DKR-KABUM-08-NYA-040: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-040
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:05, 1 June 2024

Wylie title yang zab bde chen dpal mo'i thugs kyi me long las: dpal ldan gter gyi bdag po Ar+Ya dzam+b+ha la'i phrin las dngos grub 'gugs pa'i lcags kyu: DKR-KABUM-08-NYA-040.pdf
Location dil mgo mkhyen brtse bka' 'bum
Volume 8, Text 40, Pages 296 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las dpal ldan gter gyi bdag po Ar+Ya dzam+b+ha la'i phrin las dngos grub 'gugs pa'i lcags kyu:. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 296. Delhi: Shechen Publications, 1994.
Genre Activity Manual - las byang  ·  Sadhanas - Evocation Ritual - sgrub thabs
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dzaM nag
Colophon

ཉམས་དང་རྨི་ལམ་ཚུལ་དུ་ནི༔ ལྷ་འདིའི་དགྱེས་ཞལ་ངོམ་པ་དང༔ ཆབས་ཅིག་བཀའ་འདི་སྲུང་བ་ཡི༔ སྣང་ཉམས་ཤར་བཞིན་ཆོས་མཛོད་ཀྱི༔ གོ་ཆ་འཛིན་པ་པདྨའི་མིང༔ གང་དེས་ཐོལ་བྱུང་ཤར་བཞིན་སྤེལ༔ དགེ་བས་བསྟན་དང་འགྲོ་བ་ལ༔ སྨན་པའི་དཔལ་ཡོན་མཆོག་ཏུ་ཤོག༔ གུ་ཧྱ༔ ས་མཱ་ཡ༔ རྒྱ༔རྒྱ༔རྒྱ༔ དགོས་འདོད་ཀྱི་ཆར་འབེབས་པར་གྱུར་ཅིག་གུ༔ མངྒ་ལཾ། དགེའོ།། །།

nyams dang rmi lam tshul du ni:__lha 'di'i dgyes zhal ngom pa dang:_chabs cig bka' 'di srung ba yi:_snang nyams shar bzhin chos mdzod kyi:_go cha 'dzin pa pad+ma'i ming:_gang des thol byung shar bzhin spel:_dge bas bstan dang 'gro ba la:_sman pa'i dpal yon mchog tu shog:_gu h+ya:_sa mA ya:_rgya:rgya:rgya:_dgos 'dod kyi char 'bebs par gyur cig gu:_mang+ga laM/_dge'o//_//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃ༔ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དཔལ་ལྡན་གཏེར་གྱི་བདག་པོ་ཨཱརྻ་ཛམྦྷ་ལའི་ཕྲིན་ལས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་བཞུགས༔ ༁ྃ༔ ན་མོ་ཨརྻ་ཛམྦྷ་ལ་ཡེ༔ འདོད་དགུའི་རེ་སྐོང་ཡིད་བཞིན་ནོར༔ གཏེར་གྱི་བདག་པོ་ཛམྦྷ་ལའི༔ མཆོད་བསྐང་ཕྲིན་ལས་བྱ་བ་ནི༔ སྒྲུབ་རྫས་སྨན་རཀ་གཏོར་མ་དང༔ ཙཀྲ་གཏེར་གྱི་རྫས་ཀུན་གྱིས༔ ཡོངས་གཏམས་གྭའུ་གཡང་གི་རྟེན༔ སྣ་ཚོགས་བསགས་ལ་བྱིན་གྱིས་རླབས༔ ཧཱུྃཿ རང་མདུན་པདྨ་ཟླ་བའི་སྟེང༔ གནོད་སྦྱིན་སེར་པོ་རིན་པོ་ཆེ༔ ནོར་བུ་སྣ་ཚོགས་ཡོངས་སྐྱུགས་པའི༔ སྟེང་ན་གཏེར་བདག་ཛམྦྷ་ལ༔ སྐུ་མདོག་བུང་བ་ལྟར་གནག་ཅིང༔ གཅེར་བུ་མིའུ་ཐུང་རྣམ་པ་ཅན༔ གསང་བའི་ལིང་ག་དམར་པོ་བསྒྲེངས༔ ཀླུ་ཆེན་སྦྲུལ་གྱི་རྣམ་པ་ཡིས༔ སྐུ་སྟོད་བརྒྱན་པའང་དངོས་གྲུབ་སྩོལ༔ ཕྱག་གཉིས་ནོར་སྐྱུགས་ཟུང་གིས་བརྒྱན༔ དམར་ཟླུམ་སྤྱན་གསུམ་རབ་ཏུ་གཡོ༔ སྤྱི་བོར་རྡོ་རྗེ་མི་བསྐྱོད་བརྒྱན༔ ཐུགས་ལས་འོད་ཟེར་དཔག་མེད་འཕྲོས༔ ལྷ་ཀླུ་མི་ཡི་དཔལ་འབྱོར་བསྡུས༔ ཕྱག་གི་ནེའུ་ལེ་ཞབས་འོག་གི༔ གནོད་སྦྱིན་ཁ་དང་སྤྱི་བོ་ཡི༔ རྒྱལ་བའི་ཕྱག་གི་ནོར་བུ་ལས༔ དགོས་འདོད་ནོར་གྱི་ཆར་ཕབ་པས༔ བང་མཛོད་ཡུལ་ཁམས་གང་བར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཞེས་པ་ཅི་མང་བཟླས་མཐར༔ ཧཱུྃཿ དངོས་གྲུབ་མཆོག་སྩོལ་རྨུགས་འཛིན་དབང་པོ་ལ༔ རྟེན་རྫས་སྒྲུབ་རྫས་མཆོད་བསྐང་རྫས་རྣམས་འབུལ༔ དགྱེས་པ་བཀང་ལ་དངོས་གྲུབ་མ་ལུས་སྩོལ༔ ནད་གདོན་དགྲ་བགེགས་འཇིགས་བརྒྱད་ཞི་བར་མཛོད༔ ཚེ་དཔལ་འབྱོར་དྲུག་རླུང་རྟ་སྙན་གྲགས་སྤེལ༔ ཁམས་གསུམ་སྣོད་བཅུད་འཁོར་འདས་ལམ་གསུམ་གྱི༔ དཔལ་དང་གཡང་གི་ཡོན་ཏན་མ་ལུས་དང༔ ཕུན་ཚོགས་སྡེ་བཞིའི་བདེ་སྐྱིད་མགྲོན་དུ་ཁུག༔ བསྟན་འགྲོའི་དོན་ཆེན་འགྲུབ་པའི་དགའ་སྟོན་སྩོལ༔ ནག་ཕྱོགས་མི་མིན་འབྱུང་པོ་ཆམ་ལ་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་བསྙིལ༔ བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག༔ ཉམས་དང་རྨི་ལམ་ཚུལ་དུ་ནི༔ ལྷ་འདིའི་དགྱེས་ཞལ་ངོམ་པ་དང༔ ཆབས་ཅིག་བཀའ་འདི་སྲུང་བ་ཡི༔ སྣང་ཉམས་ཤར་བཞིན་ཆོས་མཛོད་ཀྱི༔ གོ་ཆ་འཛིན་པ་པདྨའི་མིང༔ གང་དེས་ཐོལ་བྱུང་ཤར་བཞིན་སྤེལ༔ དགེ་བས་བསྟན་དང་འགྲོ་བ་ལ༔ སྨན་པའི་དཔལ་ཡོན་མཆོག་ཏུ་ཤོག༔ གུ་ཧྱ༔ ས་མཱ་ཡ༔ རྒྱ༔རྒྱ༔རྒྱ༔ དགོས་འདོད་ཀྱི་ཆར་འབེབས་པར་གྱུར་ཅིག་གུ༔ མངྒ་ལཾ། དགེའོ།། །།

Footnotes

Other Information