DKR-KABUM-23-'A-018

From Khyentse Lineage - A Tsadra Foundation Project

འཇིགས་བྲལ་སེང་ཆེན་ཝེར་མའི་རྒྱལ་པོའི་མངའ་གསོལ་ལྷ་དབང་གཡུལ་ལས་རྒྱལ་བའི་དབྱངས་སྙན།
Wylie title 'jigs bral seng chen wer ma'i rgyal po'i mnga' gsol lha dbang g.yul las rgyal ba'i dbyangs snyan DKR-KABUM-23-A-018.pdf
Location dil mgo mkhyen brtse bka' 'bum
Volume 23, Text 18, Pages 351-356 (Folios 1a1 to 3b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. 'jigs bral seng chen wer ma'i rgyal po'i mnga' gsol lha dbang g.yul las rgyal ba'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 351-356. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Cycle དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig)
Deity ge sar
Colophon

ཅེས་པའང་དགྲ་འདུལ་ཝེར་མའི་སྙིང་ཐིག་གི་ཕྲིན་ལས་ཀྱི་དགེ་མཚན་ཅུང་ཟད་དར་བའི་མཚན་ལྟས་མངོན་དུ་གྱུར་པའི་ཚེ། ལས་འགྲིགས་ཀྱི་མཛེས་རྒྱན་ཙམ་དུ་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རྡོ་རྗེ་ཕྲིན་ལས་རོལ་པ་རྩལ་གྱིས་སྣྲོན་ཟླའི་ཚེས་བཅུ་ལ་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །བཀྲ་ཤིས་པར་ཤོག།

ces pa'ang dgra 'dul wer ma'i snying thig gi phrin las kyi dge mtshan cung zad dar ba'i mtshan ltas mngon du gyur pa'i tshe/_las 'grigs kyi mdzes rgyan tsam du khrag 'thung bdud 'dul ye shes rdo rje phrin las rol pa rtsal gyis snron zla'i tshes bcu la bris pa dge legs rnam par rgyal bar gyur cig_/bkra shis par shog/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །འཇིགས་བྲལ་སེང་ཆེན་ཝེར་མའི་རྒྱལ་པོའི་མངའ་གསོལ་ལྷ་དབང་གཡུལ་ལས་རྒྱལ་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ཧྲཱིཿ རབ་འབྱམས་སྐུ་ལྔའི་ཡེ་ཤེས་དགྱེས་པའི་གར། །འཆི་མེད་ལང་ཚོས་སྙེམས་པའི་རིག་པ་འཛིན། །དྲན་པས་སྲིད་ཞིའི་རྒུད་སེལ་མཚོ་སྐྱེས་རྗེའི། །སྒྱུ་འཕྲུལ་རྡོ་རྗེ་བཀོད་པས་ཤིས་པར་མཛོད། ༡ །གཟོད་ནས་འཕོ་མེད་ཡེ་སྟོང་ཆོས་སྐུའི་གཞིར། །འཁོར་འདས་མཚན་མའི་འདུ་བྱེད་ལས་བརྒལ་ཀྱང༌། །ཁྱབ་གདལ་ཐུགས་རྗེའི་ཕྲིན་ལས་གང་འདུལ་དུ། །སྟོན་པའི་ཆོ་འཕྲུལ་ཅིར་ཡང་འཆར་བའི་ཚེ། ༢ །རང་བྱུང་གྲུབ་པའི་སངས་རྒྱས་པདྨ་སྐྱེས། །སྣང་སྲིད་དབང་སྒྱུར་འཇིགས་བྲལ་དགྲ་བླའི་རྗེ། །སྐྱེས་མཆོག་སེང་ཆེན་ཝེར་མའི་རྒྱལ་པོ་ཞེས། །ཚེ་གཡང་འདོད་དགུ་སྦྱིན་པའི་མེས་པོར་ཤར། ༣ །རིག་པ་རང་སྣང་པདྨ་ཧེ་རུ་ཀའི། །འཕོ་མེད་རྡོ་རྗེའི་བཀའ་རྟགས་འཕོས་པ་ཡིས། །ནག་ཕྱོགས་རྒྱལ་བསེན་འཇོམས་པའི་དམག་དཔོན་དུ། །གསང་ཆེན་བསྟན་པ་སྲུང་བའི་རུ་མཚོན་བཞེས། ༤ །སྟོང་ཆེན་དབྱིངས་ཀྱི་རྣལ་འབྱོར་སྐྱོང་བའི་གྲོགས། །དོན་གྲུབ་རིག་པའི་སྐྱེས་བུ་སེང་ཆེན་རྒྱལ། །གདོད་ནས་འབྲལ་བ་མེད་པ་ཆོས་སྐུའི་གཤིས། །སྤྲོས་པའི་ཀུན་རྟོག་འཇོམས་ཕྱིར་མངའ་གསོལ་ལོ། ༥ །ལྷུན་གྲུབ་རྡོ་རྗེ་དབང་པོའི་དྭངས་མའི་དཔྱིད། །མི་ཤིགས་འཕོ་མེད་ཐིག་ལེ་བདེ་བ་ཆེ། །གཉུག་མའི་རྡོ་རྗེ་ཚེ་ཡི་རྒྱལ་པོ་ཞེས། །བདེ་སྟོང་སྲོག་གི་ཟུངས་སུ་མངའ་གསོལ་ལོ། ༦ །ནམ་མཁའ་ཇི་སྲིད་གཞན་ཕན་ཐུགས་རྗེའི་སྤྲིན། །ཐབས་མཁས་གློག་གི་གར་མཁན་དང་འགྲོགས་པས། །འཁོར་འདས་སྟོང་སྲོག་དབང་སྒྱུར་ཧེ་རུ་ཀ །དམ་ཅན་དྲེགས་པའི་གཙོ་བོར་མངའ་གསོལ་ལོ། ༧ །ལུང་རྟོགས་ལེགས་བྱས་ཤེ་མོང་དར་བ་ལས། །ཐུབ་བསྟན་རྒྱལ་ཐབས་སྐྱོང་ལ་ཆས་པའི་ཚེ། །གཞན་ཕན་གསེར་གྱི་རྩིབ་སྟོང་འཕྲུལ་མཁས་པའི། །རོལ་རྩེད་འདོད་དགུར་ངོམས་ཁྱོད་མངའ་གསོལ་ལོ། ༨ །ལྔ་བདོའི་སྙིགས་མས་གདུངས་པ་འཕོངས་པའི་འགྲོར། །བྱམས་སྡུག་འདོད་དགུའི་སྒོ་འཕར་མི་ཟུམ་པས། །ཕན་བདེའི་དཔལ་འབྱོར་ཆར་དུ་སྙིལ་བ་ལ། །ངལ་མེད་བསམ་འཕེལ་ནོར་བུར་མངའ་གསོལ་ལོ། ༩ །ཡང་དག་ལམ་གྱི་ལང་ཚོ་དར་བའི་ཚེ། །བདུད་སྡེའི་གནོད་པ་སྲུང་བའི་དཀའ་ཐུབ་ཀྱི། །གྲུབ་གཉིས་ནུ་ཞོ་སྟེར་བའི་སྨིན་ལེགས་མ། །བདེ་མཆོག་སིམ་སྟེར་བཙུན་མོར་མངའ་གསོལ་ལོ། ༡༠ །ཁྱད་པར་ངེས་གསང་རིག་འཛིན་གྲུབ་པའི་སྲོལ། །བཤད་སྒྲུབ་ཉེ་འཁོན་བྲལ་བར་སྐྱོང་བའི་ཚེ། །གོ་ཆའི་གཡར་དམ་བརྟན་པས་གཅེས་སྤྲས་སུ། །སྐྱོང་མཁས་ཁྱིམ་བདག་མཆོག་ཏུ་མངའ་གསོལ་ལོ། ༡༡ །ལོག་པའི་སྨོན་ལམ་བཙན་པོའི་གཞན་དབང་གིས། །དཀར་པོའི་ཕྱོགས་ལ་འཚེ་བའི་ཡིད་སྲུབ་དཔུང༌། །སྟོབས་བཅུའི་སྣ་ཞགས་རལ་གྲིའི་བསམ་སྦྱོར་གྱིས། །རྩུབ་མོའི་ལས་འཇོམས་གླང་པོར་མངའ་གསོལ་ལོ། ༡༢ །ཡང་དག་དགེ་ལ་འདུན་པའི་བློ་གྲོས་གཟིངས། །བསོད་ནམས་ནོར་བུའི་ལྕིད་པའི་རྒྱལ་བློན་གྱི། །དགེ་མཚན་རླུང་རྟའི་བ་དན་གཡོ་བའི་གྲོགས། །རྫུ་འཕྲུལ་རྐང་ལྡན་རྟ་མཆོག་མངའ་གསོལ་ལོ། ༡༣ །ཁྱོད་མཚན་བཙན་པའི་དབུ་རྨོག་བགོས་ཙམ་གྱིས། །འཁུ་ཞིང་བཤུང་བའི་ཡིད་ཅན་དགྲ་སྡེའི་ཚོགས། །འཇོམས་བྱེད་མངོན་སྤྱོད་སྙེམས་པའི་འཁོར་གསུམ་ཅན། །ཕྱོགས་ལས་རྣམ་རྒྱལ་དམག་དཔོན་མངའ་གསོལ་ལོ། ༡༤ །ལྷག་བསམ་བློ་གྲོས་ཡངས་པའི་ཉིན་མོར་བྱེད། །རིས་མེད་གདུལ་བྱའི་པདྨོར་འདྲེན་པའི་ཕྱིར། །དབང་བསྒྱུར་ཆོས་ཀྱི་འཁོར་ལོས་སྒྱུར་བ་རུ། །མཁས་གྲུབ་སྟོབས་ཀྱིས་འཛེག་ཕྱིར་མངའ་གསོལ་ལོ། ༡༥ །མཁའ་ཁྱབ་ཡིད་ཅན་སྨན་པའི་ཕྲིན་ལས་འོད། །འཁུ་སེམས་ཆགས་དང་སྡང་བའི་སྤྲིན་ཕྲེང་གིས། །རྒོལ་འདོད་ཤུགས་སྒྲོལ་དྲག་པོའི་འཐོར་རླུང་གིས། །མཁའ་མཐར་སྐྲོད་པའི་བྱེད་པོར་མངའ་གསོལ་ལོ། ༡༦ །ལྟར་སྣང་ནུས་པའི་མྱུར་མགྱོགས་དང་འགྲོགས་ཤིང༌། །རིག་སྔགས་གདུག་པའི་བྱད་གཏད་མེ་ལྕེའི་དབལ། །ཚེ་དཔལ་ནགས་ཚལ་རྔམ་པ་རང་གཤེད་དུ། །འབེབས་བྱེད་སྐབས་གསུམ་ཆུ་གཏེར་མངའ་གསོལ་ལོ། ༡༧ །ཡིད་སྲུབ་སྙིང་ལ་ཉལ་བའི་བྱེད་ལས་ཀྱིས། །ངེས་དོན་བསྟན་དང་དེ་འཛིན་སྡང་བའི་དུག །རྟག་སྤྲོ་བཟང་པོར་བརྫུ་བའི་ལྕེ་གཉིས་ཚོགས། །མཐར་བའི་མཁའ་ལྡིང་དབང་པོར་མངའ་གསོལ་ལོ། ༡༨ །གནས་ངན་བག་ཆགས་འཁྲི་ཤིང་དང་འགྲོགས་པས། །ལེགས་ལམ་སྣང་བ་སྒྲིབ་པའི་ཆོ་ག་ཡིས། །རྟག་བྲེལ་ཕྲ་མེན་འཇོམས་ཕྱིར་རིག་སྔགས་མཐུ། །ཟ་བྱེད་དུས་མཐའི་མེ་རུ་མངའ་གསོལ་ལོ། ༡༩ །མ་ལུས་ཡིད་ཅན་རྣམ་རིག་ཆུ་བོའི་བཞིན། །ཀུན་མཁྱེན་རྒྱ་མཚོར་འདྲེན་པའི་ཕྲིན་ལས་ཀྱི། །དཔལ་སྐྱེད་དོན་ཡོད་ཞགས་པའི་མཆིལ་པ་དེས། །འགྲོ་ཀུན་སྨིན་ལེགས་འགུགས་མཁས་མངའ་གསོལ་ལོ། ༢༠ །དཔལ་དང་གྲགས་པའི་ཕུན་ཚོགས་འདབ་བརྒྱའི་ཕྲེང༌། །དབང་མེད་མགྲོན་དུ་ཁུག་པའི་ན་ཚོད་ཀྱིས། །བསྟན་འགྲོའི་ལེགས་ཚོགས་སྤེལ་བས་རྒྱལ་བསྟན་སྲོལ། །འཇིག་མེད་དཔའ་བོའི་རུ་མཚོན་མངའ་གསོལ་ལོ། ༢༡ །མདོར་ན་འདོད་དགུའི་ལས་ཀྱི་གཉེར་མཐའ་དག །མགོན་པོ་ཁྱོད་ལ་གཅིག་ཏུ་གཏད་ལགས་ན། །དབང་བཅུའི་མངའ་ཐང་གསར་པའི་དགའ་སྟོན་གྱིས། །ནམ་ཡང་འགྲིབ་མེད་སྐྱོང་ཕྱིར་མངའ་གསོལ་ལོ། ༢༢ །མངའ་གསོལ་དགྱེས་པའི་འཛུམ་རིས་སྟོན་ཟླའི་འོད། །བདག་ཡིད་འོ་མཚོར་སིམ་པའི་རྟེན་འབྱུང་གིས། །བཀྲ་ཤིས་དགེ་མཚན་བྱེ་བའི་ཀུ་མུ་དཱ། །འགྲིབ་མེད་ཀུན་དགའི་དཔལ་དང་འགྲོགས་གྱུར་ཅིག ། ༢༣ ཅེས་པའང་དགྲ་འདུལ་ཝེར་མའི་སྙིང་ཐིག་གི་ཕྲིན་ལས་ཀྱི་དགེ་མཚན་ཅུང་ཟད་དར་བའི་མཚན་ལྟས་མངོན་དུ་གྱུར་པའི་ཚེ། ལས་འགྲིགས་ཀྱི་མཛེས་རྒྱན་ཙམ་དུ་ཁྲག་འཐུང་བདུད་འདུལ་ཡེ་ཤེས་རྡོ་རྗེ་ཕྲིན་ལས་རོལ་པ་རྩལ་གྱིས་སྣྲོན་ཟླའི་ཚེས་བཅུ་ལ་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །བཀྲ་ཤིས་པར་ཤོག། །།
[edit]

!_'jigs bral seng chen wer ma'i rgyal po'i mnga' gsol lha dbang g.yul las rgyal ba'i dbyangs snyan zhes bya ba bzhugs so/_hrIH_rab 'byams sku lnga'i ye shes dgyes pa'i gar/_/'chi med lang tshos snyems pa'i rig pa 'dzin/_/dran pas srid zhi'i rgud sel mtsho skyes rje'i/_/sgyu 'phrul rdo rje bkod pas shis par mdzod/_1_/gzod nas 'pho med ye stong chos sku'i gzhir/_/'khor 'das mtshan ma'i 'du byed las brgal kyang*/_/khyab gdal thugs rje'i phrin las gang 'dul du/_/ston pa'i cho 'phrul cir yang 'char ba'i tshe/_2_/rang byung grub pa'i sangs rgyas pad+ma skyes/_/snang srid dbang sgyur 'jigs bral dgra bla'i rje/_/skyes mchog seng chen wer ma'i rgyal po zhes/_/tshe g.yang 'dod dgu sbyin pa'i mes por shar/_3_/rig pa rang snang pad+ma he ru ka'i/_/'pho med rdo rje'i bka' rtags 'phos pa yis/_/nag phyogs rgyal bsen 'joms pa'i dmag dpon du/_/gsang chen bstan pa srung ba'i ru mtshon bzhes/_4_/stong chen dbyings kyi rnal 'byor skyong ba'i grogs/_/don grub rig pa'i skyes bu seng chen rgyal/_/gdod nas 'bral ba med pa chos sku'i gshis/_/spros pa'i kun rtog 'joms phyir mnga' gsol lo/_5_/lhun grub rdo rje dbang po'i dwangs ma'i dpyid/_/mi shigs 'pho med thig le bde ba che/_/gnyug ma'i rdo rje tshe yi rgyal po zhes/_/bde stong srog gi zungs su mnga' gsol lo/_6_/nam mkha' ji srid gzhan phan thugs rje'i sprin/_/thabs mkhas glog gi gar mkhan dang 'grogs pas/_/'khor 'das stong srog dbang sgyur he ru ka_/dam can dregs pa'i gtso bor mnga' gsol lo/_7_/lung rtogs legs byas she mong dar ba las/_/thub bstan rgyal thabs skyong la chas pa'i tshe/_/gzhan phan gser gyi rtsib stong 'phrul mkhas pa'i/_/rol rtsed 'dod dgur ngoms khyod mnga' gsol lo/_8_/lnga bdo'i snyigs mas gdungs pa 'phongs pa'i 'gror/_/byams sdug 'dod dgu'i sgo 'phar mi zum pas/_/phan bde'i dpal 'byor char du snyil ba la/_/ngal med bsam 'phel nor bur mnga' gsol lo/_9_/yang dag lam gyi lang tsho dar ba'i tshe/_/bdud sde'i gnod pa srung ba'i dka' thub kyi/_/grub gnyis nu zho ster ba'i smin legs ma/_/bde mchog sim ster btsun mor mnga' gsol lo/_10_/khyad par nges gsang rig 'dzin grub pa'i srol/_/bshad sgrub nye 'khon bral bar skyong ba'i tshe/_/go cha'i g.yar dam brtan pas gces spras su/_/skyong mkhas khyim bdag mchog tu mnga' gsol lo/_11_/log pa'i smon lam btsan po'i gzhan dbang gis/_/dkar po'i phyogs la 'tshe ba'i yid srub dpung*/_/stobs bcu'i sna zhags ral gri'i bsam sbyor gyis/_/rtsub mo'i las 'joms glang por mnga' gsol lo/_12_/yang dag dge la 'dun pa'i blo gros gzings/_/bsod nams nor bu'i lcid pa'i rgyal blon gyi/_/dge mtshan rlung rta'i ba dan g.yo ba'i grogs/_/rdzu 'phrul rkang ldan rta mchog mnga' gsol lo/_13_/khyod mtshan btsan pa'i dbu rmog bgos tsam gyis/_/'khu zhing bshung ba'i yid can dgra sde'i tshogs/_/'joms byed mngon spyod snyems pa'i 'khor gsum can/_/phyogs las rnam rgyal dmag dpon mnga' gsol lo/_14_/lhag bsam blo gros yangs pa'i nyin mor byed/_/ris med gdul bya'i pad+mor 'dren pa'i phyir/_/dbang bsgyur chos kyi 'khor los sgyur ba ru/_/mkhas grub stobs kyis 'dzeg phyir mnga' gsol lo/_15_/mkha' khyab yid can sman pa'i phrin las 'od/_/'khu sems chags dang sdang ba'i sprin phreng gis/_/rgol 'dod shugs sgrol drag po'i 'thor rlung gis/_/mkha' mthar skrod pa'i byed por mnga' gsol lo/_16_/ltar snang nus pa'i myur mgyogs dang 'grogs shing*/_/rig sngags gdug pa'i byad gtad me lce'i dbal/_/tshe dpal nags tshal rngam pa rang gshed du/_/'bebs byed skabs gsum chu gter mnga' gsol lo/_17_/yid srub snying la nyal ba'i byed las kyis/_/nges don bstan dang de 'dzin sdang ba'i dug_/rtag spro bzang por brdzu ba'i lce gnyis tshogs/_/mthar ba'i mkha' lding dbang por mnga' gsol lo/_18_/gnas ngan bag chags 'khri shing dang 'grogs pas/_/legs lam snang ba sgrib pa'i cho ga yis/_/rtag brel phra men 'joms phyir rig sngags mthu/_/za byed dus mtha'i me ru mnga' gsol lo/_19_/ma lus yid can rnam rig chu bo'i bzhin/_/kun mkhyen rgya mtshor 'dren pa'i phrin las kyi/_/dpal skyed don yod zhags pa'i mchil pa des/_/'gro kun smin legs 'gugs mkhas mnga' gsol lo/_20_/dpal dang grags pa'i phun tshogs 'dab brgya'i phreng*/_/dbang med mgron du khug pa'i na tshod kyis/_/bstan 'gro'i legs tshogs spel bas rgyal bstan srol/_/'jig med dpa' bo'i ru mtshon mnga' gsol lo/_21_/mdor na 'dod dgu'i las kyi gnyer mtha' dag_/mgon po khyod la gcig tu gtad lags na/_/dbang bcu'i mnga' thang gsar pa'i dga' ston gyis/_/nam yang 'grib med skyong phyir mnga' gsol lo/_22_/mnga' gsol dgyes pa'i 'dzum ris ston zla'i 'od/_/bdag yid 'o mtshor sim pa'i rten 'byung gis/_/bkra shis dge mtshan bye ba'i ku mu dA/_/'grib med kun dga'i dpal dang 'grogs gyur cig_/_23_ces pa'ang dgra 'dul wer ma'i snying thig gi phrin las kyi dge mtshan cung zad dar ba'i mtshan ltas mngon du gyur pa'i tshe/_las 'grigs kyi mdzes rgyan tsam du khrag 'thung bdud 'dul ye shes rdo rje phrin las rol pa rtsal gyis snron zla'i tshes bcu la bris pa dge legs rnam par rgyal bar gyur cig_/bkra shis par shog/_//

Footnotes

Other Information