམ་ཕྱག་དྲུག་པ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་ཁམ་སེར་འབར། །རྩ་བའི་ཕྱག་གཉིས་རྡོ་རྗེ་ར་གདེངས་མཚོན། །ལྕང་ལོར་བཅས་པའི་བྷནྡྷ་ཁྲག་གང་ཅན། །ལྷག་རྣམས་ལྷ་བརྒྱད་ཀླུ་བརྒྱད་དོན་སྙིང་འཛིན། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །འབྱུང་བའི་བདག་མོ་མཁར་འདེགས་ས་གནོན་འཁྱུད། །ཤར་དུ་འཆི་བདག་གཤིན་རྗེ་གྲི་ཐོད་འཛིན། །ལྷོར་བདུད་མེ་ཡི་ཁ་རླངས་ཁྲམ་ཤིང་ཞགས། །ནུབ་ཏུ་སྲིན་པོ་གསོད་བྱེད་གྲི་ཐོད་བསྣམས། །བྱང་དུ་གནོད་སྦྱིན་གང་བཟང་གྲི་མདུང་འཛིན། །བཞི་ཀའང་ཡུམ་བཅས་མུ་སྟེགས་ཀཱ་ལ་སོགས། །ཉི་ཤུ་རྩ་བརྒྱད་ལྷ་སྲིན་དྲེགས་པའི་ཚོགས། །སྣ་ཚོགས་རྒྱན་དང་རྣམ་འགྱུར་ཅིར་ཡང་སྟོན། །བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས། །སྤྱན་འདྲེན། མཆོད་བསྟོད་བཅས་ཀྱི་མཐར། བསྙེན་པ་ནི། ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ། རྣམ་རྒྱལ་བུམ་པ་དང་ལས་བུམ་སྒྲུབ་པ་ནས་བརྩམས། གཤིན་རྗེ་ལྟར་བྱ། རིག་པའི་མེ་ཏོག་དོར། སྡེ་བརྒྱད་གསོལ་མཆོད་བཏང༌། སློབ་མ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་སྒོམ། ལོ་རྒྱུས་ནི། དེ་ཡང་གསང་སྔགས་མ་ཧཱ་ཡོ་ག་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པ་ལས་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ཚོམ་བུ་དགུ་རུ་སྒྲུབ་པ་དང༌། བྱེ་བྲག་སོ་སོའི་སྒྲུབ་ཚུལ་གཉིས་ལས། སྐབས་འདིར་བྱེ་བྲག་སོ་སོའི་སྒྲུབ་པ་སྟེ། དེ་ལ་འཇིག་རྟེན་ལས་འདས་པའི་སྒྲུབ་ལུགས་ལྔ། འཇིག་རྟེན་པའི་སྒྲུབ་ལུགས་གཉིས། སོ་མཚམས་ཀྱི་སྒྲུབ་པ་གཅིག་སྟེ་བརྒྱད་ཀྱི་རྣམ་བཞག་ལས། འཇིག་རྟེན་པའི་སྒྲུབ་ལུགས་གཉིས་ཀྱི་ཡ་གྱལ་དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་སྟེ། དེ་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྤྱི་རྒྱུད་དང༌། སྔགས་བདག་དྲེགས་པ་སོ་སོའི་སྒོས་རྒྱུད་མཐའ་ཡས་པ་བཞུགས་ཤིང༌། འབོད་རྦད་བསད་གསུམ་གྱིས་བསྟན་པའི་མན་ངག་ཐམས་ཅད་བཀའ་བབ་རིག་འཛིན་བརྒྱད་ལས་ཕུང་བྱེད་ཤནྟིཾ་གྷརྦྷ་ལ་བཀའ་བབས་ནས། དྲེགས་པའི་སྲོག་དང༌། འཕྲོག་ཐབས་ཀྱི་གནད་རྒྱ་གཉིས་སུ་བསྡུས་ནས་གཏན་ལ་ཕབ་པ། སངས་རྒྱས་ཀུན་དངོས་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གསན། སྡེ་གསུམ་དྲེགས་པ་བྲན་བཞིན་བཀོལ་ཞིང༌། དྲག་སྔགས་དམོད་པའི་ཐོག་མདས་བདུད་དང་མུ་སྟེགས་ཐམས་ཅད་དཔའ་བཀོང་རྒྱལ་བསྟན་རིན་པོ་ཆེ་དབུ་འཕང་མཐོན་པོར་བཏེགས་པས་སྣང་སྲིད་ཟིལ་གནོན་སྟོབས་ལྡན་ནག་པོ་དང་གཉིས་སུ་མེད་པའི་མཆོག་བརྙེས་ཏེ་མ་འོངས་བསྟན་འགྲོའི་དོན་དུ་རྗེ་འབངས་ལས་ཅན་སྤྱི་དང༌། ཁྱད་པར་བཀའ་བབ་སྙིང་གི་བུ་དགུའི་བྱེ་བྲག་པ་གོར་བཻ་རོ་ཙཱ་ན་ལ་རྒྱུད་དང་གདམས་ངག་ཐམས་ཅད་རྫོགས་པར་གནང་སྟེ་ཐུགས་ཉམས་སུ་བཞེས་པས་ཐུན་མོང་གི་དངོས་གྲུབ་བདེན་ཚིག་གྲུབ། མཆོག་གི་དངོས་གྲུབ་ཟག་ཟད་ཡེ་ཤེས་ཀྱི་སྐུ་བརྙེས་ཏེ་སློབ་དཔོན་ཉིད་དང་དགོངས་པ་མཉམ་ཞིང་ཡེ་ཤེས་ཀྱི་སྤྱན་དང་ལྡན། གདམས་སྐོར་ཐམས་ཅད་གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་བཀའ་ཡི་བསྡུ་བ་མཛད་ནས་ཕྱི་རབས་གདུལ་བྱའི་དོན་དུ་ཟབ་གཏེར་གྱི་གསང་བར་བསྡམས་པ་ལས། ཕྱི་ས་གཏེར། ནང་དགོངས་གཏེར། གསང་བ་དག་སྣང་གི་ཆོས་སྐོར་རྒྱས་བསྡུས་དུ་མ་གདུལ་བྱའི་སྐལ་བ་དང་འཚམས་པར་བྱོན་པ་ལས། སྐབས་སུ་བབ་པ་གངས་ཅན་མགོན་པོ་མངའ་བདག་ཁྲི་ལྡེའི་ཕྲིན་ལས་ཀྱི་རྣམ་འཕྲུལ་མཁས་གྲུབ་རྒྱ་མཚོའི་དེད་དཔོན་ཟིལ་གནོན་བཞད་པ་རྩལ་གྱི་ཡང་ཟབ་དག་སྣང་གི་ཆོས་སྡེ་བཀའ་མི་འཆོལ་བའི་བཀའ་རྟགས་ཕྱག་རྒྱས་བཏབ་པ་ལྔ་ཕྲག་ལྔ་ལས། བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་ཆོས་སྡེ་དྲག་སྔགས་དམོད་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་སྒྲུབ་པ་ལ་ཐོག་མར་སྔོན་འགྲོ་འཇུག་པའི་ཆོས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་གདབ་ནས་ཡེ་ཤེས་དབབ་པའི་བར་གཤིན་རྗེ་ལྟར་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླ་དྲེགས་པ་ཕོ་མོའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་སྐད་ཅིག་གིས་དཔལ་ཆེན་སྟོབས་ལྡན་ནག་པོ་མིག་སྨན་གྱི་མདོག་ཅན་ཞལ་གསུམ་ཀ་མཐིང་ནག །ཕྱག་དྲུག་གི་དང་པོས་རྡོ་རྗེ་དང་ལྕང་ལོར་བཅས་པའི་བྷནྡྷ། ལྷག་མ་གཡས་གཉིས་ཀྱིས་ལྷ་བརྒྱད་ཀྱི་ཙིཏྟ། གཡོན་གཉིས་ཀྱིས་ཀླུ་བརྒྱད་ཀྱི་ཙིཏྟ་བསྣམས་པ། ཡུམ་འབྱུང་ལྔའི་བདག་མོ་ཕྱག་གཡས་འདེགས་ཤིང༌། གཡོན་ས་གནོན་པའི་ཚུལ་ཅན་དང་སྦྱོར་བ། ཞབས་བཞི་དོར་སྟབས་ཀྱིས་དགྲ་བགེགས་པད་ཉིའི་གདན་ལ་བཞུགས་པར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ་སོགས་ནས་བྱིན་དབབ་བརྟན་བཞུགས་ནས་བརྩམས་དཀྱིལ་འཁོར་མཐོང་བ་བསྟན་པའི་བར་གཤིན་རྗེ་ལྟར་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འཛིན་གྱི་སྤྲུལ་པའི་གཞལ་མེད་ཁང་རྡོ་རྗེ་རྭ་གུར་མེ་དཔུང་གི་དབུས་སུ་རྡོ་རྗེའི་བྲག་ཆེན་པདྨ་ཉི་མའི་སྟེང་དུ་དཔལ་ཆེན་སྟོབས་ལྡན་ནག་པོ་མིག་སྨན་གྱི་མདོག་སོགས་ནས་པད་ཉི་དྲེགས་པའི་གདན་ལ་བཞུགས་པའི་ཕྱོགས་བཞིར་གཤིན་རྗེ། བདུད་པོ། སྲིན་པོ། གནོད་སྦྱིན་བཞི། ཕྱི་རོལ་གྱི་ཁྱམས་སུ་ཕྱོགས་བཞིར་སྟེང་འོག་རྣམས་སུ་དྲེགས་པ་དྲུག་དྲུག །སྒོ་བཞིར་དྲེགས་པ་བཞི་བཅས་ཁྲོ་གཏུམ་མི་བཟད་པའི་ཆོ་འཕྲུལ་ཅན་སོགས་ནས་ལྷ་དབང་བར་གཤིན་རྗེ་ལྟར་ལ། ལྷ་དབང་ནི། ཧཱུྃ། །བཅོམ་ལྡན་སྟོབས་ལྡན་ནག་པོ་ནི། །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །རྡོ་རྗེ་དུང་ཁྲག་དང་པོ་གཉིས། །གཡས་པ་ལྷ་བརྒྱད་ཙིཏྟ་བསྣམས། །གཡོན་པ་ཀླུ་བརྒྱད་ཙིཏྟ་བསྣམས། །འབྱུང་ལྔའི་བདག་མོ་གཉིས་མེད་འཁྲིལ། །སྔགས་བདག་དྲེགས་པ་འཁོར་དང་བཅས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །བསྟན་པའི་དགྲ་བགེགས་སྒྲོལ་བར་ཤོག །ཨོཾ་བཛྲ་སརྦ་དུཥྚཾ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། འཆི་བདག་གཤིན་རྗེ་ནག་པོ་ཡབ། །སྐྱེ་འགྲོའི་སྲོག་གི་བདག་མོ་ཡུམ། །སྔགས་བདག་དམོད་པའི་དྲགས་སྔགས་བདག །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཡ་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛཿབྷྱོཿ མ་མ་རུ་ལུ་མ་ཙིཏྟ་ཧྲིང་ཧྲིང་ཛཿབྷྱོ་ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། བདུད་པོ་མེ་ཡི་ཁ་རླངས་ཡབ། །བདུད་མོ་ནག་མོ་ཁྲག་འཛག་ཡུམ། །བདུད་རྣམས་དམོད་པའི་དྲག་སྔགས་བདག །མཐུ་སྟོབས་ཡོངས་རྫོགས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་དུ་ཁྲག་དུ་ཙིཏྟ་ཧྲིང་ཧྲིང་ཛཿབྷྱོ་དུནྟིཾ་དུ་ཧྲིང་ཧྲིང་ཛཿབྷྱོ་ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། །སྲིན་མོ་ནག་པོ་གསོད་བྱེད་ཡབ། །སྲིན་མོ་འཇོམས་བྱེད་ཡུམ་དང་བཅས། །སྲིན་པོ་དམོད་པའི་དྲག་སྔགས་བདག །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་རཀྴ་ཙིཏྟ་ཧྲིང་ཧྲིང་ཛཿབྷྱོཿ རཀྨོ་ཙིཏྟ་ཧྲིང་ཧྲིང་ཛཿབྷྱོཿ ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། གནོད་སྦྱིན་གང་བ་བཟང་པོ་ཡབ། །ཤ་ཟ་རལ་གཅིག་ནག་མོ་ཡུམ། །གནོད་སྦྱིན་དམོད་པའི་དྲག་སྔགས་བདག །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཡཀྴ་ཡཀྴ་ཙིཏྟ་ཧྲིང་ཧྲིང་ཛཿབྷྱོཿཡཀྨོ་ཙིཏྟ་ཧྲིང་ཧྲིང་ཛཿབྷྱོཿཨ་བྷི་ཥིཉྩ་ཨ་ཨཿ ཧོཿ དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བས་བདེ་གཤེགས་ཐམས་ཅད་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་དང་ཐུགས་ཀྱི་དབང་ཡང་དག་ལྟར་སྦྱར། ཐོད་ངན་དུ་ཐུན་རྫས་ཟོར་རྫས་སྤུངས་པ་རྣམས་གཏད་ལ། དེ་ལྟར་དམོད་པ་དྲག་སྔགས་ཀྱི་དབང་བསྐུར་བས་ལྟ་བའི་རྫོངས་ཟིན། སྒོམ་པའི་འཕྲང་བརྒལ། སྤྱོད་པའི་མཆོག་སྟེ་གདུལ་བྱ་མ་རུང་པ་བསྒྲལ་བའི་ཞིང་བཅུ་དང༌། ཉམས་པ་བདུན་དང་ལྡན་པའི་ཚོགས་ལ་ནད་མཚོན་དུག་གི་ཐུན་གྱིས་ཆར་ཕོབ། ཁྲོ་རྒྱལ་ཞལ་གྱི་ཧོམ་དུ་བསྲེགས་པའི་ཚར་གཅོད། འགལ་རྐྱེན་ཐམས་ཅད་དྲག་པོའི་ཟོར་གྱི་བཟློག །སླར་མི་ལྡང་བའི་ཆེད་ལྡང་མེད་དུ་མནན་པ་སོགས་དྲག་པོས་ཕྲིན་ལས་མཐར་ཕྱིན་པ་རྗེས་སུ་གནང་བར་མོས་ཤིག །ཧཱུྃ། གནམ་ལྕགས་འབར་བའི་ཧོམ་ཁུང་དུ། །གནོད་བྱེད་དགྲ་དང་བགེགས་ཀྱི་ཚོགས། །སྣ་ཚོགས་དུད་པས་ལྷ་དང་ཕྲོལ། །ཐུན་རྫས་མཚོན་ཆས་དུམ་བུར་གཏུབས། །དུག་ཁྲག་ནད་ཀྱིས་སྨྱོ་རུ་ཆུག །རྣོ་ངར་མཚོན་ཆའི་རྩིབས་ལ་བསྐྱོན། །མེ་ཧོམ་གྱིས་བསྲེགས་རླུང་ལ་བསྐུར། །ཐར་མེད་མནན་ཅིང་གཏད་པ་སོགས། །དྲག་པོ་མཐུ་ཡི་དབང་བསྐུར་བས། །གདུག་ཅན་བསྒྲལ་བའི་དབང་ཐོབ་ཤོག །ཨོཾ་བཛྲ་སརྦ་དུཥྚཾ་དགྲ་བགེགས་མ་ར་ཡ་ཨ་བྷི་ཥིཉྩ་ཨ་ཨཿ དེ་ལྟར་དྲག་སྔགས་ནུས་པའི་དབང་བསྐུར་བས་གདུལ་བྱ་གདུག་པ་ཅན་ཚར་གཅོད་པའི་ལས་ཀྱི་སྦྱོར་བ་ལ་རྟག་ཏུ་བརྩོན་པར་གྱིས་ཤིག །གསང་དབང་ནས་བརྩམས་དམ་ཚིག་ཁས་བླངས། གཏང་རཀ །ལུས་འབུལ། དགེ་བསྔོ་དང་ལས་བྱང་གི་ལྷག་མ་ནས་ཤིས་བརྗོད་ཀྱི་བར་མཐར་ཆགས་སུ་བཏང་ཚུལ་གཤིན་རྗེ་ལྟར་རོ། །འགྱུརྃ་མེདྃ་ཞི་བའི་དབྱིངས་ལས་ཐུགས་རྗེ་ཡི། །ཁྲོ་གཏུམ་གནམ་ལྕགས་འབར་བའི་ནག་པོའི་ཚོགས། །རླག་བྱེད་ཐེགྃ་མཆོགྃ་བསྟནྃ་པའིྃ་རྒྱལྃ་མཚནྃ་གྱི། །སྨིན་བྱེད་ངོ་མཚར་དཔལ་དུ་འབར་བའོ། །དྲག་སྔགས་སྟོབས་ལྡན་ནག་པོའི་དབང་དང་སྒྲུབ་ཐབས་ལེའུ་ཚན་ནོ།། །།
[edit]

@#/_dag snang bka' brgyad rig 'dzin zhal lung las/_dmod pa drag sngags kyi dkyil 'khor sgrub cing dbang gi cho ga drag rtsal rdo rje'i thog gzer zhes bya ba bzhugs so// @#/_/ye shes rdo rje rtse brgya'i mtshon chen pos/_/yid srub lha min grong khyer bcom pa'i phyir/_/rgyal kun mthu stobs gcig bsdus lhar btud nas/_drag po sngags kyi sgos bka' 'dir gsal bya/_/de la 'dir dmod pa drag sngags sger gyi sgrub thabs dang dbang gi rim pa ni/_gang du bya ba'i gnas su gzhung mthun gyi dkyil 'khor dbus/_rnam rgyal bum pa/_drag sngags kyi lha tsaka yongs rdzogs/_sngags byang*/_rdor dril/_gsang thod bdud rtsi/_rig tsaka_/shel rdo/_brub khung du thun rdzas sna tshogs/_ling+ga/_me hom/_sAts+tsha/_gdab phur/_phung re/_sgrol gri/_sman raka gtor gsum/_nyer spyod mchod pa/_tshogs/_dkar bgegs/_chad brtan sogs 'du bya/_slob dpon gyi mdun du rdor dril g.yab dar/_sgrol phur sogs bkod la/_dngos gzhi dbang sgrub khro bo spyi yi las byang gi chings ltar skyabs sems nas lha bskyed/_baM las ru tra pho mo bsnol ba yi/_zhes pa'i mtshams su/_/rgyu yig mthing nag gdan steng babs pa las/_/stobs ldan nag po zhal gsum phyag drug pa/_/spyan bgrad zhal gdangs ljags 'dril mche ba gtsigs/_/smin ma sma ra dbu skra kham ser 'bar/_/rtsa ba'i phyag gnyis rdo rje ra gdengs mtshon/_/lcang lor bcas pa'i b+han+d+ha khrag gang can/_/lhag rnams lha brgyad klu brgyad don snying 'dzin/_/dpal dang dur khrod chas kyis rnam par brgyan/_/zhabs bzhi g.yas bskum g.yon brkyang dor stabs bgrad/_/'byung ba'i bdag mo mkhar 'degs sa gnon 'khyud/_/shar du 'chi bdag gshin rje gri thod 'dzin/_/lhor bdud me yi kha rlangs khram shing zhags/_/nub tu srin po gsod byed gri thod bsnams/_/byang du gnod sbyin gang bzang gri mdung 'dzin/_/bzhi ka'ang yum bcas mu stegs kA la sogs/_/nyi shu rtsa brgyad lha srin dregs pa'i tshogs/_/sna tshogs rgyan dang rnam 'gyur cir yang ston/_/bskal pa'i me dpung 'bar ba'i dbus na bzhugs/_/spyan 'dren/_mchod bstod bcas kyi mthar/_bsnyen pa ni/_oM badz+ra sarba duSh+Tan hU~M phaT/_rnam rgyal bum pa dang las bum sgrub pa nas brtsams/_gshin rje ltar bya/_rig pa'i me tog dor/_sde brgyad gsol mchod btang*/_slob ma khrus bya/_bgegs bskrad/_srung 'khor sgom/_lo rgyus ni/_de yang gsang sngags ma hA yo ga la sgrub sde chen po brgyad du grags pa las dkyil 'khor chen po gcig tu tshom bu dgu ru sgrub pa dang*/_bye brag so so'i sgrub tshul gnyis las/_skabs 'dir bye brag so so'i sgrub pa ste/_de la 'jig rten las 'das pa'i sgrub lugs lnga/_'jig rten pa'i sgrub lugs gnyis/_so mtshams kyi sgrub pa gcig ste brgyad kyi rnam bzhag las/_'jig rten pa'i sgrub lugs gnyis kyi ya gyal dmod pa drag sngags kyi sgrub pa ste/_de la'ang sku gsung thugs yon tan phrin las lnga'i spyi rgyud dang*/_sngags bdag dregs pa so so'i sgos rgyud mtha' yas pa bzhugs shing*/_'bod rbad bsad gsum gyis bstan pa'i man ngag thams cad bka' bab rig 'dzin brgyad las phung byed shan+tiM g+har+b+ha la bka' babs nas/_dregs pa'i srog dang*/_'phrog thabs kyi gnad rgya gnyis su bsdus nas gtan la phab pa/_sangs rgyas kun dngos o rgyan rdo rje thod phreng rtsal gyis gsan/_sde gsum dregs pa bran bzhin bkol zhing*/_drag sngags dmod pa'i thog mdas bdud dang mu stegs thams cad dpa' bkong rgyal bstan rin po che dbu 'phang mthon por btegs pas snang srid zil gnon stobs ldan nag po dang gnyis su med pa'i mchog brnyes te ma 'ongs bstan 'gro'i don du rje 'bangs las can spyi dang*/_khyad par bka' bab snying gi bu dgu'i bye brag pa gor bai ro tsA na la rgyud dang gdams ngag thams cad rdzogs par gnang ste thugs nyams su bzhes pas thun mong gi dngos grub bden tshig grub/_mchog gi dngos grub zag zad ye shes kyi sku brnyes te slob dpon nyid dang dgongs pa mnyam zhing ye shes kyi spyan dang ldan/_gdams skor thams cad gsang ba'i bdag mo ye shes mtsho rgyal gyis bka' yi bsdu ba mdzad nas phyi rabs gdul bya'i don du zab gter gyi gsang bar bsdams pa las/_phyi sa gter/_nang dgongs gter/_gsang ba dag snang gi chos skor rgyas bsdus du ma gdul bya'i skal ba dang 'tshams par byon pa las/_skabs su bab pa gangs can mgon po mnga' bdag khri lde'i phrin las kyi rnam 'phrul mkhas grub rgya mtsho'i ded dpon zil gnon bzhad pa rtsal gyi yang zab dag snang gi chos sde bka' mi 'chol ba'i bka' rtags phyag rgyas btab pa lnga phrag lnga las/_bka' brgyad rig 'dzin zhal lung gi chos sde drag sngags dmod pa'i dkyil 'khor du 'jug cing dbang bskur sgrub pa la thog mar sngon 'gro 'jug pa'i chos zhu ba'i yon du maN+Dal phul/_gsol gdab nas ye shes dbab pa'i bar gshin rje ltar la/_a mr-i tas bsang*/_swa b+hA was sbyangs/_stong pa'i ngang las pad+ma nyi zla dregs pa pho mo'i gdan gyi steng du khyed rang gi sems nyid hU~M las rdo rje hU~M gis mtshan pa las skad cig gis dpal chen stobs ldan nag po mig sman gyi mdog can zhal gsum ka mthing nag_/phyag drug gi dang pos rdo rje dang lcang lor bcas pa'i b+han+d+ha/_lhag ma g.yas gnyis kyis lha brgyad kyi tsit+ta/_g.yon gnyis kyis klu brgyad kyi tsit+ta bsnams pa/_yum 'byung lnga'i bdag mo phyag g.yas 'degs shing*/_g.yon sa gnon pa'i tshul can dang sbyor ba/_zhabs bzhi dor stabs kyis dgra bgegs pad nyi'i gdan la bzhugs par gsal ba'i dpral bar oM dkar po sogs nas byin dbab brtan bzhugs nas brtsams dkyil 'khor mthong ba bstan pa'i bar gshin rje ltar la/_mtshon bya don gyi dkyil 'khor lhag pa ting nge 'dzin gyi sprul pa'i gzhal med khang rdo rje rwa gur me dpung gi dbus su rdo rje'i brag chen pad+ma nyi ma'i steng du dpal chen stobs ldan nag po mig sman gyi mdog sogs nas pad nyi dregs pa'i gdan la bzhugs pa'i phyogs bzhir gshin rje/_bdud po/_srin po/_gnod sbyin bzhi/_phyi rol gyi khyams su phyogs bzhir steng 'og rnams su dregs pa drug drug_/sgo bzhir dregs pa bzhi bcas khro gtum mi bzad pa'i cho 'phrul can sogs nas lha dbang bar gshin rje ltar la/_lha dbang ni/_hU~M/_/bcom ldan stobs ldan nag po ni/_/mthing nag dbu gsum phyag drug pa/_/rdo rje dung khrag dang po gnyis/_/g.yas pa lha brgyad tsit+ta bsnams/_/g.yon pa klu brgyad tsit+ta bsnams/_/'byung lnga'i bdag mo gnyis med 'khril/_/sngags bdag dregs pa 'khor dang bcas/_/skal ldan 'di la dbang bskur bas/_/bstan pa'i dgra bgegs sgrol bar shog_/oM badz+ra sarba duSh+TaM hU~M phaT/_a b+hi Shiny+tsa hU~M/_hU~M/_'chi bdag gshin rje nag po yab/_/skye 'gro'i srog gi bdag mo yum/_/sngags bdag dmod pa'i drags sngags bdag_/mthu stobs yongs rdzogs dbang thob shog_/oM ya ma ya tsit+ta hring hring dzaHb+h+yoH_ma ma ru lu ma tsit+ta hring hring dzaHb+h+yo a b+hi Shiny+tsa a aH_hU~M/_bdud po me yi kha rlangs yab/_/bdud mo nag mo khrag 'dzag yum/_/bdud rnams dmod pa'i drag sngags bdag_/mthu stobs yongs rdzogs yongs rdzogs dbang thob shog_/oM du khrag du tsit+ta hring hring dzaHb+h+yo dun+tiM du hring hring dzaHb+h+yo a b+hi Shiny+tsa a aH_hU~M/_/srin mo nag po gsod byed yab/_/srin mo 'joms byed yum dang bcas/_/srin po dmod pa'i drag sngags bdag_/mthu stobs yongs rdzogs dbang thob shog_/oM rak+sha tsit+ta hring hring dzaHb+h+yoH_rak+mo tsit+ta hring hring dzaHb+h+yoH_a b+hi Shiny+tsa a aH_hU~M/_gnod sbyin gang ba bzang po yab/_/sha za ral gcig nag mo yum/_/gnod sbyin dmod pa'i drag sngags bdag_/mthu stobs yongs rdzogs dbang thob shog_/oM yak+sha yak+sha tsit+ta hring hring dzaHb+h+yoHyak+mo tsit+ta hring hring dzaHb+h+yoHa b+hi Shiny+tsa a aH_hoH_dmod pa drag sngags kyi lha tshogs rnams kyi dbang bskur bas bde gshegs thams cad kyi mthu stobs yongs su rdzogs pa'i dbang dam pa thob par gyur cig_/gsung dang thugs kyi dbang yang dag ltar sbyar/_thod ngan du thun rdzas zor rdzas spungs pa rnams gtad la/_de ltar dmod pa drag sngags kyi dbang bskur bas lta ba'i rdzongs zin/_sgom pa'i 'phrang brgal/_spyod pa'i mchog ste gdul bya ma rung pa bsgral ba'i zhing bcu dang*/_nyams pa bdun dang ldan pa'i tshogs la nad mtshon dug gi thun gyis char phob/_khro rgyal zhal gyi hom du bsregs pa'i tshar gcod/_'gal rkyen thams cad drag po'i zor gyi bzlog_/slar mi ldang ba'i ched ldang med du mnan pa sogs drag pos phrin las mthar phyin pa rjes su gnang bar mos shig_/hU~M/_gnam lcags 'bar ba'i hom khung du/_/gnod byed dgra dang bgegs kyi tshogs/_/sna tshogs dud pas lha dang phrol/_/thun rdzas mtshon chas dum bur gtubs/_/dug khrag nad kyis smyo ru chug_/rno ngar mtshon cha'i rtsibs la bskyon/_/me hom gyis bsregs rlung la bskur/_/thar med mnan cing gtad pa sogs/_/drag po mthu yi dbang bskur bas/_/gdug can bsgral ba'i dbang thob shog_/oM badz+ra sarba duSh+TaM dgra bgegs ma ra ya a b+hi Shiny+tsa a aH_de ltar drag sngags nus pa'i dbang bskur bas gdul bya gdug pa can tshar gcod pa'i las kyi sbyor ba la rtag tu brtson par gyis shig_/gsang dbang nas brtsams dam tshig khas blangs/_gtang raka_/lus 'bul/_dge bsngo dang las byang gi lhag ma nas shis brjod kyi bar mthar chags su btang tshul gshin rje ltar ro/__/'gyura~M meda~M zhi ba'i dbyings las thugs rje yi/_/khro gtum gnam lcags 'bar ba'i nag po'i tshogs/_/rlag byed thega~M mchoga~M bstana~M pa'i~M rgyala~M mtshana~M gyi/_/smin byed ngo mtshar dpal du 'bar ba'o/__/drag sngags stobs ldan nag po'i dbang dang sgrub thabs le'u tshan no//_//

Footnotes

Other Information