དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། དྲེགས་པའི་སྡེ་དཔོན་སུམ་ཅུའི་མཆོད་ཕྲིན་དབང་བསྐུར་དང་བཅས་པའི་ཡི་གེ་རྒྱུད་གསུམ་དྲེགས་པའི་སྲོག་བཅུད།

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-023
Wylie title dag snang bka' brgyad rig 'dzin zhal lung las/ dregs pa'i sde dpon sum cu'i mchod phrin dbang bskur dang bcas pa'i yi ge rgyud gsum dregs pa'i srog bcud DKR-KABUM-05-CA-023.pdf
Location dil mgo mkhyen brtse bka' 'bum
Volume 5, Text 23, Pages 147-155 (Folios 1a to 9a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Dag snang bka' brgyad rig 'dzin zhal lung las dregs pa'i sde dpon sum cu'i mchod phrin dbang bskur dang bcas pa'i yi ge rgyud gsum dregs pa'i srog bcud. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 147-155. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Protector Rituals - gsol mchod  ·  Sadhanas - Evocation Ritual - sgrub thabs
Cycle དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ (dag snang bka' brgyad rig 'dzin zhal lung)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity dregs pa kun 'dul
Colophon

།ངོ་བོ་འགྱུརྃ་མེདྃ་རྟག་ཏུ་རབ་ཞི་ཡང༌། །རྣམ་འགྱུར་མཐུ་ཆེན་དྲེགས་པའི་ཚུལ་ཤར་བའི། །སྒྲུབ་ཐབས་དབང་བསྐུར་ཐེགྃ་མཆོྃག་བསྟནྃ་པྃ་ཡི། །རྒྱལྃ་མཚྃན་མི་མཐུན་གཡུལ་ལས་རྒྱལ་གྱུར་ཅིག །བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེ་ཚན་ནོ།

/ngo bo 'gyura~M meda~M rtag tu rab zhi yang*/_/rnam 'gyur mthu chen dregs pa'i tshul shar ba'i/_/sgrub thabs dbang bskur thega~M mcho~Mg bstana~M pa~M yi/_/rgyala~M mtsha~Mn mi mthun g.yul las rgyal gyur cig_/bcom ldan dregs pa kun 'dul gyi sgrub thabs dbang dang bcas pa'i le tshan no/

[edit]
༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། དྲེགས་པའི་སྡེ་དཔོན་སུམ་ཅུའི་མཆོད་ཕྲིན་དབང་བསྐུར་དང་བཅས་པའི་ཡི་གེ་རྒྱུད་གསུམ་དྲེགས་པའི་སྲོག་བཅུད་ཞེས་བྱ་བ་བཞུགས།


༄༅། །འཁོར་འདས་སྟོང་སྲོག་ཐིག་ལེ་གཅིག་ཏུ་ཟླུམ། །མཐུ་སྟོབས་ཟིལ་གྱིས་སྣང་སྲིད་དབང་དུ་སྡུད། །འབར་བའི་སྐུ་ཅན་བླ་མ་ཁྲག་འཐུང་ཆེར། །བཏུད་ནས་དེ་སྒྲུབ་སྨིན་བྱེད་བཅས་གསལ་བྱ། །སྒྲུབ་པ་བཀའ་བརྒྱད་ཀྱི་བྱེ་བྲག་གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་བྱ་བར་འདོད་པས། གཞུང་མཐུན་དཀྱིལ་འཁོར་དབུས། རྣམ་རྒྱལ་བུམ་པ། དྲེགས་པའི་སྡེ་དཔོན་ལྷ་ཙཀ་ཡོངས་རྫོགས། སྡེ་བརྒྱད་ཀྱི་ཙཀ་ལི་བྷནྡྷའི་ནང་ཡོད་པ། སྡེ་བརྒྱད་གཏོར་མ། སྔགས་བྱང༌། རྡོར་དྲིལ། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། སྡེ་དཔོན་སུམ་ཅུའི་མཆོད་གཏོར། སྨན་རཀ་གཏོར་མ། དྲག་པོའི་ཉེར་མཆོད། ཚོགས། དཀར་བགེགས། ཆད་བརྟན། མིག་དར། མིག་ཐུར། དོར་ར། ཕྱག་ཤིང་བཅས་དང༌། སློབ་དཔོན་གྱི་མདུན་ལས་བུམ། གདབ་ཕུར། ཐུན་རྫས། ཌཱ་དྲིལ་སོགས་བཀོད་ལ། དབང་སྒྲུབ་ཀྱི་རིམ་པ་ནི་ཁྲོ་བོ་སྤྱི་ཡི་ལས་བྱང་གི་སྐྱབས་སེམས་ནས། བྃ་ལས་རུ་ཏྲ་ཕོ་མོ་བསྣོལ་བ་ཡི། ཞེས་པའི་མཚམས་སུ། རྒྱུ་ཡིག་མཐིང་ནག་གདན་སྟེང་བབས་པ་ལས། །དྲེགས་པ་ཀུན་འདུལ་ཞལ་གསུམ་ཕྱག་དྲུག་ཁམ། །གཡས་དཀར་གཡོན་མཐིང་དབུས་ཁམ་ཁྲོ་ཞིང་གཏུམ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་དམར་སེར་འབར། །དང་པོའི་ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས། །ལྷག་རྣམས་ལྷ་བརྒྱད་ཀླུ་བརྒྱད་མགོ་བོ་འཛིན། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །ཁམས་གསུམ་སྤྱི་འདུལ་རྡོ་རྗེ་ཐོད་འཛིན་འཁྱུད། །མདུན་དུ་དབང་ཕྱུག་སེང་ཞོན་གྲི་སྙིང་འཛིན། །ཤར་དུ་གཤིན་རྗེ་གླང་ཞོན་བེ་ཅོན་དབྱུག །ལྷོ་རུ་སྐོས་རྗེ་རྟ་ཞོན་ཁྲམ་དགྲ་སྟྭ། །ནུབ་ཏུ་གློག་འཕྲེང་འབྲུག་ཞོན་ཐོག་གློག་འཕེན། །བྱང་དུ་མེ་དབལ་སྟག་ཞོན་རིན་ཆེན་གྲི། །ལྔ་ཀའང་རང་རང་ཡུམ་དང་ལྷན་གཅིག་གནས། །སྲིད་རྒྱལ་ལ་སོགས་སྡེ་དཔོན་སུམ་ཅུ་གཉིས། །ཆ་ལུགས་བཞོན་པ་མ་ངེས་ཅིར་ཡང་བསྒྱུར། །ཞེས་པའི་མཚམས་ནས་དབང་བསྐུར། རྒྱས་གདབ། སྤྱན་འདྲེན་ནས་བཟླས་དམིགས་ཀྱི་བར་དང་སྔགས་ནི། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ་དང༌། རྣམ་རྒྱལ་བུམ་པ། ལས་བུམ་སྒྲུབ་པ་ནས་བརྩམས་རིག་པའི་མེ་ཏོག་བར་གཤིན་རྗེ་ལྟར་དང༌། དྲེགས་པའི་སྡེ་དཔོན་གྱི་གསོལ་མཆོད་རྒྱས་པ་ཉང་གཏེར་བཀའ་བརྒྱད་ལྟར་རམ་བསྡུ་ན་སྨིན་གཏེར་གྱི་གསུང་ཟུར་གསལ་ལྟར་སྦྱར། སློབ་མ་བོས་ལ། ཁྲུས་བགེགས་བསྐྲད། སྲུང་འཁོར་སྔོན་དུ་འགྲོ་བས། ལོ་རྒྱུས་ནི། དེ་ཡང་ཁྱད་པར་དྲུག་ལྡན་གསང་སྔགས་སྔ་འགྱུར་གྱི་རིང་ལུགས་ལ་རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེན་པོ་གཉིས་ཀྱི་ཕྱི་མ་ལ་ཡེ་ཤེས་དང༌། འཇིག་རྟེན་གྱི་སྒྲུབ་སྡེ་གཉིས་ལས། འཇིག་རྟེན་གྱི་སྒྲུབ་ལུགས་བཀའ་སྲུང་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་སྒྲུབ་པའི་སྡེ་སྟེ། དྲེགས་པ་སྤྱི་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དྲེགས་པའི་སྡེ་དཔོན་སུམ་ཅུ་སོ་སོའི་སྒོས་རྒྱུད་ཤིན་ཏུ་མང་པོ་རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ། རིག་འཛིན་ཆེན་པོ་རོམ་བུ་གུ་ཧྱ་ཙནྡྲ་ལ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེས་གཏད་ཅིང་བཀའ་བབས། འཁོར་འདས་ཐམས་ཅད་ལྟ་བའི་རྫོང་དང༌། སྒོམ་པའི་འཕྲང་གཉིས་སུ་བསྡུས་ནས་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་དང་གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་པ་ལས། སངས་རྒྱས་ཀུན་དངོས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་པར་གསན་པའི་ཚུལ་བསྟན་ནས་སྣང་སྲིད་དྲེགས་པའི་དཔུང་ཚོགས་བྲན་དུ་བཀོལ། ནག་ཕྱོགས་བརླང་པོར་སྤྱོད་པ་ཐམས་ཅད་ཚར་བཅད། བོད་ཁམས་སངས་རྒྱས་ཀྱི་བསྟན་པ་བར་ཆད་མེད་པ་དར་བ་མཛད་ནས་མཐུ་སྟོབས་ནུས་པའི་མངའ་བདག་ཏུ་གྱུར་པས་སྨིན་གྲོལ་རྒྱུད་ལུང་མི་ནུབ་པའི་བཙས་སུ་དགོངས་ནས་བསམ་ཡས་བྲག་དམར་ཀེའུ་ཚང་དུ་སྒྲུབ་པ་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་རྒྱུད་ལུང་མན་ངག་དང་བཅས་པ་རྗེ་འབངས་སྙིང་གི་བུ་དགུ་ལ་བསྟན་ཏེ། རླངས་ཆེན་དཔལ་གྱི་སེང་གེ་ལ་མཆོད་བསྟོད་དྲེགས་པའི་རྒྱུད་ལུང་མན་ངག་ཐམས་ཅད་སྒོས་ཆོས་སུ་རྫོགས་པར་གནང་བས་ཉམས་སུ་བཞེས་པས་ཐུན་མོང་དུ་འཇིག་རྟེན་གྱི་དྲེགས་པ་ལས་ལ་ཁོལ། ཇི་ལྟར་བཞེད་པའི་ཕྲིན་ལས་ཐོགས་མེད་དུ་འགྲུབ། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་གྱུར། གདམས་ངག་ཐམས་ཅད་དབྱིངས་ཕྱུག་བཀའ་ཡི་བསྡུ་བ་གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་ནས་ཟབ་མོའི་གཏེར་ཁ་དུ་མར་སྦས་ཏེ་ལས་འཕྲོ་དང་སྨོན་ལམ་གྱི་སྟོབས་ལས་གཏེར་སྟོན་རིག་འཛིན་དུ་མས་དུས་དང་དུས་སུ་སྐལ་བཟང་གི་བཙས་སུ་སྤྱན་དྲངས་ཏེ་བསྟན་འགྲོའི་རྒུད་པ་སེལ་ཞིང༌། ཕན་བདེ་མི་ཟད་པའི་བཙས་སུ་གྱུར་པ་ལས། སྐབས་སུ་བབ་པ་འདི་ནི་བཀའ་བརྒྱད་བདེ་གཤེགས་འདུས་པ་སྤྱི་དྲིལ་གྱི་བཀའ་བབས་ནས་དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདིང་ཐོབ་ཅིང༌། བོད་ཁམས་ཆོས་ལ་བཀོད་པའི་མངའ་བདག་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་རྣམ་འཕྲུལ་དུ་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་རྒྱལ་དབང་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་རྒྱ་ཅན་གྱི་ཆོས་སྡེ་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་འཇིག་རྟེན་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་གདབ་ནས་བརྩམས་བྱིན་འབེབས་བར་གཤིན་རྗེ་ལྟར་ལ། སློབ་མ་ལྷར་བསྐྱེད་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་ཉི་མ་དྲེགས་པ་ཕོ་མོའི་སྟེང་ལ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་སྐུ་མདོག་ཁམ་ནག་ཞལ་གསུམ། ཕྱག་དྲུག་ཞབས་བཞི་པ། གཡས་དཀར་གཡོན་མཐིང་དབུས་ཁམ་ནག །ཐོད་སྐམ་ལྔ་དང་རིགས་ལྔས་དབུ་བརྒྱན་པ། སྤྱན་དགུ་སྡང་མིག་གློག་ལྟར་གཡོ་བ། ཞལ་གདངས་ལྗགས་འདྲིལ། རྣོ་དབལ་གྱི་མཆེ་བ་གཙིགས་པ། སྨིན་མ་སྨ་ར་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་བསྣམས་པ། ལྷག་མ་བཞིས་ལྷ་བརྒྱད་ཀླུ་བརྒྱད་ཀྱི་མགོ་བོའི་སྐྲ་ནས་འཛིན་པ། དཔལ་དང་དུར་ཁྲོད་རོལ་པའི་རྒྱན་ཆས་ཡོངས་སུ་རྫོགས་པ། ཡུམ་ཁམས་གསུམ་སྤྱི་འདུལ་རྡོ་རྗེ་དང་ཐོད་པ་འཛིན་པས་མཉམ་པར་སྦྱོར་བས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ་སོགས་ནས། བྱིན་འབེབས་བརྟན་བཞུགས་ནས་བརྩམས་མཐོང་བ་བསྟན་པའི་བར་གཤིན་རྗེ་ལྟར་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འཛིན་གྱི་སྤྲུལ་པའི་གཞལ་མེད་ཁང་རྡོ་རྗེ་རྭ་གུར་མེ་དཔུང་གི་དབུས་སུ་པད་ཉི་དྲེགས་པ་ཕོ་མོའི་གདན་ལ་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ། སོགས་ནས་གཙོ་བོ་ཡབ་ཡུམ་བྱིན་འབེབས་ལྟར། མེ་དཔུང་འབར་བའི་ཀློང་ན་བཞུགས་པ། ཤར་དུ་གཤིན་རྗེ། ལྷོར་སྐོས་རྗེ། ནུབ་གློག་ཕྲེང༌། བྱང་དུ་མེ་དབལ་ཡབ་ཡུམ་དང༌། དེའི་ཕྱིར་སྲིད་པའི་རྒྱལ་མོ་སོགས་དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པ་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་གྱི་ཡེ་ཤེས་སྒྱུ་མའི་རྣམ་རོལ་སོགས་གཤིན་རྗེ་ལྟར་ལ། ལྷ་དབང་ནི། ཧཱུྃ། །དབང་ཆེན་དྲེགས་པ་ཀུན་འདུལ་ནི། །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །རྡོ་རྗེ་དུང་ཁྲག་དང་པོ་གཉིས། །གཡས་པ་ལྷ་བརྒྱད་མགོ་བོ་ལ། །གཡོན་པ་ཀླུ་བརྒྱད་མགོ་བོ་བསྣམས། །ཁམས་གསུམ་སྤྱི་འདུལ་ཡུམ་ཆེན་འཁྲིལ། །ཆོས་སྐྱོང་སྲུང་མ་འཁོར་དང་བཅས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །དྲེགས་པ་དབང་སྡུད་དབང་ཐོབ་ཤོག །ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ། སརྦ་རུ་ཏྲ་ཧྲཱི་ཛ་སརྦ་ཨ་བྷི་ཨ་ཨ། ཧཱུྃ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ཡབ། །བཙུན་མོ་ཨུ་མ་དེ་ཝི་ཡུམ། །དྲེགས་པ་ལས་ལ་འགྱེད་པ་ཡི། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་མ་ཧཱ་དེ་ཝ་ཨུ་མ་དེ་ཝི་ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཡ་མ་ར་ཙ་གསོད་བྱེད་ཡབ། །གཤིན་རྗེ་ནག་མོ་གསོད་བྱེད་ཡུམ། །དགྲ་ལ་འཁོར་ལོ་བསྐོར་བ་ཡིས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཡ་མ་ར་ཙ་ཡ་བྷྱོཿ ཡ་མ་ཏུནྟིཾ་ཡ་ཛ་བྷྱོཿ ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། བསྐོས་རྗེ་བྲང་དཀར་བདུད་པོ་ཡབ། །རེ་ཏི་ནག་མོ་བདུད་མོ་ཡུམ། །དགྲ་བོ་ཁྲཾ་ལ་འདེབས་པ་ཡིས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་དུ་ཁྲག་ཛཿབྷྱོཿ རཀྨོ་རཱ་ཛ་བྷྱོཿ ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། །སྲིན་པོ་གློག་གི་ཕྲེང་བ་ཅན། །སྲིན་པོ་སྦལ་མགོ་ཁྲག་གི་ཡུམ། །དགྲ་བོ་ཁྲམ་ལ་འདེབས་པ་ཡིས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་པྲ་མ་ར་ཙ་ཛ་བྷྱོཿ པྲ་མོ་དུ་ཏནྟིཾ་མཱ་བྷྱོཿ ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། གནོད་སྦྱིན་ཡཀྴ་མེ་དབལ་ཡབ། །གནོད་སྦྱིན་མོན་མོ་ནག་མོ་ཡུམ། །དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཡཀྴཛཿབྷྱོཿ ཡཀྴོ་ཀྴ་ཛ་བྷྱོཿ ཨ་བྷི་ཥིཉྩ་ཨ་ཨ། ཧོ། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བས་སྡེ་བརྒྱད་དྲེགས་པ་ཅན་མ་ལུས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་དང་ཐུགས་ཀྱི་དབང་ཡང་དག་ལྟར་སྦྱར། དྲེགས་པའི་སྲོག་དབང་བྱ་བ་ལ། ཐོད་ངན་ནང་དུ་སྡེ་བརྒྱད་ཀྱི་ཙཀླི་བཀོད། སློབ་དཔོན་གྱི་མདུན་དུ་སྡེ་བརྒྱད་ཀྱི་གཏོར་མ་སྨན་རཀ་དང་བཅས་པ་བཤམས་ལ། དེ་ལྟར་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་བྱིན་གྱིས་བརླབས་པས་ཆེ་བཙན་འགྲན་ཟླ་དང་བྲལ་བའི་བདག་ཉིད་དུ་གྱུར་པ་དེ་ཉིད་ལ་དྲེགས་པའི་སྲོག་དབང་བསྐུར་བར་བྱ་སྟེ། སློབ་དཔོན་ཉིད་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་ཡུམ་དང་བཅས་པའི་སྐུ་ཅན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་དུ་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་ཕྱོགས་བཅུར་འཕྲོས་འཇིག་རྟེན་ཁམས་ཀྱི་ཆེ་བཙན་དྲེགས་པ་ཅན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་མདུན་གྱི་རྟེན་ལ་ཐིམ་པར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དྲེགས་པ་ཅན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །དྲག་སྔགས་སོ་ལྔ་པར་རྩ་སྔགས་སྦྱར་བས་བཀུག །དེ་ནས་སློབ་དཔོན་གྱི་ཕྱག་གི་ཕུར་བུ་སྲས་མཆོག་ཡཀྴ་མེ་དབལ་དུ་གསལ་བ་དེ་ཉིད་དྲེགས་པའི་སྙིང་གར་གཟིར་ཞིང་བཏབ་པས་ཕུར་རྩེ་ལས་ཡེ་ཤེས་ཀྱི་མེ་འབར་བས་དེ་རྣམས་ཀྱི་རྒྱུད་ཀྱི་ཉོན་མོངས་པ་དུག་ལྔའི་རྟོག་པ་ཐམས་ཅད་བསྲེགས་ཤིང་བཅོམ་སྟེ་ཚར་བཅད་པའི་མོས་པ་མཛོད། རྩ་སྔགས་དང་བསད་སྔགས་སོགས་ཀྱིས་ཕུར་བུས་གཟིར། སྡེ་བརྒྱད་ཀྱི་སྲོག་སྙིང་རྣམས་ཞབས་འོག་ཏུ་བཅུག་པར་བསམ། དེ་ལྟར་བསྒྲལ་བའི་དྭངས་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་སྲོག་གི་སྙིང་པོ་སོ་སོ་ལས་སྡེ་བརྒྱད་རང་རང་གི་གཟུགས་སུ་གྱུར་པ་ལ་སློབ་དཔོན་གྱིས་དམ་རྫས་བདུད་རྩི་བྲན་པས་དུག་ལྔ་རང་རྒྱུད་དུ་སྤྱོད་པའི་འཁྲུལ་པའི་རྟོག་ཚོགས་དག །ང་རྒྱལ་གྱི་ཁེངས་སེམས་ཞི། གནས་ལུགས་རང་ངོ་ཤེས་པས་སྔར་བྱས་ཀྱི་བརླང་སྤྱོད་ལ་འགྱོད་སེམས་དང་བཅས་པས་བཏུད་ཅིང་སློབ་དཔོན་གྱིས་ཇི་ལྟར་བསྒོས་པའི་བཀའ་བཞིན་སྒྲུབ་པར་ཁས་བླངས་བར་མོས་ལ། ཧཱུྃ། །སྙིང་ཉེ་བྲན་དང་ཕོ་ཉའི་ཚོགས། །དམ་ལ་མ་འདས་ས་མ་ཡ། །རྡོ་རྗེ་སློབ་དཔོན་གཉན་གྱིས་གཏད། །བདག་གི་སྲུང་མར་མངའ་གསོལ་ལོ། །སངས་རྒྱས་བསྟན་པ་ཁྱོད་ཀྱི་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་ཐུལ། །ཞེས་བརྗོད། དུག་ལྔ་རང་རྒྱུད་ལྟར་སྤྱོད་པས་སྡེ་བརྒྱད་མ་རུངས་པར་སྣང་བ་རྣམས་ཀྱང་རྟོགས་ན་གཉིས་མེད་ཡེ་ཤེས་ཀྱི་ཁྲོ་བོ་ཆེ་མཆོག་ཧེ་རུ་ཀ་དང་ཐ་མི་དད་པའི་སྣང་སྲིད་དྲེགས་པའི་སྡེ་དཔོན་དཔལ་མགོན་མ་ནིང་ནག་པོ་སྟེ། གནས་ལུགས་དེ་ཉིད་རྟོགས་པས་སྣང་སྲིད་འདོད་དགུར་དབང་བསྒྱུར་བའི་ཕྱིར་ཆིག་དྲིལ་ཡེ་ཤེས་མགོན་པོའི་དབང་བསྐུར་བར་མོས་ཤིག །ཚིག་དྲིལ་མ་ནིང་གི་སྐུ་གཏད་དེ། ཧཱུྃ། འཇིག་རྟེན་ཁམས་ཀྱི་དྲེགས་པ་རྣམས། །རང་གི་རྟོག་ཚོགས་ཁོ་ན་སྟེ། །ཕོ་མོ་སྟོང་གི་དྲ་བར་འདུས། །ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀུན། །གཉིས་མེད་མ་ནིང་ནག་པོ་སྟེ། །ཀུན་གྱིས་མི་ཐུབ་ངར་འཛིན་བདག །མ་རིག་ན་ནི་རང་གི་བདུད། །རིག་ན་རྣམ་དག་ཧེ་རུ་ཀ །སྟོང་སྲོག་རང་རིག་ཆོས་སྐུར་བཅད། །རང་རྩལ་མཐུ་སྟོབས་དབང་བསྐུར་རོ། །ཨོཾ་ཧུར་ཐུཾ་ཛཿརྦདཿཨ་བྷི་ཥིཉྩ་ཨ་ཨཿ སྡེ་བརྒྱད་གཏོར་མ་ལ་སྨན་རཀ་བྲན། དར་ནག་གཡབ། ཤ་ཆེན་གྱི་དུད་པ་བཏང༌། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། རང་ཉིད་དཔལ་ཆེན་དྲེགས་པ་ཀུན་འདུལ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་སྡེ་བརྒྱད་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ། སྔོན་ཚེ་དྲེགས་པ་ཀུན་འདུལ་གྱི། །བཀའ་ཉན་སྣང་སྲིད་སྡེ་བརྒྱད་ཚོགས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །རིངས་པའི་ཚུལ་གྱིས་གཤེགས་སུ་གསོལ། །ཨ་ཡ་མ་དུ་རུ་ཙ་ཤ་ན་ཨེ་ཛ་བྷྱོ། སྤྱན་དྲངས། པུཥྤེ། སོགས་ནས་ཤཔྟས་མཆོད། མ་ཧཱ་པཉྩ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། གཏོར་སྔགས་ལན་གསུམ། བསྟོད་བསྐུལ་ནི། ཧཱུྃ༔ སྲིད་པ་གསུམ་ལ་དབང་བསྒྱུར་ཞིང༔ འཇིག་རྟེན་ཁམས་ལ་མངའ་མཛད་པའི༔ རྣམ་འགྱུར་ཁྲོ་གཏུམ་དྲག་ཤུལ་ཅན༔ དྲེགས་པ་སྡེ་བརྒྱད་ད་ཚུར་བྱོན༔ གཤིན་རྗེ་བདུད་དང་མ་མོ་བཙན༔ དམུ་དང་རྒྱལ་པོ་ཐེའུ་བྲང་དང༔ གཟའ་དང་གནོད་སྦྱིན་སྲིན་པོ་ཀླུ༔ ཕྱི་ནང་གསང་བ་མཆོག་དང་ནི༔ སྤྲུལ་པ་སྣང་སྲིད་སྡེ་བརྒྱད་པོ༔ སྲིད་པ་གསུམ་ལ་དབང་བྱེད་ཅིང༔ བར་སྣང་ཁམས་ལ་རྩལ་འབྱིན་པའི༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ དམ་ཉམས་དགྲ་བོའི་ཤ་དང་ཁྲག༔ སྨན་རཀ་གཏོར་མ་གསེར་སྐྱེམས་བཅས༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དཔོན་སློབ་ཐམས་ཅད་དཔལ་ཆེན་པོའི་ང་རྒྱལ་ལ་གནས་པས་ཧཱུྃ་གི་སྒྲ་སྒྲོགས་ཤིང་སློབ་དཔོན་གྱིས། ཧོཿ འཇིག་རྟེན་ལྷ་སྲིན་འདི་དག་ཀྱང༌། །འཇིག་རྟེན་འདས་དང་མ་འདས་པ། །ལས་ཀྱི་དབང་གིས་ས་བོན་རྩུབ། །དེ་ཕྱིར་དཔའ་སྙེམས་ཀྱིས་འདུལ་ན། །ཅིའི་ཕྱིར་རླུང་རྟ་རྒུད་དུས་འཚེ། །ལྷ་སྲིན་མཆོད་བསྟོད་བྱས་ན་ཤིས། །གདམས་པ་ཐོབ་ཅིང་མན་ངག་མཁས། །མཆོད་བསྟོད་རྫས་ཚང་དམ་ཚིག་ལྡན། །དེ་ཡིས་དངོས་གྲུབ་མཐའ་དག་འགྲུབ། །མ་འགྲུབ་སྤོག་ཆོག་ཨར་ལ་གཏོད། །སྤྱི་བསྟན་སྲུངས་ཤིག་རྣལ་འབྱོར་པ། །རང་སེམས་ཆོས་སྐུར་རྟོགས་གྱུར་ན། །བདེ་གཤེགས་དང་མཚུངས་གང་བསམ་འགྲུབ། །མཆོག་ཏུ་དམ་ཚིག་གཙོར་ཟུངས་ཤིག །ས་མ་ཡ་ཧོཿ ཞེས་གསུངས་པ་ལྟར་ཡེ་ཤེས་འཇིག་རྟེན་དྲེགས་པ་གང་ཡིན་ཀྱང་མན་ངག་གི་གནད་དང་ལྡན་པས་རྟག་ཏུ་གསོལ་མཆོད་ལ་བརྩོན་པས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ཅིང༌། ལས་འགྱང་ན་སྤོག་ཆོག་དང་ཨར་ལ་གཏོད་པས་གནད་དུ་གཅུན་ཞིང༌། ཐམས་ཅད་རང་སེམས་ཀྱི་རྩལ་དུ་རྟོགས་པས་རང་འདོད་ཀྱི་འཁྲིས་མེད་པས་བསྟན་འགྲོའི་དོན་ལ་རྟག་ཏུ་ཕྲིན་ལས་བཅོལ་བར་བྱའོ། །སྡེ་བརྒྱད་སྲོག་དབང་རྒྱས་པར་སྤྲོ་ན། བཀའ་བརྒྱད་གསང་རྫོགས་དང༌། རད་གླིང་གུ་རུ་དྲག་པོ་མེ་རླུང་འཁྱིལ་བ་ལྟར་བྱ་བར་གསུངས་སོ། །གསང་དབང་ནས་བརྩམས་དམ་ཚིག་ཁས་བླངས་གཏང་རཀ་འབུལ་བ་སོགས་དབང་གི་ལས་མཇུག་དང༌། ཆོ་གའི་རྗེས་རིམ་རྣམས་གཤིན་རྗེ་ལྟར་བྱའོ། །ངོ་བོ་འགྱུརྃ་མེདྃ་རྟག་ཏུ་རབ་ཞི་ཡང༌། །རྣམ་འགྱུར་མཐུ་ཆེན་དྲེགས་པའི་ཚུལ་ཤར་བའི། །སྒྲུབ་ཐབས་དབང་བསྐུར་ཐེགྃ་མཆོྃག་བསྟནྃ་པྃ་ཡི། །རྒྱལྃ་མཚྃན་མི་མཐུན་གཡུལ་ལས་རྒྱལ་གྱུར་ཅིག །བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེ་ཚན་ནོ། ༈ དྲེགས་པའི་སྡེ་དཔོན་གྱི་གསོལ་མཆོད་རྒྱས་པ་ཉང་གཏེར་བཀའ་བརྒྱད་ལྟར་རམ་སྨིན་གཏེར་གྱི་གསུང་ནི། སྡེ་དཔོན་སུམ་ཅུའི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། གསུར་ཆེན་གྱི་སྤོས་དང་རྐང་གླིང་གི་སྒྲས་མཚོན་པར་སྤྱན་དྲང་བ་ནི། ཧཱུྃ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །དྲེགས་པའི་སྡེ་དཔོན་སུམ་ཅུ་པོ། །སོ་སོའི་བཀའ་ཉན་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །མ་ཐོགས་རིངས་པའི་ཚུལ་གྱིས་ནི། །ཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ། །ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོཿ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་ཕྱི་མཆོད་ཕུལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀ་སྟོབ། ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། མཐུ་སྟོབས་ཀྱི་དབང་ཕྱུག་དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་རྣམས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སོགས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། །བདེ་གཤེགས་བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །གཟུགས་སྐུ་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །མཐུ་ཆེན་སྡེ་དཔོན་སུམ་ཅུའི་ཚོགས་ལ་བསྟོད། །དབང་ཕྱུག་ཨུ་མ་གཤིན་རྗེ་གསོད་བྱེད་ནག །སྲིད་རྒྱལ་རལ་གཅིག་བསྐོས་རྗེ་རེ་མ་ཏི། །པེ་ཧར་ཚངས་པ་སྐུ་ལྷ་རཱ་ཧུ་ལ། །གློག་ཕྲེང་ཁྲག་མིག་མེ་དབལ་མོན་མོ་ནག །མ་ཧཱ་ཀཱ་ལ་རྡོ་རྗེ་བདུད་འདུལ་ཆེ། །ནག་པོ་བཀྲག་མེད་ཀཱ་ལ་ཡཀྴ་དང༌། །ཤམ་པོ་ཐོག་གི་བུ་ཡུག་གུ་རུམ་ཙེ། །བྲག་བཙན་གནམ་ཐེ་ཡཾ་ཤུད་བི་ན་ཡ། །ནག་མོ་མགྱོགས་བྱེད་ཀླུ་བདུད་ཡཀྴ་ནག །སྡེ་དཔོན་སུམ་ཅུ་རང་རང་ཕོ་ཉར་བཅས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འདོད་པའི་ལས་འབྲས་མྱུར་དུ་མཆིས་པར་མཛོད། །ཞེས་བསྟོད་ཅིང་ཕྲིན་ལས་བཅོལ། གཙྪས་གཏོར་མགྲོན་རང་གནས་སུ་གཤེགས། གཏོར་མ་གཙང་སར་ཕུལ་ལོ།། །།
[edit]

@#/_dag snang bka' brgyad rig 'dzin zhal lung las/_dregs pa'i sde dpon sum cu'i mchod phrin dbang bskur dang bcas pa'i yi ge rgyud gsum dregs pa'i srog bcud zhes bya ba bzhugs/ @#/_/'khor 'das stong srog thig le gcig tu zlum/_/mthu stobs zil gyis snang srid dbang du sdud/_/'bar ba'i sku can bla ma khrag 'thung cher/_/btud nas de sgrub smin byed bcas gsal bya/_/sgrub pa bka' brgyad kyi bye brag gsang bdag dregs pa kun 'dul gyi dbang bya bar 'dod pas/_gzhung mthun dkyil 'khor dbus/_rnam rgyal bum pa/_dregs pa'i sde dpon lha tsaka yongs rdzogs/_sde brgyad kyi tsaka li b+han+d+ha'i nang yod pa/_sde brgyad gtor ma/_sngags byang*/_rdor dril/_gsang thod bdud rtsi/_rig tsaka_/shel rdo/_sde dpon sum cu'i mchod gtor/_sman raka gtor ma/_drag po'i nyer mchod/_tshogs/_dkar bgegs/_chad brtan/_mig dar/_mig thur/_dor ra/_phyag shing bcas dang*/_slob dpon gyi mdun las bum/_gdab phur/_thun rdzas/_DA dril sogs bkod la/_dbang sgrub kyi rim pa ni khro bo spyi yi las byang gi skyabs sems nas/_ba~M las ru tra pho mo bsnol ba yi/_zhes pa'i mtshams su/_rgyu yig mthing nag gdan steng babs pa las/_/dregs pa kun 'dul zhal gsum phyag drug kham/_/g.yas dkar g.yon mthing dbus kham khro zhing gtum/_/spyan bgrad zhal gdangs ljags 'dril mche ba gtsigs/_/smin ma sma ra dbu skra dmar ser 'bar/_/dang po'i phyag gnyis rdo rje dung khrag bsnams/_/lhag rnams lha brgyad klu brgyad mgo bo 'dzin/_/dpal dang dur khrod chas kyis rnam par brgyan/_/zhabs bzhi g.yas bskum g.yon brkyang dor stabs bgrad/_/khams gsum spyi 'dul rdo rje thod 'dzin 'khyud/_/mdun du dbang phyug seng zhon gri snying 'dzin/_/shar du gshin rje glang zhon be con dbyug_/lho ru skos rje rta zhon khram dgra s+t+wa/_/nub tu glog 'phreng 'brug zhon thog glog 'phen/_/byang du me dbal stag zhon rin chen gri/_/lnga ka'ang rang rang yum dang lhan gcig gnas/_/srid rgyal la sogs sde dpon sum cu gnyis/_/cha lugs bzhon pa ma nges cir yang bsgyur/_/zhes pa'i mtshams nas dbang bskur/_rgyas gdab/_spyan 'dren nas bzlas dmigs kyi bar dang sngags ni/_oM badz+ra tsaN+Da sarba duSh+Tan hU~M phaT dang*/_rnam rgyal bum pa/_las bum sgrub pa nas brtsams rig pa'i me tog bar gshin rje ltar dang*/_dregs pa'i sde dpon gyi gsol mchod rgyas pa nyang gter bka' brgyad ltar ram bsdu na smin gter gyi gsung zur gsal ltar sbyar/_slob ma bos la/_khrus bgegs bskrad/_srung 'khor sngon du 'gro bas/_lo rgyus ni/_de yang khyad par drug ldan gsang sngags snga 'gyur gyi ring lugs la rgyud dang sgrub sde'i shing rta chen po gnyis kyi phyi ma la ye shes dang*/_'jig rten gyi sgrub sde gnyis las/_'jig rten gyi sgrub lugs bka' srung dregs pa kun 'dul gyi dkyil 'khor sgrub pa'i sde ste/_dregs pa spyi yi sku gsung thugs yon tan phrin las kyi rgyud lnga/_dregs pa'i sde dpon sum cu so so'i sgos rgyud shin tu mang po rgya gar gyi dur khrod chen po bsil ba'i tshal gyi mchod rten bde byed brtsegs par sbas pa/_rig 'dzin chen po rom bu gu h+ya tsan+d+ra la mkha' 'gro las kyi dbang mo ches gtad cing bka' babs/_'khor 'das thams cad lta ba'i rdzong dang*/_sgom pa'i 'phrang gnyis su bsdus nas gsang ba'i bdag po dregs pa kun 'dul dang gnyis su med pa'i tshul gyis bzhugs pa las/_sangs rgyas kun dngos gu ru rdo rje thod phreng rtsal gyis rgyud lung man ngag thams cad rdzogs par gsan pa'i tshul bstan nas snang srid dregs pa'i dpung tshogs bran du bkol/_nag phyogs brlang por spyod pa thams cad tshar bcad/_bod khams sangs rgyas kyi bstan pa bar chad med pa dar ba mdzad nas mthu stobs nus pa'i mnga' bdag tu gyur pas smin grol rgyud lung mi nub pa'i btsas su dgongs nas bsam yas brag dmar ke'u tshang du sgrub pa bka' brgyad spyi dang bye brag gi rgyud lung man ngag dang bcas pa rje 'bangs snying gi bu dgu la bstan te/_rlangs chen dpal gyi seng ge la mchod bstod dregs pa'i rgyud lung man ngag thams cad sgos chos su rdzogs par gnang bas nyams su bzhes pas thun mong du 'jig rten gyi dregs pa las la khol/_ji ltar bzhed pa'i phrin las thogs med du 'grub/_mchog gi dngos grub phyag rgya chen po'i rig 'dzin mngon du gyur/_gdams ngag thams cad dbyings phyug bka' yi bsdu ba gsang ba'i bdag mo ye shes mtsho rgyal gyis mdzad nas zab mo'i gter kha du mar sbas te las 'phro dang smon lam gyi stobs las gter ston rig 'dzin du mas dus dang dus su skal bzang gi btsas su spyan drangs te bstan 'gro'i rgud pa sel zhing*/_phan bde mi zad pa'i btsas su gyur pa las/_skabs su bab pa 'di ni bka' brgyad bde gshegs 'dus pa spyi dril gyi bka' babs nas dgongs pa chos nyid las mi g.yo ba'i gding thob cing*/_bod khams chos la bkod pa'i mnga' bdag chen po khri srong lde'u btsan gyi rtag khyab lhun gyis grub pa'i phrin las kyi rnam 'phrul du rdo rje'i lung gis yang yang bsngags pa rgyal dbang rdo rje thogs med rtsal gyi dag snang rgya can gyi chos sde bka' brgyad rig 'dzin zhal lung gi 'jig rten mchod bstod dregs pa'i dkyil 'khor du dbang bskur zhu ba'i ched du maN+Dal phul/_gsol gdab nas brtsams byin 'bebs bar gshin rje ltar la/_slob ma lhar bskyed ni/_a mr-i tas bsang*/_swa b+hA was sbyang*/_stong pa'i ngang las pad+ma nyi ma dregs pa pho mo'i steng la/_khyed rang rnams skad cig gis bcom ldan 'das dregs pa kun 'dul sku mdog kham nag zhal gsum/_phyag drug zhabs bzhi pa/_g.yas dkar g.yon mthing dbus kham nag_/thod skam lnga dang rigs lngas dbu brgyan pa/_spyan dgu sdang mig glog ltar g.yo ba/_zhal gdangs ljags 'dril/_rno dbal gyi mche ba gtsigs pa/_smin ma sma ra dbu skra dmar ser me ltar 'bar ba/_phyag dang po gnyis kyis rdo rje dang dung khrag bsnams pa/_lhag ma bzhis lha brgyad klu brgyad kyi mgo bo'i skra nas 'dzin pa/_dpal dang dur khrod rol pa'i rgyan chas yongs su rdzogs pa/_yum khams gsum spyi 'dul rdo rje dang thod pa 'dzin pas mnyam par sbyor bas ye shes kyi me dpung 'bar ba'i klong na bzhugs par gsal ba'i dpral bar oM dkar po sogs nas/_byin 'bebs brtan bzhugs nas brtsams mthong ba bstan pa'i bar gshin rje ltar la/_mtshon bya don gyi dkyil 'khor lhag pa ting nge 'dzin gyi sprul pa'i gzhal med khang rdo rje rwa gur me dpung gi dbus su pad nyi dregs pa pho mo'i gdan la bcom ldan 'das dregs pa kun 'dul/_sogs nas gtso bo yab yum byin 'bebs ltar/_me dpung 'bar ba'i klong na bzhugs pa/_shar du gshin rje/_lhor skos rje/_nub glog phreng*/_byang du me dbal yab yum dang*/_de'i phyir srid pa'i rgyal mo sogs dregs pa'i sde dpon sum cu la sogs pa bcom ldan 'das dregs pa kun 'dul gyi ye shes sgyu ma'i rnam rol sogs gshin rje ltar la/_lha dbang ni/_hU~M/_/dbang chen dregs pa kun 'dul ni/_/mthing nag dbu gsum phyag drug pa/_/rdo rje dung khrag dang po gnyis/_/g.yas pa lha brgyad mgo bo la/_/g.yon pa klu brgyad mgo bo bsnams/_/khams gsum spyi 'dul yum chen 'khril/_/chos skyong srung ma 'khor dang bcas/_/skal ldan 'di la dbang bskur bas/_/dregs pa dbang sdud dbang thob shog_/oM badz+ra tsaN+Da sarba duSh+Tan hU~M phaT/_sarba ru tra hrI dza sarba a b+hi a a/_hU~M/_/lha chen dbang phyug chen po yab/_/btsun mo u ma de wi yum/_/dregs pa las la 'gyed pa yi/_/mthu stobs yongs rdzogs dbang thob shog_/oM ma hA de wa u ma de wi a b+hi Shiny+tsa a aH_hU~M/_ya ma ra tsa gsod byed yab/_/gshin rje nag mo gsod byed yum/_/dgra la 'khor lo bskor ba yis/_/mthu stobs yongs rdzogs dbang thob shog_/oM ya ma ra tsa ya b+h+yoH_ya ma tun+tiM ya dza b+h+yoH_a b+hi Shiny+tsa a aH_hU~M/_bskos rje brang dkar bdud po yab/_/re ti nag mo bdud mo yum/_/dgra bo khraM la 'debs pa yis/_/mthu stobs yongs rdzogs dbang thob shog_/oM du khrag dzaHb+h+yoH_rak+mo rA dza b+h+yoH_a b+hi Shiny+tsa a aH_hU~M/_/srin po glog gi phreng ba can/_/srin po sbal mgo khrag gi yum/_/dgra bo khram la 'debs pa yis/_/mthu stobs yongs rdzogs dbang thob shog_/oM pra ma ra tsa dza b+h+yoH_pra mo du tan+tiM mA b+h+yoH_a b+hi Shiny+tsa a aH_hU~M/_gnod sbyin yak+sha me dbal yab/_/gnod sbyin mon mo nag mo yum/_/dgra bgegs rdul du brlag pa'i phyir/_/mthu stobs yongs rdzogs dbang thob shog_/oM yak+shadzaHb+h+yoH_yak+sho k+sha dza b+h+yoH_a b+hi Shiny+tsa a a/_ho/_'jig rten mchod bstod kyi lha tshogs rnams kyi dbang bskur bas sde brgyad dregs pa can ma lus yongs su rdzogs pa'i dbang dam pa thob par gyur cig_/gsung dang thugs kyi dbang yang dag ltar sbyar/_dregs pa'i srog dbang bya ba la/_thod ngan nang du sde brgyad kyi tsakli bkod/_slob dpon gyi mdun du sde brgyad kyi gtor ma sman raka dang bcas pa bshams la/_de ltar dbang bskur bas khyed rang rnams kyi lus ngag yid gsum lha'i sku gsung thugs dang dbyer med byin gyis brlabs pas che btsan 'gran zla dang bral ba'i bdag nyid du gyur pa de nyid la dregs pa'i srog dbang bskur bar bya ste/_slob dpon nyid gsang ba'i bdag po dregs pa kun 'dul yum dang bcas pa'i sku can khams gsum dbang du sdud cing srid gsum zil gyis gnon pa'i bdag nyid du bzhugs pa'i thugs ka'i hU~M las lcags kyu lta bu'i 'od zer phyogs bcur 'phros 'jig rten khams kyi che btsan dregs pa can sde brgyad thams cad rang dbang med par bkug ste mdun gyi rten la thim par gyur/_na mo/_dkon mchog gsum la phyag 'tshal lo/_dkon mchog gsum gyi bka' bden pa dang*/_chos nyid rnam par dag pa'i bden pa dang*/_chos can rgyu 'bras bslu ba med pa'i bden pa dang*/_khyad par du bcom ldan 'das dregs pa kun 'dul gyi lha tshogs rnams kyi bka' bden pa dang*/_sprul pa yang sprul phyag brnyan dang bcas pa rnams kyi bka' bden pa dang*/_bden pa chen po'i byin rlabs kyis dregs pa can lha srin sde brgyad thams cad mtshan ma rdzas kyi rten 'di la mchis par gyur cig_/drag sngags so lnga par rtsa sngags sbyar bas bkug_/de nas slob dpon gyi phyag gi phur bu sras mchog yak+sha me dbal du gsal ba de nyid dregs pa'i snying gar gzir zhing btab pas phur rtse las ye shes kyi me 'bar bas de rnams kyi rgyud kyi nyon mongs pa dug lnga'i rtog pa thams cad bsregs shing bcom ste tshar bcad pa'i mos pa mdzod/_rtsa sngags dang bsad sngags sogs kyis phur bus gzir/_sde brgyad kyi srog snying rnams zhabs 'og tu bcug par bsam/_de ltar bsgral ba'i dwangs ma a ya ma du ru tsa sha na zhes pa'i srog gi snying po so so las sde brgyad rang rang gi gzugs su gyur pa la slob dpon gyis dam rdzas bdud rtsi bran pas dug lnga rang rgyud du spyod pa'i 'khrul pa'i rtog tshogs dag_/nga rgyal gyi khengs sems zhi/_gnas lugs rang ngo shes pas sngar byas kyi brlang spyod la 'gyod sems dang bcas pas btud cing slob dpon gyis ji ltar bsgos pa'i bka' bzhin sgrub par khas blangs bar mos la/_hU~M/_/snying nye bran dang pho nya'i tshogs/_/dam la ma 'das sa ma ya/_/rdo rje slob dpon gnyan gyis gtad/_/bdag gi srung mar mnga' gsol lo/_/sangs rgyas bstan pa khyod kyi srungs/_/dkon mchog dbu 'phang khyed kyis bstod/_/rnal 'byor sku dgra khyed kyis thul/_/zhes brjod/_dug lnga rang rgyud ltar spyod pas sde brgyad ma rungs par snang ba rnams kyang rtogs na gnyis med ye shes kyi khro bo che mchog he ru ka dang tha mi dad pa'i snang srid dregs pa'i sde dpon dpal mgon ma ning nag po ste/_gnas lugs de nyid rtogs pas snang srid 'dod dgur dbang bsgyur ba'i phyir chig dril ye shes mgon po'i dbang bskur bar mos shig_/tshig dril ma ning gi sku gtad de/_hU~M/_'jig rten khams kyi dregs pa rnams/_/rang gi rtog tshogs kho na ste/_/pho mo stong gi dra bar 'dus/_/pho rgyud mo rgyud thams cad kun/_/gnyis med ma ning nag po ste/_/kun gyis mi thub ngar 'dzin bdag_/ma rig na ni rang gi bdud/_/rig na rnam dag he ru ka_/stong srog rang rig chos skur bcad/_/rang rtsal mthu stobs dbang bskur ro/_/oM hur thuM dzaHrbadaHa b+hi Shiny+tsa a aH_sde brgyad gtor ma la sman raka bran/_dar nag g.yab/_sha chen gyi dud pa btang*/_ra~M ya~M kha~M/_oM AHhU~M/_rang nyid dpal chen dregs pa kun 'dul gsal ba'i thugs ka'i 'od zer gyis sde brgyad 'khor dang bcas pa spyan drangs par gyur/_hU~M/_sngon tshe dregs pa kun 'dul gyi/_/bka' nyan snang srid sde brgyad tshogs/_/dam tshig gnas 'dir spyan 'dren gyis/_/rings pa'i tshul gyis gshegs su gsol/_/a ya ma du ru tsa sha na e dza b+h+yo/_spyan drangs/_puSh+pe/_sogs nas shap+tas mchod/_ma hA pany+tsa khA hi/_ma hA rak+ta khA hi/_a ya ma du ru tsa sha na sa pa ri wA ra i daM ba liM ta kha kha khA hi/_gtor sngags lan gsum/_bstod bskul ni/_hU~M:_srid pa gsum la dbang bsgyur zhing:_'jig rten khams la mnga' mdzad pa'i:_rnam 'gyur khro gtum drag shul can:_dregs pa sde brgyad da tshur byon:_gshin rje bdud dang ma mo btsan:_dmu dang rgyal po the'u brang dang:_gza' dang gnod sbyin srin po klu:_phyi nang gsang ba mchog dang ni:_sprul pa snang srid sde brgyad po:_srid pa gsum la dbang byed cing:_bar snang khams la rtsal 'byin pa'i:_dregs pa lha srin sde brgyad kyis:_dam nyams dgra bo'i sha dang khrag:_sman raka gtor ma gser skyems bcas:_mthun pa'i dam rdzas 'di bzhes la:_bcol ba'i phrin las 'grub par mdzod:_dpon slob thams cad dpal chen po'i nga rgyal la gnas pas hU~M gi sgra sgrogs shing slob dpon gyis/_hoH_'jig rten lha srin 'di dag kyang*/_/'jig rten 'das dang ma 'das pa/_/las kyi dbang gis sa bon rtsub/_/de phyir dpa' snyems kyis 'dul na/_/ci'i phyir rlung rta rgud dus 'tshe/_/lha srin mchod bstod byas na shis/_/gdams pa thob cing man ngag mkhas/_/mchod bstod rdzas tshang dam tshig ldan/_/de yis dngos grub mtha' dag 'grub/_/ma 'grub spog chog ar la gtod/_/spyi bstan srungs shig rnal 'byor pa/_/rang sems chos skur rtogs gyur na/_/bde gshegs dang mtshungs gang bsam 'grub/_/mchog tu dam tshig gtsor zungs shig_/sa ma ya hoH_zhes gsungs pa ltar ye shes 'jig rten dregs pa gang yin kyang man ngag gi gnad dang ldan pas rtag tu gsol mchod la brtson pas phrin las rab 'byams thogs med du 'grub cing*/_las 'gyang na spog chog dang ar la gtod pas gnad du gcun zhing*/_thams cad rang sems kyi rtsal du rtogs pas rang 'dod kyi 'khris med pas bstan 'gro'i don la rtag tu phrin las bcol bar bya'o/__/sde brgyad srog dbang rgyas par spro na/_bka' brgyad gsang rdzogs dang*/_rad gling gu ru drag po me rlung 'khyil ba ltar bya bar gsungs so/__/gsang dbang nas brtsams dam tshig khas blangs gtang raka 'bul ba sogs dbang gi las mjug dang*/_cho ga'i rjes rim rnams gshin rje ltar bya'o/__/ngo bo 'gyura~M meda~M rtag tu rab zhi yang*/_/rnam 'gyur mthu chen dregs pa'i tshul shar ba'i/_/sgrub thabs dbang bskur thega~M mcho~Mg bstana~M pa~M yi/_/rgyala~M mtsha~Mn mi mthun g.yul las rgyal gyur cig_/bcom ldan dregs pa kun 'dul gyi sgrub thabs dbang dang bcas pa'i le tshan no/__!__dregs pa'i sde dpon gyi gsol mchod rgyas pa nyang gter bka' brgyad ltar ram smin gter gyi gsung ni/_sde dpon sum cu'i gtor ma bsang sbyang byin gyis brlabs la/_rang nyid dpal chen por gsal ba'i thugs ka'i hU~M gi 'od zer gyis dregs pa'i sde dpon sum cu 'khor dang bcas pa spyan drangs par bsam la/_gsur chen gyi spos dang rkang gling gi sgras mtshon par spyan drang ba ni/_hU~M/_/sngon tshe dpal chen he ru ka'i/_/spyan sngar khas blangs dam bcas pa'i/_/dregs pa'i sde dpon sum cu po/_/so so'i bka' nyan pho nyar bcas/_/dam tshig gnas 'dir spyan 'dren gyis/_/ma thogs rings pa'i tshul gyis ni/_/phrin las mdzad phyir gshegs su gsol/_/oM badz+ra sarba duSh+TaM e dza b+h+yoH_sa pa ri wA ra e h+ye hi/_zhes pas spyan drangs/_oM badz+ra sarba duSh+TaM e dza b+h+yo sa pa ri wA ra ar+g+haM nas shap+ta pra tIts+tsha swA hA'i bar gyis phyi mchod phul/_ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_zhes sman raka stob/_oM badz+ra sarba duSh+TaM e dza b+h+yo sa pa ri wA ra i daM ba liM ta kha kha khA hi khA hi/_ces rtsa sngags la gtor sngags btags pa gsum gyis gtor ma phul la/_mthu stobs kyi dbang phyug dregs pa'i sde dpon sum cu 'khor dang bcas pa rnams kyis/_mchod sbyin gyi gtor ma rgya chen po 'di bzhes la sogs phrin las bcol/_bstod pa ni/_hU~M/_/bde gshegs bka' yi bstan pa bsrung ba'i phyir/_/ngang nyid chos kyi dbyings las ma g.yos kyang*/_/gzugs sku dregs pa'i tshul du skur ston pa/_/mthu chen sde dpon sum cu'i tshogs la bstod/_/dbang phyug u ma gshin rje gsod byed nag_/srid rgyal ral gcig bskos rje re ma ti/_/pe har tshangs pa sku lha rA hu la/_/glog phreng khrag mig me dbal mon mo nag_/ma hA kA la rdo rje bdud 'dul che/_/nag po bkrag med kA la yak+sha dang*/_/sham po thog gi bu yug gu rum tse/_/brag btsan gnam the yaM shud bi na ya/_/nag mo mgyogs byed klu bdud yak+sha nag_/sde dpon sum cu rang rang pho nyar bcas/_/dam rdzas rgyan gyi gtor ma 'di bzhes la/_/'dod pa'i las 'bras myur du mchis par mdzod/_/zhes bstod cing phrin las bcol/_gats+tshas gtor mgron rang gnas su gshegs/_gtor ma gtsang sar phul lo//_//

Footnotes

Other Information