JKW-KABAB-04-NGA-016: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABAB-04-NGA-016
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' babs |collectiontitletib=མཁྱེན་བརྩེ...")
 
m (Text replacement - "Khyentse Metadata" to "Text")
 
(6 intermediate revisions by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བཞིའི་སྦྱིན་སྲེག་གྲུབ་གཉིས་དཔལ་སྟེར།
|fulltitle=rtsa gsum dril sgrub kyi las bzhi'i sbyin sreg grub gnyis dpal ster
|citation=[[pad+ma dbang]]. ''rtsa gsum dril sgrub kyi las bzhi'i sbyin sreg grub gnyis dpal ster''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 4: 119-148. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
|collectiontitle=mkhyen brtse'i bka' babs
|collectiontitle=mkhyen brtse'i bka' babs
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|totalvolumes=22
|author=pad+ma dbang
|sourcerevealer='jam dbyangs mkhyen brtse'i dbang po
|sourcerevealer=sangs rgyas bla ma; 'jam dbyangs mkhyen brtse'i dbang po
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
 
|editor=rdzong sar blo gros phun tshogs
|authortib=པདྨ་དབང་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|sourcerevealertib=སངས་རྒྱས་བླ་མ་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|language=Tibetan
 
|tibgenre=Revelations - gter ma
|tibgenre=Fire Offerings - sbyin sreg, Revelations - gter ma
|terma=Yes
|terma=Yes
|transmissiontype=yang gter - Rediscovered Treasure
|cycle=rtsa gsum dril sgrub
|cycletib=རྩ་གསུམ་དྲིལ་སྒྲུབ་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=004
|volumenumber=NGA
|volnumtib=༤
|volyigtib=ང་
|totalvolumes=22
|textnuminvol=016
|textnuminvol=016
|pagenumbers=119-148
|totalpages=30
|beginfolioline=1a
|endfolioline=15b2
|totalfolios=15
|multivolumework=No
|versonotes=mkhyen brtse'i bka' babs
|colophontib=།ཅེས་པའང་རིག་འཛིན་འཇའ་ཚོན་སྙིང་པོའི་ཟབ་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་སྦྱིན་སྲེག་ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་ལས་ཇི་ལྟར་འབྱུང་བ་བཞིན་རྡོ་རྗེའི་ཚིག་རྣམས་བཅོས་བསླད་མེད་པར་སོར་བཞག་པར་སྐབས་ཀྱི་ཁ་བསྒྱུར་མེད་ཐབས་མེད་པ་ཕྲན་བུས་བརྒྱན་ཏེ་བཀོད་པ་འདིའང་ལམ་འདི་ལ་མོས་ལྡན་མ་ཏི་ལཀྵྨཱིས་རྒྱང་རིང་མོ་ནས་ཡང་ཡང་བསྐུལ་བ་དོན་དང་ལྡན་ཕྱིར།  སྙོམས་ལས་པ་པདྨ་དབང་གི་མིང་ཅན་དེས་སུག་བྲིས་སུ་བྱས་ཏེ་བཀོད་པ་ཉེས་འགལ་མཆིས་ན་རྩ་གསུམ་ཆོས་སྲུང་རྒྱ་མཚོར་ཐོག་མེད་སྡིག་ལྟུང་དང་ལྷན་ཅིག་བཤགས་ཤིང་དགེ་བས་སྐྱེ་དང་ཚེ་རབས་ཀུན་ཏུ་བླ་མ་ཀུན་ཏུ་བཟང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནུས་པ་དང༌།  བསྟན་འགྲོའི་ཕན་བདེའི་ལེགས་ཚོགས་དབྱར་མཚོ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག  །སརྦ་དཱ་སུ་ཤྲེ་ཡམ་བྷ་ཝནྟུ།།
|colophonwylie=ces pa'ang rig 'dzin 'ja' tshon snying po'i zab gter dkon mchog spyi 'dus kyi sbyin sreg kun mkhyen blo gros mtha' yas kyi gsung rab las ji ltar 'byung ba bzhin rdo rje'i tshig rnams bcos bslad med par sor bzhag par skabs kyi kha bsgyur med thabs med pa phran bus brgyan te bkod pa 'di'ang lam 'di la mos ldan ma ti lak+Sh+mIs rgyang ring mo nas yang yang bskul ba don dang ldan phyir/__snyoms las pa pad+ma dbang gi ming can des sug bris su byas te bkod pa nyes 'gal mchis na rtsa gsum chos srung rgya mtshor thog med sdig ltung dang lhan cig bshags shing dge bas skye dang tshe rabs kun tu bla ma kun tu bzang po'i zhabs pad mnyes pa gsum gyis bsnyen nus pa dang*/__bstan 'gro'i phan bde'i legs tshogs dbyar mtsho ltar rgyas pa'i rgyur gyur cig__/sarba dA su shre yam b+ha wan+tu//
|pdflink=File:JKW-KABAB-04-NGA-016.pdf
|pdflink=File:JKW-KABAB-04-NGA-016.pdf
}}
}}

Latest revision as of 14:42, 1 June 2024

Wylie title rtsa gsum dril sgrub kyi las bzhi'i sbyin sreg grub gnyis dpal ster JKW-KABAB-04-NGA-016.pdf
Location mkhyen brtse'i bka' babs
Volume 4, Text 16, Pages 119-148 (Folios 1a to 15b2)
Author པདྨ་དབང་
Less details More details
Tertön སངས་རྒྱས་བླ་མ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (sangs rgyas bla ma, 'jam dbyangs mkhyen brtse'i dbang po)
Citation pad+ma dbang. rtsa gsum dril sgrub kyi las bzhi'i sbyin sreg grub gnyis dpal ster. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 119-148. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Fire Offerings - sbyin sreg  ·  Revelations - gter ma
Cycle རྩ་གསུམ་དྲིལ་སྒྲུབ་ (rtsa gsum dril sgrub)
Karchag page JKW-KABAB-Volume-04-NGA-Karchag
Colophon

།ཅེས་པའང་རིག་འཛིན་འཇའ་ཚོན་སྙིང་པོའི་ཟབ་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་སྦྱིན་སྲེག་ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་ལས་ཇི་ལྟར་འབྱུང་བ་བཞིན་རྡོ་རྗེའི་ཚིག་རྣམས་བཅོས་བསླད་མེད་པར་སོར་བཞག་པར་སྐབས་ཀྱི་ཁ་བསྒྱུར་མེད་ཐབས་མེད་པ་ཕྲན་བུས་བརྒྱན་ཏེ་བཀོད་པ་འདིའང་ལམ་འདི་ལ་མོས་ལྡན་མ་ཏི་ལཀྵྨཱིས་རྒྱང་རིང་མོ་ནས་ཡང་ཡང་བསྐུལ་བ་དོན་དང་ལྡན་ཕྱིར། སྙོམས་ལས་པ་པདྨ་དབང་གི་མིང་ཅན་དེས་སུག་བྲིས་སུ་བྱས་ཏེ་བཀོད་པ་ཉེས་འགལ་མཆིས་ན་རྩ་གསུམ་ཆོས་སྲུང་རྒྱ་མཚོར་ཐོག་མེད་སྡིག་ལྟུང་དང་ལྷན་ཅིག་བཤགས་ཤིང་དགེ་བས་སྐྱེ་དང་ཚེ་རབས་ཀུན་ཏུ་བླ་མ་ཀུན་ཏུ་བཟང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནུས་པ་དང༌། བསྟན་འགྲོའི་ཕན་བདེའི་ལེགས་ཚོགས་དབྱར་མཚོ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་སུ་ཤྲེ་ཡམ་བྷ་ཝནྟུ།།

ces pa'ang rig 'dzin 'ja' tshon snying po'i zab gter dkon mchog spyi 'dus kyi sbyin sreg kun mkhyen blo gros mtha' yas kyi gsung rab las ji ltar 'byung ba bzhin rdo rje'i tshig rnams bcos bslad med par sor bzhag par skabs kyi kha bsgyur med thabs med pa phran bus brgyan te bkod pa 'di'ang lam 'di la mos ldan ma ti lak+Sh+mIs rgyang ring mo nas yang yang bskul ba don dang ldan phyir/__snyoms las pa pad+ma dbang gi ming can des sug bris su byas te bkod pa nyes 'gal mchis na rtsa gsum chos srung rgya mtshor thog med sdig ltung dang lhan cig bshags shing dge bas skye dang tshe rabs kun tu bla ma kun tu bzang po'i zhabs pad mnyes pa gsum gyis bsnyen nus pa dang*/__bstan 'gro'i phan bde'i legs tshogs dbyar mtsho ltar rgyas pa'i rgyur gyur cig__/sarba dA su shre yam b+ha wan+tu//

[edit]
༄༅། །རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བཞིའི་སྦྱིན་བསྲེག་གྲུབ་གཉིས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།ན་མོ་གུ་རུ་ས་མནྟ་བྷ་དྲ་པདྨ་ཛྙཱ་ན་བཛྲཱ་ཡ། མི་ཤིགས་རྟག་པ་དམ་པའི་ཡེ་ཤེས་ནི། གང་འདུལ་མོས་ངོར་ཤར་བའི་བདེ་སྟོང་དཔྱིད། །རྣམ་ཀུན་མཆོག་ལྡན་གྲུབ་པའི་དཔལ་སྟེར་བ། བླ་མ་པདྨཱ་ཀ་རས་ཤིས་པ་སྩོལ། །དེ་ལ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལ་བཀའ་བབས་རིན་པོ་ཆེ་བདུན་གྱི་གྲངས་སུ་བཞུགས་པའི་ནང་གསེས་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་སྙིང་གི་ནོར་བུ་དང་རྗེས་སུ་འགྲེལ་བར་སྲེག་བླུགས་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། །སྦྱོར་དངོས་རྗེས་སོ། །དང་པོ་ལ། སྒྲུབ་གནས་ཀྱི་ས་གཞི་རྙིང་པ་སོགས་ལ་མི་དགོས་ཀྱང་སྲེག་བླུགས་མ་བྱས་པའི་ས་ཡིན་ན་ས་སློང་བ་དང་སྦྱོང་བ་མདོར་བསྡུས་དགོས་པས། གང་དུ་བྱ་བའི་གནས་དེར་དཀར་གཏོར་དང་གསེར་སྐྱེམས་བཤམས། རང་ཉིད་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་གྱི་སྐུར་གསལ་བར་གྱུར། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའི་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམ་ལ་དཀར་གཏོར་དང་གསེར་སྐྱེམས་ཕུལ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ། བཛྲ་གུ་རུ་བརྒྱ་རྩ་བཟླས་པས་ཀུན་རྫོབ་དང༌། སྭ་བྷཱ་བ་ལན་གསུམ་བརྗོད་ལ་ཆོས་ཐམས་ཅད་སྟོང་ཉིད་དུ་མོས་པས་དོན་དམ་གྱི་སྦྱོང་བ་བྱ། དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་སྦྱིན་སྲེག་བྱེད་པ་ཡིན་ན་ས་ཆོག་འདི་མི་དགོས་སོ། །གང་ལྟར་ཡང་གནས་དེར་གཙང་མའི་ས་ལ་སྟེགས་བུ་གྲུ་བཞི་པ་དང་ས་དཀར་པོས་བྱུགས་པའི་ཁར་ཚངས་ཟུར་གྱི་ཐིག་ཆེན་བརྒྱད་པོ་བཏབ་པའི་དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བ་ལ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེ་བཀོད། དེ་རྒྱབ་སོར་བཞི་མཆུ། དེ་རྒྱབ་སོར་བཞི་ཁ་ཁྱེར་ཏེ་དེ་ལ་རྡོ་རྗེའི་ཕྲེང་བས་བསྐོར། དེ་རྒྱབ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ་ཐམས་ཅད་ཚོན་དཀར་པོས་བྲི། ཚོན་མདོག་གཞན་གྱི་སེལ་མ་ཕོག་པར་བྱས་པ་ལ་བ་བྱུང་བདུད་རྩི་ལྔ་དྲི་བཟང་བཅས་འཛོམ་ན་བྱུག་འཐོར་བྱ། མེ་ཏོག་དཀར་པོ་དགྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་ཇི་ལྟར་རིགས་པའམ། ཡམ་ཤིང་དང་མཐུན་པའི་ཤིང་ཐབ་ལས་ཅུང་ཟད་ཐུང་བ་ཟླུམ་པོར་བརྩེགས་པའི་སྟེང་དུ་ཀུ་ཤའི་རྩེ་མོ་མེ་ཐབ་མདུན་བསྟན་གྱིས་གཡོགས། འབྱོར་ན་དར་རས་དཀར་པོའི་གུར་ཕུབ་ཅིང་ཐབ་ནང་དུ་མེ་ཚང་ཏིང་ལོ་རྣམས་ཀྱང་བཞག །སྒྲུབ་པ་པོའི་གཡས་གཡོན་གཉིས་སུ་སྟེགས་བུ་དཀར་པོ་རེ་རེའི་སྟེང་དུ། འབྱོར་ན་འདས་མ་འདས་ཀྱི་མཆོད་སྲེག་རྫས་བཤམ་གདན་བང་རིམ་གཉིས་རེ་ཡོད་ན་ལེགས། སློབ་དཔོན་གྱི་གཡས་ཕྱོགས་སུ་མཆོད་རྫས་ནི་དཀར་གསུམ་ལས་བཅོས་པའི་གཏོར་མ་ཟླུམ་པོ་ལ་རིལ་བུའམ་ཐེབ་ཀྱུ་ཁ་ཤས་བཞག་པ། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་དཀར་པོས་ཁ་བསྒྱུར་བ་དང༌། འདོད་ཡོན་ལྔ་མར་ལས་བཅོས་པའམ་སྤར་བཏབ་པ་གང་འབྱོར་འདས་ལྷ་དང༌། སྟེགས་ཉིས་རིམ་ཡོད་ན་དམའ་བ་དེར་རམ་མེད་ན་མདུན་ངོས་སུ་དཀར་ཟླུམ་ཐེབ་རིལ་སྨན་རཀ །ཆུ་གཉིས་ཉེར་སྤྱོད། འདོད་ཡོན་ལྔ་བཅས་མེ་ལྷ་སྟེ་མཆོད་པ་ཚར་གཉིས་བཤམ། སྣོད་སོགས་འབྱོར་པས་མ་ལྕོགས་ན་གཏོར་མ་སོ་སོར་བཤམས་ལ། གཞན་རྣམས་ཚར་གཅིག་བཤམས་ནས་ཐོག་མར་མེ་ལྷ་མཆོད་སྐབས་ཕུད་རྣམས་སྣོད་གཞན་དུ་ལེན། འདས་ལྷའི་སྐབས་སུ་དེ་ཕར་བླུག་ཏེ་མཆོད་པས་ཆོག །སྒྲུབ་པ་པོའི་གཡོན་ཐབ་ཀྱི་གཡས་སུ་བསྲེག་རྫས་ནི། མར་དཀར་གྱི་ཁུ་བ། བ་ལུ་ལྕང་དཀར་སོགས་འོ་མ་ཅན་གྱི་ཤིང་ཤུན་པ་དང་བཅས་པའི་ཡམ་ཤིང་སོར་བཞི་པ་དཀར་གསུམ་མར་ཁུས་བྱུགས་པ། ཏིལ་དཀར་པོའམ་མ་རྙེད་ན་ཏིལ་ནག །དཱུརྺ་མ་ཉམས་པ། འབྲས་མ་གྲུག་པ། འབྲས་ཆན་ནམ་འབྲུ་དཀར་གྱི་ཕྱེ་ཞོ་དང་འོ་མ་བཏབ་པའི་ཟས་མཆོག །ཀུ་ཤ་མ་ཉམས་པ། སོ་བ། ནས། སྲན་དཀར་བཅས་དངུལ་དང་དཀར་ཡོལ་སོགས་སྣོད་དཀར་པོ་ཟླུམ་པོའི་ནང་འདས་མ་འདས་ཚར་གཉིས་དགོད། འདིའང་འབྱོར་པས་མ་ལྕོགས་ན་གོང་སྨོས་མཆོད་རྫས་ལྟར་བྱ་ཆོག །མཆོད་བསྲེག་རྫས་བཤམས་ཕྱོགས་འཇའ་ཚོན་ལས་འཕྲོ་གླིང་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་སྦྱིན་སྲེག་གི་ཆིངས་འདིར་སྦྱར་བས་གཞུང་དེའི་ལུགས་དམིགས་བསལ་ཡིན་པས་འདི་ལྟར་བྱ་དགོས་ཤིང་སྨིན་ལུགས་ལ་ཞི་རྒྱས་དབང་གསུམ་ལ་མཆོད་བསྲེག་གཉིས་ཀ་ཕྱོགས་གཅིག་ཏུ་སྒྲུབ་པ་པོའི་གཡོན་ངོས་དང་དྲག་པོ་ལ་དེ་གོ་ལྡོག་པའི་ཕྱག་ལེན་ཡོད་པས་ཁྱིམ་གྱི་གོ་ཡུལ་སོགས་ཀྱིས་མ་འགྲིག་ན་དེ་ལྟར་ཡང་བྱ་ཆོག་གོ །དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན་ཕྱོགས་གང་བདེ་བར་རྩ་གསུམ་སྤྱི་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་གཞུང་གི་བཅས་རྣམས་བཤམ། སློབ་དཔོན་མདུན་དུ་ལས་བུམ་མམ། བསང་ཆུ་ཀུ་ཤའི་འཐོར་གཡབ་དང་བཅས་པ། ནང་མཆོད་དགང་བླུགས་ཁ་སྦྱར་རྡོར་དྲིལ་རླུང་གཡབ་དཀར་པོ་རྣམས་དང༌། མེ་ཡོལ་གངས་རི་ཆུ་དང་བྃ་ཡིག་བྲིས་པ་བཞག །སློབ་དཔོན་ཉིད་ཆས་གོས་དཀར་པོ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན། འཇམ་པའི་སྟན་ལ་པདྨའི་འདུག་སྟངས་་་་་་་་་ཇི་སྐད་དུ། གཡས་པའི་བྱིན་པས་བྱིན་པ་གཡོན་མནན་ལ། པུས་མོ་གཉིས་ཀ་ཕབ་པར་བྱས་ནས་ནི། ལུས་ནི་རབ་ཏུ་ཞི་བའི་ཚུལ་དང་ལྡན། པདྨའི་འདུག་སྟངས་ཡིན་པར་མཁས་པས་བཤད། ཅེས་པ་ལྟར་རོ། །མཆན། ཀྱིས་ཁ་ཤར་དུ་ཕྱོགས་པས་ཞི་བའི་སེམས་ཀྱིས་མེ་ཐབ་དང་ཞལ་སྤྲོད་དུ་འཁོད་དོ། །གཉིས་པ་དངོས་གཞིའི་ཆོ་ག་ལ། ཐོག་མར་བདག་སྐྱེད་ནི། ཚིགས་བདུན་གསོལ་འདེབས་དང༌། རྩ་གསུམ་གདུང་དབྱངས་གསོལ་འདེབས་ནས་བརྩམས་རྩྭ་གསུམ་སྤྱི་དྲིལ་གྱི་ལས་བྱང་བཟླས་པའི་མཇུག་བར་བཏང༌། ལས་བུམ་མམ་བསང་ཆུ་ལ་དམིགས་ཏེ། བསང་སྦྱང༌། སྟོང་པའི་ངང་ལས་སྐད་ཅིག་གིས། །ཕྱི་ནི་བུམ་གཟུགས་ནང་གཞལ་ཡས། །དབུས་སུ་པད་ཉིའི་གདན་སྟེང་ཧཱུྃ། །དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད། །འགྲོ་བའི་དོན་བྱས་འོད་ཚུར་འདུས། །ཡོངས་གྱུར་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས། །རྡོ་རྗེའི་དབྱུག་ཏོ་ནམ་མཁར་ཕྱར། །གཡོན་པ་སྡིགས་མཛུབ་ཐུགས་ཀར་བསྒྲེང༌། ཁྲོ་བོའི་ཆས་བརྒྱན་འདོར་སྟབས་འགྱིངས། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། བཛྲ་ས་མ་ཡ་ཛ༔ ཛ་ཧཱུྃ་བྃ་ཧོཿ །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་ལས། །འོད་འཕྲོས་རིགས་ལྔ་སྤྱན་དྲངས་ནས། །བུམ་པས་དབང་བསྐུར་བདུད་རྩིའི་རྒྱུན། །བབས་པས་སྐུ་གང་དྲི་མ་དག །དོན་གྲུབ་རིགས་ལྔས་དབུར་རྒྱན་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། རྒྱལ་བ་ཀུན་གྱི་ཕྲིན་ལས་སྐུ། །འཇིགས་བྱེད་འཇིགས་པའི་མཐུ་སྟོབས་ཅན། །ཁྲོ་བོའི་རྒྱལ་པོ་ཁྱེད་ལ་བསྟོད། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། ཞེས་པས་བསྟོད། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལ་སྔགས་ཕྲེང་ལྗང་སྔོན་གྱིས་བསྐོར་བར་དམིགས་ལ། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་སོགས་ཅི་འགྲུབ་བཟླ་ཞིང་དབྱངས་གསལ་སྟེན་སྙིང་ལན་གསུམ་རེ་བཟླས་པ་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བསྟན་པར་བྱ། སྔགས་རྣམས་ལས་བདུད་རྩིའི་རྒྱུན་བབས་པས་སྣོད་ཁེངས། མཐར་ལྷ་ཉིད་ཀྱང་འོད་དུ་ཞུ་ནས་ཆུ་ལ་ཐིམ་པས་བདུད་རྩིའི་ཆུ་དེ་གང་དང་གང་ལ་འཐོར་བ་ཙམ་གྱིས་འབག་བཙོག་ཉེས་སྐྱོན་མཐའ་དག་ཞི་ཞིང་ཕྲིན་ལས་གང་འདོད་འབྱུང་བའི་མཐུ་ལྡན་དུ་གྱུར། དེ་ནས་མཆོད་བསྟོད་ཡིག་བརྒྱ་དང༌། བསང་གསུར་གཏོར་འབུལ་གསེར་སྐྱེམས་ཚོགས་བྱིན་རླབས་ནས་ཉམས་ཆགས་བཤགས་པའི་མཇུག་ཡིག་བརྒྱ་བཟླ་བ་ཡན་བཏང༌། དེ་ནས་སྦྱིན་སྲེག་དངོས་ལ་མཇུག་པའི་ཐོག་མར། ཐལ་མོ་ཨཱ་ལི་ཀཱ་ལིས་ཡོངས་སུ་གང་བ་ལས་ལག་གཡས་གཡོན་དུ་ཉི་མ་དང་ཟླ་བས་མཚན་པར་གྱུར། པད་ཀོར་བཅས། རྡོ་རྗེ་ཐབས་ཡབ་དང་དྲིལ་བུ་ཤེས་རབ་ཡུམ་གྱི་རང་བཞིན། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་བསྟན་པར་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་དང༌། ཨོཾ་བཛྲ་གཎྜེ་ཨཱཿཧཱུྃ་གིས་དྲིལ་བུ་གཟུང་འཁྱུད་པའི་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཱྃ། ཞེས་བརྗོད་དེ་དམ་ཚིག་གསུམ་དྲན་པར་བྱ། དེ་ནས་བརྩམ་ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ་དང་མི་འབྲལ་ཞིང་སྨྲ་བ་བཅད་པར་བྱའོ། །ལས་སྔགས་བཟླ་ཞིང་བསང་ཆུ་ཀུ་ཤས་བླངས་ཏེ་རང་གི་གཡོན་ནས་གཡས་བསྐོར་དུ་ཐབ་དང་སྲེག་རྫས་དགང་བླུགས་ཐམས་ཅད་བསང་གཏོར་བྱས་ལ། རྃ་ཡྃ་ཁྃ། བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །རྃ་ཡྃ་ཁྃ་འཕྲོས་མཆོད་རྫས་དངོས་འཛིན་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདེ་བ་ཆེ། །འདོད་ཡོན་རོལ་མོ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་པ་བྱིན་བརླབ། བསྲེག་རྫས་རྣམས་བདུད་རྩིས་བྲན། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་ཨོཾ་སྭཱ་ཧཱས་རྫས་རྣམས་བཀྲུ། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། འབྲུ་གསུམ་དང༌། འོག་ནས་འབྱུང་བའི་རྫས་སྔགས་རྣམས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། སྐབས་འདིར་གཞུང་གཞན་ལས་ཀུ་ཤ་བཀྲམ་པ་དང་བགེགས་གཏོར་གཏོང་བ་སོགས་བཤད་པའི་དོན་དུ་བགེགས་སྦྱོང་ཞིང་སྲུང་བ་ནི། སྭཱ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མེ་ཐབ་ཀྱི་དབུས་སུ་ཧཱུྃ་ཡིག་གཟི་མདངས་འབར་བ་རི་རབ་ཙམ་ཞིག་གསལ་བ་ལས་འོད་ཟེར་མེའི་ཚྭ་ཚྭ་ཁྲོ་ཆུང་སྐར་ལྟར་འཁྲུགས་པ་འཕྲོས་པས། སྦྱིན་སྲེག་གི་ལས་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ཐམས་ཅད་ཚར་བཅད། འོད་ཟེར་ཚུར་འདུས་པས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཡིག་འབྲུ་ཕྱག་མཚན་མཚོན་ཆའི་རྭ་བ་མེ་དཔུང་དང་བཅས་པའི་སྲུང་བའི་གུར་ཁང་ཆེན་པོར་གྱུར། ཧཱུྃ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པའི། །གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ཕྱིར་དེངས་ཤིག །མི་འགྲོ་གནས་འདིར་འདུག་ན་རྡུལ་དུ་བརླག །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧཱུ་ལུ་ཧཱུྃ་ཕཊ། ཧཱུྃ། །དུག་ལྔ་འཇོམས་པའི་ཡེ་ཤེས་མེ་འོད་ལྔ། །ཡིག་འབྲུ་ལྔ་དང་དེ་བཞིན་ཕྱག་མཚན་ལྔ། །ཁྲོ་ཚོགས་སྤྲུལ་པ་དཔག་ཡས་བསམ་མི་ཁྱབ། །སྲུང་འཁོར་རིམ་པ་ལྔ་ཡི་ཚུལ་དུ་བསྐོར། །འབར་བ་ཡེ་ཤེས་མི་ཡིས་མཚམས་ཆོད་ཅིག །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་དྷི་ནི་རཾ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་ལས་སྔགས་བརྗོད་ཅིང་དུ་བ་མེད་པར་འབར་བའི་མེ་ལ་བསང་ཆུ་འཐོར། གཡས་བསྐོར་ཚུལ་གྱིས་ཐབ་ཀྱི་ཤར་ནས་སྤར་ལ། ཨོཾ་ཙཀྲ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཧཱུྃ། ཤར་གྱི་ཕྱོགས་ནས་མེ་སྦར་མ། །སྐུ་མདོག་དཀར་མོ་ཞི་བའི་རིགས། །དྲི་ཟའི་ཡུལ་ནས་མེ་ལོངས་ལ། །ཞི་བའི་མེ་ནི་སྦར་བར་མཛོད། ཤར་ལྷོ་ནས་རླུང་གཡབ་ལ། ཧཱུྃ། །ཤར་ལྷོ་མཚམས་ནས་ཤིང་ཐུན་མ། །མེ་ལྷའི་ཕྱོགས་ནས་ཤིང་ཐུས་ལ། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིག །ཞི་བའི་ཕྲིན་ལས་འགྲུབ་པར་མཛོད། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཧཱུྃ༔ ཞེས་བླུགས་གཟར་གྱི་མར་ཁུས་མེ་གསོ། །དེ་ནས་ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་ཐབ་དང་དམ་ཚིགས་པ་བསྐྱེད་པ་ནི། ལས་སྔགས་དང་བསང་ཆུས་བྲན་ལ། ཧཱུྃ། །མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལ། །ཨེ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ། །དཀར་གསལ་མདངས་ལྡན་མེ་ལྕེ་ཟླུམ་པོ་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་དྲང་སྲོང་ཆ་ལུགས་ཅན། །སྐུ་མདོག་དཀར་པོ་འཛུམ་ཞིང་ཞི་ཚུལ་མཛེས། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་ཆིབས། །ཕྱག་གཡས་མེ་ཐབ་འོག་མས་གུནྡེ་བསྣམས། །གཡོན་པས་བགྲང་ཕྲེང་འོག་མས་ལྕགས་ཀྱུ་འཛིན། །ཤ་རྒྱས་གཟུགས་ཐུང་སྒེག་ཅིང་ལྟོ་བ་འཕྱངས། །སྨ་ར་དམར་སེར་རལ་པའི་ཅོན་པན་ཅན། །དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་ན་གསལ། །བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་ཤར་ལྷོ་མེ་ལྷའི་ཡུལ་ནས་ནི། །ཡེ་ཤེས་སེམས་དཔའ་དམ་ཚིག་ཇི་ལྟ་བ། །དྲང་སྲོང་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་གྱུར། ལག་གཡས་མི་འཇིགས་པའི་རྒྱས་མཐེ་བོང་གཡབ་ལ། ཧཱུྃ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཛྭ་ལཱ་ཡ་བཛྲ་ས་མཱ་ཛཿ བསང་ཆུ་དང་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣེ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང༌། པཱ་དྱཾ་གྱིས་ཞབས་བསིལ་ཕུལ། ཨོཾ་ཨགྣེ་ཡེ་ས་མ་ཡ་སྟཾ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཧཱུྃ། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ༔ ཞེས་ཡེ་ཤེས་པ་དྲངས་བསྟིམ་ཕྱག་བྱས་ནས་བྱོན་སྐྱེམས་ནི། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱིས་ཁ་ལ་རཾ་ཡིག་གིས་མཚན་པར་བསམ་ལ། ལག་གཉིས་ཁུ་ཚུར་ལས་མཛུབ་མོ་བརྐྱང་བ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དང༌། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟགས་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་དུ་འབུལ། བདག་ཅན་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ཞིང་མེ་པྲ་བརྟག །མཆོད་རྫས་རྣམས་རིམ་པར་ཕུལ་ལ། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ཇི་སྙེད་ཀུན། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡའི་བར་མཆོད། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་བླ་མེད་མཆོད་པ་འདི། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། གོང་གི་སྔགས་མཐར། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡ། གནྡྷེ། རཱ་ས། སྤརྴེ་སྦྱར། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །བདུད་རྩི་རྩ་བརྒྱད་སྟོང་སྦྱར་དང༌། །རཀྟ་དམར་མཆོད་ཨརྒྷཾ་དང༌། །བཅུད་ལྡན་མཆོག་གི་གཏོར་མ་རྣམས། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། སྔགས་མཐར། སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རྃ་ཁཱ་ཧི། ཧཱུྃ། སྟོང་གསུམ་འདི་འམ་གཞན་དག་ན། །འདོད་ཡོན་མཆོག་གི་ལོངས་སྤྱོད་དང༌། །ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་འབུལ་ལོ། །དེ་ནས་བསྲེག་རྫས་རྣམས་ཀྱི་ཐོག་མར་ཡམ་ཤིང་འབུལ་བ་ནི། ཧཱུྃ། །ཞི་བའི་ཡམ་ཤིང་གླང་མ་བལ་དཀར་སོགས། །ཞི་བའི་རྫས་ཀྱིས་བྲན་ནས་བྱིན་གྱིས་བརླབས། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཞི་བའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣི་དེ་ཝ་ཏ་ཡམ་ཨོཾ་བཛྲ་ཏི་བ་ལ་ཡ་སྭཱ་ཧཱ། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷཱ་ཏུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་ཚིགས་བཅད་གཅིག་དང༌། སྔགས་ཀྱིས་ལན་བདུན་ནམ་ཉེར་གཅིག་སོགས་འབུལ། དེ་ནས་བསྲེག་རྫས་གཞན་རྣམས་ལ་གོང་དུ། ཨོཾ་ཨགྣི་དེ་ཝ་ཏཱ་ཡམ་ཞེས་དང༌། གཤམ་གྱི་ཕྲིན་བཅོལ་སྔར་ལྟར་ལ་སོ་སོའི་རྫས་སྔགས། མར་ཁུ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། དཱུརྺ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འབྲས་ལ། ཨོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ། ཟས་མཆོག་ལ། ཨོཾ་སརྦ་སམྤ་དེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སོ་བ་ལ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ་ལ། ཨོཾ་མ་ཧཱ་བ་ལཱ་སྭཱ་ཧཱ། ཞེས་པ་རྣམས་གྲངས་གོང་མཚུངས་འབུལ་གཞན་ཡང༌། གྲོ། ཤིང་ཏོག །སྨན་སྣ། རིན་ཆེན། དར་ཟས་སོགས་གང་འབྱོར་ཡམ་ཤིང་གི་སྔགས་དེས་འབུལ་བའི་མཐར། ཧཱུྃ། །གཟི་བརྗིད་འབར་བ་མེ་ཡི་ལྷ། །དྲང་སྲོང་ཆེན་པོའི་ལྷ་ཚོགས་རྣམས། །ཐུགས་རྗེས་སེམས་ཅན་དོན་མཛད་ཕྱིར། །སྦྱིན་སྲེག་མཆོད་པ་བཞེས་སུ་གསོལ། ཧཱུྃ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧྃ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །མེ་ལྷ་དྲང་སྲོང་ཚོགས་ལ་མཆོད་པ་འབུལ། །ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛད། ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ། དེ་ནས་བསྟོད་པ་ནི། ཧཱུྃ། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ནི་རྒྱན་གྱིས་བརྒྱན། །རྔམས་པའི་བྱིན་ཅན་ལས་ལ་བརྩོན། །བསྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས།་་་་་་ཕྲིན་བཅོལ་ནི་ཡུངས་དཀར་ཐབ་ཏུ་འཐོར་ཏེ། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། ཧོཿ དྲང་སྲོང་མེ་ལྷ་གཟི་བརྗིད་འབར་བའི་འོད། །འགྲོ་དོན་ཐུགས་རྗེ་རྒྱུན་ཆད་མེད་པ་ཡི། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བཅས་པ་ལ། །དམ་རྫས་སྦྱིན་སྲེག་མཆོད་པ་འདི་ཕུལ་བས། །འགལ་རྐྱེན་ཞི་བའི་ཕྲིན་ལས་ཐམས་ཅད་ནི། །ཐོགས་མེད་མྱུར་དུ་སྒྲུབ་པའི་དུས་ལ་བབས། བཛྲ་ས་མ་ཡ་ཛཿ ཀརྨ་ཀུ་རུ་ཧཱུྃ། ཞེས་དང༌། ཧོཿ དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་སུ་བཅོལ་བ་ནི། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ། སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དབལ། རྣོ་བའི་མཚོན། སྦྱོར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། སྦྱོར་བ་རྩུབ་པ། ལོ་ཀག་ཟླ་ཀག་ཞག་ཀག་ཟ་ཀག །མོ་ངན་རྩིས་རྩུབ་མི་ཁ་བྲ་མཆུ་ལ་སོགས་པ། མདོར་ན་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཁྱད་པར་དུའང་སྔོན་ཞལ་གྱིས་བཞེས་པ་བཞིན་དུ་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ལ་བསྲེག་རྫས་རྣམས་དག་ཅིང་གཙང་བར་བྱིན་གྱིས་རློབས་པ་དང་ཆུད་མི་ཟ་བར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབ་པར་མཛད་དུ་གསོལ། ཞེས་ལས་བཅོལ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོ། བསང་ཆུས་བྲན་ལ། མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེན་པོ་ཡི། །ལྟཽ་བ་རབ་ཡངས་ཆོས་ཉིད་མཉམ་པའི་ནང༌། །ཡེ་ཤེས་འོད་ལྔ་འཁྲིགས་པའི་ཀློང་དཀྱིལ་དུ། །པདྨ་ཉི་ཟླ་བརྩེགས་པའི་གདན་ཁྲི་ ལ།་་་་་་སྒྲུབ་དཀྱིལ་དང་འབྲེལ་ན་སྐབས་འདིར། སྤྱན་འདྲེན་བརྗོད་དཀྱིལ་འཁོར་ནས་ཚོམ་བུ་སྤྱན་དྲངས་ཤིང་དེ་ནས་ལྷ་གསལ་གདབ་པ་ནི་ཁྱད་པར་རོ། །བླ་མ་ཀུན་འདུས་པདྨ་འབྱུང་གནས་སྐུ། །དཀར་གསལ་མདངས་ལྡན་ཞི་འཛུམ་ཉམས་ཀྱིས་མཛེས། སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམས་དང༌། །དབུ་ལ་རབ་མཛེས་ཤེའུའི་སྙན་ཞུའི་བརྗིད། །ཕྱག་གཡས་སྡིགས་མཛུབ་དང་བཅས་རྡོ་རྗེ་འཕྱར། །རྩེ་ལས་བླ་མ་དྲག་པོ་ཧེ་རུ་ཀ །མདོག་དམར་མེ་ལྕེའི་ཕྲེང་བ་རབ་ཏུ་འཁྲུག །གནམ་ལྕགས་རྡོ་རྗེ་སྡིག་པའི་ཕྱག་མཚན་ཅན། །ཁྲོ་བོའི་ཆས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ། །གཡོན་པས་མཉམ་གཞག་མཚན་ལྡན་ཀ་པཱ་ལར། །འཆི་མེད་མཆོག་སྩོལ་ཚེ་བུམ་བཅུད་ཀྱིས་གཏམས། །ལྔ་ལྡན་འོད་ཟེར་ལྷ་མོ་མགྱོགས་མའི་ཚོགས། །སྤྲོ་ཞིང་སྡུད་པས་སྲིད་ཞིའི་ཚེ་བཅུད་འགུགས། །གྲུ་མོར་གསང་བའི་ཡུམ་མཆོག་མནྡཱ་ར། །སྦས་ཚུལ་ཁ་ཊཱཾ་འཁྱུད་པའི་བརྡ་ཐབས་ཀྱིས། །དགའ་བཞིའི་ཡེ་ཤེས་རྩོལ་བ་མེད་པར་འདྲེན། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་གཟི་བྱིན་འབར། །ཐབས་ཤེས་ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས། །འཇའ་ཟེར་ཐིག་ལེ་འོད་ཕུང་འཁྱིལ་བའི་ཀློང༌། །སྣང་སྲིད་ཟིལ་གནོན་འཁོར་འདས་ཡོངས་ཀྱི་བདག །རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས། །སྤྱི་བོར་རིགས་བདག་མགོན་པོ་འོད་དཔག་མེད། །སྤྲུལ་སྐུའི་ཆ་ལུགས་མཉམ་བཞག་ཕྱག་རྒྱའི་སྟེང༌། །བཻ་ཌཱུར་ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་རོལ། །ཐུགས་ཀར་རབ་ཏུ་རྒྱས་པའི་པད་ཉིའི་དབུས། །ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་དཔལ། །དམར་སྨུག་གྲི་ཐོད་གར་དགུའི་ཉམས་ཀྱིས་བརྗིད། །དུར་ཁྲོད་ཆས་རྫོགས་མེ་ཕུང་འབར་བའི་དབུས། །བདུད་བཞིའི་གདན་ལ་གཡོན་བརྐྱངས་སྟབས་ཀྱིས་འགྱིང༌། །སྦྱོར་ཡུམ་འབུམ་ཕྲག་མཁའ་འགྲོ་འདུས་པའི་གཙོ། །ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད། །རིན་ཆེན་རུས་བརྒྱན་བདེ་བའི་ལང་ཚོ་རྒྱས། །ཡབ་ཡུམ་སྤྱི་བོར་རྟ་གདོང་ཕག་ཞལ་བཞད། །སྐུ་ལས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །ཆོས་སྲུང་ནོར་ལྷ་གཏེར་བདག་བྲན་བཞིན་འདུ། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་གནས་གསུམ་དུ། །རྡོ་རྗེ་གསུམ་དངོས་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །ནམ་མཁའ་གང་བར་བཛྲ་ས་མཱ་ཛཿ སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿ །པདྨ་འོད་དང་དབང་དྲག་འབར་བའི་ཞིང༌། །གནས་ཡུལ་དུར་ཁྲོད་སྤྲུལ་པའི་དཀྱིལ་འཁོར་ནས། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ བཞུགས་གསོལ་ནི། ཧཱུྃ་ཧྲཱི༔ ཕྱི་སྣོད་དག་པ་རབ་འབྱམས་གཞལ་མེད་དབུས། །ནང་བཅུད་ཕུང་ཁམས་ལྷ་སྐུར་ཡོངས་རྫོགས་པའི། །དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའི་ཚོགས། །གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ། །སརྦ་ས་མ་ཡ་ཏིཥྛན་ཏུ། ཕྱག་གིས་འདུད་པ་ནི། ན་མོ། སྐྱེ་མེད་དབྱིངས་ལས་ཡེ་ཤེས་རང་ཤར་བ། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ། །མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧཱོཿ མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། །དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི། །ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་མའི་ཚོགས། །ཡུལ་དང་དབང་པོ་མཉམ་སྦྱོར་བདེ་བ་ཆེས། །རྩ་གསུམ་ལྷ་ཚོགས་རྟག་ཏུ་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུའུ་ཛ་ཧོཿ བསྟོད་པ་བྱ་བ་ནི། ཧཱུྃ་ཧྲཱིཿ །བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང༌། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྱི་ནང་འཁའ་འགྲོ་རྡོ་རྗེའི་སྲུང་མར་བཅས། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། དེ་ནས་དགང་བླུགས་འབུལ་བ་ནི། པདྨ་ཐོད་ཕྲེང་རྩལ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ལན་བདུན་གྱིས་དགང་གཟར་བཀང་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་པའི་འདོད་གསོལ་ཚར་གཅིག་སྦྱར་ཏེ་དགངས་བླུགས་གཡས་སྐོར་གྱིས་འབུལ་བ་ལན་གསུམ་སོང་ནས། ཡམ་ཤིང་ནི། ཧཱུྃ། ཞི་བའི་ཡམ་ཤིང་གླང་མ་བལ་དཀར་སོགས། །ཞི་བའི་རྫས་ཀྱིས་བྲན་ནས་བྱིན་གྱིས་བརླབས། བཅོམ་ལྡན་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །ཞི་བའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ལྷ་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཡམ་ཤིང༌། ཨོཾ་བཛྲ་ཏི་བ་ལཱ་ཡ་སྭཱ་ཧཱ། འདོད་གསོལ། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷཱ་ཏུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར་བས་ལན་གྲངས་བརྒྱ་འམ་ཉེར་གཅིག་སོགས་ཕུལ། འདིར་རྒྱས་པར་སྤྲོ་ན་ལྷ་སྔགས་རྫས་སྔགས་འདོད་གསོལ་གསུམ་ཀ་སྦྲེལ་བ་དང༌། འབྲིང་དུ་ལྷ་སྔགས་རྫས་སྔགས་སྤྲེལ། འདོད་གསོལ་ཚར་བདུན་ནམ་ཉེར་གཅིག་ལ་སོགས་པའི་བར་མཚམས་སུ་ལན་རེ་གདགས་པ་དང༌། བསྡུ་ན་ཐོག་མར་ལྷ་སྔགས་ལན་གཅིག་རྫས་སྔགས་ལ་གྲངས་བཟུང༌། རྫོགས་པའི་མཐར་སྤེལ་ཚིག་ལན་གཅིག་སྦྱོར་བ་སྟེ་ཇི་ལྟར་ལྕོགས་པར་བྱའོ། །དེ་བཞིན་དུ་མར་ཁུ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། དཱུརྺ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འབྲས་ལ། ཨོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ། ཟས་མཆོག་ལ། ཨོཾ་སརྦ་སམྤ་དེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སོ་བ་ལ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ་ལ། ཨོཾ་མ་ཧཱ་བ་ལཱ་སྭཱ་ཧཱ། བསྲེག་རྫས་གཞན་ཅི་འབྱོར་པ་རྣམས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་ཨཱཿཧཱུྃ༔ ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷཱ་ཏུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་དབུལ། བསྙེན་བསྒྲུབ་ཀྱི་ཁ་སྐོང་ལའང་ཏིལ་གཙོ་བོར་གྱུར་པའི་རྫས་སྤུངས་ལྷ་སྔགས་འབྲུ་གསུམ་ཁོ་ནས་འབུལ་ཞིང་མཚམས་སུ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་དང་གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་འདོད་གསོལ་སྦྱར་རོ། །དེ་ནས། ཧཱུྃ། །སྟོང་གསུམ་འདིའམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཞབས་བསིལ་དང༌། །མེ་ཏོག་བདུག་སྤོས་མར་མེར་དྲི། །ཞལ་ཟས་རོལ་མོ་ཇི་སྙེད་ཀུན། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། སྤྱི་དྲིལ་སྔགས་མཐར་ཨརྒྷཾ་སོགས༴ ཉེར་སྤྱོད་ཀྱི་མཆོད་པ་དང༌། འདོད་ཡོན་ལྔ་འབུལ་བ་ནི། ཧཱུྃ། །སྟོང་གསུམ་འདིའམ་གཞན་དག་ན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་བླ་མེད་མཆོད་པ་འདི། །བཅོམ་ལྡན་ཡེ་ཤེས་ལྷ་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། སྤྱི་དྲིལ་སྔགས་མཐར། རུ་པ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡ། གནྡྷེ། རཱ་ས། སྤརྴེ་སྦྱར། སྨན་རཀ་གཏོར་གསུམ་འབུལ་བ་ནི། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །བདུད་རྩི་རྩ་བརྒྱད་སྟོང་སྦྱར་དང༌། །རཀྟ་དམར་མཆོད་ཨརྒྷཾ་དང༌། །བཅུད་ལྡན་མཆོག་གི་གཏོར་མ་རྣམས། །བཅོམ་ལྡན་ཡེ་ཤེས་ལྷ་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། པཉྩ་ཨ་མྲྀ་ཏ་རཀྟ་བ་ལིནྟ་ཁ་རཾ་ཁཱ་ཧི། ཚོགས་རྫས་སོགས་ཕུལ་ལ། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །འདོད་ཡོན་མཆོག་གི་ལོངས་སྤྱོད་དང༌། །ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་འདི། །བཅོམ་ལྡན་ཡེ་ཤེས་ལྷ་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། འདི་རྣམས་ལའང་གྲངས་གསོག་ན་སྙིང་པོའི་མཐར་མཆོད་སྔགས་སྦྱར་བ་བདུན་སོགས་འབུལ། བསྟོད་པ་ནི། ཧཱུྃ་ཧྲཱིཿ །བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང༌། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྱི་ནང་འཁའ་འགྲོ་རྡོ་རྗེའི་སྲུང་མར་བཅས། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། དེ་ནས་ཕྲིན་ལས་གསོལ་ཞིང་ལས་སྦྱོར་གྱི་དམིགས་བཟླས་བྱ་བ་ནི། ཡུངས་དཀར་ཐབ་ཏུ་གཏོར་ལ། ཧོཿ བཅོམ་ལྡན་ཐུགས་རྗེ་དང་ལྡན་པ་ཁྱེད་ལ་ཕྲིན་ལས་སུ་གསོལ་བ་ནི་བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ། སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དབལ། རྣོ་བའི་མཚོན། སྦྱོར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། སྦྱོར་བ་རྩུབ་པ། ལོ་ཀག་ཟླ་ཀག་ཞག་ཀག་ཟ་ཀག །མོ་ངན་རྩིས་རྩུབ་མི་ཁ་བྲ་མཆུ་ལ་སོགས་པ། མདོར་ན་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཁྱད་པར་དུའང་སྔོན་ཞལ་གྱིས་བཞེས་པ་བཞིན་དུ་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ལ་བསྲེག་རྫས་རྣམས་དག་ཅིང་གཙང་བར་བྱིན་གྱིས་རློབས་པ་དང་ཆུད་མི་ཟ་བར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབ་པར་མཛད་དུ་གསོལ། མདུན་བསྐྱེད་ཐུགས་ཀར་ཟླ་བ་ལ་གནས་པའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་འོད་ཟེར་དཀར་པོ་ཟླ་བ་ལྟ་བུས་སྣོད་བཅུད་ཐམས་ཅད་ཁྱབ། སྡིག་སྒྲིབ་ཉེས་ལྟུང་འཇིགས་པ་བརྒྱད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བརྒྱ་སོགས་དང༌། འདོད་གསོལ་བདུན་ནམ་ཉེར་གཅིག་སོགས་བརྗོད། སྐབས་འདིར་ཞི་བ་ལ་དཀར་པོ་སོགས་སྲུང་སྐུད་ལས་སོ་སོའི་ཁ་དོག་དང་མཐུན་པ་ལ་རྡོ་རྗེའི་མདུད་པ་བྱས་ནས་བསང་ཆུས་བྲན་ཞིང་མེ་ཐབ་ཀྱི་མེ་ལྕེ་དང་དུ་བ་ལ་བདུག་ནས་ལུས་ལ་གདགས་པས་སྲུང་བའི་མཆོག་ཏུ་འགྱུར་བར་གསུངས་སོ། །གསུམ་པ་རྗེས་གཏང་རག་ནི། པདྨ་ཐོད་ཕྲེང་རྩལ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ལན་བདུན་གྱིས་དགང་གཟར་བཀང་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ལན་གསུམ་ཕུལ། ཧོཿ རྩ་གསུམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བདག་ཅག་ཁྱེད་ཀྱི་གདུང་འཚོབ་བརྒྱུད་འཛིན་ཕྱིར། །རྩེ་གཅིག་གུས་པས་སྲེག་བླུགས་ཕུལ་ལགས་ན། །ཐུན་མོང་མཆོག་གི་དངོས་གྲུབ་དེང་འདིར་སྩོལ། བཅོམ་ལྡན་མེ་ལྷའི་རྒྱལ་པོ་དང་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བདག་ཅག་འཁོར་དང་བཅས་པ་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་སྩོལ་བར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་པུཥྟིཾ་ཀུ་རུ་ཧོ༔ ཞེས་པས་བདུད་རྩི་མྱང་ཞིང་ཚོགས་ལ་རོལ། ཚོགས་དང་བསྲེག་རྫས་རྣམས་ཀྱི་ལྷག་མ་ཕྲན་བུ་གུད་དུ་འཇོག །དེ་ནས། ཨོཾ་ཨཱཿཧཱུྃ། དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡོན་ཏན་རྗེས་དྲན་རྡོ་རྗེའི་གླུ་ཡིས་བསྟོད། །ཆོ་ག་ལྷག་ཆད་འགལ་འཁྲུལ་ཉམས་ཆགས་ཀུན། །སྙིང་ནས་བཤགས་སོ་བྱང་ཞིང་དག་པར་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿ། ཞེས་དང༌། ནོངས་པབཤགས་ནི། ཧོཿ དགོངས་སུ་གསོལ་ལོ་བདག་གི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང༌། ཆོ་ག་ལྷག་ཆད་ནོར་འཁྲུལ་ལ་སོགས་པའི་ཉེས་པ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། ཚེ་འདིའི་འགལ་རྐྱེན་དུ་མི་འགྱུར་བ་དང་ཕྱི་མ་བྱང་ཆུབ་ཐོབ་པ་ལ་བར་ཆོད་མི་འགྱུར་བར། མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་དང་ཡིག་བརྒྱ་མང་དུ་བརྗོད། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱིས་ཡེ་ཤེས་པ་གཤེགས། སྔར་ཚོམ་བུ་སྤྱན་འདྲེན་བྱས་ན་སྐབས་འདིར་རྟེན་ནམ་དཀྱིལ་འཁོར་ལ་གཤེགས་པར་མོས་ཏེ་སླར་སྤྱན་དྲངས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར་པར་མོས། སླར་འཇིག་རྟེན་པའི་མེ་ལྷར་གཏང་རག་འབུལ་བ་ནི། བུད་ཤིང་བསྣན། བླུགས་གཟར་གྱིས་མར་ཁུ་དང༌། ཨོཾ་བཛྲ་ཛྭ་ལ་རཾ་གྱིས་མེ་གསོ་ཞིང༌། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ་དགང་བླུགས་དང་བསྲེག་རྫས་སྔར་ལྟར་ཕུལ། གཏོར་མ་ཨགྣིའི་མཐར། ཨ་ཀཱ་རོ་བཏགས་པས་ཕུལ། ཨོཾ་ཨགྣི་དེ་ཝ་ཏཱ་ཡམ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། ཚོགས་ལྷག་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ། ཡེ་ཤེས་རོལ་པ་དཔལ་གྱི་ལྷག་སྡུད་ནི། །མཁའ་འགྲོ་གིང་དང་ལངྐ་ཕོ་ཉའི་ཚོགས། །སྲེག་བླུགས་རྫས་དང་ཚོགས་ལྷག་འདི་བཞེས་ལ། །བར་ཆད་ཀུན་སེལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། ཨོཾ་ཨུཙྪིཥྟ་བ་ལིནྟ་ཁཱ་ཧི། ཞེས་བསྒྱུར་བས་ཕྱི་རོལ་དུ་དོར། ཕྱི་ནང་གཞན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ། །སྲེག་བླུགས་ཚོགས་ཀྱི་འདུ་བས་མཉེས་བྱས་མཐུས། །བདག་གཞན་འགྲོ་ཀུན་རྩ་གསུམ་ལྷ་ཚོགས་དང༌། །དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་རྡོ་རྗེའི་རིགས་གཅིག་ཏུ་སྨོན་ལམ་གདབ། ཡིག་བརྒྱ་བཟླ་ཞིང༌། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ། ཕྲིན་ལས་ཐོགས་མེད་མངའ་མཛད་པའི། །དྲང་སྲོང་འཁོར་བཅས་ཁྱོད་ལ་བསྟོད། །རང་བཞིན་གནས་སུ་ད་གཤེགས་ལ། །ཕྱོགས་འདིར་དགེ་ཞིང་ཤིས་པར་མཛོད། ཨགྣི་དེ་ཝ་གཙྪ་ཞེས་སྤྱན་འདྲེན་པའི་ཕྱག་རྒྱ་ཕྱིར་བསྐྱེད་ལ་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས། དེ་ནས་རྗེས་ཀྱི་བྱ་བ་ནི། ལས་བྱང་གི་སྲུང་མའི་གཏོར་འབུལ་ནས་ཤིས་བརྗོད་ཀྱི་བར་ཚང་བར་བྱ། ལོང་ཁྱབ་ཡོད་ན་མེ་མ་ཤིའི་བར་དུ་བཞག །ལོང་མེད་ན་ཆུ་གཙང་དང་འོ་མ་སོགས་ཀྱིས་བཏུལ་ཞིང་དམིགས་མེད་ཀྱི་དོན་ཡིད་ལ་བྱས་ཏེ་ཨ་ཀཱ་རོ་བརྗོད། ཐལ་བ་ཆུ་ཀླུང་ཆེན་པོར་དོར་རོ། །དེ་ལྟ་བུའི་ཆོ་ག་དེ་ཉིད་གཞིར་བཞག་པ་ལ་རྒྱས་པའི་སྦྱིན་སྲེག་ནི། ཐབ་སྟེགས་གཞི་སེར་པོ། ཐབ་ཁུང་དང་མཆུ་ཁ་ཁྱེར་བཅས་གྲུ་བཞི་དབུས་སུ་འཁོར་ལོ་རྩིབས་བརྒྱད་རིན་པོ་ཆེས་མཚན་ཅིང་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། འདིས་མཚོན་ཞི་བ་ལ་ཁ་དོག་དཀར་པོ་གོང་སྨོས་ཐམས་ཅད་ལ་སེར་པོ་དང༌། དབྱིབས་ཟླུམ་པོ་གོང་སྨོས་ཐམས་ཅད་གྲུ་བཞིར་བསྒྱུར་མཆོད་རྫས་ཀྱི་གཏོར་མ་མངར་གསུམ་དང་མར་ཁུས་བརྫིས་པའི་གྲུ་བཞི། ཡམ་ཤིང་ཁམ་བུ་ཤུགས་པ་སོགས་འབྲས་བུ་ཅན་གྱི་ཤིང་སོར་བཅུ་གཉིས་པ་ལོ་འདབས་དང་བཅས་པ་ཞུན་མར་དང་མངར་གསུམ་གྱིས་བྱུག་པ། ཟས་མཆོག་འབྲས་གྲོའི་ཆན་ལ་མར་ཁུ་དང་སྦྲང་རྩི་བཏབ་པ་དང་གཞན་ཡང་ཟས་སྣ། ཤིང་ཏོག་སོགས་གང་འཛོམ་སྣོད་གཅིག་ཏུ་སྦྱར་བ་རྣམས་ཁྱད་པར་རོ། །སློབ་དཔོན་ཆས་རྒྱན་སེར་པོ་བརྗིད་པའི་གདན་ལ་བཟང་པོའི་འདུག་སྟངས་་་་་་་་་་་རྐང་པ་གཉིས་པོ་སྟན་གྱི་སྟེང་དུ་ནི། དྲང་པོ་ཉིད་དུ་ཐུར་དུ་བརྐྱང་བྱས་ལ། དེ་ཉིད་བསྟན་པོར་རབ་ཏུ་འཇོགས་པ་ནི། བཟང་པོའི་འདུག་སྟངས་ཡིན་པར་རབ་ཏུ་བཤད། ཅེས་སོ། །མཆན། ཀྱིས་ཁ་བྱང་དུ་ཕྱོགས་ནས་ཚིམ་པའི་བསམ་པས་འཁོད་མེ་ཐབ་ཀྱི་བྱང་ནས་སྦར་ལ་སྔགས་ཞི་བ་ལྟར་དང༌། ཧཱུྃ། བྱང་གི་ཕྱོགས་ནས་མེ་སྤར་མ། །སྐུ་མདོག་སེར་མོ་རྒྱས་པའི་རིགས། །གནོད་སྦྱིན་ཡུལ་ནས་མེ་ལོངས་ལ། །རྒྱས་པའི་མེ་རུ་སྦར་བར་མཛོད། བྱང་ཤར་ནས་རླུང་གཡབ་ལ། ཧཱུྃ། བྱང་ཤར་མཚམས་ནས་ཤིང་ཐུན་མ། །དབང་ལྡན་ཕྱོགས་ནས་ཤིང་ཐུས་ལ། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིག །རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད། ཅེས་བསྒྱུར། ཐབ་བསྐྱེད་སྐབས། ཨེ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་ནི། །གྲུ་བཞི་སེར་པོ་མེ་ལྕེ་རིན་ཆེན་འབར། དབུས་སུ་སོགས། སྐུ་མདོག་སེར་པོ་འཛུམ་ཞིང་སྒེག་པའི་ཉམས། ཞེས་ཁ་བསྒྱུར་ཡམ་ཤིང་ལ། ཧཱུྃ། རྒྱས་པའི་ཡམ་ཤིང་འབྲས་བུ་ཅན་རྣམས་ལ། །དེ་དང་མཐུན་པའི་རྫས་བྱུགས་བྱིན་བརླབ་ཏེ། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །རྒྱས་པའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣི་དེ་ཝ་ཏ་ཡམ་ཨོཾ་བཛྲ་ཏི་བ་ལ་ཡ་སྭཱ་ཧཱ། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང༌། བསྲེག་རྫས་ཀྱི་སྤེལ་ཚིག་ཐམས་ཅད་འདི་ལྟར་སྦྱར་དགང་བླུགས་སྐབས། ལག་གཉིས་ཁུ་ཚུར་ལ་མཐེབ་མཛུབ་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་བཟུང༌། འདོད་གསོལ། བདག་གིའམ་སྦྱིན་བདག་གིས་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་དང་ཡོན་ཏན་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྦྱར། ཕྲིན་བཅོལ་སྐབས། འབྱོར་དྲུག་རྒྱས་པའི་ཕྲིན་ལས་ཐམས་ཅད་ནི། ཞེས་བསྒྱུར་བ་དང༌། ཧོ། དྲང་སྲོང་ཆེན་པོ་ཁྱེད་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། གྲགས་པ་དང་སྙན་པ། སྟོབས་དང་ནུས་པ། གཟི་བརྗིད་དང་ལོངས་སྤྱོད། བུ་ནོར་དང་མངའ་ཐང༌། ཏིང་འཛིན་དང་ཉམས་རྟོགས་ལ་སོགས་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་སོ་སོར་དང༌། འདས་པའི་མེ་ལྷའི་བསྐྱེད་ཆོག་སྐབས། སེར་གསལ་མདངས་ལྡན་ཞི་འཛུམ་སྒེག་པའི་ཉམས། ཞེས་དང༌། དགང་བླུགས་སྐབས། ལྗགས་རིན་ཆེན་འབར་བའི་རྣམ་པ་ཞེས་དང༌། འདོད་གསོལ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ་སོགས་གོང་བཞིན་ཐམས་ཅད་ལ་སྦྱར་གྲངས་གསོག་ན་དཱུརྺ་སོགས་རྒྱས་བྱེད་ཀྱི་རྫས་རྣམས་གཙོ་བོར་འབུལ། བཟླས་པའི་སྐབས། འོད་ཟེར་སེར་པོ་ཉི་ཟེར་ལྟ་བུས་སྣོད་བཅུད་ཐམས་ཅད་ལ་ཁྱབ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་སོགས་དགེ་ལེགས་ཀྱི་ཕྱོགས་ཐམས་ཅད་རྒྱས་པར་གྱུར། ཅེས་དམིགས་ལ་སྤྱི་དྲིལ་སྔགས་མཐར། བྷྲཱུྃ་པུཥྟིཾ་ཀུ་རུ་ཨོཾ། ཞེས་པ་བཏགས། རྒྱས་པའི་འདོད་གསོལ་ཀྱང་གོང་བཞིན་ཚར་གྲངས་ཅི་རིགས་བརྗོད། རྗེས་ཐལ་བ་བང་མཛོད་ཕྱུགས་སླས་ཞིང་སོགས་ལ་འཐོར་རོ། །དབང་གི་སྦྱིན་སྲེག་ཀྱང་ཞི་བར་གཞིར་བཞག་ནས་བསྒྱུར་སོ་དེ་དང་འདྲ་བས་ཐབ་སྟེགས་གཞི་དམར་པོ། །ཐབ་ཁུང་མཆུ་དང་ཁ་ཁྱེར་ཏེ་རིམ་པ་གསུམ་པོ་ཟླ་གམ། ཐབ་དབུས་པདྨ་དམར་པོ་ལྕགས་ཀྱུས་མཚན་ཅིང༌། ཁ་ཁྱེར་ལྕགས་ཀྱུ་དང་པདྨའི་ཕྲེང་བས་བསྐོར་བ། ཁ་དོག་ཐམས་ཅད་དམར་པོ་དབྱིབས་ཐམས་ཅད་ཟླ་གམ་དུ་བསྒྱུར་ཅིང༌། གཏོར་མ་ཆང་དང་མངར་གསུམ་གྱིས་བརྫིས་པའི་ཟླ་གམ་དམར་པོ། ཡམ་ཤིང་སེང་ལྡེང་འོ་སེ་མཛོ་མོ་ཤིང་སོགས་དམར་ལ་སྐྱུར་བ་སོར་བརྒྱད་པ་མཚལ་དང་སིནྡྷུ་ར་མངར་གསུམ་གྱིས་བྱུགས་པ། ཟས་མཆོག་ནས་དང་གྲོའི་གླུམས་ལ་སིནྡྷུ་ར་མངར་གསུམ་སོགས་སྦྱར་བ། སློབ་དཔོན་ཆས་རྒྱན་དམར་པོ་མཛེས་པའི་གདན་ལ་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་ཆགས་པའི་བསམ་པས་འཁོད་ཐབ་ཀྱི་ནུབ་ཕྱོགས་ནས་མེ་སྦར་ལ་སྔགས་བརྗོད་ནས། ཧཱུྃ། ནུབ་ཀྱི་ཕྱོགས་ནས་མེ་སྦར་མ། །སྐུ་མདོག་དམར་པོ་དབང་གི་རིགས། །ཀླུ་དབང་ཡུལ་ནས་མེ་ལོངས་ལ། །དབང་གི་མེ་ནི་སྦར་བར་མཛོད། ནུབ་བྱང་ནས་རླུང་གཡབ་ལ། ཧཱུྃ། ནུབ་བྱང་མཚམས་ནས་ཤིང་ཐུན་མ། །རླུང་ལྷའི་ཕྱོགས་ནས་ཤིང་ཐུས་ལ། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིང༌། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། ཅེས་བསྒྱུར། ཐབ་བསྐྱེད་སྐབས། ཨེ་ལས་བྱུང་བའི་དབང་གི་ཐབ་ཁུང་ནི། །ཟླ་གམ་མེ་ལྕེ་འགུགས་བྱེད་ལྕགས་ཀྱུ་འབར། ཞེས་དང༌། དམ་ཚིག་མེ་ལྷ་དམར་པོ་ཆགས་པའི་མདངས། ཞེས་བསྒྱུར། ཡམ་ཤིང་ལ། ཧཱུྃ། དབང་གི་ཡམ་ཤིང་ཙནྡན་རྒྱ་ཤུག་སོགས། །དེ་དང་མཐུན་པའི་རྫས་བྱུགས་བྱིན་བརླབས་ཏེ། །བཅོམ་ལྡན་ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །དབང་གི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། ཨོཾ་ཨགྣི་དེ་ཝ་ཏཱ་ཡམ་ཨོཾ་བཛྲ་ཏི་བ་ལ་ཡ་སྭཱ་ཧཱ། ཁམས་གསུམ་སྲིད་པ་གསུམ་གྱི་སྐྱེ་འགྲོ་དང་བརྟན་གཡོའི་བཅུད་དང་ནུས་མཐུ་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་བསྲེག་རྫས་ཐམས་ཅད་འདིས་འགྲེ། དགང་བླུགས་སྐབས་ཁུ་ཚུར་ལས་སྲིན་ལག་གཉིས་རྩེ་སྤྲད་པ་པདྨའི་ཁུ་ཚུར་གྱིས་བཟུང༌། འདོད་གསོལ། བདག་གིའམ་སྦྱིན་པའི་བདག་པོས་ཁམས་གསུམ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྦྱར། ཕྲིན་བཅོལ་སྐབས། མོས་བཞི་དབང་སྡུད་ཕྲིན་ལས་ཐམས་ཅད་ནི། ཞེས་བསྒྱུར་བ་དང༌། ཧོཿ དྲང་སྲོང་ཆེན་པོ་ཁྱོད་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་ལ། ཁམས་གསུམ་སྲིད་གསུམ་འཇིག་རྟེན་ཀུན་གྱི་མི་ནོར་ཟས་གསུམ། མོས་པ་རྣམ་བཞིས་ལྷ་འདྲེ་མི་གསུམ་དང་དེ་དག་གི་མཐུ་སྟོབས་ལོངས་སྤྱོད་ལ་སོགས་སྣང་སྲིད་འཁོར་འདས་ཀྱི་འདོད་རྒུའི་དངོས་གྲུབ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། ཝ་ཤམ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་སཽ། །འདས་པའི་བསྐྱེད་ཆོག་སྐབས། དམར་གསལ་མདངས་ལྡན་ཞི་འཛུམ་ཆགས་པའི་ཉམས། ཞེས་དང༌། དགང་བླུགས་སྐབས། ལྗགས་པདྨ་དམར་པོའི་རྣམ་པ་ཞེས་དང༌། འདོད་གསོལ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་ལ། ཁམས་གསུམ་སྲིད་གསུམ་འཇིག་རྟེན་ཀུན་གྱི་མི་ནོར་ཟས་གསུམ་སོགས་གོང་བཞིན་སྦྱར། གྲངས་གསོག་ན་གོང་གསལ་ཟས་མཆོག་སོགས་སྤྱི་གཞུང་དབང་གི་རྫས་གཙོ་བོར་འབུལ། བཟླས་པའི་སྐབས། འོད་ཟེར་དམར་པོ་གློག་གི་ཞགས་པ་ལྟ་བུས་སྣོད་བཅུད་ཐམས་ཅད་ལ་ཁྱབ། འཁོར་འདས་ཀྱི་བཅུད་དང་དྭངས་མ་སྲིད་པ་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་མོས་པ་རྣམ་བཞིས་དབང་དུ་འདུས་པར་གྱུར། ཅེས་དམིགས་ལ་སྤྱི་དྲིལ་སྔགས་མཐར། ཧྲཱིཿ ཝ་ཤཾ་ཀུ་རུ་ཧོཿ ཞེས་པ་གྲངས་གསོག །མཐར་འདོད་གསོལ་གོང་བཞིན་ཚར་བཅུ་ཙམ་བརྗོད། རྗེས་ཐལ་བ་རི་རྩེ་མཐོན་པོར་འཇམ་པོའི་རླུང་ལ་བསྐུར་བར་བཤད་དོ། །དེ་དག་གིས་ཞི་རྒྱས་དབང་གསུམ་གྱི་སྦྱིན་བསྲེག་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བསྟན་ཟིན་ཏོ། །ཕྱི་ཡི་བསྲེག་རྫས་བྱིན་ཟའི་ལྷར་ཕུལ་ཚོགས་ཆེན་རྫོགས། །ནང་གི་ཨ་ཧཾ་ཞུ་བདེས་བདེ་སྟོང་ཡེ་ཤེས་བསྐྱེད། །གསང་བ་དབྱིངས་རིག་དབྱེར་མེད་ངང་དུ་བྱང་ཆུབ་སྟེ། །བདེ་ཆེན་ཁ་སྦྱོར་བདུན་ལྡན་གོ་འཕང་མྱུར་འགྲུབ་ཤོག །ཅེས་པའང་རིག་འཛིན་འཇའ་ཚོན་སྙིང་པོའི་ཟབ་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་སྦྱིན་སྲེག་ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་ལས་ཇི་ལྟར་འབྱུང་བ་བཞིན་རྡོ་རྗེའི་ཚིག་རྣམས་བཅོས་བསླད་མེད་པར་སོར་བཞག་པར་སྐབས་ཀྱི་ཁ་བསྒྱུར་མེད་ཐབས་མེད་པ་ཕྲན་བུས་བརྒྱན་ཏེ་བཀོད་པ་འདིའང་ལམ་འདི་ལ་མོས་ལྡན་མ་ཏི་ལཀྵྨཱིས་རྒྱང་རིང་མོ་ནས་ཡང་ཡང་བསྐུལ་བ་དོན་དང་ལྡན་ཕྱིར། སྙོམས་ལས་པ་པདྨ་དབང་གི་མིང་ཅན་དེས་སུག་བྲིས་སུ་བྱས་ཏེ་བཀོད་པ་ཉེས་འགལ་མཆིས་ན་རྩ་གསུམ་ཆོས་སྲུང་རྒྱ་མཚོར་ཐོག་མེད་སྡིག་ལྟུང་དང་ལྷན་ཅིག་བཤགས་ཤིང་དགེ་བས་སྐྱེ་དང་ཚེ་རབས་ཀུན་ཏུ་བླ་མ་ཀུན་ཏུ་བཟང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནུས་པ་དང༌། བསྟན་འགྲོའི་ཕན་བདེའི་ལེགས་ཚོགས་དབྱར་མཚོ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་སུ་ཤྲེ་ཡམ་བྷ་ཝནྟུ།། །།
[edit]

@#/__/rtsa gsum dril sgrub kyi las bzhi'i sbyin bsreg grub gnyis dpal ster zhes bya ba bzhugs so//na mo gu ru sa man+ta b+ha dra pad+ma dz+nyA na badz+rA ya/__mi shigs rtag pa dam pa'i ye shes ni/__gang 'dul mos ngor shar ba'i bde stong dpyid/__/rnam kun mchog ldan grub pa'i dpal ster ba/__bla ma pad+mA ka ras shis pa stsol/__/de la kun mkhyen bla ma rdo rje gzi brjid rtsal la bka' babs rin po che bdun gyi grangs su bzhugs pa'i nang gses yang gter rtsa gsum dril sgrub kyi phrin las snying gi nor bu dang rjes su 'grel bar sreg blugs ji ltar bya ba'i tshul la gsum/__/sbyor dngos rjes so/__/dang po la/__sgrub gnas kyi sa gzhi rnying pa sogs la mi dgos kyang sreg blugs ma byas pa'i sa yin na sa slong ba dang sbyong ba mdor bsdus dgos pas/__gang du bya ba'i gnas der dkar gtor dang gser skyems bshams/__rang nyid skad cig gis snang srid zil gnon thod phreng rtsal gyi skur gsal bar gyur/__ra~M ya~M kha~M gis bsang sbyang*/__stong pa'i ngang las b+h+rU~M las rin po che'i snod yangs shing rgya che ba'i nang du gtor ma kha dog dri ro nus pa phun sum tshogs par gyur/__oM AHhU~M gis byin gyis brlab/__b+hU mi pa ti sa pa ri wA ra badz+ra sa mA dzaHsa spyan drangs/__b+hU mi pa ti sa pa ri wA ra a kA ro sogs gsum gyis gtor ma bsngos la/__gang dag 'dir gnas lha dang klu/__/gnod sbyin srin po'i gzhan dag la/__/dkyil 'khor don du sa phyogs 'di/__/bdag zhu khyed kyis stsal du gsol/__zhes lan gsum gsol bas gnang ba byin par bsam la dkar gtor dang gser skyems phul/__rang nyid lha'i nga rgyal dang ldan pas rdo rje dang bcas pa'i lag g.yas pa sa la bzhag ste/__badz+ra gu ru brgya rtsa bzlas pas kun rdzob dang*/__swa b+hA ba lan gsum brjod la chos thams cad stong nyid du mos pas don dam gyi sbyong ba bya/__dkyil 'khor gyi khang pa de nyid du sbyin sreg byed pa yin na sa chog 'di mi dgos so/__/gang ltar yang gnas der gtsang ma'i sa la stegs bu gru bzhi pa dang sa dkar pos byugs pa'i khar tshangs zur gyi thig chen brgyad po btab pa'i dbus nas khru phyed kyis zlum por bskor ba la pad+ma 'dab brgyad lte bar rdo rje bkod/__de rgyab sor bzhi mchu/__de rgyab sor bzhi kha khyer te de la rdo rje'i phreng bas bskor/__de rgyab grwa bzhir zla phyed rdo rjes spras pa thams cad tshon dkar pos bri/__tshon mdog gzhan gyi sel ma phog par byas pa la ba byung bdud rtsi lnga dri bzang bcas 'dzom na byug 'thor bya/__me tog dkar po dgram/__tsher ma dang srog chags med pa'i shing ji ltar rigs pa'am/__yam shing dang mthun pa'i shing thab las cung zad thung ba zlum por brtsegs pa'i steng du ku sha'i rtse mo me thab mdun bstan gyis g.yogs/__'byor na dar ras dkar po'i gur phub cing thab nang du me tshang ting lo rnams kyang bzhag__/sgrub pa po'i g.yas g.yon gnyis su stegs bu dkar po re re'i steng du/__'byor na 'das ma 'das kyi mchod sreg rdzas bsham gdan bang rim gnyis re yod na legs/__slob dpon gyi g.yas phyogs su mchod rdzas ni dkar gsum las bcos pa'i gtor ma zlum po la ril bu'am theb kyu kha shas bzhag pa/__g.yas g.yon du sman raka__/chu gnyis nyer spyod dkar pos kha bsgyur ba dang*/__'dod yon lnga mar las bcos pa'am spar btab pa gang 'byor 'das lha dang*/__stegs nyis rim yod na dma' ba der ram med na mdun ngos su dkar zlum theb ril sman raka__/chu gnyis nyer spyod/__'dod yon lnga bcas me lha ste mchod pa tshar gnyis bsham/__snod sogs 'byor pas ma lcogs na gtor ma so sor bshams la/__gzhan rnams tshar gcig bshams nas thog mar me lha mchod skabs phud rnams snod gzhan du len/__'das lha'i skabs su de phar blug te mchod pas chog__/sgrub pa po'i g.yon thab kyi g.yas su bsreg rdzas ni/__mar dkar gyi khu ba/__ba lu lcang dkar sogs 'o ma can gyi shing shun pa dang bcas pa'i yam shing sor bzhi pa dkar gsum mar khus byugs pa/__til dkar po'am ma rnyed na til nag__/dUr+Wa ma nyams pa/__'bras ma grug pa/__'bras chan nam 'bru dkar gyi phye zho dang 'o ma btab pa'i zas mchog__/ku sha ma nyams pa/__so ba/__nas/__sran dkar bcas dngul dang dkar yol sogs snod dkar po zlum po'i nang 'das ma 'das tshar gnyis dgod/__'di'ang 'byor pas ma lcogs na gong smos mchod rdzas ltar bya chog__/mchod bsreg rdzas bshams phyogs 'ja' tshon las 'phro gling pa'i tshe sgrub gnam lcags rdo rje'i sbyin sreg gi chings 'dir sbyar bas gzhung de'i lugs dmigs bsal yin pas 'di ltar bya dgos shing smin lugs la zhi rgyas dbang gsum la mchod bsreg gnyis ka phyogs gcig tu sgrub pa po'i g.yon ngos dang drag po la de go ldog pa'i phyag len yod pas khyim gyi go yul sogs kyis ma 'grig na de ltar yang bya chog go__/dkyil 'khor sgrub mchod dang ma 'brel na phyogs gang bde bar rtsa gsum spyi gtor/__tshogs kyi yo byad sogs phrin las gzhung gi bcas rnams bsham/__slob dpon mdun du las bum mam/__bsang chu ku sha'i 'thor g.yab dang bcas pa/__nang mchod dgang blugs kha sbyar rdor dril rlung g.yab dkar po rnams dang*/__me yol gangs ri chu dang ba~M yig bris pa bzhag__/slob dpon nyid chas gos dkar po dang rin po che'i rgyan gyis brgyan/__'jam pa'i stan la pad+ma'i 'dug stangs ji skad du/__g.yas pa'i byin pas byin pa g.yon mnan la/__pus mo gnyis ka phab par byas nas ni/__lus ni rab tu zhi ba'i tshul dang ldan/__pad+ma'i 'dug stangs yin par mkhas pas bshad/__ces pa ltar ro/__/mchan/__kyis kha shar du phyogs pas zhi ba'i sems kyis me thab dang zhal sprod du 'khod do/__/gnyis pa dngos gzhi'i cho ga la/__thog mar bdag skyed ni/__tshigs bdun gsol 'debs dang*/__rtsa gsum gdung dbyangs gsol 'debs nas brtsams rtswa gsum spyi dril gyi las byang bzlas pa'i mjug bar btang*/__las bum mam bsang chu la dmigs te/__bsang sbyang*/__stong pa'i ngang las skad cig gis/__/phyi ni bum gzugs nang gzhal yas/__/dbus su pad nyi'i gdan steng hU~M/__/de las 'od 'phros rgyal kun mchod/__/'gro ba'i don byas 'od tshur 'dus/__/yongs gyur khro chen bdud rtsi 'khyil/__/ljang sngon zhal gcig phyag gnyis g.yas/__/rdo rje'i dbyug to nam mkhar phyar/__/g.yon pa sdigs mdzub thugs kar bsgreng*/__khro bo'i chas brgyan 'dor stabs 'gyings/__/gnas gsum 'bru gsum 'od zer gyis/__/ye shes sems dpa' spyan drangs thim/__badz+ra sa ma ya dza:__dza hU~M ba~M hoH__/thugs kar nyi steng hU~M ljang las/__/'od 'phros rigs lnga spyan drangs nas/__/bum pas dbang bskur bdud rtsi'i rgyun/__/babs pas sku gang dri ma dag__/don grub rigs lngas dbur rgyan gyur/__oM badz+ra ar+g+haM sogs kyis mchod/__rgyal ba kun gyi phrin las sku/__/'jigs byed 'jigs pa'i mthu stobs can/__/khro bo'i rgyal po khyed la bstod/__/las rnams 'grub par mdzad du gsol/__zhes pas bstod/__thugs kar nyi ma'i dkyil 'khor gyi steng du hU~M la sngags phreng ljang sngon gyis bskor bar dmigs la/__oM AHbig+h+nan+ta kr-ita hU~M phaT/__ces brgya rtsa sogs ci 'grub bzla zhing dbyangs gsal sten snying lan gsum re bzlas pa sngags kyi lhag chad kha bskang zhing byin rlabs bstan par bya/__sngags rnams las bdud rtsi'i rgyun babs pas snod khengs/__mthar lha nyid kyang 'od du zhu nas chu la thim pas bdud rtsi'i chu de gang dang gang la 'thor ba tsam gyis 'bag btsog nyes skyon mtha' dag zhi zhing phrin las gang 'dod 'byung ba'i mthu ldan du gyur/__de nas mchod bstod yig brgya dang*/__bsang gsur gtor 'bul gser skyems tshogs byin rlabs nas nyams chags bshags pa'i mjug yig brgya bzla ba yan btang*/__de nas sbyin sreg dngos la mjug pa'i thog mar/__thal mo A li kA lis yongs su gang ba las lag g.yas g.yon du nyi ma dang zla bas mtshan par gyur/__pad kor bcas/__rdo rje thabs yab dang dril bu shes rab yum gyi rang bzhin/__gnyis ka'ang don dam pa byang chub sems kyi rang bzhin no/__/zhes bstan par mos la/__oM ma hA badz+ra hU~M gis rdo rje dang*/__oM badz+ra gaN+De AHhU~M gis dril bu gzung 'khyud pa'i rgyas/__oM sarba ta thA ga ta ma hA a nu rA ga Na badz+ra swa b+hA wa At+ma ko\u0f85hA~M/__zhes brjod de dam tshig gsum dran par bya/__de nas brtsam yid ting nge 'dzin/__lag rdor dril dang mi 'bral zhing smra ba bcad par bya'o/__/las sngags bzla zhing bsang chu ku shas blangs te rang gi g.yon nas g.yas bskor du thab dang sreg rdzas dgang blugs thams cad bsang gtor byas la/__ra~M ya~M kha~M/__bdag nyid lhar gsal thugs ka'i sa bon las/__/ra~M ya~M kha~M 'phros mchod rdzas dngos 'dzin sbyangs/__/oM AHhU~M gis zag med bde ba che/__/'dod yon rol mo cir yang 'char bar gyur/__oM AHhU~M lan gsum gyis mchod pa byin brlab/__bsreg rdzas rnams bdud rtsis bran/__rdo rje rtse gcig pa'i phyag rgyas reg la/__oM oM swA hAs rdzas rnams bkru/__yam shing la/__oM AHswA hA/__zhun mar la/__oM shrI swA hA/__'bru rnams la/__oM dz+riM swA hA/__rdzas gzhan rnams la/__oM ku ru ku ru swA hA/__oM swa b+hA wa sogs/__stong pa'i ngang las rdzas rnams rang rang gi ming yig dang po thig les brgyan pa las byung ba'i ye shes kyi bdud rtsi'i rang bzhin bsreg rdzas so so'i rnam par gsal bar gyur/__'bru gsum dang*/__'og nas 'byung ba'i rdzas sngags rnams gsum gsum brjod pas byin gyis brlab/__skabs 'dir gzhung gzhan las ku sha bkram pa dang bgegs gtor gtong ba sogs bshad pa'i don du bgegs sbyong zhing srung ba ni/__swA b+hA wa sogs/__stong pa'i ngang las me thab kyi dbus su hU~M yig gzi mdangs 'bar ba ri rab tsam zhig gsal ba las 'od zer me'i tshwa tshwa khro chung skar ltar 'khrugs pa 'phros pas/__sbyin sreg gi las bsgrub pa la bar du gcod pa'i bgegs rigs thams cad tshar bcad/__'od zer tshur 'dus pas steng 'og phyogs mtshams kun tu yig 'bru phyag mtshan mtshon cha'i rwa ba me dpung dang bcas pa'i srung ba'i gur khang chen por gyur/__hU~M/__/bskal pa'i me ltar 'bar ba'i klong dkyil na/__/me lha drang srong yi dam ma gtogs pa'i/__/gnod byed bgegs kyi tshogs rnams phyir dengs shig__/mi 'gro gnas 'dir 'dug na rdul du brlag__/oM badz+ra kro d+ha ha ya grI ba hu lu hU lu hU~M phaT/__hU~M/__/dug lnga 'joms pa'i ye shes me 'od lnga/__/yig 'bru lnga dang de bzhin phyag mtshan lnga/__/khro tshogs sprul pa dpag yas bsam mi khyab/__/srung 'khor rim pa lnga yi tshul du bskor/__/'bar ba ye shes mi yis mtshams chod cig__/oM ag+na ye dz+wa la raM d+hi ni raM hU~M hU~M hU~M/__de nas las sngags brjod cing du ba med par 'bar ba'i me la bsang chu 'thor/__g.yas bskor tshul gyis thab kyi shar nas spar la/__oM tsakra raM dz+wa la raM hU~M phaT:__hU~M/__shar gyi phyogs nas me sbar ma/__/sku mdog dkar mo zhi ba'i rigs/__/dri za'i yul nas me longs la/__/zhi ba'i me ni sbar bar mdzod/__shar lho nas rlung g.yab la/__hU~M/__/shar lho mtshams nas shing thun ma/__/me lha'i phyogs nas shing thus la/__/rlung g.yab ma yis rlung g.yob cig__/zhi ba'i phrin las 'grub par mdzod/__oM ag+na ye dz+wa la raM hU~M:__zhes blugs gzar gyi mar khus me gso/__/de nas thog mar 'jig rten pa'i me lha mchod pa la thab dang dam tshigs pa bskyed pa ni/__las sngags dang bsang chus bran la/__hU~M/__/me thab mi dmigs stong pa'i ngang nyid la/__/e las byung ba'i zhi ba'i thab khung zlum/__/dkar gsal mdangs ldan me lce zlum po 'bar/__/dbus su pad+ma nyi zla'i gdan steng du/__/dam tshig me lha drang srong cha lugs can/__/sku mdog dkar po 'dzum zhing zhi tshul mdzes/__/zhal gcig phyag bzhi spyan gsum ra skyes chibs/__/phyag g.yas me thab 'og mas gun+de bsnams/__/g.yon pas bgrang phreng 'og mas lcags kyu 'dzin/__/sha rgyas gzugs thung sgeg cing lto ba 'phyangs/__/sma ra dmar ser ral pa'i con pan can/__/drang srong tshogs kyis bskor ba'i dbus na gsal/__/bdag nyid yi dam lha yi thugs ka nas/__/'od 'phros shar lho me lha'i yul nas ni/__/ye shes sems dpa' dam tshig ji lta ba/__/drang srong tshogs kyis bskor ba spyan drangs gyur/__lag g.yas mi 'jigs pa'i rgyas mthe bong g.yab la/__hU~M/__/dad pa dang ni dam tshig gis/__/tshur gshegs tshur gshegs lha chen po/__/me lha'i rgyal po drang srong mchog__/bsreg blugs zhal zas bzhes slad du/__/'di nyid du ni bzhugs su gsol/__oM ag+ne ye swA hA/__dz+wa lA ya badz+ra sa mA dzaH__bsang chu dang las sngags kyis phyir 'brang gi bgegs bskrad/__oM ag+ne de ba sa pa ri wA ra ar+g+haM pra tIts+tsha swA hAs mchod yon dang*/__pA d+yaM gyis zhabs bsil phul/__oM ag+ne ye sa ma ya staM/__dzaHhU~M ba~M hoH__dam tshig pa dang gnyis su med par gyur/__hU~M/__/tshangs pa 'jig rten mgon gyi sras/__/zhi la sogs pa'i lha dpal te/__/ji ltar 'dod pa'i don sgrub pa/__/gzi brjid rgyal por phyag 'tshal lo/__a ti pu ho/__pra tIts+tsha ho:__zhes ye shes pa drangs bstim phyag byas nas byon skyems ni/__me lha cung zad 'dzum pa'i ljags dang gzar bu gnyis kyis kha la raM yig gis mtshan par bsam la/__lag gnyis khu tshur las mdzub mo brkyang ba byang chub mchog gi phyag rgyas dgang blugs bzung la/__oM ag+na ye swA hA/__zhes dang*/__mar khu blugs gzar bdun gyis bkang ba'i dgang gzar gyi zags mchu las babs pa'i mar khu bdud rtsi'i dwangs mar drangs te gsol bas dgyes shing tshim par bsam la/__oM ag+na ye A dI bya A dI bya A bi sha ma hA shrI ha bya ka bya bah+na ye swA hA/__zhes lan gsum du 'bul/__bdag can dpon slob 'khor dang bcas pa'i sdig sgrib bar chad mi mthun pa'i phyogs thams cad zhi ba'i phrin las mdzad du gsol/__zhes gsol zhing me pra brtag__/mchod rdzas rnams rim par phul la/__hU~M/__stong gsum 'di'am gzhan dag na/__/me tog bdug spos mar me dri/__/zhal zas rol mo ji snyed kun/__/ye shes me lha'i tshogs la 'bul/__/phrin las bsgrub phyir bzhes su gsol/__oM ag+ne ye sa pa ri wA ra ar+g+haM AHhU~M swA hA/__des 'gres te/__shab+da'i bar mchod/__hU~M/__stong gsum 'di'am gzhan dag na/__/gzugs sgra dri ro reg bya chos/__/'dod yon bla med mchod pa 'di/__/ye shes me lha'i tshogs la 'bul/__/phrin las bsgrub phyir bzhes su gsol/__gong gi sngags mthar/___oM ag+ne ye sa pa ri wA ra rU pa pra tIts+tsha swA hA/__des 'gres te/_shab+da/__gan+d+he/__rA sa/__spar+she sbyar/__hU~M/__stong gsum 'di'am gzhan dag na/__/bdud rtsi rtsa brgyad stong sbyar dang*/__/rak+ta dmar mchod ar+g+haM dang*/__/bcud ldan mchog gi gtor ma rnams/__/ye shes me lha'i tshogs la 'bul/__/phrin las bsgrub phyir bzhes su gsol/__sngags mthar/_sarba pany+tsa a mr-i ta rak+ta ba liM ta kha ra~M khA hi/__hU~M/__stong gsum 'di 'am gzhan dag na/__/'dod yon mchog gi longs spyod dang*/__/tshogs mchod bdud rtsi'i rgya mtsho 'di/__/ye shes me lha'i tshogs la 'bul/__/phrin las bsgrub phyir bzhes su gsol/___oM ag+ne ye sa pa ri wA ra ga Na tsakra pU dza khA hi/__zhes 'bul lo/__/de nas bsreg rdzas rnams kyi thog mar yam shing 'bul ba ni/__hU~M/__/zhi ba'i yam shing glang ma bal dkar sogs/__/zhi ba'i rdzas kyis bran nas byin gyis brlabs/__/bcom ldan ye shes me lha'i tshogs la 'bul/__/zhi ba'i phrin las bsgrub phyir bzhes su gsol/__oM ag+ni de wa ta yam oM badz+ra ti ba la ya swA hA/__nad gdon sdig sgrib rkyen ngan bar chad thams cad d+hA tu shAn+tiM ku ru ye swA hA/__/zhes tshigs bcad gcig dang*/__sngags kyis lan bdun nam nyer gcig sogs 'bul/__de nas bsreg rdzas gzhan rnams la gong du/__oM ag+ni de wa tA yam zhes dang*/__gsham gyi phrin bcol sngar ltar la so so'i rdzas sngags/__mar khu la/__oM ag+na ye swA hA/__til la/__oM sarba pA paM da ha na badz+ra ya swA hA/__dUr+Wa la/__oM badz+ra A yu She swA hA/__'bras la/__oM badz+ra puSh+tA ye swA hA/__zas mchog la/__oM sarba sam+pa de swA hA/__ku sha la/__oM a pra ti ha ta badz+ra ya swA hA/__so ba la/__oM badz+ra bi dzA ya swA hA/__nas la/__oM ma hA be gA ya swA hA/__sran ma la/__oM ma hA ba lA swA hA/___zhes pa rnams grangs gong mtshungs 'bul gzhan yang*/__gro/__shing tog__/sman sna/__rin chen/__dar zas sogs gang 'byor yam shing gi sngags des 'bul ba'i mthar/__hU~M/__/gzi brjid 'bar ba me yi lha/__/drang srong chen po'i lha tshogs rnams/__/thugs rjes sems can don mdzad phyir/__/sbyin sreg mchod pa bzhes su gsol/__hU~M/__/ye shes klong yangs 'khyil pa'i ha~M khung du/__/dam rdzas bdud rtsi 'bar ba'i sbyin sreg 'di/__/me lha drang srong tshogs la mchod pa 'bul/__/phrin las rnam bzhi myur du 'grub par mdzad/__ha ha he he hU~M hU~M/__de nas bstod pa ni/__hU~M/__/gzi brjid ldan pa me yi lha/__/'bar bcas sku ni rgyan gyis brgyan/__/rngams pa'i byin can las la brtson/__/bsreg blugs 'bul lo las kun sgrubs/ phrin bcol ni yungs dkar thab tu 'thor te/__/tshangs pa 'jig rten mgon gyi sras/__/zhi la sogs pa'i lha dpal te/__/ji ltar 'dod pa'i don sgrub pa/__/gzi brjid rgyal por phyag 'tshal bstod/__hoH__drang srong me lha gzi brjid 'bar ba'i 'od/__/'gro don thugs rje rgyun chad med pa yi/__/yab yum sras dang sprul 'khor bcas pa la/__/dam rdzas sbyin sreg mchod pa 'di phul bas/__/'gal rkyen zhi ba'i phrin las thams cad ni/__/thogs med myur du sgrub pa'i dus la babs/__badz+ra sa ma ya dzaH__karma ku ru hU~M/__zhes dang*/__hoH__drang srong chen po khyod la phrin las su bcol ba ni/__bdag cag dpon slob rgyu sbyor yon bdag 'khor dang bcas pa rnams la/__sdang ba'i dgra/__gnod pa'i bgegs/__gdug pa'i dbal/__rno ba'i mtshon/__sbyor ba'i dug__/nad bzhi brgya rtsa bzhi/__gdon stong phrag brgyad cu/__ye 'drogs sum brgya drug cu/__rmi lam ngan pa/__ltas ngan pa/__mtshan ma ngan pa/__sbyor ba rtsub pa/__lo kag zla kag zhag kag za kag__/mo ngan rtsis rtsub mi kha bra mchu la sogs pa/__mdor na bkra mi shis pa'i dngos po thams cad zhi bar mdzad du gsol/__shIn+taM ku ru ye swA hA/__khyad par du'ang sngon zhal gyis bzhes pa bzhin du me 'bar ba dang gnyis su med par bzhugs la bsreg rdzas rnams dag cing gtsang bar byin gyis rlobs pa dang chud mi za bar dkyil 'khor gyi lha tshogs rnams kyi zhal du stob par mdzad du gsol/__zhes las bcol 'das pa'i me lha mchod pa ni/__bud shing kha gso/__bsang chus bran la/__me lha'i rgyal po drang srong chen po yi/__/ltau ba rab yangs chos nyid mnyam pa'i nang*/__/ye shes 'od lnga 'khrigs pa'i klong dkyil du/__/pad+ma nyi zla brtsegs pa'i gdan khri _la/ sgrub dkyil dang 'brel na skabs 'dir/__spyan 'dren brjod dkyil 'khor nas tshom bu spyan drangs shing de nas lha gsal gdab pa ni khyad par ro/__/bla ma kun 'dus pad+ma 'byung gnas sku/__/dkar gsal mdangs ldan zhi 'dzum nyams kyis mdzes/__sku la gsang phod chos gos ber phyams dang*/__/dbu la rab mdzes she'u'i snyan zhu'i brjid/__/phyag g.yas sdigs mdzub dang bcas rdo rje 'phyar/__/rtse las bla ma drag po he ru ka__/mdog dmar me lce'i phreng ba rab tu 'khrug__/gnam lcags rdo rje sdig pa'i phyag mtshan can/__/khro bo'i chas rdzogs sprul pa'i sprin phung 'phro/__/g.yon pas mnyam gzhag mtshan ldan ka pA lar/__/'chi med mchog stsol tshe bum bcud kyis gtams/__/lnga ldan 'od zer lha mo mgyogs ma'i tshogs/__/spro zhing sdud pas srid zhi'i tshe bcud 'gugs/__/gru mor gsang ba'i yum mchog man+dA ra/__/sbas tshul kha TAM 'khyud pa'i brda thabs kyis/__/dga' bzhi'i ye shes rtsol ba med par 'dren/__/lhan skyes phyag rgya chen po'i gzi byin 'bar/__/thabs shes zhabs zung rgyal po rol stabs kyis/__/'ja' zer thig le 'od phung 'khyil ba'i klong*/__/snang srid zil gnon 'khor 'das yongs kyi bdag__/rtsa gsum rgya mtsho'i spyi dpal chen por bzhugs/__/spyi bor rigs bdag mgon po 'od dpag med/__/sprul sku'i cha lugs mnyam bzhag phyag rgya'i steng*/__/bai DUr lhung bzed bdud rtsis gang ba bsnams/__/rdo rje'i skyil krung pad zla'i gdan rol/__/thugs kar rab tu rgyas pa'i pad nyi'i dbus/__/yi dam yongs 'dus dbang chen rta mchog dpal/__/dmar smug gri thod gar dgu'i nyams kyis brjid/__/dur khrod chas rdzogs me phung 'bar ba'i dbus/__/bdud bzhi'i gdan la g.yon brkyangs stabs kyis 'gying*/__/sbyor yum 'bum phrag mkha' 'gro 'dus pa'i gtso/__/phag mo mthing nag gri thod 'dzin pas 'khyud/__/rin chen rus brgyan bde ba'i lang tsho rgyas/__/yab yum spyi bor rta gdong phag zhal bzhad/__/sku las rtsa gsum rgya mtsho'i sprin phung 'phro/__/chos srung nor lha gter bdag bran bzhin 'du/__/snang srid gzhir bzhengs phyag rgya'i gnas gsum du/__/rdo rje gsum dngos oM AHhU~M gis mtshan/__/de las 'od 'phros ye shes sems dpa'i tshogs/__/nam mkha' gang bar badz+ra sa mA dzaH__spyan 'dren pa ni/__hU~M hrIH__/pad+ma 'od dang dbang drag 'bar ba'i zhing*/__/gnas yul dur khrod sprul pa'i dkyil 'khor nas/__/rtsa gsum chos srung rgya mtsho'i tshogs rnams kun/__/thugs rje smon lam dbang gis gshegs su gsol/__/oM AHhU~M badz+ra gu ru pad+ma d+he wa d+hA ki nI sa pa ri wA ra badz+ra sa ma ya dza dzaH__dzaHhU~M ba~M hoH__bzhugs gsol ni/__hU~M hrI:__phyi snod dag pa rab 'byams gzhal med dbus/__/nang bcud phung khams lha skur yongs rdzogs pa'i/__/dam tshig rten la ye shes sems dpa'i tshogs/__/gnyis med brtan bzhugs dbang dang dngos grub stsol/__/sarba sa ma ya tiSh+Than tu/__phyag gis 'dud pa ni/__na mo/__skye med dbyings las ye shes rang shar ba/__/byin rlabs dngos grub phrin las kun gyi gter/__/bla ma yi dam mkha' 'gro'i tshogs rnams la/__/mi phyed gus pa'i brda yis phyag 'tshal lo/__/a ti pU hoH__pra tIts+tsha hA+oH__mchod pa 'bul ba ni/__oM AHhU~M/__/dngos 'byor yid kyis rnam par sprul pa yi/__/nyer spyod 'dod yon sman raka gtor ma'i tshogs/__/yul dang dbang po mnyam sbyor bde ba ches/__/rtsa gsum lha tshogs rtag tu mnyes gyur cig__/oM AHhU~M badz+ra gu ru pad+ma d+he wa d+hA ki nI sa pa ri wA ra ar+g+haM sogs nas shab+da pany+tsa kA ma gu Na a mr-i ta rak+ta ba liM ta ma hA su kha d+harma d+hA tu pU'u dza hoH__bstod pa bya ba ni/__hU~M hrIH__/byin rlabs sprin phung rig 'dzin bla ma dang*/__/dngos grub char 'bebs yi dam zhi khro'i lha/__/phyi nang 'kha' 'gro rdo rje'i srung mar bcas/__/gus pas bstod do mchog thun dngos grub stsol/__de nas dgang blugs 'bul ba ni/__pad+ma thod phreng rtsal zhal 'dzum pa dang bcas pas cung zad gdangs pa'i ljags rdo rje dkar po'i rnam pa can dang gzar bu gnyis kyi kha la hU~M yig gis mtshan par gyur/__/oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba sid+d+hi pha la hU~M/__lan bdun gyis dgang gzar bkang la/__bdag cag dpon slob 'khor dang bcas pa'i sdig sgrib bar chad mi mthun pa'i phyogs thams cad zhi ba'i phrin las mdzad du gsol/__/zhes pa'i 'dod gsol tshar gcig sbyar te dgangs blugs g.yas skor gyis 'bul ba lan gsum song nas/__yam shing ni/__hU~M/___zhi ba'i yam shing glang ma bal dkar sogs/__/zhi ba'i rdzas kyis bran nas byin gyis brlabs/__bcom ldan ye shes dkyil 'khor lha la 'bul/__/zhi ba'i phrin las bsgrub phyir bzhes su gsol/__lha sngags/__oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba sid+d+hi pha la hU~M/__yam shing*/__oM badz+ra ti ba lA ya swA hA/__'dod gsol/__nad gdon sdig sgrib rkyen ngan bar chad thams cad d+hA tu shAn+tiM ku ru ye swA hA/__zhes sbyar bas lan grangs brgya 'am nyer gcig sogs phul/__'dir rgyas par spro na lha sngags rdzas sngags 'dod gsol gsum ka sbrel ba dang*/__'bring du lha sngags rdzas sngags sprel/__'dod gsol tshar bdun nam nyer gcig la sogs pa'i bar mtshams su lan re gdags pa dang*/__bsdu na thog mar lha sngags lan gcig rdzas sngags la grangs bzung*/__rdzogs pa'i mthar spel tshig lan gcig sbyor ba ste ji ltar lcogs par bya'o/__/de bzhin du mar khu la/__oM ag+na ye swA hA/__til la/__oM sarba pA paM da ha na badz+ra ya swA hA/__dUr+Wa la/__oM badz+ra A yu She swA hA/__'bras la/__oM badz+ra puSh+tA ye swA hA/__zas mchog la/__oM sarba sam+pa de swA hA/__ku sha la/__oM a pra ti ha ta badz+ra ya swA hA/__so ba la/__oM badz+ra bi dzA ya swA hA/__nas la/__oM ma hA be gA ya swA hA/__sran ma la/__oM ma hA ba lA swA hA/__bsreg rdzas gzhan ci 'byor pa rnams/__oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba sid+d+hi pha la hU~M/__oM AHhU~M:__nad gdon sdig sgrib rkyen ngan bar chad thams cad d+hA tu shAn+tiM ku ru ye swA hA/__zhes pas dbul/__bsnyen bsgrub kyi kha skong la'ang til gtso bor gyur pa'i rdzas spungs lha sngags 'bru gsum kho nas 'bul zhing mtshams su/__bdag cag dpon slob 'khor dang bcas pa'i sdig sgrib bar chad mi mthun pa'i phyogs thams cad dang gsang sngags kyi lhag chad la sogs pa'i nyes pa thams cad shIn+taM ku ru swA hA/__zhes pa'i 'dod gsol sbyar ro/__/de nas/__hU~M/__/stong gsum 'di'am gzhan dag na/__/lha rdzas mchod yon zhabs bsil dang*/__/me tog bdug spos mar mer dri/__/zhal zas rol mo ji snyed kun/__/rtsa gsum dkyil 'khor lha la 'bul/__/phrin las bsgrub phyir bzhes su gsol/__spyi dril sngags mthar ar+g+haM sogs=__nyer spyod kyi mchod pa dang*/__'dod yon lnga 'bul ba ni/__hU~M/__/stong gsum 'di'am gzhan dag na/__/gzugs sgra dri ro reg bya chos/__/'dod yon bla med mchod pa 'di/__/bcom ldan ye shes lha la 'bul/__/phrin las bsgrub phyir bzhes su gsol/__spyi dril sngags mthar/__ru pa pra tIts+tsha swA hA/__des 'gres te/__shab+da/__gan+d+he/__rA sa/__spar+she sbyar/__sman raka gtor gsum 'bul ba ni/__hU~M/__stong gsum 'di'am gzhan dag na/__/bdud rtsi rtsa brgyad stong sbyar dang*/__/rak+ta dmar mchod ar+g+haM dang*/__/bcud ldan mchog gi gtor ma rnams/__/bcom ldan ye shes lha la 'bul/__/phrin las bsgrub phyir bzhes su gsol/__pany+tsa a mr-i ta rak+ta ba lin+ta kha raM khA hi/__tshogs rdzas sogs phul la/__hU~M/__stong gsum 'di'am gzhan dag na/__/'dod yon mchog gi longs spyod dang*/__/tshogs mchod bdud rtsi'i rgya mtsho 'di/__/bcom ldan ye shes lha la 'bul/__/phrin las bsgrub phyir bzhes su gsol/__ga Na tsakra pU dza khA hi/__'di rnams la'ang grangs gsog na snying po'i mthar mchod sngags sbyar ba bdun sogs 'bul/__bstod pa ni/__hU~M hrIH__/byin rlabs sprin phung rig 'dzin bla ma dang*/__/dngos grub char 'bebs yi dam zhi khro'i lha/__/phyi nang 'kha' 'gro rdo rje'i srung mar bcas/__/gus pas bstod do mchog thun dngos grub stsol/__de nas phrin las gsol zhing las sbyor gyi dmigs bzlas bya ba ni/__yungs dkar thab tu gtor la/__hoH__bcom ldan thugs rje dang ldan pa khyed la phrin las su gsol ba ni bdag cag dpon slob rgyu sbyor yon bdag 'khor dang bcas pa rnams la/__sdang ba'i dgra/__gnod pa'i bgegs/__gdug pa'i dbal/__rno ba'i mtshon/__sbyor ba'i dug__/nad bzhi brgya rtsa bzhi/__gdon stong phrag brgyad cu/__ye 'drogs sum brgya drug cu/__rmi lam ngan pa/__ltas ngan pa/__mtshan ma ngan pa/__sbyor ba rtsub pa/__lo kag zla kag zhag kag za kag__/mo ngan rtsis rtsub mi kha bra mchu la sogs pa/__mdor na bkra mi shis pa'i dngos po thams cad zhi bar mdzad du gsol/__shIn+taM ku ru ye swA hA/__khyad par du'ang sngon zhal gyis bzhes pa bzhin du me 'bar ba dang gnyis su med par bzhugs la bsreg rdzas rnams dag cing gtsang bar byin gyis rlobs pa dang chud mi za bar dkyil 'khor gyi lha tshogs rnams kyi zhal du stob par mdzad du gsol/__mdun bskyed thugs kar zla ba la gnas pa'i thugs srog sngags phreng dang bcas pa/__bdag gi thugs ka'i 'od zer gyis bskul bas 'od zer dkar po zla ba lta bus snod bcud thams cad khyab/__sdig sgrib nyes ltung 'jigs pa brgyad sogs mi mthun pa'i phyogs thams cad zhi bar gyur/__ces mos la/__oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba sid+d+hi pha la hU~M/__oM shIn+taM ku ru ye swA hA/__brgya sogs dang*/__'dod gsol bdun nam nyer gcig sogs brjod/__skabs 'dir zhi ba la dkar po sogs srung skud las so so'i kha dog dang mthun pa la rdo rje'i mdud pa byas nas bsang chus bran zhing me thab kyi me lce dang du ba la bdug nas lus la gdags pas srung ba'i mchog tu 'gyur bar gsungs so/__/gsum pa rjes gtang rag ni/__pad+ma thod phreng rtsal zhal 'dzum pa dang bcas pas cung zad gdangs pa'i ljags rdo rje dkar po'i rnam pa can dang gzar bu gnyis kyi kha la hU~M yig gis mtshan par gyur/__oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba sid+d+hi pha la hU~M/__lan bdun gyis dgang gzar bkang la/__bdag cag dpon slob 'khor dang bcas pa'i sdig sgrib bar chad mi mthun pa'i phyogs thams cad zhi ba'i phrin las mdzad du gsol/_lan gsum phul/__hoH__rtsa gsum lha tshogs bdag la dgongs su gsol/__/bdag cag khyed kyi gdung 'tshob brgyud 'dzin phyir/__/rtse gcig gus pas sreg blugs phul lags na/__/thun mong mchog gi dngos grub deng 'dir stsol/__bcom ldan me lha'i rgyal po dang yi dam dkyil 'khor lha tshogs 'khor dang bcas pa thams cad kyis/__bdag cag 'khor dang bcas pa rnams la mchog dang thun mong gi dngos grub thogs pa med par stsol bar mdzad du gsol/__oM AHhU~M badz+ra gu ru pad+ma d+he wa d+hA ki nI sarba sid+d+hi pha la hU~M/__kA ya wA ka tsit+ta sid+d+hi pha la puSh+tiM ku ru ho:__zhes pas bdud rtsi myang zhing tshogs la rol/__tshogs dang bsreg rdzas rnams kyi lhag ma phran bu gud du 'jog__/de nas/__oM AHhU~M/__dngos 'byor yid sprul mchod sprin rgya mtshos mchod/__/yon tan rjes dran rdo rje'i glu yis bstod/__/cho ga lhag chad 'gal 'khrul nyams chags kun/__/snying nas bshags so byang zhing dag par stsol/__/oM AHhU~M badz+ra gu ru pad+ma d+he ba d+hA ki nI sarba sa pa ri wA ra ar+g+haM nas/__shab+da sarba pany+tsa a mr-i ta rak+ta ba liM ta sarba pU dza hoH/__zhes dang*/__nongs pabashags ni/__hoH__dgongs su gsol lo bdag gi sku gsung thugs rtsa ba dang yan lag gi dam tshig nyams chag dang*/__cho ga lhag chad nor 'khrul la sogs pa'i nyes pa ci bgyis pa thams cad mthol zhing bshags so/__tshe 'di'i 'gal rkyen du mi 'gyur ba dang phyi ma byang chub thob pa la bar chod mi 'gyur bar/__myur du sangs rgyas thob par byin gyis brlab par mdzad du gsol/__zhes dang yig brgya mang du brjod/__oM/__khyed kyis sems can don kun sogs kyis ye shes pa gshegs/__sngar tshom bu spyan 'dren byas na skabs 'dir rten nam dkyil 'khor la gshegs par mos te slar spyan drangs/__dam tshig pa bdag nyid la thim par gyur par mos/__slar 'jig rten pa'i me lhar gtang rag 'bul ba ni/_bud shing bsnan/__blugs gzar gyis mar khu dang*/__oM badz+ra dz+wa la raM gyis me gso zhing*/__slar yang me lha cha byad yongs su rdzogs pa skad cig gis gsal bar gyur pa la dgang blugs dang bsreg rdzas sngar ltar phul/__gtor ma ag+ni'i mthar/__a kA ro btags pas phul/__oM ag+ni de wa tA yam ar+g+haM nas shab+da'i bar gyis mchod/__me ste bsreg bya za ba'i lha/__/drang srong rgyal po gdon gyi bdag__/shar lho me lha'i tshogs bcas la/__/mchod cing bstod de phyag kyang 'tshal/__/mchod sbyin gtor ma 'di bzhes la sogs kyis phrin las bcol/__tshogs lhag pany+tsa a mr-i ta hU~M ha ho hrIHsa brlab/__hU~M/__ye shes rol pa dpal gyi lhag sdud ni/__/mkha' 'gro ging dang lang+ka pho nya'i tshogs/__/sreg blugs rdzas dang tshogs lhag 'di bzhes la/__/bar chad kun sel mthun rkyen yid bzhin sgrubs/__oM uts+tshiSh+ta ba lin+ta khA hi/__zhes bsgyur bas phyi rol du dor/__phyi nang gzhan gsum rdo rje'i grong khyer du/__/sreg blugs tshogs kyi 'du bas mnyes byas mthus/__/bdag gzhan 'gro kun rtsa gsum lha tshogs dang*/__/dbyer med dkyil 'khor gcig tu 'grub par shog__/ces rdo rje'i rigs gcig tu smon lam gdab/__yig brgya bzla zhing*/__ma rnyed yongs su ma tshang sogs kyis nongs pa bshags/__hU~M/__phrin las thogs med mnga' mdzad pa'i/__/drang srong 'khor bcas khyod la bstod/__/rang bzhin gnas su da gshegs la/__/phyogs 'dir dge zhing shis par mdzod/__ag+ni de wa gats+tsha zhes spyan 'dren pa'i phyag rgya phyir bskyed la me lha ye shes pa rang gnas su gshegs/__dam tshig pa rang gi snying gar thim par mos/__de nas rjes kyi bya ba ni/__las byang gi srung ma'i gtor 'bul nas shis brjod kyi bar tshang bar bya/__long khyab yod na me ma shi'i bar du bzhag__/long med na chu gtsang dang 'o ma sogs kyis btul zhing dmigs med kyi don yid la byas te a kA ro brjod/__thal ba chu klung chen por dor ro/__/de lta bu'i cho ga de nyid gzhir bzhag pa la rgyas pa'i sbyin sreg ni/__thab stegs gzhi ser po/__thab khung dang mchu kha khyer bcas gru bzhi dbus su 'khor lo rtsibs brgyad rin po ches mtshan cing kha khyer la rin po che'i phreng bas bskor ba/__'dis mtshon zhi ba la kha dog dkar po gong smos thams cad la ser po dang*/__dbyibs zlum po gong smos thams cad gru bzhir bsgyur mchod rdzas kyi gtor ma mngar gsum dang mar khus brdzis pa'i gru bzhi/__yam shing kham bu shugs pa sogs 'bras bu can gyi shing sor bcu gnyis pa lo 'dabs dang bcas pa zhun mar dang mngar gsum gyis byug pa/__zas mchog 'bras gro'i chan la mar khu dang sbrang rtsi btab pa dang gzhan yang zas sna/__shing tog sogs gang 'dzom snod gcig tu sbyar ba rnams khyad par ro/__/slob dpon chas rgyan ser po brjid pa'i gdan la bzang po'i 'dug stangs rkang pa gnyis po stan gyi steng du ni/__drang po nyid du thur du brkyang byas la/__de nyid bstan por rab tu 'jogs pa ni/__bzang po'i 'dug stangs yin par rab tu bshad/__ces so/__/mchan/__kyis kha byang du phyogs nas tshim pa'i bsam pas 'khod me thab kyi byang nas sbar la sngags zhi ba ltar dang*/__hU~M/__byang gi phyogs nas me spar ma/__/sku mdog ser mo rgyas pa'i rigs/__/gnod sbyin yul nas me longs la/__/rgyas pa'i me ru sbar bar mdzod/__byang shar nas rlung g.yab la/__hU~M/__byang shar mtshams nas shing thun ma/__/dbang ldan phyogs nas shing thus la/__/rlung g.yab ma yis rlung g.yob cig__/rgyas pa'i phrin las 'grub par mdzod/__ces bsgyur/__thab bskyed skabs/__e las byung ba'i rgyas pa'i thab khung ni/__/gru bzhi ser po me lce rin chen 'bar/__dbus su sogs/__sku mdog ser po 'dzum zhing sgeg pa'i nyams/__zhes kha bsgyur yam shing la/__hU~M/__rgyas pa'i yam shing 'bras bu can rnams la/__/de dang mthun pa'i rdzas byugs byin brlab te/__/bcom ldan ye shes me lha'i tshogs la 'bul/__/rgyas pa'i phrin las bsgrub phyir bzhes su gsol/__oM ag+ni de wa ta yam oM badz+ra ti ba la ya swA hA/__tshe bsod dpal 'byor ye shes thams cad puSh+tiM ku ru swA hA/__zhes dang*/__bsreg rdzas kyi spel tshig thams cad 'di ltar sbyar dgang blugs skabs/__lag gnyis khu tshur la mtheb mdzub rtse sprad pa rin po che'i khu tshur gyis bzung*/__'dod gsol/__bdag gi'am sbyin bdag gis tshe dang bsod nams dpal dang 'byor pa ye shes dang yon tan sogs mthun rkyen phun sum tshogs pa thams cad rgyas pa'i phrin las mdzad du gsol/__zhes sbyar/__phrin bcol skabs/__'byor drug rgyas pa'i phrin las thams cad ni/__zhes bsgyur ba dang*/__ho/__drang srong chen po khyed la phrin las su gsol ba ni/__bdag cag dpon slob rgyu sbyor yon bdag 'khor dang bcas pa'i tshe dang bsod nams/__dpal dang 'byor pa/__grags pa dang snyan pa/__stobs dang nus pa/__gzi brjid dang longs spyod/__bu nor dang mnga' thang*/__ting 'dzin dang nyams rtogs la sogs dge legs kyi yon tan thams cad 'phel zhing rgyas par mdzad du gsol/__puSh+tiM ku ru ye swA hA/__zhes sogs so sor dang*/__'das pa'i me lha'i bskyed chog skabs/__ser gsal mdangs ldan zhi 'dzum sgeg pa'i nyams/__zhes dang*/__dgang blugs skabs/___ljags rin chen 'bar ba'i rnam pa zhes dang*/__'dod gsol/__bdag cag dpon slob rgyu sbyor yon bdag 'khor dang bcas pa'i tshe dang bsod nams/__dpal dang 'byor pa sogs gong bzhin thams cad la sbyar grangs gsog na dUr+Wa sogs rgyas byed kyi rdzas rnams gtso bor 'bul/__bzlas pa'i skabs/__'od zer ser po nyi zer lta bus snod bcud thams cad la khyab/__tshe bsod dpal 'byor nyams rtogs yon tan sogs dge legs kyi phyogs thams cad rgyas par gyur/__ces dmigs la spyi dril sngags mthar/__b+h+rU~M puSh+tiM ku ru oM/__zhes pa btags/__rgyas pa'i 'dod gsol kyang gong bzhin tshar grangs ci rigs brjod/__rjes thal ba bang mdzod phyugs slas zhing sogs la 'thor ro/__/dbang gi sbyin sreg kyang zhi bar gzhir bzhag nas bsgyur so de dang 'dra bas thab stegs gzhi dmar po/__/thab khung mchu dang kha khyer te rim pa gsum po zla gam/__thab dbus pad+ma dmar po lcags kyus mtshan cing*/__kha khyer lcags kyu dang pad+ma'i phreng bas bskor ba/__kha dog thams cad dmar po dbyibs thams cad zla gam du bsgyur cing*/__gtor ma chang dang mngar gsum gyis brdzis pa'i zla gam dmar po/__yam shing seng ldeng 'o se mdzo mo shing sogs dmar la skyur ba sor brgyad pa mtshal dang sin+d+hu ra mngar gsum gyis byugs pa/__zas mchog nas dang gro'i glums la sin+d+hu ra mngar gsum sogs sbyar ba/__slob dpon chas rgyan dmar po mdzes pa'i gdan la pad+ma'i skyil krung gis kha nub tu phyogs chags pa'i bsam pas 'khod thab kyi nub phyogs nas me sbar la sngags brjod nas/__hU~M/__nub kyi phyogs nas me sbar ma/__/sku mdog dmar po dbang gi rigs/__/klu dbang yul nas me longs la/__/dbang gi me ni sbar bar mdzod/__nub byang nas rlung g.yab la/__hU~M/__nub byang mtshams nas shing thun ma/__/rlung lha'i phyogs nas shing thus la/__/rlung g.yab ma yis rlung g.yob cing*/__/dbang gi phrin las 'grub par mdzod/__ces bsgyur/__thab bskyed skabs/__e las byung ba'i dbang gi thab khung ni/__/zla gam me lce 'gugs byed lcags kyu 'bar/__zhes dang*/__dam tshig me lha dmar po chags pa'i mdangs/__zhes bsgyur/__yam shing la/__hU~M/__dbang gi yam shing tsan+dan rgya shug sogs/__/de dang mthun pa'i rdzas byugs byin brlabs te/__/bcom ldan ye shes me lha'i tshogs la 'bul/__/dbang gi phrin las bsgrub phyir bzhes su gsol/__oM ag+ni de wa tA yam oM badz+ra ti ba la ya swA hA/__khams gsum srid pa gsum gyi skye 'gro dang brtan g.yo'i bcud dang nus mthu thams cad wa shaM ku ru ye swA hA/__zhes dang bsreg rdzas thams cad 'dis 'gre/__dgang blugs skabs khu tshur las srin lag gnyis rtse sprad pa pad+ma'i khu tshur gyis bzung*/__'dod gsol/__bdag gi'am sbyin pa'i bdag pos khams gsum srid zhi'i legs tshogs thams cad dbang du 'du ba'i phrin las mdzad du gsol/__zhes sbyar/__phrin bcol skabs/__mos bzhi dbang sdud phrin las thams cad ni/__zhes bsgyur ba dang*/__hoH__drang srong chen po khyod la phrin las su gsol ba ni/__bdag cag dpon slob rgyu sbyor yon bdag 'khor dang bcas pa la/__khams gsum srid gsum 'jig rten kun gyi mi nor zas gsum/__mos pa rnam bzhis lha 'dre mi gsum dang de dag gi mthu stobs longs spyod la sogs snang srid 'khor 'das kyi 'dod rgu'i dngos grub thams cad dbang du 'du bar mdzad du gsol/__wa sham ku ru ye swA hA/__zhes sogs sau/__/'das pa'i bskyed chog skabs/_dmar gsal mdangs ldan zhi 'dzum chags pa'i nyams/__zhes dang*/__dgang blugs skabs/__ljags pad+ma dmar po'i rnam pa zhes dang*/__'dod gsol/__bdag cag dpon slob rgyu sbyor yon bdag 'khor dang bcas pa la/__khams gsum srid gsum 'jig rten kun gyi mi nor zas gsum sogs gong bzhin sbyar/__grangs gsog na gong gsal zas mchog sogs spyi gzhung dbang gi rdzas gtso bor 'bul/__bzlas pa'i skabs/__'od zer dmar po glog gi zhags pa lta bus snod bcud thams cad la khyab/__'khor 'das kyi bcud dang dwangs ma srid pa gsum gyi skye 'gro thams cad mos pa rnam bzhis dbang du 'dus par gyur/__ces dmigs la spyi dril sngags mthar/__hrIH__wa shaM ku ru hoH__zhes pa grangs gsog__/mthar 'dod gsol gong bzhin tshar bcu tsam brjod/__rjes thal ba ri rtse mthon por 'jam po'i rlung la bskur bar bshad do/__/de dag gis zhi rgyas dbang gsum gyi sbyin bsreg ji ltar bya ba'i tshul mdor bsdus te bstan zin to/__/phyi yi bsreg rdzas byin za'i lhar phul tshogs chen rdzogs/__/nang gi a haM zhu bdes bde stong ye shes bskyed/__/gsang ba dbyings rig dbyer med ngang du byang chub ste/__/bde chen kha sbyor bdun ldan go 'phang myur 'grub shog__/ces pa'ang rig 'dzin 'ja' tshon snying po'i zab gter dkon mchog spyi 'dus kyi sbyin sreg kun mkhyen blo gros mtha' yas kyi gsung rab las ji ltar 'byung ba bzhin rdo rje'i tshig rnams bcos bslad med par sor bzhag par skabs kyi kha bsgyur med thabs med pa phran bus brgyan te bkod pa 'di'ang lam 'di la mos ldan ma ti lak+Sh+mIs rgyang ring mo nas yang yang bskul ba don dang ldan phyir/__snyoms las pa pad+ma dbang gi ming can des sug bris su byas te bkod pa nyes 'gal mchis na rtsa gsum chos srung rgya mtshor thog med sdig ltung dang lhan cig bshags shing dge bas skye dang tshe rabs kun tu bla ma kun tu bzang po'i zhabs pad mnyes pa gsum gyis bsnyen nus pa dang*/__bstan 'gro'i phan bde'i legs tshogs dbyar mtsho ltar rgyas pa'i rgyur gyur cig__/sarba dA su shre yam b+ha wan+tu//__//__

Footnotes

Other Information