DKR-KABUM-23-'A-017: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ༔ | |||
|fulltitle=dgra 'dul wer ma'i snying tig las: phrin las phyogs las rnam rgyal | |||
|citation=[[Khyentse, Dilgo]]. ''Dgra 'dul wer ma'i snying tig las phrin las phyogs las rnam rgyal''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 23: 319-350. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |sourcerevealer=Khyentse, Dilgo | ||
| | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|volumenumber= | |tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | ||
|terma=Yes | |||
|dkroutline=Nine | |||
|deity=ge sar | |||
|cycle=dgra 'dul wer ma'i snying tig | |||
|cycletib=དགྲ་འདུལ་ཝེར་མའི་སྙིང་ཏིག་ | |||
|volumenumber=023 | |||
|volnumtib=༢༣ | |||
|volyigtib=འ་ | |||
|totalvolumes=25 | |||
|textnuminvol=017 | |textnuminvol=017 | ||
|pdflink=File:DKR-KABUM-23- | |pagenumbers=319-350 | ||
|totalpages=32 | |||
|beginfolioline=1a | |||
|endfolioline=16b6 | |||
|totalfolios=16 | |||
|multivolumework=No | |||
|rectonotes=phrin las | |||
|versonotes=ge sar sgrub skor | |||
|colophontib=ཅེས་པའང་དགྲ་འདུལ་ལས་ཀྱི་དཔའ་བོའི་ཕྲིན་ལས་གསེར་གྱི་ཤིང་རྟའི་ཁ་ལོ་སྒྱུར་བའི་དམག་དཔོན་ཆེན་པོ་འདན་མ་ཐོག་རྒོད་རྩལ་དང༌། སྐུ་སྲུང་སྒ་བདེས་སྐྱོང་བའི་ཡུལ་གྲུ་གསེར་ལྡན་དལ་གྱིས་འབབ་པའི་ལྗོངས་སུ་སྐྱེས་ཤིང་མཚོ་སྐྱེས་དགྲ་བླའི་རྒྱལ་པོས་རྗེས་སུ་བཟུང་བའི་རིག་པ་འཛིན་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ། མིང་གཞན་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རྡོ་རྗེ་ཕྲིན་ལས་རོལ་པ་རྩལ་གྱིས་རང་ལོ་སོ་བདུན་པའི་སྟེང་དབོ་ཟླ་བའི་འཕེལ་ཚེས་ཁྱབ་འཇུག་སྒྲ་གཅན་གྱིས་དགྲ་བླའི་དམག་དཔོན་དུ་བསྐྱོད་པའི་དུས་གཉན་གྱི་ཆར་གཏན་ལ་ཕབས་ཏེ་མཆོད་པ་དང་བསྐང་བ་བྱིན་རླབས་སོགས་རིག་འཛིན་གོང་མའི་རྡོ་རྗེའི་གསུང་དང་གསེར་སྐྱེམས་རང་ཚིག་དཀྱུས་སུ་ཁ་བཀང་བ་ཙམ་ལས་གཞན་ཕྲི་བསྣན་མེད་པར་བྲིས་པ་འདིས་ཀྱང་གསང་མཆོག་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན་པ་དང༌། དེ་འཛིན་གྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་དགའ་སྟོན་འཕེལ་ཞིང་རྒྱས་པས་འཇིག་རྟེན་གསུམ་ན་དགེ་མཚན་གྱི་བ་དན་མཛེས་པར་བརྟན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། སརྦ་མངྒ་ལཾ། | |||
|colophonwylie=ces pa'ang dgra 'dul las kyi dpa' bo'i phrin las gser gyi shing rta'i kha lo sgyur ba'i dmag dpon chen po 'dan ma thog rgod rtsal dang*/_sku srung sga bdes skyong ba'i yul gru gser ldan dal gyis 'bab pa'i ljongs su skyes shing mtsho skyes dgra bla'i rgyal pos rjes su bzung ba'i rig pa 'dzin pa pad+ma gar dbang 'od gsal mdo sngags gling pa'am/_ming gzhan khrag 'thung bdud 'dul ye shes rdo rje phrin las rol pa rtsal gyis rang lo so bdun pa'i steng dbo zla ba'i 'phel tshes khyab 'jug sgra gcan gyis dgra bla'i dmag dpon du bskyod pa'i dus gnyan gyi char gtan la phabs te mchod pa dang bskang ba byin rlabs sogs rig 'dzin gong ma'i rdo rje'i gsung dang gser skyems rang tshig dkyus su kha bkang ba tsam las gzhan phri bsnan med par bris pa 'dis kyang gsang mchog 'od gsal rdo rje rtse mo'i bstan pa dang*/_de 'dzin gyi thugs bskyed dang phrin las kyi dga' ston 'phel zhing rgyas pas 'jig rten gsum na dge mtshan gyi ba dan mdzes par brtan pa'i rgyur gyur cig_/dge legs 'phel/_sarba mang+ga laM/ | |||
|pdflink=File:DKR-KABUM-23-A-017.pdf | |||
}} | }} | ||
{{Header}} | {{Header}} | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་བཞུགས༔ | {{TibP|དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་བཞུགས༔ <br><br> | ||
རྩ་གསུམ་འདུས་པའི་ལྷ་ལ་འདུད༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ནག་ཕྱོགས་འབྱུང་པོས་བོད་ཁམས་ཁེངས༔ ཕལ་ཆེར་དེ་ཡི་དབང་དུ་འགྲོ༔ ཆོས་བྱེད་དམོད་ཅིང་སྡིག་བྱེད་ཀྱི༔ རྗེས་སུ་འབྲང་བའི་དུས་ཀྱི་ཚེ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རིགས་གསུམ་རྒྱལ་བའི་ཡེ་ཤེས་སྐུ༔ བདུད་འདུལ་ཝེར་མའི་སྐུར་བཞེངས་པ༔ སེང་ཆེན་དགྲ་བླའི་རྒྱལ་པོ་ཞེས༔ ནག་ཕྱོགས་དམ་སྲིའི་སྲོག་གི་གཤེད༔ སྒྲུབ་པས་ཚེ་གཡང་དངོས་གྲུབ་མཆོག༔ སྟེར་བའི་ཕྲིན་ལས་མཚན་དུ་བསྟན༔ གཏོར་མ་མཐུན་རྫས་སྤྱན་གཟིགས་དང༔ དཀོར་ཆ་མཁོ་དགུ་བྱིན་བརླབས་ཏེ༔ བདག་ཉིད་ཡི་དམ་ཧེ་རུ་ཀའི༔ ང་རྒྱལ་བརྟན་པས་དབྱངས་སུ་གྱེར༔ ས་མ་ཡ༔ ཐོག་མར་གནས་ཁང་དང་མཆོད་པ་བྱིན་བརླབ་ནི། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨཱཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤཔྟའི་བར་དང༌། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་སོ་སོའི་སྔགས་ལན་གསུམ་གྱི་བྱིན་གྱིས་བརླབ་བོ། ཨ༔ ཀ་དག་གདོད་མའི་དབྱིངས་ལས་ལྷུན་གྲུབ་ཀྱི༔ འོད་གསལ་རོལ་མོ་ཅི་ཡང་འཆར་བ་ལས༔ མདུན་དུ་མཁའ་སྤྱོད་མཐོང་བ་ཀུན་སྨོན་ཞིང༔ ཡིད་འོང་ས་གཞིར་ནེའུ་སེང་མེ་ཏོག་བཀྲ༔ ལྷུན་ཆགས་བྲག་རི་གངས་དཀར་ཕྲེང་བས་མཛེས༔ སྤོས་ཀྱི་དྲི་ལྡང་བདུད་རྩིའི་ཆར་རྒྱུན་འབེབས༔ ཡིད་འོང་བྱ་དང་རི་དྭགས་བག་ཕེབས་རྩེ༔ ནགས་ཚལ་ལྗོན་བཟང་འབྲས་ལྡན་ཤིང་གིས་བསྐོར༔ དེ་ཡི་དབུས་སུ་ནོར་བུའི་ཕོ་བྲང་ཆེ༔ རྩེ་མོ་དགུང་སྙེགས་འཇའ་འོད་དྲྭ་བས་ཁེབས༔ ནོར་བུའི་དྲྭ་བ་འཕྱང་འཕྲུལ་གཡོ་བ་ཡི༔ དབུས་སུ་པད་ཟླའི་གདན་ལ་ས་བོན་ཨ༔ དཀར་གསལ་འོད་ཀྱིས་རྩ་གསུམ་ཆོས་སྐྱོང་དང༔ ཁྱད་པར་རྒྱལ་ཀུན་སྟོབས་བཅུའི་ཡེ་ཤེས་ཚོགས༔ མཐུ་སྟོབས་ནུས་པ་བསྡུས་ཐིམ་ཡོངས་གྱུར་ལས༔ འཇིགས་བྲལ་སེང་ཆེན་དགྲ་བླ་ཝེར་མའི་རྒྱལ༔ ནོར་བུ་དགྲ་འདུལ་ནག་ཕྱོགས་བདུད་ཀྱི་གཤེད༔ སྐུ་མདོག་དཀར་གསལ་ལྷུན་ཆགས་གཟི་བརྗིད་རྒྱས༔ ཞལ་རས་ཁྲོ་འཛུམ་ཉི་མ་འབུམ་བཞིན་རྔམ༔ སྤྱན་ཟླུམ་མཆེ་བའི་མྱུ་གུ་ཡིད་ཙམ་གཙིགས༔ དབུ་ལ་རྨོག་དཀར་རྒྱལ་བའི་དོན་གྲུབ་གསོལ༔ དར་འཕྲུ་དགུང་བསྙེགས་ཕྱོགས་ལས་རྣམ་རྒྱལ་གྱི༔ ཟ་འོག་རྒྱལ་མཚན་ནོར་བུའི་ཏོག་གིས་བརྗིད༔ སྐུ་ལ་དགྲ་བླའི་གསང་གོས་སྨུག་པོ་དང༔ ཁམས་གསུམ་ཟིལ་གནོན་ཟ་འོག་བེར་གྱིས་བཀླུབས༔ རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྡུགས་ལ༔ མི་ཤིགས་གཡུ་ཡི་ཡ་ལད་མཛེས་པར་བཀྲམ༔ མགུལ་གྭ་རིན་ཆེན་ནོར་བུ་འོད་འབར་དང༔ སྣ་ཚོགས་རཏྣའི་དོ་ཤལ་མཛེས་པས་སྒེག༔ ཕྱག་གཡས་སྦ་ལྕག་བསམ་པའི་དོན་གྲུབ་འཕྱར༔ སྟེང་ཕྱོགས་སྤྲུལ་པའི་དམག་གི་ཕོ་ཉ་འཁྲིགས༔ གཡོན་པས་མདུང་མོ་ཁམས་གསུམ་དགྲ་འདུལ་གཡོབ༔ ཕྱོགས་བཅུར་ལས་བྱེད་དཔུང་གི་ཚོགས་རྣམས་འཁྲུགས༔ ཞབས་ལ་སྭག་ལྷམ་སྡེ་བརྒྱད་ཟིལ་གནོན་མནབས༔ དབང་ཆེན་རྡོ་རྗེའི་རྐྱང་རྒོད་ཕེར་པོ་ཆིབས༔ འཕྲུལ་གྱི་སྒ་སྲབ་མཛེས་པའི་རྒྱན་གྱིས་བཀླུབས༔ རྫུ་འཕྲུལ་རྐང་བཞིས་རབ་འབྱམས་ཞིང་ཁམས་ཉུལ༔ གཡས་སུ་སྟག་དོང་དགྲ་བླའི་རྫོང་ཆེན་ལ༔ ཤེས་རབ་མདའ་མོ་ཚད་མེད་སྒྲོ་ལྡན་འཁོར༔ གཡོན་དུ་གཟིག་ཤུབ་ཝེར་མའི་བླ་གནས་ལ༔ རྭ་རྒོད་འཁྱིལ་བ་གཟའ་བདུད་རང་འཁོར་འཁྱུག༔ ཡེ་ཤེས་རལ་གྲི་མཁྱེན་གཉིས་རྣོ་ངར་ཅན༔ ཀུན་ཁྱབ་སྙིང་རྗེའི་ཕུབ་ཆེན་དཀུ་གཡོན་བརྟེན༔ སྐུ་ཡི་སྟེང་འོག་བར་མཚམས་ཐམས་ཅད་ལས༔ རྩེ་གྲོགས་དགྲ་བླ་བཅུ་གསུམ་གར་གྱིས་བསྒྱུར༔ ཤར་དུ་ཞལ་དཀར་ཟླ་བ་འབུམ་པའི་ལྷ༔ དཀར་གསལ་ཆེ་བརྗིད་གངས་ཀྱི་སེང་བཞིན་གསལ༔ ཕྱག་གཉིས་ཡ་ཟི་སྐར་མདའ་ཞགས་པ་འཕེན༔ རྒྱ་བྱ་སོག་དཀར་ཞོན་ནས་སྟག་ལྟར་འཕྱོ༔ ལྷ་དམག་བྱེ་བ་སྤྲིན་ལྟར་མཛེས་པར་འཁྲིགས༔ ལྷོ་རུ་སྐུ་སྲུང་སྒ་བདེ་བེར་ནག་ཅན༔ ཆར་སྤྲིན་ལྟར་འཁྲུགས་ཞྭ་ནག་བེར་ཕོད་གསོལ༔ གཡས་གཡོན་དམར་ཆེན་ཟོར་དང་ཐུན་མདའ་བརྡེག༔ རླུང་ནག་རྗེས་གཅོད་ཞོན་ནས་ཐོག་བཞིན་རྒྱུག༔ གཤིན་རྗེའི་དམག་ཚོགས་བདུད་ཀྱི་མུན་བཞིན་གཡོ༔ ནུབ་དུ་དབང་ཆེན་ཁྲོ་རྒྱལ་མེ་ལྕེའི་མདོག༔ སྨར་སྨིན་ཨག་ཚོམ་ཐོག་གི་ཟེར་མ་འཕྲོ༔ ལག་གཉིས་སྲིན་གྲི་འཁྱུག་མ་ལྕགས་ཀྱུ་བཅས༔ འཕར་བ་རྔ་ནག་གློག་ལྟར་འཁྱུག་ལ་འཆིབ༔ བཙན་གྱི་དམག་ཚོགས་བསྐལ་པའི་མེ་ལྟར་འབར༔ བྱང་དུ་དམག་དཔོན་འདན་མ་ཐོག་རྒོད་རྩལ༔ སྐུ་མདོག་ལྗང་སྔོན་གནམ་ལྕགས་གོ་ཁྲབ་བརྗིད༔ འཕྲུལ་ལྡན་མདའ་གཞུའི་རྩེ་གར་ཁྲིགས་སེ་ཁྲིག༔ འདོ་བ་དངུལ་ཕྲུག་རླུང་གི་གཤོག་ལྡན་འཆིབ༔ བདུད་དམག་བྱེ་བ་རྒྱ་མཚོའི་རླབས་བཞིན་འཁྱིལ༔ དེ་ཡི་ཕྱི་རོལ་ཕྱོགས་མཚམས་མ་ངེས་པར༔ ཡབ་གཅིག་སེང་བློན་དམར་ནག་དུད་སྤྲིན་མདོག༔ ཁྲག་འཐུང་དཔུང་ཚོགས་རླུང་ལྟར་འཚུབ་ཅིང་རྒྱུག༔ ཉི་འབུམ་དར་ཡག་གནོད་སྦྱིན་དམག་བཅས་སེར༔ ཨ་ནུ་དཔའ་སེང་སྲོག་བདག་དམག་དཔུང་དམར༔ དགྲ་ལྷ་རྩེ་རྒྱལ་གིང་ཆེན་དམག་ཚོགས་དཀར༔ རིན་ཆེན་དར་ལུ་མོན་དམག་ནག་ལ་སྨུག༔ གུང་པའི་སྐྱ་ཁྲ་ཝེར་མའི་དཔུང་བཅས་དཀར༔ ཨ་དཀར་ཚངས་པ་རྒྱལ་པོའི་དམག་ཚོགས་རྔམ༔ སྣང་གསལ་གཡུ་སྟག་མ་མོའི་དམག་ཀུན་ནག༔ གདོང་བཙན་ཨ་དཔལ་གཟའ་བདུད་དུད་ཁ་རྔམ༔ གཞོན་ནུ་གཏུམ་པོ་ཀླུ་དམག་དཀར་པོ་གཡོ༔ དར་འཕེན་དུག་སྡོང་དམུ་བདུད་མུན་བཞིན་འཐིབ༔ སེང་སྟག་ཨ་དོམ་ཐེའུ་རང་དམག་དང་རྩེ༔ ཀུན་ཀྱང་རང་མདོག་རླུང་གི་རྟ་ལ་ཞོན༔ དར་མདུང་རལ་གྲི་དགྲ་སྟྭ་ཐོ་བ་ཞགས༔ ལྕགས་ཀྱུ་རྡོ་རྗེའི་སྒྱོགས་མདའ་ཐོག་དང་ཟེར༔ སྣ་ཚོགས་མཚོན་ཆ་རྔམ་ལ་མྱུར་བ་ཐོགས༔ ཀི་བསོ་ཆ་སྒྲ་བཤུག་གླུ་དི་རི་རི༔ སྣ་ཚོགས་ཁྲབ་ཀྱི་བྱང་བུ་སི་ལི་ལི༔ དབུ་རྨོག་དར་འཕྲུ་རུ་མཚོན་ལྷབས་སེ་ལྷབ༔ རྫུ་འཕྲུལ་རྟ་མཆོག་བྲོ་གར་ལམས་སེ་ལམ༔ མདུན་དུ་ཁྱུང་དང་བྱ་ཁྲ་གླག་མོ་འཕུར༔ རོལ་དུ་སྟག་སེང་གཟིག་དོམ་ཅེ་སྤྱང་འཁྲིད༔ སྟེང་ན་གཡུ་འབྲུག་ངར་སྐད་འུ་རུ་རུ༔ སྣང་སྲིད་དབང་སྡུད་ཁམས་གསུམ་ཟིལ་གནོན་པའི༔ རབ་འབྱམས་དགྲ་བླའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཐུགས་ཀའི་འོད་ཀྱིས་རྔ་ཡབ་པདྨ་འོད༔ མཁའ་སྤྱོད་མཐོང་བ་ཀུན་སྨོན་ལ་སོགས་པ༔ རང་བཞིན་གནས་ནས་སྐད་ཅིག་ཡུད་ཙམ་གྱིས༔ སྤྱན་དྲངས་དམ་ཚིག་རྟེན་ལ་དབྱེར་མེད་ཐིམ༔ དྲི་ཞིམ་སྤོས་དང་བརྗིད་ཆགས་དབྱངས༔ དར་སྣའི་གཡབ་མོས་གནད་ནས་བསྐུལ༔ ཀྱཻ༔ ཡེ་ཤེས་རང་སྣང་དག་པའི་མཁའ༔ འོད་གསལ་མཐོང་བ་ཀུན་སྨོན་གླིང༔ རིགས་གསུམ་རྒྱལ་བའི་ཡེ་ཤེས་སྐུ༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ ནག་ཕྱོགས་འཇོམས་ཕྱིར་སྐུ་བཞེངས་ལ༔ སེང་ཆེན་དགྲ་བླ་ཝེར་མའི་རྒྱལ༔ དཔའ་ཐུལ་དྭངས་སྨན་ཌཱ་ཀིའི་ཚོགས༔ འཁོར་བཅས་དམག་དཔུང་བྱེ་བ་བཅས༔ ངོ་བོ་དབྱིངས་སུ་དབྱེར་མེད་ཀྱང༔ རྣམ་རོལ་སྒྱུ་འཕྲུལ་བསམ་མི་ཁྱབ༔ སྔོན་གྱི་ཐུགས་དམ་དེང་བསྐུལ་ན༔ ནག་ཕྱོགས་བདུད་རིགས་དམ་སྲིའི་གཤེད༔ རྔམ་བརྗིད་འགྱིང་བའི་གར་དང་བཅས༔ མཁའ་ལ་ཆར་སྤྲིན་གཏིབས་པ་ལྟར༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ༔ མི་རྗེ་སེང་ཆེན་དགྲ་འདུལ་རྩལ༔ ཐོགས་མེད་མྱུར་བའི་ཤུགས་ཀྱིས་སྤྱོན༔ ཀྱཻ༔ སྐྱེས་བུའི་མདུན་གྱི་སྣ་འདྲེན་པ༔ སྐྱེས་པ་དཔའ་བོ་ཞུབ་ཅན་འབུམ༔ དམག་གི་སྒྱུ་རྩལ་གློག་ལྟར་འཁྱུག༔ བསྭོ་སྒྲ་སྒྲོག་ཅིང་མཚོན་ཆ་འཕེན༔ སྐྱེས་བུའི་གཡས་ཀྱི་དཔུང་གི་གྲོགས༔ རྟ་མཆོག་ཞོན་པའི་དམག་དཔུང་འབུམ༔ རླུང་ལྟར་འཕྱོ་ཞིང་དགྲ་ལ་རྒྱུག༔ མདའ་གཞུ་མང་པོ་ཐོག་ལྟར་འབེབས༔ སྐྱེས་བུའི་རྒྱབ་ཀྱི་སྐྱེལ་མའི་ཚུལ༔ ཤིང་རྟ་བསྐོར་བའི་དམག་དཔུང་འབུམ༔ རྡོ་རྗེའི་སྒྱོགས་ཆེན་རྡེག་ཅིང་འཕྱོ༔ ས་གཞི་ཐམས་ཅད་ཞངས་སེ་ཞང༔ སྐྱེས་བུའི་གཡོན་གྱི་དཔུང་སྣོན་དུ༔ གླང་ཆེན་ཞོན་པའི་དམག་དཔུང་འབུམ༔ མདུང་དང་རུ་མཚོན་གཟིངས་སེ་གཟིང༔ ཆར་སྤྲིན་ལྟ་བུར་ཚུབས་སེ་ཚུབ༔ ཞལ་དཀར་དགྲ་འདུལ་རྒྱལ་པོ་དང༔ སྐུ་སྲུང་སྒ་བདེ་སྟོབས་པོ་ཆེ༔ ཁྲོ་རྒྱལ་དབང་གི་ལྷ་ཡི་མཆོག༔ འདན་མ་ཐོག་རྒོད་དམག་གི་དཔོན༔ དཔའ་ཐུལ་དྭངས་སྨན་རྒྱ་མཚོར་བཅས༔ མ་ལུས་འཁོར་དང་བཅས་པ་ཡང༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ས་མ་ཡ་ཛ་ཛ༔ ཀྱཻ༔ དགྲ་བླའི་རྒྱལ་པོ་ནི༔ ཝེར་མའི་དཔུང་དང་བཅས༔ སྣང་སྲིད་དྲེགས་པའི་འཁོར༔ བཀའ་སྡོད་བཅས་པ་ཀུན༔ དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རོལ་པ་རྩལ༔ དབང་ཆེན་གར་གྱི་རྒྱལ༔ པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་བརྒྱུད་པ་ཡིས༔ བཀའ་བསྒོའི་ཐ་ཚིག་བཞིན༔ ནམ་ཡང་མ་བསྙེལ་བར༔ དམ་ཚིག་བདུད་རྩི་བཞེས༔ རྡོ་རྗེའི་བཀའ་རྟགས་ཀྱི༔ ཅོད་པན་མ་བོར་བར༔ བསྟན་དང་དེ་འཛིན་སྐྱོངས༔ རྣལ་འབྱོར་བདག་ཅག་ལ༔ ལུས་དང་གྲིབ་བཞིན་འགྲོགས༔ བཅོལ་བའི་ལས་ཀུན་མཛོད༔ ཁྱེད་ཅག་ཞལ་བཞེས་ལྟར༔ ནག་པོའི་རྩ་ལག་གི༔ དམ་སྲི་སྡེ་དང་བཅས༔ ལོག་སྨོན་མཐུ་ལྡན་པ༔ ཐལ་བའི་རྡུལ་བཞིན་རློག༔ རྒྱ་འདྲེ་འགོང་པོ་ཆོམས༔ མཐའ་དམག་དཔུང་བཅས་སྒྲོལ༔ དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵནྟུ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ ཡིད་འོང་དག་པའི་ཞིང་གི་དཔལ་འབྱོར་ལས༔ རང་སྣང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ཟག་མེད་བདེ་བ་མཆོག་གི་བདག་ཉིད་ཅན༔ མཆོད་ཡོན་དྭངས་མའི་ཞབས་བསིལ་བདུད་རྩིའི་རྫིང༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་ཚལ༔ དྲི་ཞིམ་སྤོས་ཀྱི་སྤྲིན་ཕུང་འཁོར་ཡུག་ཁྱབ༔ བསམ་འཕེལ་ནོར་བུའི་སྒྲོན་མེ་མདངས་རབ་གསལ༔ དྲི་ཆབ་ཞལ་ཟས་རོ་བརྒྱའི་བདའ་བ་ཅན༔ སྙན་བརྗིད་རོལ་མོའི་ཁྱད་པར་འབུམ་ཕྲག་གིས༔ འཁོར་ཡུག་རྒྱས་པར་བཀང་སྟེ་འབུལ་ལགས་ན༔ རྣལ་འབྱོར་འདོད་པའི་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱིཿ ཕུན་ཚོགས་འཁོར་ལོས་སྒྱུར་བའི་དཔལ་འབྱོར་དབྱིག༔ རྒྱལ་སྲིད་སྐྱོང་བྱེད་རིན་ཆེན་རྣམ་པ་བདུན༔ ཤིས་པའི་རྟགས་རྫས་གྲུབ་པའི་ལྷ་ཡི་དཔལ༔ དཔག་བསམ་ཤིང་དང་འདོད་འབྱུང་བུམ་པ་བཟང༔ ས་འོག་རིན་ཆེན་གཏེར་གྱི་ཁྱད་པར་གྱིས༔ མཐུ་ཆེན་དགྲ་བླའི་རྒྱལ་པོ་མངའ་གསོལ་ན༔ དགྱེས་པ་ཆེན་པོས་ཚེ་གཡང་དཔལ་འཕེལ་མཛོད༔ ཨོཾ་སཔྟ་མ་ཧཱ་རཏྣ་ཨཥྚ་དྲ་བྱཾ་མངྒ་ལ་པཱུ་ཛ་སྥ་ར་ཎ་ཧོ༔ ཧཱུྃ་ཧྲཱིཿ ཡིད་འཕྲོག་གཟུགས་སྒེག་སྙན་པའི་གླིང་བུ་བསྒྱུར༔ ག་པུར་ལི་ཤིའི་དྲི་བཟང་ཞིམ་མངར་བཅུད༔ འཇམ་མཉེན་རེག་བྱས་འཁྱུད་དང་སྒྱུ་རྩལ་འགྲན༔ མཛེས་སྡུག་ལྷ་ཡི་བུ་མོས་འཇོ་སྒེག་རྩེ༔ པདྨའི་ལྕགས་ཀྱུ་ཨུཏྤལ་ཞགས་ལ་སོགས༔ སྤྱོད་པས་ཀུན་ཏུ་སིམ་པའི་མཆོག་སྟེར་བས༔ དབང་མཛད་ཝེར་མ་མཆོད་དོ་དགྱེས་དགུར་རོལ༔ ཨོཾ་པཉྩ་ཀཱ་མ་གུ་ཎ་ས་མུ་དྲ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ གདུག་ཅན་དམ་སྲིའི་སྙིང་ལ་དབང་པོས་བརྒྱན༔ ཁྲག་འཐུང་འབོད་པའི་བཤུགས་གླུ་ཀི་བསྭོ་ལྡིར༔ ཞུན་ཆེན་ཞུགས་སུ་བཞུས་པའི་ཚིལ་ཆེན་གཡོ༔ ཤ་རུས་རི་བརྩེགས་ཁྲག་ཆང་དུག་མཚོ་འཁྱིལ༔ སྟག་གཟིག་ཞིང་གི་པགས་པ་ལྷབས་སེ་ལྷབ༔ དཔའ་བོའི་གོ་ཆ་དབུ་རྨོག་དར་གྱི་འཕྲུ༔ སྣ་ཚོགས་མཚོན་ཆའི་ཁྱད་པར་བྱེ་བ་བརྒྱ༔ དམག་གི་དཔུང་བཤམས་གཡུལ་གྱི་འཕྲུལ་འཁོར་སོགས༔ རྔམ་གཏུམ་ཁྲག་འཐུང་རོལ་པའི་མཆོད་པ་འབུལ༔ མ་ཧཱ་རུ་ཏྲ་མཱ་ར་ཡ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ ཕྱག་བཞེས་སུ་མངའ་གསོལ་འདིར་བྱ། མཆན། ཧོ༔ དགོངས་སུ་གསོལ་ལོ༔ རྩ་གསུམ་རྒྱལ་བའི་སྤྱི་གཟུགས༔ དཔའ་བོ་བདུད་དགྲ་བདུད་འདུལ༔ ཁྲག་འཐུང་ལས་ཀྱི་དབང་ཕྱུག༔ རིག་འཛིན་དཔའ་བོའི་སྲོག་ཤིང༔ སྐྱེ་བོ་ཡོངས་ཀྱི་དགྲ་བླ༔ སྣང་སྲིད་ཝེར་མའི་ཚོགས་རྗེ༔ སྡེ་བརྒྱད་དྲེགས་པའི་སྤྱི་དཔལ༔ དཀར་ཕྱོགས་རྒྱབ་བརྟེན་ཁ་འཛིན༔ ནག་ཕྱོགས་དམ་སྲིའི་གཤེད་མ༔ རྒྱ་འདྲེ་འབྱུང་པོའི་ཁ་གནོན༔ བདུད་སྲིན་ཀུན་གྱི་གཤེད་མ༔ འཛམ་བུ་གླིང་གི་སེང་ཆེན༔ འཇིགས་བྲལ་དགྲ་བླའི་རྒྱལ་པོ༔ ཚེ་གཡང་ནོར་གྱི་མངའ་བདག༔ དཔའ་བོ་ནོར་བུ་དགྲ་འདུལ་ལ་གསོལ་ལོ༔ ཕ་ཡབ་གེར་མཛོ་གཉན་པོ་ལ་གསོལ་ལོ༔ ཕུ་བོ་དུང་ཁྱུང་དཀར་པོ་ལ་གསོལ་ལོ༔ ནུ་བོ་ཀླུ་སྦྲུལ་འོད་འབྱུང་ལ་གསོལ་ལོ༔ ཨ་ནེ་གུང་སྨན་རྒྱལ་མོ་ལ་གསོལ་ལོ༔ སྲིང་ལྕམ་ཐ་ལེ་འོད་དཀར་ལ་གསོལ་ལོ༔ ཞལ་དཀར་དུང་གི་ཟླ་བ་ལ་གསོལ་ལོ༔ སྐུ་སྲུང་སྒ་བདེ་བེར་ནག་ལ་གསོལ་ལོ༔ དབང་ཆེན་ཁྲོ་ཐུང་རྒྱལ་པོ་ལ་གསོལ་ལོ༔ དམག་དཔོན་འདན་མ་ཐོག་རྒོད་ལ་གསོལ་ལོ༔ དཔའ་ཐུལ་དཔའ་བོའི་སྡེ་ཚོགས་ལ་གསོལ་ལོ༔ དགྲ་བླ་ཝེར་མ་རྒྱ་མཚོ་ལ་གསོལ་ལོ༔ བཀའ་སྡོད་སྣང་སྲིད་དྲེགས་པ་ལ་གསོལ་ལོ༔ ལས་བྱེད་དམག་དཔུང་བྱེ་བ་ལ་གསོལ་ལོ༔ སྣང་སྲིད་དགྲ་བླ་ཝེར་མ་སྤྲུལ་འཁོར་ཕོ་ཉའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་དཀར་གསུམ་མངར་གསུམ་གྱི་རྒྱ་མཚོ༔ བཟའ་བཅའ་བཏུང་བའི་དགའ་སྟོན༔ ཟག་མེད་འདོད་ཡོན་གྱི་མཆོད་སྤྲིན༔ བདུད་རྩི་བསང་གི་དུད་སྤྲིན༔ དར་སྣ་བ་དན་གྱི་ཕྲེང་བ༔ ངོ་མཚར་དགྱེས་དགུའི་དཔལ་སྐྱེད་དམ་པ་འདི་འབུལ་ལོ༔ མངའ་གསོལ་ལོ༔ གཟེངས་བསྟོད་དོ༔ སྐྱེམས་འབུལ་ལོ༔ སྐུ་གསུང་ཐུགས་དགྱེས་པ་ཆེན་པོའི་མཆོག་ཏུ་གྱུར་ནས་སྡང་བའི་དགྲ་སོད༔ གནོད་པའི་བགེགས་ཐུལ༔ བར་ཆད་ཀྱི་རྐྱེན་ཟློག༔ དམ་སྲི་ཚར་ཆོད༔ མཐའ་དམག་གདུག་པ་ཅན་གྱི་གཉའ་ནོན༔ རྒྱབ་རྟེན་གྱི་འབྱུང་པོ་མ་རུངས་པ་ཟིལ་གྱིས་གནོན༔ དཔའ་བའི་དཔུང་སྐྱེད༔ སྙན་པའི་དར་ཕྱོར༔ གྲགས་པའི་དུང་བུས༔ སྟོབས་དང་ནུས་པ་སྤོར༔ མདོར་ན་ཇི་ལྟར་འདོད་པའི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་གྲུབ་པར་མཛོད་ཅིག༔ སྐབས་སུ་སྙན་པའི་དབྱངས་དང་བཅས༔ ངོ་མཚར་རོལ་མོས་བསྟོད་ཅིང་བསྐུལ༔ ཧཱུྃ་ཧྲཱིཿ ཆོས་སྐུ་ཀ་ནས་དག་པའི་ཐིག་ལེ་ནི༔ གདོད་ནས་སྣང་སྟོང་མཉམ་པའི་ཡེ་ཤེས་དབྱིངས༔ འོད་གསལ་ལྷུན་གྲུབ་ཁྱབ་གདལ་སྣང་བའི་སྤྲིན༔ སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོའི་དཔྱིད༔ ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ་གཅིག་པུ༔ རྩ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྣང་སྲིད་དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར༔ བདུད་འདུལ་དགྲ་བླའི་རྒྱལ་པོའི་སྐུར་བཞེངས་པ༔ སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ཞེས༔ དྲན་པས་ཚེ་གཡང་འདོད་དགུའི་དཔལ་སྟེར་བའི༔ དབང་ཆེན་ཡིད་བཞིན་ནོར་བུའི་རྒྱལ་པོ་ནི༔ མཛེས་པའི་སྐུ་མཆོག་ཉི་མ་འབུམ་ལྟར་བརྗིད༔ དཔའ་བརྗིད་དགྲ་བླའི་སྐུ་ཆས་ཡོངས་སུ་རྫོགས༔ ཕྱག་གཡས་སྦ་ལྕག་བསམ་པའི་དོན་ཀུན་འགྲུབ༔ གཡོན་པས་མདུང་དར་དགྲ་བླའི་རུ་མཚོན་གཡོ༔ སྣང་སྲིད་ཟིལ་གནོན་དཔའ་བོའི་རྒྱལ་ལ་བསྟོད༔ སྐུ་ཡི་གཅེན་གཅིག་འབུམ་པ་དུང་གི་ཟླ༔ ཡ་མ་རཱ་ཛ་ཆོས་སྐྱོང་བེར་ནག་ཅན༔ དབང་ཆེན་ཁྲོ་བོའི་རྒྱལ་པོ་གསུང་གི་ལྷ༔ སྟོབས་ལྡན་འདན་མ་ཐོག་རྒོད་རྩལ་ལ་བསྟོད༔ དངོས་གཅིག་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས༔ དཔའ་ཐུལ་དྭངས་སྨན་ཌཱ་ཀི་རིག་པ་འཛིན༔ དམ་ཅན་སྲུང་མ་སྣང་སྲིད་དྲེགས་པའི་དཔུང༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁྱད་པར་རྩེ་གཅིག་བཟླས་པས་སྒྲུབ༔ སེང་ཆེན་ཐུགས་ཀར་གསང་བདག་རྡོ་རྗེ་འཛིན༔ མཐིང་གསལ་ཁྲོ་འཛུམ་ལོངས་སྤྱོད་རྫོགས་པའི་ཆས༔ རྡོ་རྗེ་དྲིལ་འཛིན་སེམས་དཔའི་སྐྱིལ་ཀྲུང་ཅན༔ ཐུགས་དབུས་ཉི་ཟླའི་གྭའུར་ས་བོན་ཨ༔ དཀར་གསལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་སྲིད་ཞིའི་མཐུ་སྟོབས་ནུས་པ་བསྡུས༔ གཉིས་མེད་ཐིམ་པས་གཟི་བྱིན་མཆོག་ཏུ་འབར༔ དྭངས་མའི་སྲོག་སྙིང་དངོས་གྲུབ་རྣམ་པ་རུ༔ ཟླ་ཟེར་ལྟར་བྱུང་ལྟེ་བ་ནས་ཐོན་ཏེ༔ རང་གི་ལྟེ་བར་ཐིམ་པས་གཉིས་མེད་པའི༔ མཉམ་ཉིད་དགོངས་པ་དབྱེར་མི་ཕྱེད་པར་འདྲེས༔ རིག་སྟོང་བློ་འདས་ཁྱབ་གདལ་གྱི༔ ངང་ནས་བསྙེན་པའི་སྔགས་འདི་བཟླ༔ ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ཧཱུྃ༔ རྩེ་གཅིག་འབུམ་ཕྲག་བཞི་བསྙེན་པས༔ བྱིན་རླབས་དགེ་མཚན་ཅི་རིགས་འཐོབ༔ དངོས་གྲུབ་ཡ་མཚན་དམ་པ་ཡིས༔ མྱུར་དུ་དབུགས་འབྱིན་ངེས་པར་བྱེད༔ ས་མ་ཡ༔ གཙོ་འཁོར་སོ་སོའི་ཐུགས་ཀར་ཟླ་བའི་སྟེང༔ སྲོག་གི་སྙིང་པོ་ཨ་ཡིག་རིགས་ལྔས་མཚན༔ གཙོ་བོའི་ཐུགས་ཀའི་འོད་ཀྱིས་འཁོར་རྣམས་བསྐུལ༔ ཀུན་ཀྱང་བཞད་པ་བརྒྱད་ལྡན་སྔགས་ཀྱི་སྒྲས༔ དགྱེས་པའི་གཟི་བྱིན་བཟོད་དུ་མེད་པར་འབར༔ ཇི་ལྟར་འདོད་པའི་རབ་འབྱམས་ལས་ཀྱི་ཚོགས༔ ཐོགས་མེད་འགྲུབ་པའི་དངོས་གྲུབ་དཔལ་སྩོལ་གྱུར༔ བསྙེན་སྔགས་ལ། ཧ་ཧཱ་ཧི་ཧཱི་ཧེ་ཧཱེ་ཧོ་ཧཱོ་ཧཱུྃ༔ ཤམ་བུ་འདི་སྦྱར་རྟགས་མཚན་སྟོན༔ ཇི་ལྟར་འདོད་པའི་ལས་ཀྱི་ཚོགས༔ ཁ་བསྒྱུར་མན་ངག་བཞིན་དུ་བྱ༔ ཐུན་མཚམས་གཏོར་མ་བཟང་དུ་བཤམས༔ བདུད་རྩིར་བྱིན་བརླབས་སྔགས་ཀྱིས་འབུལ༔ ཞེས་གསུངས་པས་མཆོད་གཏོར་ལ་དམིགས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཞེས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་དམིགས་ལ། སྒྲུབ་སྔགས་བཞད་པ་བརྒྱད་ལྡན་ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ཧ་ཧཱ་ཧི་ཧཱི་ཧེ་ཧཱེ་ཧོ་ཧཱོ་ཧཱུྃ་ལ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། སྦྱར་བ་ལན་གསུམ་གྱིས་ཕུལ་ཏེ། ཧོ། ཆོས་དབྱིངས་སྐྱེ་བ་མེད་པའི་དཀྱིལ་འཁོར་ལས་མ་གཡོས་བཞིན་དུ། རིག་པ་རང་སྣང་བདེ་ཆེན་ལོངས་སྤྱོད་རྫོགས་པའི་ཆོ་འཕྲུལ། ཟུང་འཇུག་རིགས་གསུམ་སྤྲུལ་པའི་སྐུ་ཡི་མཁྱེན་བརྩེ་ནུས་པའི་ཟློས་གར། སྣང་སྲིད་ཟིལ་གནོན་དགྲ་བླའི་རྒྱལ་པོ། སེང་ཆེན་ཡིད་བཞིན་ནོར་བུ་བདུད་འདུལ་དཔའ་བོའི་དབང་ཕྱུག་ཁྲག་འཐུང་ནོར་བུ་དགྲ་འདུལ་རྩལ། ཕུ་བོ་འབུམ་པ་ཞལ་དཀར། སྒ་བདེའི་ཆོས་སྐྱོང་བེར་ནག །དབང་ཆེན་ཁྲོ་ཐུང་རྒྱལ་པོ། དམག་དཔོན་འདན་མ་སྤྱང་ཁྲ། ཕུ་ནུ་གྲུབ་ཆེན་སུམ་ཅུ། ཌཱ་ཀི་དྭངས་སྨན་རྒྱ་མཚོ་ལ་སོགས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། སོགས་ཕྲིན་ལས་རྒྱས་པར་བཅོལ། སྤྲོ་ན་གསེར་སྐྱེམས་བྱ་སྟེ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱ་ི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཀྱེ། ལེགས་བྲིས་བདུད་རྩིའི་ཉིང་ཁུ་ལས་སྨིན་པའི། །འབྲུ་བཟང་ཕབ་ཀྱིས་བྲན་པའི་མ་དཱ་ན། །རྨད་བྱུང་སིམ་པའི་མཆོག་སྟེར་ལྷ་མིའི་སྐྱེམས། །རིན་ཆེན་གྲམ་བུར་བརྡལ་བ་མཚོ་ལྟར་བསྐྱིལ། །འབྲས་ལྡན་དཔག་བསམ་ལྗོན་པ་ལས་བྱུང་བཅུད། །དཀར་གསུམ་དགའ་སྟོན་སྦྱར་བ་རོ་བརྒྱའི་ཕུལ། །སིནྡྷུ་ཝ་རའི་མདངས་འཛིན་དཔའ་བོའི་ཕུད། །སྟོབས་སྐྱེད་ནུས་པ་སྤེལ་བའི་མཆོད་ཡོན་འདི། །འཇམ་དཔལ་རྡོ་རྗེ་རྣོན་པོའི་ཡེ་ཤེས་སྐུ། །ཚངས་དབྱངས་པདྨའི་ལྗགས་ལྡན་གར་དབང་གསུང༌། །གསང་འཛིན་མཐུ་སྟོབས་དབང་ཕྱུག་ཐུགས་ཀྱི་གར། །སེང་ཆེན་དགྲ་བླའི་རྒྱལ་པོ་གསོལ་ཞིང་མཆོད། །མཆོག་ཏུ་ཞི་བ་སྙིང་རྗེའི་སྤྲིན་ཆེན་ལས། །སིམ་བྱེད་ཕྲིན་ལས་འདོད་རྒུའི་གྲུ་ཆར་གྱིས། །སྲིད་ཞིའི་གདུང་བ་བསྙིལ་མཛད་ཝེར་མའི་གཙོ། །ངོ་མཚར་འཕྲུལ་གྱི་རྒྱལ་པོ་གསོལ་ཞིང་མཆོད། །ཚོགས་གཉིས་ཡོངས་འདུའི་དགའ་ཚལ་དར་བ་ལས། །ཕུན་ཚོགས་དཔལ་འབྱོར་འབྲུ་ཡི་གཏེར་ཆེན་གྱིས། །ཚེ་གཡང་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་སྒོ། །བསམ་འཕེལ་ཡིད་བཞིན་ནོར་བུ་གསོལ་ཞིང་མཆོད། །མཆོག་ཏུ་མི་འགྱུར་བདེ་སྟོང་མཚར་སྡུག་གིས། །ཁམས་གསུམ་དབང་བྱེད་ཟུར་མིག་དོན་ཡོད་ཞགས། །བརྟན་གཡོའི་དྭངས་བཅུད་དཔལ་མོ་འགུགས་མཛད་པའི། །དབང་མཛད་ཝེར་མའི་རྒྱལ་པོ་གསོལ་ཞིང་མཆོད། །བདུད་འདུལ་ཕྲིན་ལས་འཇིག་དུས་བསྐལ་མེས་བཀླུབས། །ཉམས་པའི་རྩ་སྦུར་སྲེག་བྱེད་སྟོབས་བཅུའི་གར། །རྡོ་རྗེ་ཁྲོས་པའི་རླུང་ཤུགས་ཀྱིས་བསྐྱོད་པ། །སྒྲོལ་བྱེད་ཁྲག་འཐུང་དཔའ་བོ་གསོལ་ཞིང་མཆོད། །ཕུལ་བྱུང་དཔའ་བོའི་ཤེད་མོང་དར་བའི་སེང༌། །མཛེས་བརྗིད་གདོང་ལྔའི་སྤུ་སྡུག་ཟླ་བའི་ཚོན། །དགྲ་སྡེ་ཟིལ་གནོན་སྐྱེས་བུའི་ཐུགས་ཀྱི་གཟུགས། །ཞལ་དཀར་དགྲ་འདུལ་རྒྱལ་པོ་གསོལ་ཞིང་མཆོད། །འབར་བའི་མཐུ་སྟོབས་རྩེ་བརྒྱའི་འཕྲུལ་འཁོར་གྱིས། །ཕས་རྒོལ་ལྷ་མིན་གྲོང་འཇོམས་དམོད་པའི་མཚོན། །འབེབས་བྱེད་མི་མཆོག་སྐུ་ཡི་སྲུང་མའི་མཆོག །སྟོབས་ཆེན་ཆོས་སྐྱོང་བེར་ནག་གསོལ་ཞིང་མཆོད། །དབང་ཆེན་བཞད་པ་བརྒྱད་ལྡན་རྡོ་རྗེའི་གར། །མཛེས་སྡུག་སྒྱུ་འཕྲུལ་བྱེ་བ་གཡོ་ཙམ་གྱིས། །སྣང་སྲིད་སྐྱེ་དགུའི་ཡིད་སྣང་འཕྲོག་པའི་དཔྱིད། །གསུང་མཆོག་ཁྲོ་ཐུང་རྒྱལ་པོ་གསོལ་ཞིང་མཆོད། །གར་དགུའི་རྔམ་པའི་སྡང་མིག་ཐོག་གི་མདས། །སྲིད་གསུམ་རྩ་རྩེའི་ཟིལ་པ་ལྟར་སྐྱོད་དེ། །མཐར་བྱེད་ཆེ་བཙན་ལན་མེད་དམག་གི་དཔོན། །ཕྲིན་ལས་འདན་མ་སྤྱང་ཁྲ་གསོལ་ཞིང་མཆོད། །འབར་བའི་བཀའ་སྡོད་སྣ་ཚོགས་སྒྱུ་འཕྲུལ་གྱིས། །རབ་འབྱམས་ཕྲིན་ལས་དབང་པོའི་གཞུ་ཡི་ཚོན། །རིག་འཛིན་རྣལ་འབྱོར་ཡིད་ཀྱི་མཁར་ངོམ་པའི། །དཔའ་ཐུལ་དཔུང་གི་སྡེ་ཚོགས་གསོལ་ཞིང་མཆོད། །གསོལ་ལོ་མཆོད་དོ་ཆོས་སྐྱོང་དགྲ་བླའི་རྗེ། །བསྐུལ་ལོ་བཞེངས་ཤིགས་དམ་ལྡན་དཀར་ཕྱོགས་ལྷ། །བདུད་དགྲ་ནག་ཕྱོགས་དམ་སྲི་འཇོམས་པའི་གཤེད། །སྔོན་གྱི་ཐུགས་དམ་གཉན་པོའི་དུས་ལ་བབ། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས། །འཇིགས་བརྒྱད་ཕྱི་ནང་བར་ཆད་ཀུན་ལས་སྲུངས། །ཚེ་དཔལ་བསོད་ནམས་སྙན་གྲགས་རླུང་རྟ་སྐྱེད། །མཁས་བཙུན་གྲུབ་པ་ཆེ་དགུ་དབང་དུ་སྡུས། །སྡང་དགྲ་གནོད་བྱེད་བྱད་མ་རྡུལ་དུ་རློག །ཕྱོགས་ལས་རྣམ་པར་རྒྱལ་བའི་མངའ་ཐང་སྐྱེད། །སྟོབས་མཐུ་ནུས་པའི་རུ་མཚོན་སྲིད་རྩེར་སྒྲེངས། །དགེ་ལེགས་དཔལ་གྱི་རྒྱལ་ཐབས་སྐྱོང་ནུས་མཛོད། །ལྷག་པར་ཐུགས་དམ་བསྐང་བ་ནི། རཾ་ཡཾ་ཁཾ། བསྐང་བའི་གནས་མཆོག་འོག་མིན་བདེ་ཆེན་ཞིང༌། །རྟེན་གྱི་རྫས་རྣམས་ཟག་མེད་འདོད་ཡོན་ཚོགས། །དམ་ཚིག་ལོངས་སྤྱོད་འདོད་ཡོན་རྒྱན་གྱི་སྤྲིན། །མཁའ་ཁྱབ་ཡེ་ཤེས་འཁོར་ལོར་རྫོགས་པར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང༌། བཛྲ་སྥ་ར་ཎ་ཕཊ྄། ཅེས་བྱིན་བརླབས་ཏེ། ཧཱུྃ་ཧྲཱིཿ སྲིད་ཞི་ཀུན་ཁྱབ་འོད་གསལ་དབྱིངས་ཀྱི་རྒྱན༔ རང་སྣང་ཟག་མེད་ཀུན་བཟང་མཆོད་པའི་སྤྲིན༔ ཅིར་སྣང་བདེ་བ་ཆེན་པོའི་རོལ་རྩེད་ལས༔ མི་ཟད་ནམ་མཁའ་མཛོད་དུ་འཆར་བའི་དཔལ༔ གཙང་མའི་མཆོད་ཡོན་ཡན་ལག་བརྒྱད་དང་ལྡན༔ ལྷ་ཡི་ཞབས་བསིལ་འདག་ཆལ་བཟང་པོའི་རྫས༔ སྣ་ཚོགས་ཆུ་སྐྱེས་མཛེས་པའི་སྐྱེད་མོས་ཚལ༔ དྲི་ཞིམ་སྤོས་ཀྱི་ངད་སྤྲིན་དལ་གྱིས་ལྡང༔ རབ་འབར་ཉི་ཟླ་ནོར་བུའི་སྒྲོན་མེ་བསྟར༔ ག་པུར་གུར་གུམ་དྲི་བཟང་རྫིང་བུར་བསྐྱིལ༔ དཀར་མངར་རོ་བརྒྱའི་ཞལ་ཟས་གཡོས་སུ་སྦྱར༔ དབྱངས་སྙན་རོལ་མོའི་ཁྱད་པར་འབུམ་ཕྲག་གིས༔ སེང་ཆེན་ཝེར་མའི་རྒྱལ་པོའི་ཐུགས་དམ་བསྐང༔ མཛེས་བརྗིད་རྟེན་གཏོར་ནོར་བུའི་ཁང་བཟང་དབྱིབས༔ དར་དཀར་སྔགས་ཀྱི་ཕྲེང་བ་གསལ་ཞིང་བཀྲ༔ དྭངས་གསལ་མེ་ཤེལ་སྲོག་གི་སྙིང་པོ་ཅན༔ ངོ་མཚར་གསང་བའི་རྟེན་གྱིས་ཐུགས་དམ་བསྐང༔ ཆེ་བརྗིད་གོས་དང་སྲ་མཁྲེགས་གོ་ཆ་བསྟར༔ འབར་བའི་རུ་མཚོན་སྲིད་པའི་རྩེ་མོར་བསྙེགས༔ སྣ་ཚོགས་དཀོར་ནོར་མི་བཟད་བཀྲམ་པ་ཡིས༔ ཕྱོགས་ཀུན་དོགས་པོར་བྱེད་པས་ཐུགས་དམ་བསྐང༔ དཀར་སྔོན་སྐྱེམས་ཀྱི་རྒྱ་མཚོ་གཏིང་ཟབ་འཁྱིལ༔ བཀོད་ལེགས་འདོད་འབྱུང་གཏོར་མའི་དགའ་སྟོན་བཤམས༔ དར་རས་བ་དན་ཕྲེང་བ་བསྟར་ལེགས་པའི༔ ཕུན་ཚོགས་དགའ་སྟོན་མཆོག་གིས་ཐུགས་དམ་བསྐང༔ རྔམ་བརྗིད་དཔའ་བོས་མཚོན་ཆའི་འཕྲུལ་འཁོར་བསྐོར༔ རྡོ་རྗེའི་གོ་ལྡན་སེང་ལྟར་འགྱིང་ཞིང་འཕྱོ༔ ཀི་བསྭོ་རྔ་སྒྲས་ཀུན་ཏུ་བཀང་བ་འདིས༔ ཞལ་དཀར་དུང་གི་ཟླ་བའི་ཐུགས་དམ་བསྐང༔ ནད་མཚོན་དུག་གི་ཆར་འབེབས་ཟོར་ཆེན་བརྗིད༔ སྡེ་བརྒྱད་དམོད་པའི་སྟོབས་རྫོགས་ཐུན་ཆར་འབེབས༔ དྲག་སྔགས་ཤུགས་སྒྲོལ་ལས་ཀྱི་སྦྱོར་ལྡན་པས༔ སྐུ་སྲུང་སྒ་བདེ་དཔའ་བོའི་ཐུགས་དམ་བསྐང༔ བདེ་སྟོང་དབང་གི་པདྨའི་ལྕགས་ཀྱུ་གདེང༔ མཛེས་འཛུམ་ཨུཏྤལ་ཞགས་པས་ཁམས་གསུམ་འགུགས༔ ཡིད་འཕྲོག་རིག་མ་མྱོས་པའི་གླུ་གར་གྱིས༔ དབང་ཆེན་ཁྲོ་རྒྱལ་རྔམ་པའི་ཐུགས་དམ་བསྐང༔ བདུད་དགྲའི་སྙིང་ཁྲག་མཚོ་ལ་དབང་ལྔ་བཀྲ༔ ཤ་རུས་གཅལ་བཀྲམ་བཤུག་གླུས་སྐྱི་ཤ་བུན༔ དུག་རླངས་ན་བུན་རོ་ལངས་སྲིན་པོ་འཕྱོ༔ དམག་དཔོན་འདན་མ་སྤྱང་ཁྲའི་ཐུགས་དམ་བསྐང༔ དྲེགས་གཏུམ་གཅན་གཟན་ང་རོ་འབྲུག་ལྟར་སྒྲོག༔ ཞོལ་ལྡན་གཡག་རྒོད་ནོར་ཕྱུགས་མཛེས་པར་རྩེ༔ རི་དྭགས་སྤུ་སྡུག་ལྡན་པས་གར་བསྒྱུར་བས༔ དཔའ་ཐུལ་དཔའ་བོའི་སྡེ་ཚོགས་ཐུགས་དམ་བསྐང༔ མདོར་ན་སྣང་སྲིད་ཡེ་ཤེས་རྒྱན་གྱི་སྤྲིན༔ ཐམས་ཅད་ཀུན་བཟང་བདེ་བ་ཆེན་པོའི་དལ༔ རང་བྱུང་རང་ཤར་འདོད་ཡོན་བསམ་མི་ཁྱབ༔ བཞེད་དགུའི་འབྱོར་པ་མཆོག་གིས་ཐུགས་དམ་བསྐང༔ ཧོ༔ ཡེ་ཤེས་སྤྱན་གྱིས་མཐའ་ཡས་དངོས་ཀུན་གཟིགས༔ བརྩེ་བས་མཁའ་ཁྱབ་གདུལ་བྱ་རྗེས་སུ་འཛིན༔ རིག་འཛིན་རྣལ་འབྱོར་ཡོངས་ཀྱི་དགྲ་བླ་ཆེ༔ དགོངས་སུ་གསོལ་ལོ་དག་ཚངས་དངོས་གྲུབ་སྩོལ༔ བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད༔ ཉོན་མོངས་ཀྱིས་དཀྲུགས་ལས་ཀྱི་གཞན་དབང་ཅན༔ ཐུགས་དང་འགལ་བའི་ནོངས་པ་བགྱིས་སོ་ཅོག༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ གཙང་སྦྲ་ཆུང་བས་ཕུད་ཉམས་འབག་བཙོག་ཤོར༔ མནའ་དང་ཁྲེལ་འགམ་ཉམས་པའི་གྲོགས་དང་འགྲོགས༔ དམེ་ནལ་ཡུགས་སའི་གྲིབ་ཕོག་དམ་སྡོམ་འགལ༔ དཀར་ཕྱོགས་ལྷ་སྲུང་མནོལ་བ་མཐོལ་ལོ་བཤགས༔ ལེགས་བྱས་སྟོབས་དམའ་སྡིག་ལྟུང་རང་གར་སྤྱད༔ དམ་རྫས་མ་ཚང་རྟེན་རྫས་གཞུང་དང་འགལ༔ བསྙེན་སྒྲུབ་ཏིང་འཛིན་བྱིང་རྒོད་གཡེལ་ལ་སོགས༔ ནོངས་པ་མཐའ་དག་སྙིང་ནས་མཐོལ་ལོ་བཤགས༔ གནོང་འགྱོད་གདུང་བས་ཉེས་པ་ཀུན་བཤགས་ཀྱིས༔ དགྱེས་པ་མཆོག་གི་བརྩེ་བས་ལེགས་དགོངས་ཏེ༔ ཉམས་ཆག་ཀུན་བྱང་དངོས་གྲུབ་མཆོག་གི་གནས༔ འབད་མེད་ཡིད་བཞིན་ཐོབ་པའི་དཔལ་སྩོལ་ཅིག༔ ཡི་གེ་བརྒྱ་པ་ལན་གསུམ་བཟླ༔ སྐབས་སུ་སྐྱེམས་དང་ཕུད་སྦྲེང་ཞིང༔ དར་སྣ་བ་དན་སྣ་ཚོགས་གཡབ༔ སྙན་འཇེབས་རོལ་མོ་དབྱངས་དང་བཅས༔ ཁྱད་པར་ཐུགས་དམ་གནད་ནས་བསྐུལ༔ ཀྱཻ༔ རིག་གསུམ་རྒྱལ་བའི་ཡེ་ཤེས་སྐུ་ཡི་མཆོག༔ དཔལ་ལྡན་སངས་རྒྱས་རང་བྱུང་པདྨ་འཆང༔ འཇིགས་བྲལ་དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ༔ གདུང་བས་འབོད་དོ་བསྐུལ་བའི་ལས་ལ་བཞེངས༔ སྐལ་ངན་སྙིགས་མར་སྐྱེས་པའི་དུས་ཀྱི་ཚེ༔ ཐུགས་བསྐྱེད་རྡོ་རྗེའི་གོ་ཆ་རྩལ་སྤྲུགས་ལ༔ ཇི་ལྟར་བཅོལ་པའི་ཕྲིན་ལས་འདོད་པའི་དོན༔ ཡིད་བཞིན་འགྲུབ་པའི་གྲོགས་སུ་དགོངས་པར་མཛོད༔ བདག་ལུས་དྭངས་མ་རྩ་རླུང་ཐིག་ལེའི་ཁམས༔ ཝེར་མ་དགྱེས་པའི་རྫོང་དུ་ལེགས་བསྒྱིངས་ཏེ༔ ཚེ་དཔལ་བསོད་ནམས་རླུང་རྟའི་སྟོབས་བསྐྱེད་པས༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ སྲིད་གསུམ་ཆེ་རྒུའི་དཔུང་ཚོགས་ཟིལ་གནོན་པའི༔ དབང་སྒྱུར་སྟོབས་ཀྱི་རུ་མཚོན་དགུང་དུ་སྙེགས༔ སྐྱེ་དགུའི་ཡིད་ཀྱི་བརྟན་པ་འཕྲོག་ནུས་པའི༔ ངོ་མཚར་འཕྲུལ་གྱི་ཞགས་པ་གཡོ་མེད་ཐོབ༔ སྙན་པའི་བ་དན་ཕྱོགས་ཀུན་རབ་གཡོ་ཞིང༔ བསྟན་པ་མི་ཉམས་དབུ་རྨོག་བཙན་ཞིང་མཐོ༔ ལྷ་མིས་གཙུག་གི་རྒྱན་དུ་མཆོད་པ་ཡི༔ ལས་མཐའ་བཙན་པའི་ཐ་གྲུ་མི་ཉམས་མཛོད༔ ངེས་གསང་བསྟན་པའི་རྒྱལ་རྔ་སྒྲོག་པས་མཛེས༔ བསྟན་འཛིན་སྐྱེས་དང་དཀོན་མཆོག་དབུ་འཕང་བསྟོད༔ ལུང་རྟོགས་ལས་ཀྱི་འཁོར་ལོས་བསྒྱུར་བ་ཡིས༔ བླ་མེད་ཆོས་ཀྱི་རྒྱལ་སྲིད་སྐྱོང་ནུས་མཛོད༔ སྣང་སྲིད་དབང་སྡུད་ཁམས་གསུམ་ཟིལ་གྱིས་གནོན༔ སྟོབས་བཅུའི་ཡོན་ཏན་མ་འདྲེས་མི་འཇིགས་བཞིས༔ བདུད་དགྲ་བདུད་འདུལ་དཔལ་ཆེན་ཧེ་རུ་ཀའི༔ ཕྲིན་ལས་དབང་བསྒྱུར་འདོད་པའི་ལས་འགྲུབ་མཛོད༔ ཨེ་མ་བདག་ཉིད་ཐོད་ཕྲེང་རྩལ༔ སྒྱུ་འཕྲུལ་རོལ་མོ་དབྱིངས་དང་མཉམ༔ སྣ་ཚོགས་འཕྲོ་ཞིང་གཅིག་ཏུ་སྡུད༔ གང་འདུལ་དེར་སྣང་རོལ་པ་ཡིས༔ བོད་ཡུལ་དུས་གསུམ་ཀུན་ཏུ་སྐྱོང༔ སྐབས་སུ་གང་བབ་ཕྲིན་ལས་ཀྱིས༔ བསྟན་དང་འགྲོ་ལ་དབུགས་འབྱིན་བྱེད༔ ཞི་དང་ཁྲོ་ཚུལ་མ་ངེས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ དེ་ཕྱིར་ནག་ཕྱོགས་འབྱུང་པོ་ཡིས༔ ཆེ་དགུ་བརླམས་ཤིང་བསྟན་སྲིད་འཕུང༔ བྱེད་པོ་རྒྱལ་བསེན་གཉེན་པོ་རུ༔ གཅིག་ཆོག་ཐུན་མིན་གསང་བའི་ལྷ༔ ང་ཉིད་དགྲ་བླའི་སྐུར་བཞེངས་པས༔ ངོ་བོ་ཡེ་ཤེས་དབྱིངས་སུ་གཅིག༔ སྒྲུབ་པས་ཚན་ཆེ་བྱིན་རླབས་བཙན༔ རྣམ་པ་ཆོས་སྲུང་དྲེགས་པའི་རྗེ༔ བསྒྲུབ་ཐག་ཉེ་ཞིང་ཕྲིན་ལས་མྱུར༔ དངོས་གྲུབ་དཀའ་བ་མེད་པར་ཐོབ༔ འདི་ལ་བརྩོན་ཅིག་ཕྱི་རབས་རྣམས༔ རྡོ་རྗེའི་ཚིག་འདིས་བསླུ་མི་སྲིད༔ ངེས་པར་གྱིས་ཤིག་ས་མ་ཡ༔ གལ་ཆེའི་གནད་ལ་བསྐུལ་འདོད་ན༔ ཐུན་གཏོར་ཤ་ཁྲག་བརྒྱན་པ་བཤམས༔ སྤོས་རོལ་དབྱངས་དང་ལྷན་ཅིག་པས༔ གདུང་བའི་ཤུགས་བསྐྱེད་ལྟ་བས་གཟིར༔ ཀྱེ༔ སྐུ་རྗེ་སེང་ཆེན་ནི༔ ནོར་བུ་དགྲ་འདུལ་རྩལ༔ སྣང་སྲིད་ཟིལ་གནོན་པ༔ དགྲ་བླ་ཝེར་མའི་རྒྱལ༔ ཁྲག་འཐུང་ཧེ་རུ་ཀ༔ ཟ་བྱེད་ལས་ཀྱི་སྲིན༔ དབང་དྲག་རྔམ་པའི་རྗེ༔ ཡེ་ཤེས་དབྱིངས་ནས་བཞེངས༔ དུས་ངན་སྙིགས་མ་ལ༔ བསྟན་དགྲ་མ་རུངས་པ༔ དམ་སྲི་རྒྱབ་རྟེན་བཅས༔ ནག་པོའི་བསམ་སྦྱོར་གྱིས༔ སངས་རྒྱས་བསྟན་པ་བཤིག༔ བསྟན་འཛིན་དཔལ་ལ་སྡང༔ ཆོས་ལྡན་རྒྱལ་པོ་ཡི༔ ཆབ་སྲིད་ཐབས་ཀྱིས་བསྣུབ༔ སྐྱེ་བོ་ལོག་ལམ་འཁྲིད༔ དཀོན་མཆོག་དབུ་འཕང་སྨད༔ དགེ་བཅུའི་བཀའ་ཁྲིམས་འཇིག༔ ཕན་བདེའི་དཔལ་སྨོད་པའི༔ གདུག་འདྲེ་མཐའ་དམག་གིས༔ བསྐྱེད་པའི་སྙིགས་མ་ལྔའི༔ སྡུག་བསྔལ་མི་བཟོད་པས༔ མནར་ཞིང་བཟོད་དཀའ་བས༔ སྔོན་གྱི་ཐ་ཚིག་བཞིན༔ ཐུགས་དམ་མ་གཡེལ་བར༔ ད་ལྟ་ལས་ལ་བཞེངས༔ བདག་གི་རྒྱབ་རྟེན་མཛོད༔ རྡོ་རྗེ་ཁྲོས་པའི་མེ༔ ཕྲིན་ལས་སྒྲོལ་བྱེད་ཀྱི༔ འཐོར་རླུང་དང་འགྲོགས་པ༔ དམ་སྲིའི་སྟེང་དུ་ཆོས༔ སྡང་མིག་ཉི་མའི་ཟེར༔ བསྟན་དགྲའི་བ་མོར་ཐོབ༔ སྨིན་མ་ཐོག་གི་དབལ༔ ཉམས་པའི་མགོ་ལ་རྒྱོབ༔ ཤངས་ཀྱི་འཐོར་བྱེད་རླུང༔ སྡིག་ཅན་གཤེད་དུ་སྤྲོས༔ ཚེམས་ཀྱི་དུག་གི་ཟེར༔ འགོང་པོའི་སྟེང་དུ་ཕོབས༔ ལྗགས་ཀྱི་གློག་ཕྲེང་གིས༔ ལས་ངན་སྐེ་ནས་ཆིངས༔ ཞལ་གྱི་ཧོམ་ཁུང་དུ༔ སྙིང་ཁྲག་ཧུབ་ཀྱིས་དྲོངས༔ རྡོ་རྗེའི་གོ་མཚོན་ལས༔ སྤྲུལ་པའི་ལས་བྱེད་སྤྲོས༔ གནོད་པའི་སྐབས་བཙལ་བའི༔ རྒྱ་འདྲེ་ཕ་མཐར་སྐྲོད༔ ཕྱག་གི་མཚོན་ཆའི་ཆར༔ བུ་ཡུག་བཞིན་དུ་ཕོབས༔ རྒྱལ་བསེན་མ་རུངས་པའི༔ ཚོགས་ཀུན་ཕྱེ་མར་ཐོངས༔ སྐུ་ལས་བསྐལ་པའི་མེས༔ གནོད་བྱེད་སྡེར་བཅས་སྲེགས༔ ཕྱོགས་ལས་རྣམ་རྒྱལ་བའི༔ ཕྲིན་ལས་ད་ལྟ་མཛོད༔ མདུན་གྱི་སྣ་འཁྲིད་པ༔ རྒྱ་ཚ་དུང་གི་ཟླ༔ ཤར་གྱི་གདོན་ལ་ཆོས༔ དགྲ་འདྲེ་སོད་ཅིག་ཁུག༔ འགུགས་བྱེད་ལྕགས་ཀྱུས་ཐོབ༔ གནམ་ལྕགས་རལ་གྲི་ཡིས༔ མགོ་ལུས་ཕྲོལ་ལ་ཤོག༔ ལྷ་སྲས་དགྲ་ལྷ་སོགས༔ དུང་རྨོག་དུང་གི་ཁྲབ༔ སྐར་ལྟར་སི་ལི་ལི༔ རྒོད་འཕྲུ་པུ་རུ་རུ༔ གཡས་ཀྱི་དཔུང་སྐྱོར་བ༔ སྒ་བདེའི་བེར་ནག་ཅན༔ ལྷོ་ཡི་གདོན་ལ་ཆོས༔ དམ་འགོང་སྒྲོལ་ཅིག་ཆིངས༔ སྡོམ་བྱེད་ཞགས་པ་ཐོབ༔ འཇོམས་པའི་མཚོན་ཆར་ཕོབ༔ མིང་མེད་རྡུལ་དུ་རློག༔ སྣང་ཆུང་གཡུ་སྟག་སོགས༔ གསེར་རྨོག་གསེར་གྱི་ཁྲབ༔ ཉི་ལྟར་ལམས་སེ་ལམ༔ དར་འཕྲུ་འཚུབས་སེ་འཚུབ༔ རྒྱབ་ཀྱི་རྟེན་གྲོགས་སུ༔ སྟག་རོང་ཁྲོ་ཐུང་ནི༔ ནུབ་ཀྱི་གདོན་ལ་ཆོས༔ རྒྱལ་བསེན་གནོད་བྱེད་ཆོམས༔ སྡོམ་བྱེད་ལྕགས་སྒྲོགས་ཐོབ༔ མཐུ་ནུས་མ་ལུས་འཕྲོག༔ དར་འཕེན་དུག་སྡོང་སོགས༔ བསེ་རྨོག་ཟངས་ཀྱི་ཁྲབ༔ གློག་ལྟར་འཚུབས་སེ་འཚུབ༔ གཡོན་གྱི་དཔུང་གནོན་དུ༔ དམག་དཔོན་འདན་མ་ནི༔ བྱང་གི་གདོན་ལ་ཆོས༔ མཐའ་དམག་ཕུང་སྲི་སོད༔ མྱོས་བྱེད་དྲིལ་བུས་ཆོམས༔ མདའ་གཞུས་དགྲ་སྙིང་གཏོར༔ གུང་པའི་སྐྱ་ཁྲ་སོགས༔ ཁྲབ་རྨོག་ལྕགས་ཁྲབ་ཅན༔ བྱང་བུ་ཡ་ལ་ལ༔ ཨཾ་གཙིགས་འཐམས་སེ་འཐམ༔ ཡབ་གཅིག་སེང་བློན་སོགས༔ དཔའ་ཐུལ་དཔུང་དང་བཅས༔ སྟེང་འོག་བར་སྣང་གི༔ གདོན་གྱི་ཚོགས་ལ་ཆོས༔ ཕོ་ཉ་ཤ་ར་ར༔ བར་ཆད་བགེགས་ལ་ཡ༔ སྣ་ཚོགས་མཚོན་ཆར་ཕོབ༔ མིང་མེད་རྡུལ་དུ་རློགས༔ རྡོ་རྗེའི་རྟ་མཆོག་གི༔ གནམ་ལྕགས་རྨིག་པའི་བྲོས༔ ལུས་ཀུན་མྱལ་མྱལ་ཐོངས༔ ཀི་བསྭོ་བཞད་སྒྲ་བཅས༔ མཁྱེན་བརྩེ་ནུས་པ་ཡིས༔ སྲིད་གསུམ་དབྱིངས་སུ་སྒྲོལ༔ ལས་བྱེད་བྱ་གཅན་གྱིས༔ ཤ་ཁྲག་ཕུང་པོ་ཟོ༔ བདག་ཅག་འཁོར་དང་བཅས༔ སྲུང་སྐྱོབ་བྱིན་གྱིས་རློབས༔ མི་ཤིགས་རྡོ་རྗེའི་གུར༔ ཡེ་ཤེས་ཕྱག་རྒྱས་སྲུངས༔ སྟོབས་བཅུའི་བཙན་རྫོང་གིས༔ རྟག་ཏུ་རྒྱབ་རྟེན་མཛོད༔ ལྷ་དང་དཔལ་འདུ་བས༔ ངོ་མཚར་རྒྱལ་ཁ་ལོངས༔ འདོད་པའི་དོན་རྣམས་ཀུན༔ ཐོགས་མེད་འགྲུབ་པར་མཛོད༔ ཅེས་བསྐུལ་ལས་ཀྱི་གཉེར་གཏད་པས༔ གནོད་བྱེད་མི་དང་དམ་སྲིའི་ཚོགས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ བར་ཆད་གཡུལ་ལས་རྒྱལ་བར་འགྱུར༔ དུས་ཀྱི་ཐ་མར་གྱུར་པ་ན༔ སངས་རྒྱས་བསྟན་ལ་དགྲ་དར་ཞིང༔ རིག་འཛིན་རྣལ་འབྱོར་འཁུ་ཞིང་གཤེ༔ དམ་སྲི་རྒྱ་འདྲེ་ཕྲ་རགས་ཀྱིས༔ དངོས་བརྒྱུད་ཀུན་ནས་འཚེ་བའི་ཚེ༔ ལས་ཅན་སྐྱོབ་པའི་མཁར་རྫོང་དུ༔ ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི༔ སྐྱེ་བ་ལྕགས་ཁམས་ནོར་སྐྱོང་ལོ༔ རིག་རྩལ་ཐོད་རྒལ་འཆང་བ་ཡི༔ བརྟུལ་ཞུགས་སྤྱོད་པ་སྐྱོང་བ་དེས༔ དབྱིངས་རིག་དྭངས་མའི་གཏེར་གྱི་སྒྲོམ༔ ཡེ་ཤེས་བྲག་གི་ཀེའུ་ཚང་དུ༔ འཕེལ་འགྲིབ་མེད་པར་རྒྱས་བཏབ་བཞིན༔ རྟེན་འབྲེལ་གསང་བའི་བརྡ་རིས་ལས༔ གློག་ལྟར་སྣང་ཞིང་འཆར་བའི་ཚེ༔ གཏན་ལ་ཕབས་པས་དོན་ཡོད་འགྱུར༔ རང་གཞན་དུ་མའི་ཕྲིན་ལས་གསོས༔ གྱུར་ནས་བསྟན་འགྲོར་སྨིན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཅེས་པའང་དགྲ་འདུལ་ལས་ཀྱི་དཔའ་བོའི་ཕྲིན་ལས་གསེར་གྱི་ཤིང་རྟའི་ཁ་ལོ་སྒྱུར་བའི་དམག་དཔོན་ཆེན་པོ་འདན་མ་ཐོག་རྒོད་རྩལ་དང༌། སྐུ་སྲུང་སྒ་བདེས་སྐྱོང་བའི་ཡུལ་གྲུ་གསེར་ལྡན་དལ་གྱིས་འབབ་པའི་ལྗོངས་སུ་སྐྱེས་ཤིང་མཚོ་སྐྱེས་དགྲ་བླའི་རྒྱལ་པོས་རྗེས་སུ་བཟུང་བའི་རིག་པ་འཛིན་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ། མིང་གཞན་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རྡོ་རྗེ་ཕྲིན་ལས་རོལ་པ་རྩལ་གྱིས་རང་ལོ་སོ་བདུན་པའི་སྟེང་དབོ་ཟླ་བའི་འཕེལ་ཚེས་ཁྱབ་འཇུག་སྒྲ་གཅན་གྱིས་དགྲ་བླའི་དམག་དཔོན་དུ་བསྐྱོད་པའི་དུས་གཉན་གྱི་ཆར་གཏན་ལ་ཕབས་ཏེ་མཆོད་པ་དང་བསྐང་བ་བྱིན་རླབས་སོགས་རིག་འཛིན་གོང་མའི་རྡོ་རྗེའི་གསུང་དང་གསེར་སྐྱེམས་རང་ཚིག་དཀྱུས་སུ་ཁ་བཀང་བ་ཙམ་ལས་གཞན་ཕྲི་བསྣན་མེད་པར་བྲིས་པ་འདིས་ཀྱང་གསང་མཆོག་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན་པ་དང༌། དེ་འཛིན་གྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་དགའ་སྟོན་འཕེལ་ཞིང་རྒྱས་པས་འཇིག་རྟེན་གསུམ་ན་དགེ་མཚན་གྱི་བ་དན་མཛེས་པར་བརྟན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། སརྦ་མངྒ་ལཾ། །}} | རྩ་གསུམ་འདུས་པའི་ལྷ་ལ་འདུད༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ནག་ཕྱོགས་འབྱུང་པོས་བོད་ཁམས་ཁེངས༔ ཕལ་ཆེར་དེ་ཡི་དབང་དུ་འགྲོ༔ ཆོས་བྱེད་དམོད་ཅིང་སྡིག་བྱེད་ཀྱི༔ རྗེས་སུ་འབྲང་བའི་དུས་ཀྱི་ཚེ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རིགས་གསུམ་རྒྱལ་བའི་ཡེ་ཤེས་སྐུ༔ བདུད་འདུལ་ཝེར་མའི་སྐུར་བཞེངས་པ༔ སེང་ཆེན་དགྲ་བླའི་རྒྱལ་པོ་ཞེས༔ ནག་ཕྱོགས་དམ་སྲིའི་སྲོག་གི་གཤེད༔ སྒྲུབ་པས་ཚེ་གཡང་དངོས་གྲུབ་མཆོག༔ སྟེར་བའི་ཕྲིན་ལས་མཚན་དུ་བསྟན༔ གཏོར་མ་མཐུན་རྫས་སྤྱན་གཟིགས་དང༔ དཀོར་ཆ་མཁོ་དགུ་བྱིན་བརླབས་ཏེ༔ བདག་ཉིད་ཡི་དམ་ཧེ་རུ་ཀའི༔ ང་རྒྱལ་བརྟན་པས་དབྱངས་སུ་གྱེར༔ ས་མ་ཡ༔ ཐོག་མར་གནས་ཁང་དང་མཆོད་པ་བྱིན་བརླབ་ནི། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨཱཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤཔྟའི་བར་དང༌། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་སོ་སོའི་སྔགས་ལན་གསུམ་གྱི་བྱིན་གྱིས་བརླབ་བོ། ཨ༔ ཀ་དག་གདོད་མའི་དབྱིངས་ལས་ལྷུན་གྲུབ་ཀྱི༔ འོད་གསལ་རོལ་མོ་ཅི་ཡང་འཆར་བ་ལས༔ མདུན་དུ་མཁའ་སྤྱོད་མཐོང་བ་ཀུན་སྨོན་ཞིང༔ ཡིད་འོང་ས་གཞིར་ནེའུ་སེང་མེ་ཏོག་བཀྲ༔ ལྷུན་ཆགས་བྲག་རི་གངས་དཀར་ཕྲེང་བས་མཛེས༔ སྤོས་ཀྱི་དྲི་ལྡང་བདུད་རྩིའི་ཆར་རྒྱུན་འབེབས༔ ཡིད་འོང་བྱ་དང་རི་དྭགས་བག་ཕེབས་རྩེ༔ ནགས་ཚལ་ལྗོན་བཟང་འབྲས་ལྡན་ཤིང་གིས་བསྐོར༔ དེ་ཡི་དབུས་སུ་ནོར་བུའི་ཕོ་བྲང་ཆེ༔ རྩེ་མོ་དགུང་སྙེགས་འཇའ་འོད་དྲྭ་བས་ཁེབས༔ ནོར་བུའི་དྲྭ་བ་འཕྱང་འཕྲུལ་གཡོ་བ་ཡི༔ དབུས་སུ་པད་ཟླའི་གདན་ལ་ས་བོན་ཨ༔ དཀར་གསལ་འོད་ཀྱིས་རྩ་གསུམ་ཆོས་སྐྱོང་དང༔ ཁྱད་པར་རྒྱལ་ཀུན་སྟོབས་བཅུའི་ཡེ་ཤེས་ཚོགས༔ མཐུ་སྟོབས་ནུས་པ་བསྡུས་ཐིམ་ཡོངས་གྱུར་ལས༔ འཇིགས་བྲལ་སེང་ཆེན་དགྲ་བླ་ཝེར་མའི་རྒྱལ༔ ནོར་བུ་དགྲ་འདུལ་ནག་ཕྱོགས་བདུད་ཀྱི་གཤེད༔ སྐུ་མདོག་དཀར་གསལ་ལྷུན་ཆགས་གཟི་བརྗིད་རྒྱས༔ ཞལ་རས་ཁྲོ་འཛུམ་ཉི་མ་འབུམ་བཞིན་རྔམ༔ སྤྱན་ཟླུམ་མཆེ་བའི་མྱུ་གུ་ཡིད་ཙམ་གཙིགས༔ དབུ་ལ་རྨོག་དཀར་རྒྱལ་བའི་དོན་གྲུབ་གསོལ༔ དར་འཕྲུ་དགུང་བསྙེགས་ཕྱོགས་ལས་རྣམ་རྒྱལ་གྱི༔ ཟ་འོག་རྒྱལ་མཚན་ནོར་བུའི་ཏོག་གིས་བརྗིད༔ སྐུ་ལ་དགྲ་བླའི་གསང་གོས་སྨུག་པོ་དང༔ ཁམས་གསུམ་ཟིལ་གནོན་ཟ་འོག་བེར་གྱིས་བཀླུབས༔ རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྡུགས་ལ༔ མི་ཤིགས་གཡུ་ཡི་ཡ་ལད་མཛེས་པར་བཀྲམ༔ མགུལ་གྭ་རིན་ཆེན་ནོར་བུ་འོད་འབར་དང༔ སྣ་ཚོགས་རཏྣའི་དོ་ཤལ་མཛེས་པས་སྒེག༔ ཕྱག་གཡས་སྦ་ལྕག་བསམ་པའི་དོན་གྲུབ་འཕྱར༔ སྟེང་ཕྱོགས་སྤྲུལ་པའི་དམག་གི་ཕོ་ཉ་འཁྲིགས༔ གཡོན་པས་མདུང་མོ་ཁམས་གསུམ་དགྲ་འདུལ་གཡོབ༔ ཕྱོགས་བཅུར་ལས་བྱེད་དཔུང་གི་ཚོགས་རྣམས་འཁྲུགས༔ ཞབས་ལ་སྭག་ལྷམ་སྡེ་བརྒྱད་ཟིལ་གནོན་མནབས༔ དབང་ཆེན་རྡོ་རྗེའི་རྐྱང་རྒོད་ཕེར་པོ་ཆིབས༔ འཕྲུལ་གྱི་སྒ་སྲབ་མཛེས་པའི་རྒྱན་གྱིས་བཀླུབས༔ རྫུ་འཕྲུལ་རྐང་བཞིས་རབ་འབྱམས་ཞིང་ཁམས་ཉུལ༔ གཡས་སུ་སྟག་དོང་དགྲ་བླའི་རྫོང་ཆེན་ལ༔ ཤེས་རབ་མདའ་མོ་ཚད་མེད་སྒྲོ་ལྡན་འཁོར༔ གཡོན་དུ་གཟིག་ཤུབ་ཝེར་མའི་བླ་གནས་ལ༔ རྭ་རྒོད་འཁྱིལ་བ་གཟའ་བདུད་རང་འཁོར་འཁྱུག༔ ཡེ་ཤེས་རལ་གྲི་མཁྱེན་གཉིས་རྣོ་ངར་ཅན༔ ཀུན་ཁྱབ་སྙིང་རྗེའི་ཕུབ་ཆེན་དཀུ་གཡོན་བརྟེན༔ སྐུ་ཡི་སྟེང་འོག་བར་མཚམས་ཐམས་ཅད་ལས༔ རྩེ་གྲོགས་དགྲ་བླ་བཅུ་གསུམ་གར་གྱིས་བསྒྱུར༔ ཤར་དུ་ཞལ་དཀར་ཟླ་བ་འབུམ་པའི་ལྷ༔ དཀར་གསལ་ཆེ་བརྗིད་གངས་ཀྱི་སེང་བཞིན་གསལ༔ ཕྱག་གཉིས་ཡ་ཟི་སྐར་མདའ་ཞགས་པ་འཕེན༔ རྒྱ་བྱ་སོག་དཀར་ཞོན་ནས་སྟག་ལྟར་འཕྱོ༔ ལྷ་དམག་བྱེ་བ་སྤྲིན་ལྟར་མཛེས་པར་འཁྲིགས༔ ལྷོ་རུ་སྐུ་སྲུང་སྒ་བདེ་བེར་ནག་ཅན༔ ཆར་སྤྲིན་ལྟར་འཁྲུགས་ཞྭ་ནག་བེར་ཕོད་གསོལ༔ གཡས་གཡོན་དམར་ཆེན་ཟོར་དང་ཐུན་མདའ་བརྡེག༔ རླུང་ནག་རྗེས་གཅོད་ཞོན་ནས་ཐོག་བཞིན་རྒྱུག༔ གཤིན་རྗེའི་དམག་ཚོགས་བདུད་ཀྱི་མུན་བཞིན་གཡོ༔ ནུབ་དུ་དབང་ཆེན་ཁྲོ་རྒྱལ་མེ་ལྕེའི་མདོག༔ སྨར་སྨིན་ཨག་ཚོམ་ཐོག་གི་ཟེར་མ་འཕྲོ༔ ལག་གཉིས་སྲིན་གྲི་འཁྱུག་མ་ལྕགས་ཀྱུ་བཅས༔ འཕར་བ་རྔ་ནག་གློག་ལྟར་འཁྱུག་ལ་འཆིབ༔ བཙན་གྱི་དམག་ཚོགས་བསྐལ་པའི་མེ་ལྟར་འབར༔ བྱང་དུ་དམག་དཔོན་འདན་མ་ཐོག་རྒོད་རྩལ༔ སྐུ་མདོག་ལྗང་སྔོན་གནམ་ལྕགས་གོ་ཁྲབ་བརྗིད༔ འཕྲུལ་ལྡན་མདའ་གཞུའི་རྩེ་གར་ཁྲིགས་སེ་ཁྲིག༔ འདོ་བ་དངུལ་ཕྲུག་རླུང་གི་གཤོག་ལྡན་འཆིབ༔ བདུད་དམག་བྱེ་བ་རྒྱ་མཚོའི་རླབས་བཞིན་འཁྱིལ༔ དེ་ཡི་ཕྱི་རོལ་ཕྱོགས་མཚམས་མ་ངེས་པར༔ ཡབ་གཅིག་སེང་བློན་དམར་ནག་དུད་སྤྲིན་མདོག༔ ཁྲག་འཐུང་དཔུང་ཚོགས་རླུང་ལྟར་འཚུབ་ཅིང་རྒྱུག༔ ཉི་འབུམ་དར་ཡག་གནོད་སྦྱིན་དམག་བཅས་སེར༔ ཨ་ནུ་དཔའ་སེང་སྲོག་བདག་དམག་དཔུང་དམར༔ དགྲ་ལྷ་རྩེ་རྒྱལ་གིང་ཆེན་དམག་ཚོགས་དཀར༔ རིན་ཆེན་དར་ལུ་མོན་དམག་ནག་ལ་སྨུག༔ གུང་པའི་སྐྱ་ཁྲ་ཝེར་མའི་དཔུང་བཅས་དཀར༔ ཨ་དཀར་ཚངས་པ་རྒྱལ་པོའི་དམག་ཚོགས་རྔམ༔ སྣང་གསལ་གཡུ་སྟག་མ་མོའི་དམག་ཀུན་ནག༔ གདོང་བཙན་ཨ་དཔལ་གཟའ་བདུད་དུད་ཁ་རྔམ༔ གཞོན་ནུ་གཏུམ་པོ་ཀླུ་དམག་དཀར་པོ་གཡོ༔ དར་འཕེན་དུག་སྡོང་དམུ་བདུད་མུན་བཞིན་འཐིབ༔ སེང་སྟག་ཨ་དོམ་ཐེའུ་རང་དམག་དང་རྩེ༔ ཀུན་ཀྱང་རང་མདོག་རླུང་གི་རྟ་ལ་ཞོན༔ དར་མདུང་རལ་གྲི་དགྲ་སྟྭ་ཐོ་བ་ཞགས༔ ལྕགས་ཀྱུ་རྡོ་རྗེའི་སྒྱོགས་མདའ་ཐོག་དང་ཟེར༔ སྣ་ཚོགས་མཚོན་ཆ་རྔམ་ལ་མྱུར་བ་ཐོགས༔ ཀི་བསོ་ཆ་སྒྲ་བཤུག་གླུ་དི་རི་རི༔ སྣ་ཚོགས་ཁྲབ་ཀྱི་བྱང་བུ་སི་ལི་ལི༔ དབུ་རྨོག་དར་འཕྲུ་རུ་མཚོན་ལྷབས་སེ་ལྷབ༔ རྫུ་འཕྲུལ་རྟ་མཆོག་བྲོ་གར་ལམས་སེ་ལམ༔ མདུན་དུ་ཁྱུང་དང་བྱ་ཁྲ་གླག་མོ་འཕུར༔ རོལ་དུ་སྟག་སེང་གཟིག་དོམ་ཅེ་སྤྱང་འཁྲིད༔ སྟེང་ན་གཡུ་འབྲུག་ངར་སྐད་འུ་རུ་རུ༔ སྣང་སྲིད་དབང་སྡུད་ཁམས་གསུམ་ཟིལ་གནོན་པའི༔ རབ་འབྱམས་དགྲ་བླའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཐུགས་ཀའི་འོད་ཀྱིས་རྔ་ཡབ་པདྨ་འོད༔ མཁའ་སྤྱོད་མཐོང་བ་ཀུན་སྨོན་ལ་སོགས་པ༔ རང་བཞིན་གནས་ནས་སྐད་ཅིག་ཡུད་ཙམ་གྱིས༔ སྤྱན་དྲངས་དམ་ཚིག་རྟེན་ལ་དབྱེར་མེད་ཐིམ༔ དྲི་ཞིམ་སྤོས་དང་བརྗིད་ཆགས་དབྱངས༔ དར་སྣའི་གཡབ་མོས་གནད་ནས་བསྐུལ༔ ཀྱཻ༔ ཡེ་ཤེས་རང་སྣང་དག་པའི་མཁའ༔ འོད་གསལ་མཐོང་བ་ཀུན་སྨོན་གླིང༔ རིགས་གསུམ་རྒྱལ་བའི་ཡེ་ཤེས་སྐུ༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ ནག་ཕྱོགས་འཇོམས་ཕྱིར་སྐུ་བཞེངས་ལ༔ སེང་ཆེན་དགྲ་བླ་ཝེར་མའི་རྒྱལ༔ དཔའ་ཐུལ་དྭངས་སྨན་ཌཱ་ཀིའི་ཚོགས༔ འཁོར་བཅས་དམག་དཔུང་བྱེ་བ་བཅས༔ ངོ་བོ་དབྱིངས་སུ་དབྱེར་མེད་ཀྱང༔ རྣམ་རོལ་སྒྱུ་འཕྲུལ་བསམ་མི་ཁྱབ༔ སྔོན་གྱི་ཐུགས་དམ་དེང་བསྐུལ་ན༔ ནག་ཕྱོགས་བདུད་རིགས་དམ་སྲིའི་གཤེད༔ རྔམ་བརྗིད་འགྱིང་བའི་གར་དང་བཅས༔ མཁའ་ལ་ཆར་སྤྲིན་གཏིབས་པ་ལྟར༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ༔ མི་རྗེ་སེང་ཆེན་དགྲ་འདུལ་རྩལ༔ ཐོགས་མེད་མྱུར་བའི་ཤུགས་ཀྱིས་སྤྱོན༔ ཀྱཻ༔ སྐྱེས་བུའི་མདུན་གྱི་སྣ་འདྲེན་པ༔ སྐྱེས་པ་དཔའ་བོ་ཞུབ་ཅན་འབུམ༔ དམག་གི་སྒྱུ་རྩལ་གློག་ལྟར་འཁྱུག༔ བསྭོ་སྒྲ་སྒྲོག་ཅིང་མཚོན་ཆ་འཕེན༔ སྐྱེས་བུའི་གཡས་ཀྱི་དཔུང་གི་གྲོགས༔ རྟ་མཆོག་ཞོན་པའི་དམག་དཔུང་འབུམ༔ རླུང་ལྟར་འཕྱོ་ཞིང་དགྲ་ལ་རྒྱུག༔ མདའ་གཞུ་མང་པོ་ཐོག་ལྟར་འབེབས༔ སྐྱེས་བུའི་རྒྱབ་ཀྱི་སྐྱེལ་མའི་ཚུལ༔ ཤིང་རྟ་བསྐོར་བའི་དམག་དཔུང་འབུམ༔ རྡོ་རྗེའི་སྒྱོགས་ཆེན་རྡེག་ཅིང་འཕྱོ༔ ས་གཞི་ཐམས་ཅད་ཞངས་སེ་ཞང༔ སྐྱེས་བུའི་གཡོན་གྱི་དཔུང་སྣོན་དུ༔ གླང་ཆེན་ཞོན་པའི་དམག་དཔུང་འབུམ༔ མདུང་དང་རུ་མཚོན་གཟིངས་སེ་གཟིང༔ ཆར་སྤྲིན་ལྟ་བུར་ཚུབས་སེ་ཚུབ༔ ཞལ་དཀར་དགྲ་འདུལ་རྒྱལ་པོ་དང༔ སྐུ་སྲུང་སྒ་བདེ་སྟོབས་པོ་ཆེ༔ ཁྲོ་རྒྱལ་དབང་གི་ལྷ་ཡི་མཆོག༔ འདན་མ་ཐོག་རྒོད་དམག་གི་དཔོན༔ དཔའ་ཐུལ་དྭངས་སྨན་རྒྱ་མཚོར་བཅས༔ མ་ལུས་འཁོར་དང་བཅས་པ་ཡང༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ས་མ་ཡ་ཛ་ཛ༔ ཀྱཻ༔ དགྲ་བླའི་རྒྱལ་པོ་ནི༔ ཝེར་མའི་དཔུང་དང་བཅས༔ སྣང་སྲིད་དྲེགས་པའི་འཁོར༔ བཀའ་སྡོད་བཅས་པ་ཀུན༔ དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རོལ་པ་རྩལ༔ དབང་ཆེན་གར་གྱི་རྒྱལ༔ པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་བརྒྱུད་པ་ཡིས༔ བཀའ་བསྒོའི་ཐ་ཚིག་བཞིན༔ ནམ་ཡང་མ་བསྙེལ་བར༔ དམ་ཚིག་བདུད་རྩི་བཞེས༔ རྡོ་རྗེའི་བཀའ་རྟགས་ཀྱི༔ ཅོད་པན་མ་བོར་བར༔ བསྟན་དང་དེ་འཛིན་སྐྱོངས༔ རྣལ་འབྱོར་བདག་ཅག་ལ༔ ལུས་དང་གྲིབ་བཞིན་འགྲོགས༔ བཅོལ་བའི་ལས་ཀུན་མཛོད༔ ཁྱེད་ཅག་ཞལ་བཞེས་ལྟར༔ ནག་པོའི་རྩ་ལག་གི༔ དམ་སྲི་སྡེ་དང་བཅས༔ ལོག་སྨོན་མཐུ་ལྡན་པ༔ ཐལ་བའི་རྡུལ་བཞིན་རློག༔ རྒྱ་འདྲེ་འགོང་པོ་ཆོམས༔ མཐའ་དམག་དཔུང་བཅས་སྒྲོལ༔ དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵནྟུ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ ཡིད་འོང་དག་པའི་ཞིང་གི་དཔལ་འབྱོར་ལས༔ རང་སྣང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ཟག་མེད་བདེ་བ་མཆོག་གི་བདག་ཉིད་ཅན༔ མཆོད་ཡོན་དྭངས་མའི་ཞབས་བསིལ་བདུད་རྩིའི་རྫིང༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་ཚལ༔ དྲི་ཞིམ་སྤོས་ཀྱི་སྤྲིན་ཕུང་འཁོར་ཡུག་ཁྱབ༔ བསམ་འཕེལ་ནོར་བུའི་སྒྲོན་མེ་མདངས་རབ་གསལ༔ དྲི་ཆབ་ཞལ་ཟས་རོ་བརྒྱའི་བདའ་བ་ཅན༔ སྙན་བརྗིད་རོལ་མོའི་ཁྱད་པར་འབུམ་ཕྲག་གིས༔ འཁོར་ཡུག་རྒྱས་པར་བཀང་སྟེ་འབུལ་ལགས་ན༔ རྣལ་འབྱོར་འདོད་པའི་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱིཿ ཕུན་ཚོགས་འཁོར་ལོས་སྒྱུར་བའི་དཔལ་འབྱོར་དབྱིག༔ རྒྱལ་སྲིད་སྐྱོང་བྱེད་རིན་ཆེན་རྣམ་པ་བདུན༔ ཤིས་པའི་རྟགས་རྫས་གྲུབ་པའི་ལྷ་ཡི་དཔལ༔ དཔག་བསམ་ཤིང་དང་འདོད་འབྱུང་བུམ་པ་བཟང༔ ས་འོག་རིན་ཆེན་གཏེར་གྱི་ཁྱད་པར་གྱིས༔ མཐུ་ཆེན་དགྲ་བླའི་རྒྱལ་པོ་མངའ་གསོལ་ན༔ དགྱེས་པ་ཆེན་པོས་ཚེ་གཡང་དཔལ་འཕེལ་མཛོད༔ ཨོཾ་སཔྟ་མ་ཧཱ་རཏྣ་ཨཥྚ་དྲ་བྱཾ་མངྒ་ལ་པཱུ་ཛ་སྥ་ར་ཎ་ཧོ༔ ཧཱུྃ་ཧྲཱིཿ ཡིད་འཕྲོག་གཟུགས་སྒེག་སྙན་པའི་གླིང་བུ་བསྒྱུར༔ ག་པུར་ལི་ཤིའི་དྲི་བཟང་ཞིམ་མངར་བཅུད༔ འཇམ་མཉེན་རེག་བྱས་འཁྱུད་དང་སྒྱུ་རྩལ་འགྲན༔ མཛེས་སྡུག་ལྷ་ཡི་བུ་མོས་འཇོ་སྒེག་རྩེ༔ པདྨའི་ལྕགས་ཀྱུ་ཨུཏྤལ་ཞགས་ལ་སོགས༔ སྤྱོད་པས་ཀུན་ཏུ་སིམ་པའི་མཆོག་སྟེར་བས༔ དབང་མཛད་ཝེར་མ་མཆོད་དོ་དགྱེས་དགུར་རོལ༔ ཨོཾ་པཉྩ་ཀཱ་མ་གུ་ཎ་ས་མུ་དྲ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ གདུག་ཅན་དམ་སྲིའི་སྙིང་ལ་དབང་པོས་བརྒྱན༔ ཁྲག་འཐུང་འབོད་པའི་བཤུགས་གླུ་ཀི་བསྭོ་ལྡིར༔ ཞུན་ཆེན་ཞུགས་སུ་བཞུས་པའི་ཚིལ་ཆེན་གཡོ༔ ཤ་རུས་རི་བརྩེགས་ཁྲག་ཆང་དུག་མཚོ་འཁྱིལ༔ སྟག་གཟིག་ཞིང་གི་པགས་པ་ལྷབས་སེ་ལྷབ༔ དཔའ་བོའི་གོ་ཆ་དབུ་རྨོག་དར་གྱི་འཕྲུ༔ སྣ་ཚོགས་མཚོན་ཆའི་ཁྱད་པར་བྱེ་བ་བརྒྱ༔ དམག་གི་དཔུང་བཤམས་གཡུལ་གྱི་འཕྲུལ་འཁོར་སོགས༔ རྔམ་གཏུམ་ཁྲག་འཐུང་རོལ་པའི་མཆོད་པ་འབུལ༔ མ་ཧཱ་རུ་ཏྲ་མཱ་ར་ཡ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ ཕྱག་བཞེས་སུ་མངའ་གསོལ་འདིར་བྱ། མཆན། ཧོ༔ དགོངས་སུ་གསོལ་ལོ༔ རྩ་གསུམ་རྒྱལ་བའི་སྤྱི་གཟུགས༔ དཔའ་བོ་བདུད་དགྲ་བདུད་འདུལ༔ ཁྲག་འཐུང་ལས་ཀྱི་དབང་ཕྱུག༔ རིག་འཛིན་དཔའ་བོའི་སྲོག་ཤིང༔ སྐྱེ་བོ་ཡོངས་ཀྱི་དགྲ་བླ༔ སྣང་སྲིད་ཝེར་མའི་ཚོགས་རྗེ༔ སྡེ་བརྒྱད་དྲེགས་པའི་སྤྱི་དཔལ༔ དཀར་ཕྱོགས་རྒྱབ་བརྟེན་ཁ་འཛིན༔ ནག་ཕྱོགས་དམ་སྲིའི་གཤེད་མ༔ རྒྱ་འདྲེ་འབྱུང་པོའི་ཁ་གནོན༔ བདུད་སྲིན་ཀུན་གྱི་གཤེད་མ༔ འཛམ་བུ་གླིང་གི་སེང་ཆེན༔ འཇིགས་བྲལ་དགྲ་བླའི་རྒྱལ་པོ༔ ཚེ་གཡང་ནོར་གྱི་མངའ་བདག༔ དཔའ་བོ་ནོར་བུ་དགྲ་འདུལ་ལ་གསོལ་ལོ༔ ཕ་ཡབ་གེར་མཛོ་གཉན་པོ་ལ་གསོལ་ལོ༔ ཕུ་བོ་དུང་ཁྱུང་དཀར་པོ་ལ་གསོལ་ལོ༔ ནུ་བོ་ཀླུ་སྦྲུལ་འོད་འབྱུང་ལ་གསོལ་ལོ༔ ཨ་ནེ་གུང་སྨན་རྒྱལ་མོ་ལ་གསོལ་ལོ༔ སྲིང་ལྕམ་ཐ་ལེ་འོད་དཀར་ལ་གསོལ་ལོ༔ ཞལ་དཀར་དུང་གི་ཟླ་བ་ལ་གསོལ་ལོ༔ སྐུ་སྲུང་སྒ་བདེ་བེར་ནག་ལ་གསོལ་ལོ༔ དབང་ཆེན་ཁྲོ་ཐུང་རྒྱལ་པོ་ལ་གསོལ་ལོ༔ དམག་དཔོན་འདན་མ་ཐོག་རྒོད་ལ་གསོལ་ལོ༔ དཔའ་ཐུལ་དཔའ་བོའི་སྡེ་ཚོགས་ལ་གསོལ་ལོ༔ དགྲ་བླ་ཝེར་མ་རྒྱ་མཚོ་ལ་གསོལ་ལོ༔ བཀའ་སྡོད་སྣང་སྲིད་དྲེགས་པ་ལ་གསོལ་ལོ༔ ལས་བྱེད་དམག་དཔུང་བྱེ་བ་ལ་གསོལ་ལོ༔ སྣང་སྲིད་དགྲ་བླ་ཝེར་མ་སྤྲུལ་འཁོར་ཕོ་ཉའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་དཀར་གསུམ་མངར་གསུམ་གྱི་རྒྱ་མཚོ༔ བཟའ་བཅའ་བཏུང་བའི་དགའ་སྟོན༔ ཟག་མེད་འདོད་ཡོན་གྱི་མཆོད་སྤྲིན༔ བདུད་རྩི་བསང་གི་དུད་སྤྲིན༔ དར་སྣ་བ་དན་གྱི་ཕྲེང་བ༔ ངོ་མཚར་དགྱེས་དགུའི་དཔལ་སྐྱེད་དམ་པ་འདི་འབུལ་ལོ༔ མངའ་གསོལ་ལོ༔ གཟེངས་བསྟོད་དོ༔ སྐྱེམས་འབུལ་ལོ༔ སྐུ་གསུང་ཐུགས་དགྱེས་པ་ཆེན་པོའི་མཆོག་ཏུ་གྱུར་ནས་སྡང་བའི་དགྲ་སོད༔ གནོད་པའི་བགེགས་ཐུལ༔ བར་ཆད་ཀྱི་རྐྱེན་ཟློག༔ དམ་སྲི་ཚར་ཆོད༔ མཐའ་དམག་གདུག་པ་ཅན་གྱི་གཉའ་ནོན༔ རྒྱབ་རྟེན་གྱི་འབྱུང་པོ་མ་རུངས་པ་ཟིལ་གྱིས་གནོན༔ དཔའ་བའི་དཔུང་སྐྱེད༔ སྙན་པའི་དར་ཕྱོར༔ གྲགས་པའི་དུང་བུས༔ སྟོབས་དང་ནུས་པ་སྤོར༔ མདོར་ན་ཇི་ལྟར་འདོད་པའི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་གྲུབ་པར་མཛོད་ཅིག༔ སྐབས་སུ་སྙན་པའི་དབྱངས་དང་བཅས༔ ངོ་མཚར་རོལ་མོས་བསྟོད་ཅིང་བསྐུལ༔ ཧཱུྃ་ཧྲཱིཿ ཆོས་སྐུ་ཀ་ནས་དག་པའི་ཐིག་ལེ་ནི༔ གདོད་ནས་སྣང་སྟོང་མཉམ་པའི་ཡེ་ཤེས་དབྱིངས༔ འོད་གསལ་ལྷུན་གྲུབ་ཁྱབ་གདལ་སྣང་བའི་སྤྲིན༔ སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོའི་དཔྱིད༔ ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ་གཅིག་པུ༔ རྩ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྣང་སྲིད་དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར༔ བདུད་འདུལ་དགྲ་བླའི་རྒྱལ་པོའི་སྐུར་བཞེངས་པ༔ སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ཞེས༔ དྲན་པས་ཚེ་གཡང་འདོད་དགུའི་དཔལ་སྟེར་བའི༔ དབང་ཆེན་ཡིད་བཞིན་ནོར་བུའི་རྒྱལ་པོ་ནི༔ མཛེས་པའི་སྐུ་མཆོག་ཉི་མ་འབུམ་ལྟར་བརྗིད༔ དཔའ་བརྗིད་དགྲ་བླའི་སྐུ་ཆས་ཡོངས་སུ་རྫོགས༔ ཕྱག་གཡས་སྦ་ལྕག་བསམ་པའི་དོན་ཀུན་འགྲུབ༔ གཡོན་པས་མདུང་དར་དགྲ་བླའི་རུ་མཚོན་གཡོ༔ སྣང་སྲིད་ཟིལ་གནོན་དཔའ་བོའི་རྒྱལ་ལ་བསྟོད༔ སྐུ་ཡི་གཅེན་གཅིག་འབུམ་པ་དུང་གི་ཟླ༔ ཡ་མ་རཱ་ཛ་ཆོས་སྐྱོང་བེར་ནག་ཅན༔ དབང་ཆེན་ཁྲོ་བོའི་རྒྱལ་པོ་གསུང་གི་ལྷ༔ སྟོབས་ལྡན་འདན་མ་ཐོག་རྒོད་རྩལ་ལ་བསྟོད༔ དངོས་གཅིག་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས༔ དཔའ་ཐུལ་དྭངས་སྨན་ཌཱ་ཀི་རིག་པ་འཛིན༔ དམ་ཅན་སྲུང་མ་སྣང་སྲིད་དྲེགས་པའི་དཔུང༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁྱད་པར་རྩེ་གཅིག་བཟླས་པས་སྒྲུབ༔ སེང་ཆེན་ཐུགས་ཀར་གསང་བདག་རྡོ་རྗེ་འཛིན༔ མཐིང་གསལ་ཁྲོ་འཛུམ་ལོངས་སྤྱོད་རྫོགས་པའི་ཆས༔ རྡོ་རྗེ་དྲིལ་འཛིན་སེམས་དཔའི་སྐྱིལ་ཀྲུང་ཅན༔ ཐུགས་དབུས་ཉི་ཟླའི་གྭའུར་ས་བོན་ཨ༔ དཀར་གསལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་སྲིད་ཞིའི་མཐུ་སྟོབས་ནུས་པ་བསྡུས༔ གཉིས་མེད་ཐིམ་པས་གཟི་བྱིན་མཆོག་ཏུ་འབར༔ དྭངས་མའི་སྲོག་སྙིང་དངོས་གྲུབ་རྣམ་པ་རུ༔ ཟླ་ཟེར་ལྟར་བྱུང་ལྟེ་བ་ནས་ཐོན་ཏེ༔ རང་གི་ལྟེ་བར་ཐིམ་པས་གཉིས་མེད་པའི༔ མཉམ་ཉིད་དགོངས་པ་དབྱེར་མི་ཕྱེད་པར་འདྲེས༔ རིག་སྟོང་བློ་འདས་ཁྱབ་གདལ་གྱི༔ ངང་ནས་བསྙེན་པའི་སྔགས་འདི་བཟླ༔ ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ཧཱུྃ༔ རྩེ་གཅིག་འབུམ་ཕྲག་བཞི་བསྙེན་པས༔ བྱིན་རླབས་དགེ་མཚན་ཅི་རིགས་འཐོབ༔ དངོས་གྲུབ་ཡ་མཚན་དམ་པ་ཡིས༔ མྱུར་དུ་དབུགས་འབྱིན་ངེས་པར་བྱེད༔ ས་མ་ཡ༔ གཙོ་འཁོར་སོ་སོའི་ཐུགས་ཀར་ཟླ་བའི་སྟེང༔ སྲོག་གི་སྙིང་པོ་ཨ་ཡིག་རིགས་ལྔས་མཚན༔ གཙོ་བོའི་ཐུགས་ཀའི་འོད་ཀྱིས་འཁོར་རྣམས་བསྐུལ༔ ཀུན་ཀྱང་བཞད་པ་བརྒྱད་ལྡན་སྔགས་ཀྱི་སྒྲས༔ དགྱེས་པའི་གཟི་བྱིན་བཟོད་དུ་མེད་པར་འབར༔ ཇི་ལྟར་འདོད་པའི་རབ་འབྱམས་ལས་ཀྱི་ཚོགས༔ ཐོགས་མེད་འགྲུབ་པའི་དངོས་གྲུབ་དཔལ་སྩོལ་གྱུར༔ བསྙེན་སྔགས་ལ། ཧ་ཧཱ་ཧི་ཧཱི་ཧེ་ཧཱེ་ཧོ་ཧཱོ་ཧཱུྃ༔ ཤམ་བུ་འདི་སྦྱར་རྟགས་མཚན་སྟོན༔ ཇི་ལྟར་འདོད་པའི་ལས་ཀྱི་ཚོགས༔ ཁ་བསྒྱུར་མན་ངག་བཞིན་དུ་བྱ༔ ཐུན་མཚམས་གཏོར་མ་བཟང་དུ་བཤམས༔ བདུད་རྩིར་བྱིན་བརླབས་སྔགས་ཀྱིས་འབུལ༔ ཞེས་གསུངས་པས་མཆོད་གཏོར་ལ་དམིགས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཞེས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་དམིགས་ལ། སྒྲུབ་སྔགས་བཞད་པ་བརྒྱད་ལྡན་ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ཧ་ཧཱ་ཧི་ཧཱི་ཧེ་ཧཱེ་ཧོ་ཧཱོ་ཧཱུྃ་ལ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། སྦྱར་བ་ལན་གསུམ་གྱིས་ཕུལ་ཏེ། ཧོ། ཆོས་དབྱིངས་སྐྱེ་བ་མེད་པའི་དཀྱིལ་འཁོར་ལས་མ་གཡོས་བཞིན་དུ། རིག་པ་རང་སྣང་བདེ་ཆེན་ལོངས་སྤྱོད་རྫོགས་པའི་ཆོ་འཕྲུལ། ཟུང་འཇུག་རིགས་གསུམ་སྤྲུལ་པའི་སྐུ་ཡི་མཁྱེན་བརྩེ་ནུས་པའི་ཟློས་གར། སྣང་སྲིད་ཟིལ་གནོན་དགྲ་བླའི་རྒྱལ་པོ། སེང་ཆེན་ཡིད་བཞིན་ནོར་བུ་བདུད་འདུལ་དཔའ་བོའི་དབང་ཕྱུག་ཁྲག་འཐུང་ནོར་བུ་དགྲ་འདུལ་རྩལ། ཕུ་བོ་འབུམ་པ་ཞལ་དཀར། སྒ་བདེའི་ཆོས་སྐྱོང་བེར་ནག །དབང་ཆེན་ཁྲོ་ཐུང་རྒྱལ་པོ། དམག་དཔོན་འདན་མ་སྤྱང་ཁྲ། ཕུ་ནུ་གྲུབ་ཆེན་སུམ་ཅུ། ཌཱ་ཀི་དྭངས་སྨན་རྒྱ་མཚོ་ལ་སོགས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། སོགས་ཕྲིན་ལས་རྒྱས་པར་བཅོལ། སྤྲོ་ན་གསེར་སྐྱེམས་བྱ་སྟེ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱ་ི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཀྱེ། ལེགས་བྲིས་བདུད་རྩིའི་ཉིང་ཁུ་ལས་སྨིན་པའི། །འབྲུ་བཟང་ཕབ་ཀྱིས་བྲན་པའི་མ་དཱ་ན། །རྨད་བྱུང་སིམ་པའི་མཆོག་སྟེར་ལྷ་མིའི་སྐྱེམས། །རིན་ཆེན་གྲམ་བུར་བརྡལ་བ་མཚོ་ལྟར་བསྐྱིལ། །འབྲས་ལྡན་དཔག་བསམ་ལྗོན་པ་ལས་བྱུང་བཅུད། །དཀར་གསུམ་དགའ་སྟོན་སྦྱར་བ་རོ་བརྒྱའི་ཕུལ། །སིནྡྷུ་ཝ་རའི་མདངས་འཛིན་དཔའ་བོའི་ཕུད། །སྟོབས་སྐྱེད་ནུས་པ་སྤེལ་བའི་མཆོད་ཡོན་འདི། །འཇམ་དཔལ་རྡོ་རྗེ་རྣོན་པོའི་ཡེ་ཤེས་སྐུ། །ཚངས་དབྱངས་པདྨའི་ལྗགས་ལྡན་གར་དབང་གསུང༌། །གསང་འཛིན་མཐུ་སྟོབས་དབང་ཕྱུག་ཐུགས་ཀྱི་གར། །སེང་ཆེན་དགྲ་བླའི་རྒྱལ་པོ་གསོལ་ཞིང་མཆོད། །མཆོག་ཏུ་ཞི་བ་སྙིང་རྗེའི་སྤྲིན་ཆེན་ལས། །སིམ་བྱེད་ཕྲིན་ལས་འདོད་རྒུའི་གྲུ་ཆར་གྱིས། །སྲིད་ཞིའི་གདུང་བ་བསྙིལ་མཛད་ཝེར་མའི་གཙོ། །ངོ་མཚར་འཕྲུལ་གྱི་རྒྱལ་པོ་གསོལ་ཞིང་མཆོད། །ཚོགས་གཉིས་ཡོངས་འདུའི་དགའ་ཚལ་དར་བ་ལས། །ཕུན་ཚོགས་དཔལ་འབྱོར་འབྲུ་ཡི་གཏེར་ཆེན་གྱིས། །ཚེ་གཡང་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་སྒོ། །བསམ་འཕེལ་ཡིད་བཞིན་ནོར་བུ་གསོལ་ཞིང་མཆོད། །མཆོག་ཏུ་མི་འགྱུར་བདེ་སྟོང་མཚར་སྡུག་གིས། །ཁམས་གསུམ་དབང་བྱེད་ཟུར་མིག་དོན་ཡོད་ཞགས། །བརྟན་གཡོའི་དྭངས་བཅུད་དཔལ་མོ་འགུགས་མཛད་པའི། །དབང་མཛད་ཝེར་མའི་རྒྱལ་པོ་གསོལ་ཞིང་མཆོད། །བདུད་འདུལ་ཕྲིན་ལས་འཇིག་དུས་བསྐལ་མེས་བཀླུབས། །ཉམས་པའི་རྩ་སྦུར་སྲེག་བྱེད་སྟོབས་བཅུའི་གར། །རྡོ་རྗེ་ཁྲོས་པའི་རླུང་ཤུགས་ཀྱིས་བསྐྱོད་པ། །སྒྲོལ་བྱེད་ཁྲག་འཐུང་དཔའ་བོ་གསོལ་ཞིང་མཆོད། །ཕུལ་བྱུང་དཔའ་བོའི་ཤེད་མོང་དར་བའི་སེང༌། །མཛེས་བརྗིད་གདོང་ལྔའི་སྤུ་སྡུག་ཟླ་བའི་ཚོན། །དགྲ་སྡེ་ཟིལ་གནོན་སྐྱེས་བུའི་ཐུགས་ཀྱི་གཟུགས། །ཞལ་དཀར་དགྲ་འདུལ་རྒྱལ་པོ་གསོལ་ཞིང་མཆོད། །འབར་བའི་མཐུ་སྟོབས་རྩེ་བརྒྱའི་འཕྲུལ་འཁོར་གྱིས། །ཕས་རྒོལ་ལྷ་མིན་གྲོང་འཇོམས་དམོད་པའི་མཚོན། །འབེབས་བྱེད་མི་མཆོག་སྐུ་ཡི་སྲུང་མའི་མཆོག །སྟོབས་ཆེན་ཆོས་སྐྱོང་བེར་ནག་གསོལ་ཞིང་མཆོད། །དབང་ཆེན་བཞད་པ་བརྒྱད་ལྡན་རྡོ་རྗེའི་གར། །མཛེས་སྡུག་སྒྱུ་འཕྲུལ་བྱེ་བ་གཡོ་ཙམ་གྱིས། །སྣང་སྲིད་སྐྱེ་དགུའི་ཡིད་སྣང་འཕྲོག་པའི་དཔྱིད། །གསུང་མཆོག་ཁྲོ་ཐུང་རྒྱལ་པོ་གསོལ་ཞིང་མཆོད། །གར་དགུའི་རྔམ་པའི་སྡང་མིག་ཐོག་གི་མདས། །སྲིད་གསུམ་རྩ་རྩེའི་ཟིལ་པ་ལྟར་སྐྱོད་དེ། །མཐར་བྱེད་ཆེ་བཙན་ལན་མེད་དམག་གི་དཔོན། །ཕྲིན་ལས་འདན་མ་སྤྱང་ཁྲ་གསོལ་ཞིང་མཆོད། །འབར་བའི་བཀའ་སྡོད་སྣ་ཚོགས་སྒྱུ་འཕྲུལ་གྱིས། །རབ་འབྱམས་ཕྲིན་ལས་དབང་པོའི་གཞུ་ཡི་ཚོན། །རིག་འཛིན་རྣལ་འབྱོར་ཡིད་ཀྱི་མཁར་ངོམ་པའི། །དཔའ་ཐུལ་དཔུང་གི་སྡེ་ཚོགས་གསོལ་ཞིང་མཆོད། །གསོལ་ལོ་མཆོད་དོ་ཆོས་སྐྱོང་དགྲ་བླའི་རྗེ། །བསྐུལ་ལོ་བཞེངས་ཤིགས་དམ་ལྡན་དཀར་ཕྱོགས་ལྷ། །བདུད་དགྲ་ནག་ཕྱོགས་དམ་སྲི་འཇོམས་པའི་གཤེད། །སྔོན་གྱི་ཐུགས་དམ་གཉན་པོའི་དུས་ལ་བབ། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས། །འཇིགས་བརྒྱད་ཕྱི་ནང་བར་ཆད་ཀུན་ལས་སྲུངས། །ཚེ་དཔལ་བསོད་ནམས་སྙན་གྲགས་རླུང་རྟ་སྐྱེད། །མཁས་བཙུན་གྲུབ་པ་ཆེ་དགུ་དབང་དུ་སྡུས། །སྡང་དགྲ་གནོད་བྱེད་བྱད་མ་རྡུལ་དུ་རློག །ཕྱོགས་ལས་རྣམ་པར་རྒྱལ་བའི་མངའ་ཐང་སྐྱེད། །སྟོབས་མཐུ་ནུས་པའི་རུ་མཚོན་སྲིད་རྩེར་སྒྲེངས། །དགེ་ལེགས་དཔལ་གྱི་རྒྱལ་ཐབས་སྐྱོང་ནུས་མཛོད། །ལྷག་པར་ཐུགས་དམ་བསྐང་བ་ནི། རཾ་ཡཾ་ཁཾ། བསྐང་བའི་གནས་མཆོག་འོག་མིན་བདེ་ཆེན་ཞིང༌། །རྟེན་གྱི་རྫས་རྣམས་ཟག་མེད་འདོད་ཡོན་ཚོགས། །དམ་ཚིག་ལོངས་སྤྱོད་འདོད་ཡོན་རྒྱན་གྱི་སྤྲིན། །མཁའ་ཁྱབ་ཡེ་ཤེས་འཁོར་ལོར་རྫོགས་པར་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང༌། བཛྲ་སྥ་ར་ཎ་ཕཊ྄། ཅེས་བྱིན་བརླབས་ཏེ། ཧཱུྃ་ཧྲཱིཿ སྲིད་ཞི་ཀུན་ཁྱབ་འོད་གསལ་དབྱིངས་ཀྱི་རྒྱན༔ རང་སྣང་ཟག་མེད་ཀུན་བཟང་མཆོད་པའི་སྤྲིན༔ ཅིར་སྣང་བདེ་བ་ཆེན་པོའི་རོལ་རྩེད་ལས༔ མི་ཟད་ནམ་མཁའ་མཛོད་དུ་འཆར་བའི་དཔལ༔ གཙང་མའི་མཆོད་ཡོན་ཡན་ལག་བརྒྱད་དང་ལྡན༔ ལྷ་ཡི་ཞབས་བསིལ་འདག་ཆལ་བཟང་པོའི་རྫས༔ སྣ་ཚོགས་ཆུ་སྐྱེས་མཛེས་པའི་སྐྱེད་མོས་ཚལ༔ དྲི་ཞིམ་སྤོས་ཀྱི་ངད་སྤྲིན་དལ་གྱིས་ལྡང༔ རབ་འབར་ཉི་ཟླ་ནོར་བུའི་སྒྲོན་མེ་བསྟར༔ ག་པུར་གུར་གུམ་དྲི་བཟང་རྫིང་བུར་བསྐྱིལ༔ དཀར་མངར་རོ་བརྒྱའི་ཞལ་ཟས་གཡོས་སུ་སྦྱར༔ དབྱངས་སྙན་རོལ་མོའི་ཁྱད་པར་འབུམ་ཕྲག་གིས༔ སེང་ཆེན་ཝེར་མའི་རྒྱལ་པོའི་ཐུགས་དམ་བསྐང༔ མཛེས་བརྗིད་རྟེན་གཏོར་ནོར་བུའི་ཁང་བཟང་དབྱིབས༔ དར་དཀར་སྔགས་ཀྱི་ཕྲེང་བ་གསལ་ཞིང་བཀྲ༔ དྭངས་གསལ་མེ་ཤེལ་སྲོག་གི་སྙིང་པོ་ཅན༔ ངོ་མཚར་གསང་བའི་རྟེན་གྱིས་ཐུགས་དམ་བསྐང༔ ཆེ་བརྗིད་གོས་དང་སྲ་མཁྲེགས་གོ་ཆ་བསྟར༔ འབར་བའི་རུ་མཚོན་སྲིད་པའི་རྩེ་མོར་བསྙེགས༔ སྣ་ཚོགས་དཀོར་ནོར་མི་བཟད་བཀྲམ་པ་ཡིས༔ ཕྱོགས་ཀུན་དོགས་པོར་བྱེད་པས་ཐུགས་དམ་བསྐང༔ དཀར་སྔོན་སྐྱེམས་ཀྱི་རྒྱ་མཚོ་གཏིང་ཟབ་འཁྱིལ༔ བཀོད་ལེགས་འདོད་འབྱུང་གཏོར་མའི་དགའ་སྟོན་བཤམས༔ དར་རས་བ་དན་ཕྲེང་བ་བསྟར་ལེགས་པའི༔ ཕུན་ཚོགས་དགའ་སྟོན་མཆོག་གིས་ཐུགས་དམ་བསྐང༔ རྔམ་བརྗིད་དཔའ་བོས་མཚོན་ཆའི་འཕྲུལ་འཁོར་བསྐོར༔ རྡོ་རྗེའི་གོ་ལྡན་སེང་ལྟར་འགྱིང་ཞིང་འཕྱོ༔ ཀི་བསྭོ་རྔ་སྒྲས་ཀུན་ཏུ་བཀང་བ་འདིས༔ ཞལ་དཀར་དུང་གི་ཟླ་བའི་ཐུགས་དམ་བསྐང༔ ནད་མཚོན་དུག་གི་ཆར་འབེབས་ཟོར་ཆེན་བརྗིད༔ སྡེ་བརྒྱད་དམོད་པའི་སྟོབས་རྫོགས་ཐུན་ཆར་འབེབས༔ དྲག་སྔགས་ཤུགས་སྒྲོལ་ལས་ཀྱི་སྦྱོར་ལྡན་པས༔ སྐུ་སྲུང་སྒ་བདེ་དཔའ་བོའི་ཐུགས་དམ་བསྐང༔ བདེ་སྟོང་དབང་གི་པདྨའི་ལྕགས་ཀྱུ་གདེང༔ མཛེས་འཛུམ་ཨུཏྤལ་ཞགས་པས་ཁམས་གསུམ་འགུགས༔ ཡིད་འཕྲོག་རིག་མ་མྱོས་པའི་གླུ་གར་གྱིས༔ དབང་ཆེན་ཁྲོ་རྒྱལ་རྔམ་པའི་ཐུགས་དམ་བསྐང༔ བདུད་དགྲའི་སྙིང་ཁྲག་མཚོ་ལ་དབང་ལྔ་བཀྲ༔ ཤ་རུས་གཅལ་བཀྲམ་བཤུག་གླུས་སྐྱི་ཤ་བུན༔ དུག་རླངས་ན་བུན་རོ་ལངས་སྲིན་པོ་འཕྱོ༔ དམག་དཔོན་འདན་མ་སྤྱང་ཁྲའི་ཐུགས་དམ་བསྐང༔ དྲེགས་གཏུམ་གཅན་གཟན་ང་རོ་འབྲུག་ལྟར་སྒྲོག༔ ཞོལ་ལྡན་གཡག་རྒོད་ནོར་ཕྱུགས་མཛེས་པར་རྩེ༔ རི་དྭགས་སྤུ་སྡུག་ལྡན་པས་གར་བསྒྱུར་བས༔ དཔའ་ཐུལ་དཔའ་བོའི་སྡེ་ཚོགས་ཐུགས་དམ་བསྐང༔ མདོར་ན་སྣང་སྲིད་ཡེ་ཤེས་རྒྱན་གྱི་སྤྲིན༔ ཐམས་ཅད་ཀུན་བཟང་བདེ་བ་ཆེན་པོའི་དལ༔ རང་བྱུང་རང་ཤར་འདོད་ཡོན་བསམ་མི་ཁྱབ༔ བཞེད་དགུའི་འབྱོར་པ་མཆོག་གིས་ཐུགས་དམ་བསྐང༔ ཧོ༔ ཡེ་ཤེས་སྤྱན་གྱིས་མཐའ་ཡས་དངོས་ཀུན་གཟིགས༔ བརྩེ་བས་མཁའ་ཁྱབ་གདུལ་བྱ་རྗེས་སུ་འཛིན༔ རིག་འཛིན་རྣལ་འབྱོར་ཡོངས་ཀྱི་དགྲ་བླ་ཆེ༔ དགོངས་སུ་གསོལ་ལོ་དག་ཚངས་དངོས་གྲུབ་སྩོལ༔ བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད༔ ཉོན་མོངས་ཀྱིས་དཀྲུགས་ལས་ཀྱི་གཞན་དབང་ཅན༔ ཐུགས་དང་འགལ་བའི་ནོངས་པ་བགྱིས་སོ་ཅོག༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ གཙང་སྦྲ་ཆུང་བས་ཕུད་ཉམས་འབག་བཙོག་ཤོར༔ མནའ་དང་ཁྲེལ་འགམ་ཉམས་པའི་གྲོགས་དང་འགྲོགས༔ དམེ་ནལ་ཡུགས་སའི་གྲིབ་ཕོག་དམ་སྡོམ་འགལ༔ དཀར་ཕྱོགས་ལྷ་སྲུང་མནོལ་བ་མཐོལ་ལོ་བཤགས༔ ལེགས་བྱས་སྟོབས་དམའ་སྡིག་ལྟུང་རང་གར་སྤྱད༔ དམ་རྫས་མ་ཚང་རྟེན་རྫས་གཞུང་དང་འགལ༔ བསྙེན་སྒྲུབ་ཏིང་འཛིན་བྱིང་རྒོད་གཡེལ་ལ་སོགས༔ ནོངས་པ་མཐའ་དག་སྙིང་ནས་མཐོལ་ལོ་བཤགས༔ གནོང་འགྱོད་གདུང་བས་ཉེས་པ་ཀུན་བཤགས་ཀྱིས༔ དགྱེས་པ་མཆོག་གི་བརྩེ་བས་ལེགས་དགོངས་ཏེ༔ ཉམས་ཆག་ཀུན་བྱང་དངོས་གྲུབ་མཆོག་གི་གནས༔ འབད་མེད་ཡིད་བཞིན་ཐོབ་པའི་དཔལ་སྩོལ་ཅིག༔ ཡི་གེ་བརྒྱ་པ་ལན་གསུམ་བཟླ༔ སྐབས་སུ་སྐྱེམས་དང་ཕུད་སྦྲེང་ཞིང༔ དར་སྣ་བ་དན་སྣ་ཚོགས་གཡབ༔ སྙན་འཇེབས་རོལ་མོ་དབྱངས་དང་བཅས༔ ཁྱད་པར་ཐུགས་དམ་གནད་ནས་བསྐུལ༔ ཀྱཻ༔ རིག་གསུམ་རྒྱལ་བའི་ཡེ་ཤེས་སྐུ་ཡི་མཆོག༔ དཔལ་ལྡན་སངས་རྒྱས་རང་བྱུང་པདྨ་འཆང༔ འཇིགས་བྲལ་དགྲ་བླ་ཝེར་མའི་ཚོགས་ཀྱི་རྗེ༔ གདུང་བས་འབོད་དོ་བསྐུལ་བའི་ལས་ལ་བཞེངས༔ སྐལ་ངན་སྙིགས་མར་སྐྱེས་པའི་དུས་ཀྱི་ཚེ༔ ཐུགས་བསྐྱེད་རྡོ་རྗེའི་གོ་ཆ་རྩལ་སྤྲུགས་ལ༔ ཇི་ལྟར་བཅོལ་པའི་ཕྲིན་ལས་འདོད་པའི་དོན༔ ཡིད་བཞིན་འགྲུབ་པའི་གྲོགས་སུ་དགོངས་པར་མཛོད༔ བདག་ལུས་དྭངས་མ་རྩ་རླུང་ཐིག་ལེའི་ཁམས༔ ཝེར་མ་དགྱེས་པའི་རྫོང་དུ་ལེགས་བསྒྱིངས་ཏེ༔ ཚེ་དཔལ་བསོད་ནམས་རླུང་རྟའི་སྟོབས་བསྐྱེད་པས༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ སྲིད་གསུམ་ཆེ་རྒུའི་དཔུང་ཚོགས་ཟིལ་གནོན་པའི༔ དབང་སྒྱུར་སྟོབས་ཀྱི་རུ་མཚོན་དགུང་དུ་སྙེགས༔ སྐྱེ་དགུའི་ཡིད་ཀྱི་བརྟན་པ་འཕྲོག་ནུས་པའི༔ ངོ་མཚར་འཕྲུལ་གྱི་ཞགས་པ་གཡོ་མེད་ཐོབ༔ སྙན་པའི་བ་དན་ཕྱོགས་ཀུན་རབ་གཡོ་ཞིང༔ བསྟན་པ་མི་ཉམས་དབུ་རྨོག་བཙན་ཞིང་མཐོ༔ ལྷ་མིས་གཙུག་གི་རྒྱན་དུ་མཆོད་པ་ཡི༔ ལས་མཐའ་བཙན་པའི་ཐ་གྲུ་མི་ཉམས་མཛོད༔ ངེས་གསང་བསྟན་པའི་རྒྱལ་རྔ་སྒྲོག་པས་མཛེས༔ བསྟན་འཛིན་སྐྱེས་དང་དཀོན་མཆོག་དབུ་འཕང་བསྟོད༔ ལུང་རྟོགས་ལས་ཀྱི་འཁོར་ལོས་བསྒྱུར་བ་ཡིས༔ བླ་མེད་ཆོས་ཀྱི་རྒྱལ་སྲིད་སྐྱོང་ནུས་མཛོད༔ སྣང་སྲིད་དབང་སྡུད་ཁམས་གསུམ་ཟིལ་གྱིས་གནོན༔ སྟོབས་བཅུའི་ཡོན་ཏན་མ་འདྲེས་མི་འཇིགས་བཞིས༔ བདུད་དགྲ་བདུད་འདུལ་དཔལ་ཆེན་ཧེ་རུ་ཀའི༔ ཕྲིན་ལས་དབང་བསྒྱུར་འདོད་པའི་ལས་འགྲུབ་མཛོད༔ ཨེ་མ་བདག་ཉིད་ཐོད་ཕྲེང་རྩལ༔ སྒྱུ་འཕྲུལ་རོལ་མོ་དབྱིངས་དང་མཉམ༔ སྣ་ཚོགས་འཕྲོ་ཞིང་གཅིག་ཏུ་སྡུད༔ གང་འདུལ་དེར་སྣང་རོལ་པ་ཡིས༔ བོད་ཡུལ་དུས་གསུམ་ཀུན་ཏུ་སྐྱོང༔ སྐབས་སུ་གང་བབ་ཕྲིན་ལས་ཀྱིས༔ བསྟན་དང་འགྲོ་ལ་དབུགས་འབྱིན་བྱེད༔ ཞི་དང་ཁྲོ་ཚུལ་མ་ངེས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ དེ་ཕྱིར་ནག་ཕྱོགས་འབྱུང་པོ་ཡིས༔ ཆེ་དགུ་བརླམས་ཤིང་བསྟན་སྲིད་འཕུང༔ བྱེད་པོ་རྒྱལ་བསེན་གཉེན་པོ་རུ༔ གཅིག་ཆོག་ཐུན་མིན་གསང་བའི་ལྷ༔ ང་ཉིད་དགྲ་བླའི་སྐུར་བཞེངས་པས༔ ངོ་བོ་ཡེ་ཤེས་དབྱིངས་སུ་གཅིག༔ སྒྲུབ་པས་ཚན་ཆེ་བྱིན་རླབས་བཙན༔ རྣམ་པ་ཆོས་སྲུང་དྲེགས་པའི་རྗེ༔ བསྒྲུབ་ཐག་ཉེ་ཞིང་ཕྲིན་ལས་མྱུར༔ དངོས་གྲུབ་དཀའ་བ་མེད་པར་ཐོབ༔ འདི་ལ་བརྩོན་ཅིག་ཕྱི་རབས་རྣམས༔ རྡོ་རྗེའི་ཚིག་འདིས་བསླུ་མི་སྲིད༔ ངེས་པར་གྱིས་ཤིག་ས་མ་ཡ༔ གལ་ཆེའི་གནད་ལ་བསྐུལ་འདོད་ན༔ ཐུན་གཏོར་ཤ་ཁྲག་བརྒྱན་པ་བཤམས༔ སྤོས་རོལ་དབྱངས་དང་ལྷན་ཅིག་པས༔ གདུང་བའི་ཤུགས་བསྐྱེད་ལྟ་བས་གཟིར༔ ཀྱེ༔ སྐུ་རྗེ་སེང་ཆེན་ནི༔ ནོར་བུ་དགྲ་འདུལ་རྩལ༔ སྣང་སྲིད་ཟིལ་གནོན་པ༔ དགྲ་བླ་ཝེར་མའི་རྒྱལ༔ ཁྲག་འཐུང་ཧེ་རུ་ཀ༔ ཟ་བྱེད་ལས་ཀྱི་སྲིན༔ དབང་དྲག་རྔམ་པའི་རྗེ༔ ཡེ་ཤེས་དབྱིངས་ནས་བཞེངས༔ དུས་ངན་སྙིགས་མ་ལ༔ བསྟན་དགྲ་མ་རུངས་པ༔ དམ་སྲི་རྒྱབ་རྟེན་བཅས༔ ནག་པོའི་བསམ་སྦྱོར་གྱིས༔ སངས་རྒྱས་བསྟན་པ་བཤིག༔ བསྟན་འཛིན་དཔལ་ལ་སྡང༔ ཆོས་ལྡན་རྒྱལ་པོ་ཡི༔ ཆབ་སྲིད་ཐབས་ཀྱིས་བསྣུབ༔ སྐྱེ་བོ་ལོག་ལམ་འཁྲིད༔ དཀོན་མཆོག་དབུ་འཕང་སྨད༔ དགེ་བཅུའི་བཀའ་ཁྲིམས་འཇིག༔ ཕན་བདེའི་དཔལ་སྨོད་པའི༔ གདུག་འདྲེ་མཐའ་དམག་གིས༔ བསྐྱེད་པའི་སྙིགས་མ་ལྔའི༔ སྡུག་བསྔལ་མི་བཟོད་པས༔ མནར་ཞིང་བཟོད་དཀའ་བས༔ སྔོན་གྱི་ཐ་ཚིག་བཞིན༔ ཐུགས་དམ་མ་གཡེལ་བར༔ ད་ལྟ་ལས་ལ་བཞེངས༔ བདག་གི་རྒྱབ་རྟེན་མཛོད༔ རྡོ་རྗེ་ཁྲོས་པའི་མེ༔ ཕྲིན་ལས་སྒྲོལ་བྱེད་ཀྱི༔ འཐོར་རླུང་དང་འགྲོགས་པ༔ དམ་སྲིའི་སྟེང་དུ་ཆོས༔ སྡང་མིག་ཉི་མའི་ཟེར༔ བསྟན་དགྲའི་བ་མོར་ཐོབ༔ སྨིན་མ་ཐོག་གི་དབལ༔ ཉམས་པའི་མགོ་ལ་རྒྱོབ༔ ཤངས་ཀྱི་འཐོར་བྱེད་རླུང༔ སྡིག་ཅན་གཤེད་དུ་སྤྲོས༔ ཚེམས་ཀྱི་དུག་གི་ཟེར༔ འགོང་པོའི་སྟེང་དུ་ཕོབས༔ ལྗགས་ཀྱི་གློག་ཕྲེང་གིས༔ ལས་ངན་སྐེ་ནས་ཆིངས༔ ཞལ་གྱི་ཧོམ་ཁུང་དུ༔ སྙིང་ཁྲག་ཧུབ་ཀྱིས་དྲོངས༔ རྡོ་རྗེའི་གོ་མཚོན་ལས༔ སྤྲུལ་པའི་ལས་བྱེད་སྤྲོས༔ གནོད་པའི་སྐབས་བཙལ་བའི༔ རྒྱ་འདྲེ་ཕ་མཐར་སྐྲོད༔ ཕྱག་གི་མཚོན་ཆའི་ཆར༔ བུ་ཡུག་བཞིན་དུ་ཕོབས༔ རྒྱལ་བསེན་མ་རུངས་པའི༔ ཚོགས་ཀུན་ཕྱེ་མར་ཐོངས༔ སྐུ་ལས་བསྐལ་པའི་མེས༔ གནོད་བྱེད་སྡེར་བཅས་སྲེགས༔ ཕྱོགས་ལས་རྣམ་རྒྱལ་བའི༔ ཕྲིན་ལས་ད་ལྟ་མཛོད༔ མདུན་གྱི་སྣ་འཁྲིད་པ༔ རྒྱ་ཚ་དུང་གི་ཟླ༔ ཤར་གྱི་གདོན་ལ་ཆོས༔ དགྲ་འདྲེ་སོད་ཅིག་ཁུག༔ འགུགས་བྱེད་ལྕགས་ཀྱུས་ཐོབ༔ གནམ་ལྕགས་རལ་གྲི་ཡིས༔ མགོ་ལུས་ཕྲོལ་ལ་ཤོག༔ ལྷ་སྲས་དགྲ་ལྷ་སོགས༔ དུང་རྨོག་དུང་གི་ཁྲབ༔ སྐར་ལྟར་སི་ལི་ལི༔ རྒོད་འཕྲུ་པུ་རུ་རུ༔ གཡས་ཀྱི་དཔུང་སྐྱོར་བ༔ སྒ་བདེའི་བེར་ནག་ཅན༔ ལྷོ་ཡི་གདོན་ལ་ཆོས༔ དམ་འགོང་སྒྲོལ་ཅིག་ཆིངས༔ སྡོམ་བྱེད་ཞགས་པ་ཐོབ༔ འཇོམས་པའི་མཚོན་ཆར་ཕོབ༔ མིང་མེད་རྡུལ་དུ་རློག༔ སྣང་ཆུང་གཡུ་སྟག་སོགས༔ གསེར་རྨོག་གསེར་གྱི་ཁྲབ༔ ཉི་ལྟར་ལམས་སེ་ལམ༔ དར་འཕྲུ་འཚུབས་སེ་འཚུབ༔ རྒྱབ་ཀྱི་རྟེན་གྲོགས་སུ༔ སྟག་རོང་ཁྲོ་ཐུང་ནི༔ ནུབ་ཀྱི་གདོན་ལ་ཆོས༔ རྒྱལ་བསེན་གནོད་བྱེད་ཆོམས༔ སྡོམ་བྱེད་ལྕགས་སྒྲོགས་ཐོབ༔ མཐུ་ནུས་མ་ལུས་འཕྲོག༔ དར་འཕེན་དུག་སྡོང་སོགས༔ བསེ་རྨོག་ཟངས་ཀྱི་ཁྲབ༔ གློག་ལྟར་འཚུབས་སེ་འཚུབ༔ གཡོན་གྱི་དཔུང་གནོན་དུ༔ དམག་དཔོན་འདན་མ་ནི༔ བྱང་གི་གདོན་ལ་ཆོས༔ མཐའ་དམག་ཕུང་སྲི་སོད༔ མྱོས་བྱེད་དྲིལ་བུས་ཆོམས༔ མདའ་གཞུས་དགྲ་སྙིང་གཏོར༔ གུང་པའི་སྐྱ་ཁྲ་སོགས༔ ཁྲབ་རྨོག་ལྕགས་ཁྲབ་ཅན༔ བྱང་བུ་ཡ་ལ་ལ༔ ཨཾ་གཙིགས་འཐམས་སེ་འཐམ༔ ཡབ་གཅིག་སེང་བློན་སོགས༔ དཔའ་ཐུལ་དཔུང་དང་བཅས༔ སྟེང་འོག་བར་སྣང་གི༔ གདོན་གྱི་ཚོགས་ལ་ཆོས༔ ཕོ་ཉ་ཤ་ར་ར༔ བར་ཆད་བགེགས་ལ་ཡ༔ སྣ་ཚོགས་མཚོན་ཆར་ཕོབ༔ མིང་མེད་རྡུལ་དུ་རློགས༔ རྡོ་རྗེའི་རྟ་མཆོག་གི༔ གནམ་ལྕགས་རྨིག་པའི་བྲོས༔ ལུས་ཀུན་མྱལ་མྱལ་ཐོངས༔ ཀི་བསྭོ་བཞད་སྒྲ་བཅས༔ མཁྱེན་བརྩེ་ནུས་པ་ཡིས༔ སྲིད་གསུམ་དབྱིངས་སུ་སྒྲོལ༔ ལས་བྱེད་བྱ་གཅན་གྱིས༔ ཤ་ཁྲག་ཕུང་པོ་ཟོ༔ བདག་ཅག་འཁོར་དང་བཅས༔ སྲུང་སྐྱོབ་བྱིན་གྱིས་རློབས༔ མི་ཤིགས་རྡོ་རྗེའི་གུར༔ ཡེ་ཤེས་ཕྱག་རྒྱས་སྲུངས༔ སྟོབས་བཅུའི་བཙན་རྫོང་གིས༔ རྟག་ཏུ་རྒྱབ་རྟེན་མཛོད༔ ལྷ་དང་དཔལ་འདུ་བས༔ ངོ་མཚར་རྒྱལ་ཁ་ལོངས༔ འདོད་པའི་དོན་རྣམས་ཀུན༔ ཐོགས་མེད་འགྲུབ་པར་མཛོད༔ ཅེས་བསྐུལ་ལས་ཀྱི་གཉེར་གཏད་པས༔ གནོད་བྱེད་མི་དང་དམ་སྲིའི་ཚོགས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ བར་ཆད་གཡུལ་ལས་རྒྱལ་བར་འགྱུར༔ དུས་ཀྱི་ཐ་མར་གྱུར་པ་ན༔ སངས་རྒྱས་བསྟན་ལ་དགྲ་དར་ཞིང༔ རིག་འཛིན་རྣལ་འབྱོར་འཁུ་ཞིང་གཤེ༔ དམ་སྲི་རྒྱ་འདྲེ་ཕྲ་རགས་ཀྱིས༔ དངོས་བརྒྱུད་ཀུན་ནས་འཚེ་བའི་ཚེ༔ ལས་ཅན་སྐྱོབ་པའི་མཁར་རྫོང་དུ༔ ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི༔ སྐྱེ་བ་ལྕགས་ཁམས་ནོར་སྐྱོང་ལོ༔ རིག་རྩལ་ཐོད་རྒལ་འཆང་བ་ཡི༔ བརྟུལ་ཞུགས་སྤྱོད་པ་སྐྱོང་བ་དེས༔ དབྱིངས་རིག་དྭངས་མའི་གཏེར་གྱི་སྒྲོམ༔ ཡེ་ཤེས་བྲག་གི་ཀེའུ་ཚང་དུ༔ འཕེལ་འགྲིབ་མེད་པར་རྒྱས་བཏབ་བཞིན༔ རྟེན་འབྲེལ་གསང་བའི་བརྡ་རིས་ལས༔ གློག་ལྟར་སྣང་ཞིང་འཆར་བའི་ཚེ༔ གཏན་ལ་ཕབས་པས་དོན་ཡོད་འགྱུར༔ རང་གཞན་དུ་མའི་ཕྲིན་ལས་གསོས༔ གྱུར་ནས་བསྟན་འགྲོར་སྨིན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཅེས་པའང་དགྲ་འདུལ་ལས་ཀྱི་དཔའ་བོའི་ཕྲིན་ལས་གསེར་གྱི་ཤིང་རྟའི་ཁ་ལོ་སྒྱུར་བའི་དམག་དཔོན་ཆེན་པོ་འདན་མ་ཐོག་རྒོད་རྩལ་དང༌། སྐུ་སྲུང་སྒ་བདེས་སྐྱོང་བའི་ཡུལ་གྲུ་གསེར་ལྡན་དལ་གྱིས་འབབ་པའི་ལྗོངས་སུ་སྐྱེས་ཤིང་མཚོ་སྐྱེས་དགྲ་བླའི་རྒྱལ་པོས་རྗེས་སུ་བཟུང་བའི་རིག་པ་འཛིན་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ། མིང་གཞན་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རྡོ་རྗེ་ཕྲིན་ལས་རོལ་པ་རྩལ་གྱིས་རང་ལོ་སོ་བདུན་པའི་སྟེང་དབོ་ཟླ་བའི་འཕེལ་ཚེས་ཁྱབ་འཇུག་སྒྲ་གཅན་གྱིས་དགྲ་བླའི་དམག་དཔོན་དུ་བསྐྱོད་པའི་དུས་གཉན་གྱི་ཆར་གཏན་ལ་ཕབས་ཏེ་མཆོད་པ་དང་བསྐང་བ་བྱིན་རླབས་སོགས་རིག་འཛིན་གོང་མའི་རྡོ་རྗེའི་གསུང་དང་གསེར་སྐྱེམས་རང་ཚིག་དཀྱུས་སུ་ཁ་བཀང་བ་ཙམ་ལས་གཞན་ཕྲི་བསྣན་མེད་པར་བྲིས་པ་འདིས་ཀྱང་གསང་མཆོག་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན་པ་དང༌། དེ་འཛིན་གྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་དགའ་སྟོན་འཕེལ་ཞིང་རྒྱས་པས་འཇིག་རྟེན་གསུམ་ན་དགེ་མཚན་གྱི་བ་དན་མཛེས་པར་བརྟན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། སརྦ་མངྒ་ལཾ། །}} | ||
</onlyinclude> | </onlyinclude> |
Latest revision as of 08:12, 1 June 2024
Wylie title | dgra 'dul wer ma'i snying tig las: phrin las phyogs las rnam rgyal | |
---|---|---|
Location | dil mgo mkhyen brtse bka' 'bum Volume 23, Text 17, Pages 319-350 (Folios 1a to 16b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Dgra 'dul wer ma'i snying tig las phrin las phyogs las rnam rgyal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 319-350. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig) | |
Deity | ge sar | |
Colophon |
ཅེས་པའང་དགྲ་འདུལ་ལས་ཀྱི་དཔའ་བོའི་ཕྲིན་ལས་གསེར་གྱི་ཤིང་རྟའི་ཁ་ལོ་སྒྱུར་བའི་དམག་དཔོན་ཆེན་པོ་འདན་མ་ཐོག་རྒོད་རྩལ་དང༌། སྐུ་སྲུང་སྒ་བདེས་སྐྱོང་བའི་ཡུལ་གྲུ་གསེར་ལྡན་དལ་གྱིས་འབབ་པའི་ལྗོངས་སུ་སྐྱེས་ཤིང་མཚོ་སྐྱེས་དགྲ་བླའི་རྒྱལ་པོས་རྗེས་སུ་བཟུང་བའི་རིག་པ་འཛིན་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ། མིང་གཞན་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རྡོ་རྗེ་ཕྲིན་ལས་རོལ་པ་རྩལ་གྱིས་རང་ལོ་སོ་བདུན་པའི་སྟེང་དབོ་ཟླ་བའི་འཕེལ་ཚེས་ཁྱབ་འཇུག་སྒྲ་གཅན་གྱིས་དགྲ་བླའི་དམག་དཔོན་དུ་བསྐྱོད་པའི་དུས་གཉན་གྱི་ཆར་གཏན་ལ་ཕབས་ཏེ་མཆོད་པ་དང་བསྐང་བ་བྱིན་རླབས་སོགས་རིག་འཛིན་གོང་མའི་རྡོ་རྗེའི་གསུང་དང་གསེར་སྐྱེམས་རང་ཚིག་དཀྱུས་སུ་ཁ་བཀང་བ་ཙམ་ལས་གཞན་ཕྲི་བསྣན་མེད་པར་བྲིས་པ་འདིས་ཀྱང་གསང་མཆོག་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན་པ་དང༌། དེ་འཛིན་གྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་དགའ་སྟོན་འཕེལ་ཞིང་རྒྱས་པས་འཇིག་རྟེན་གསུམ་ན་དགེ་མཚན་གྱི་བ་དན་མཛེས་པར་བརྟན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། སརྦ་མངྒ་ལཾ། | |
ces pa'ang dgra 'dul las kyi dpa' bo'i phrin las gser gyi shing rta'i kha lo sgyur ba'i dmag dpon chen po 'dan ma thog rgod rtsal dang*/_sku srung sga bdes skyong ba'i yul gru gser ldan dal gyis 'bab pa'i ljongs su skyes shing mtsho skyes dgra bla'i rgyal pos rjes su bzung ba'i rig pa 'dzin pa pad+ma gar dbang 'od gsal mdo sngags gling pa'am/_ming gzhan khrag 'thung bdud 'dul ye shes rdo rje phrin las rol pa rtsal gyis rang lo so bdun pa'i steng dbo zla ba'i 'phel tshes khyab 'jug sgra gcan gyis dgra bla'i dmag dpon du bskyod pa'i dus gnyan gyi char gtan la phabs te mchod pa dang bskang ba byin rlabs sogs rig 'dzin gong ma'i rdo rje'i gsung dang gser skyems rang tshig dkyus su kha bkang ba tsam las gzhan phri bsnan med par bris pa 'dis kyang gsang mchog 'od gsal rdo rje rtse mo'i bstan pa dang*/_de 'dzin gyi thugs bskyed dang phrin las kyi dga' ston 'phel zhing rgyas pas 'jig rten gsum na dge mtshan gyi ba dan mdzes par brtan pa'i rgyur gyur cig_/dge legs 'phel/_sarba mang+ga laM/ |