DKR-KABUM-18-TSHA-017: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ ཕྲིན་ལས་ཡེ་ཤེས་སྣང་བ༔ | |||
|fulltitle=rtsa gsum 'jam dpal snying thig las: phrin las ye shes snang ba | |||
|citation=[[Khyentse, Dilgo]]. ''Rtsa gsum 'jam dpal snying thig las phrin las ye shes snang ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 101-110. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Six | |||
|deity='jam dpal rdo rje | |||
|cycle=rtsa gsum 'jam dpal snying thig | |||
|cycletib=རྩ་གསུམ་འཇམ་དཔལ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=018 | ||
| | |volnumtib=༡༨ | ||
|volyigtib=ཚ་ | |||
|totalvolumes=25 | |||
|textnuminvol=017 | |textnuminvol=017 | ||
|pagenumbers=101-110 | |||
|totalpages=20 | |||
|beginfolioline=1a | |||
|endfolioline=10b4 | |||
|totalfolios=10 | |||
|multivolumework=No | |||
|rectonotes=phrin las | |||
|versonotes='jam dpal snying thig | |||
|colophontib=ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དཔལ་དགའ་བའི་གོ་ཆས་ས་གླང་གྲོ་བཞིན་ཟླ་བའི་ཚེས་ཉེར་ལྔ་ལ་གང་ཤར་ཡི་གེར་བཏབ་པ་སརྦ་ཛྙཱ་མཉྫུ་གྷོ་ཥ་སིདྡྷི་རསྟུ། མངྒ་ལཾ། དགེའོ།། | |||
|colophonwylie=ces pa'ang rig 'dzin gyi btsun pa 'jam dpal dga' ba'i go chas sa glang gro bzhin zla ba'i tshes nyer lnga la gang shar yi ger btab pa sarba dz+nyA many+dzu g+ho Sha sid+d+hi rastu/_mang+ga laM/_dge'o// | |||
|pdflink=File:DKR-KABUM-18-TSHA-017.pdf | |pdflink=File:DKR-KABUM-18-TSHA-017.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ ཕྲིན་ལས་ཡེ་ཤེས་སྣང་བ་བཞུགས༔ | {{TibP|༁ྃ༔ རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ ཕྲིན་ལས་ཡེ་ཤེས་སྣང་བ་བཞུགས༔ <br><br> | ||
༁ྃ༔ ཀྲ༠རི༠པྀམི།ཧྱ༔ རང་བྱུང་ཡེ་ཤེས་ལྷ་ལ་འདུད༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ སྒྲུབ་པའི་ཐབས་ཆེན་རྨད་བྱུང་བ༔ འཇམ་དཔལ་རཀྟ་རྒྱ་མཚོ་ལས༔ སྙིང་པོར་དྲིལ་བའི་སྒྲུབ་ཚུལ་བསྟན༔ དེ་ལ་སྒྲུབ་པའི་གནས་མཆོག་གི༔ ཡིད་འོང་བཀྲ་ཤིས་གནས་དེ་རུ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ༔ སྒྲུབ་པོ་བདེ་བའི་སྟན་ལ་འདུག༔ ཕྱི་ནང་མཆོད་གཏོར་མཛེས་པར་བཤམས༔ མདུན་མཁར་སྐྱབས་ཡུལ་མངོན་སུམ་བལྟས༔ ན་མོ༔ བདག་སོགས་འགྲོ་བ་སེམས་ཅན་རྣམས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ སྐྱབས་ཀྱི་སྙིང་པོ་བཟུང་བྱས་ཏེ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ སེམས་ཅན་སྲིད་པའི་རྒྱ་མཚོར་ལྷུང༔ ཚད་མེད་རྣམ་བཞིས་བློ་སྦྱངས་ཏེ༔ ཐར་ལམ་དམ་པར་འགོད་པའི་ཕྱིར༔ སྨོན་འཇུག་བྱང་ཆུབ་མཆོག་སེམས་བསྐྱེད༔ ཡན་ལག་བདུན་པ་ནི༔ རང་རིག་དབྱིངས་ནས་ཤར་བ་ཡི༔ འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །བགེགས་ལ་གཏོར་མ་བྱིན་ཞིང་བསྐྲད། ཧཱུྃ༔ གཉིས་འཛིན་རྟོག་པའི་བདུད་བགེགས་ལ༔ མཁའ་ཁྱབ་འདོད་ཡོན་གཏོར་མ་སྦྱིན༔ གནོད་འཚེ་གདུག་སེམས་ཀུན་ཞི་ཞིང༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ འཇམ་དཔལ་ཁྲོས་པའི་རྒྱལ་པོ་ཡིས༔ ཁྱེད་རྣམས་ལུས་སེམས་རྡུལ་དུ་བརླག༔ དེ་བས་བཀའ་ལས་མ་འདའ་ཞིག༔ དྲག་སྔགས་ཐུན་དང་རྡོ་རྗེས་བསྐྲད༔ བསྲུང་བའི་མཚམས་ཀྱིས་བཅད་པ་ནི༔ ཧཱུྃ་ཨེ༔ གཤིན་རྗེ་རོལ་པའི་འདུ་འཕྲོ་ཡི༔ འབར་བའི་གུར་ཁང་འཁྲིགས་པ་ལས༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཁྲུགས༔ མཚོན་ཆ་སྣ་ཚོགས་གུར་གྱིས་གཏམས༔ མེ་རླུང་ཆུ་ཡི་རྦ་རླབས་གཡོ༔ བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ ནམ་ཡང་རྒྱུ་བའི་སྐབས་མེད་དོ༔ བཛྲ་ཨུཥྞི་ཥ་ཙཀྲ་རཀྵ་རཀྵ་ཧཱུྃ་རཾ་ཕཊ྄༔ བྱིན་དབབ་པ་ནི༔ ཧཱུྃ་ཧྲཱིཿ མི་གནས་ཡེ་ཤེས་དཀྱིལ་འཁོར་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡབ༔ འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ས་མ་ཛཿ ཨ་ཝེ་ཤ་ཡ་ཨ་ཨཿ ཨེ་ཨ་རལླི་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོཿ མཆོད་པ་བྱིན་རླབས་ནི༔ རྃ་ཡྃ་ཁྃ༔ མཆོད་སྣོད་རིན་པོ་ཆེ་ཡི་ནང༔ མཆོད་རྫས་ཉེར་སྤྱོད་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་དྭངས་རེ་སྤྲོ༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ས་མ་ཡ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ དྷཱིཿ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ ཡེ་ཤེས་སྙིང་པོ་ཀུན་ཏུ་སྣང༔ རང་བྱུང་རིག་པ་དྷཱིཿསེར་པོ༔ དེ་ལས་སྤྲོ་བསྡུའི་འོད་ཟེར་གྱིས༔ བརྟན་གཡོ་སྣོད་བཅུད་ཀུན་སྦྱངས་ནས༔ འབྱུང་ལྔ་རིམ་བརྩེགས་རི་རབ་སྟེང༔ རྡོ་རྗེའི་སྲུང་འཁོར་རྒྱ་ཆེའི་དབུས༔ པདྨ་སྣ་ཚོགས་རྡོ་རྗེའི་ལྟེར༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཛེས་པར་སྣང༔ ཡེ་ཤེས་ལྔ་ཡི་རྩིག་པའི་སྟེང༔ ཕ་གུ་དྲྭ་བ་དྲྭ་ཕྱེད་དང༔ ཤར་བུ་མདའ་ཡབ་དབུས་ཕྱུར་བུ༔ ནོར་བུ་འོད་འབར་ཏོག་གི་འཕྲོ༔ རྟ་བབ་བང་རིམ་བརྒྱད་པ་ལ༔ རི་དྭགས་ཆོས་འཁོར་གདུགས་འཕན་དང༔ རྔ་ཡབ་ནོར་བུའི་ཡུ་བས་མཛེས༔ འདོད་སྣམ་མཆོད་པའི་ལྷ་མོས་བསྐོར༔ ཕྱི་གསལ་ནང་གསལ་དེ་ཡི་ནང༔ གདུང་བཞི་ཀ་བ་བརྒྱད་ཀྱིས་འདེགས༔ གྲུ་ཆད་ཕྱི་ནང་ཉིས་རིམ་ཅན༔ ལྟེ་བའི་ལེའུ་ཚེ་འབར་བའི་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ དྷཱིཿཡིག་ལྔ་ལྡན་བབས་པ་ལས༔ སྤྲོ་བསྡུའི་ཆོ་འཕྲུལ་ཆེན་པོ་ཡིས༔ དམར་སེར་འོད་ཀྱི་གོང་བུར་གྱུར༔ དེ་ཉིད་ཡོངས་གྱུར་འཇམ་པའི་དབྱངས༔ དམར་སེར་ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་ཀྱི་རལ་གྲི་དང༔ ཤེར་ཕྱིན་གླེགས་བམ་འོག་མ་གཉིས༔ མདའ་གཞུ་འཛིན་ཞིང་འགྱིང་བག་ཅན༔ སྟོད་གཡོགས་སྨད་གཡོགས་མཛེས་པར་བཀླུབས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ པང་དུ་རྡོ་རྗེ་དབྱངས་ཅན་མ༔ སྔོ་སངས་རལ་གྲི་པུསྟི་འཛིན༔ མཛེས་འཛུམ་ཡིད་འོང་ལྷ་མོའི་ཆས༔ ཐབས་ཤེས་བདེ་སྟོང་ཆེན་པོར་བཞུགས༔ ཕྱོགས་བཞིའི་ལེའུ་ཚེར་ཁྲི་པད་ཟླ༔ མི་བསྐྱོད་རིན་འབྱུང་དཔག་མེད་མགོན༔ དོན་གྲུབ་རང་འོད་ཡུམ་དང་འཁྲིལ༔ རང་རྟགས་ཕྱག་མཚན་དྲིལ་བུ་བསྣམས༔ ཞི་ཆས་བཅུ་གསུམ་ཡོངས་སུ་རྫོགས༔ མཚམས་བཞིར་དབྱངས་ཅན་རིགས་བཞི་སོགས༔ དཀར་སེར་དམར་དང་ལྗང་བའི་མདོག༔ ཞི་འཛུམ་བཅུ་དྲུག་ལང་ཚོ་ཅན༔ ཕྱག་མཚན་རང་རྟགས་པི་ཝཾ་བསྒྲེངས༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ ལྷ་མོའི་ཆ་བྱད་རྫོགས་པར་གསལ༔ གྲུ་ཆད་སེམས་དཔའ་ཡབ་ཡུམ་བརྒྱད༔ སྒྲིབ་པ་རྣམ་སེལ་འཁོར་ལོ་འཛིན༔ བྱམས་པ་དཀར་སེར་ཀླུ་ཤིང་གཡས༔ ཀུན་བཟང་ལྗང་གུ་ནོར་བུ་བསྣམས༔ འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ༔ ས་ཡི་སྙིང་པོ་འབྲས་སྙེ་བསྣམས༔ ནམ་སྙིང་སྔོ་སངས་རལ་གྲི་འཛིན༔ སྤྱན་གཟིགས་དཀར་པོ་པདྨ་འཛིན༔ ཕྱག་རྡོར་སྔོན་པོ་རྡོ་རྗེ་དང༔ དེ་ལ་དགྱེས་བསྐྱེད་སེམས་དཔའ་ཡུམ༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ལཱ་སྱེ་མཱ་ལེ་དང༔ གཱིརྟི་ནཱིརྟི་རྣམ་པ་བརྒྱད༔ རང་རང་མཆོད་པའི་རྫས་ཐོགས་ནས༔ རང་རིགས་ཡབ་ལ་དགྱེས་པར་འཁྲིལ༔ ཁྱམས་ཀྱི་སྟེང་འོག་ཕྱོགས་མཚམས་སུ༔ ཐུབ་ཆེན་དྲུག་པོ་སྤྲུལ་སྐུའི་ཆས༔ རང་རྟགས་ཕྱག་མཚན་འཛིན་པ་དང༔ པད་ཟླར་འགྲོ་དོན་བཞེངས་སྟབས་བཞུགས༔ སྒོ་བཞིར་ཉི་མའི་ཞིང་གི་གདན༔ རྣམ་རྒྱལ་དཀར་པོ་ལྕགས་ཀྱུ་གདེངས༔ གཤིན་རྗེ་སེར་པོ་བེ་ཅོན་བསྣམས༔ རྟ་མགྲིན་དམར་པོ་པདྨ་འཛིན༔ བདུད་རྩི་འཁྱིལ་བ་རྒྱ་གྲམ་བསྣམས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཡུམ་བཞི་རང་རྟགས་ཕྱག་རྒྱ་འཛིན༔ ཡབ་ལ་འཁྱུད་ཅིང་ཁྲོ་བོའི་ཆས༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བཞུགས༔ བར་ཁྱམས་རྩ་གསུམ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ཀུན༔ ཏིལ་གྱི་གོང་བུ་ལྟར་བཞུགས་པའི༔ གནས་གསུམ་རྡོ་རྗེ་གསུམ་གྱི་མཚན༔ ཐུགས་ལས་འོད་འཕྲོས་དབང་ལྷའི་ཚོགས༔ སྤྱན་དྲངས་ནམ་མཁའ་གང་བར་གྱུར༔ ཡེ་ཤེས་ལྷ་ཡི་དབང་བསྐུར་བས༔ རང་རང་རིགས་ཀྱི་དབུ་བརྒྱན་གྱུར༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨ་དརྴ། ས་མ་ཏ། པྲ་ཏྱ་བེཀྵ་ན། ཀྲྀ་ཏྱ་ནུཥྛན། སྐུ་གང་སྒྲིབ་དག་དབང་རྣམས་ཐོབ༔ ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས༔ རིགས་ཀྱི་བདག་པོས་དབུར་བརྒྱན་བསམ༔ ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནི༔ ཨོཾ༔ སྟོང་པ་ཤིན་ཏུ་གཡོ་མེད་ལས༔ ནམ་མཁའ་ལྟ་བུའི་མཐའ་དབུས་བྲལ༔ ཡེ་ཤེས་ཞི་ཁྲོ་འབར་བའི་ཚུལ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ སེམས་དཔའ་རྡོ་རྗེ་ཆེ་རང་བཞིན༔ རྡོ་རྗེ་སྙེམས་བདག་གྲུབ་པར་མཛོད༔ ཀུན་ནས་ཀུན་ཏུ་འོད་གསལ་བའི༔ ནོར་བུའི་གཟི་བརྗིད་ལྟ་ན་སྡུག༔ ཡེ་ཤེས་སྐུ་ཆེན་འཇམ་པའི་དཔལ༔ དཀྱིལ་དང་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝན་ཛྙཱ་ན་སཏྭ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ༔ ཧོཿ ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལ༔ དབྱིངས་ནས་སྤྱན་དྲངས་དབྱེར་མེད་ཐིམ༔ དམ་ཚིག་དཀྱིལ་འཁོར་དབྱེར་མེད་པ༔ བྱང་ཆུབ་བར་དུ་དགྱེས་པར་བཞུགས༔ ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་མཆོད་བསྟོད་པ་བྱ་བ་ནི༔ ན་མོ༔ སྐྱེ་འགག་གནས་མེད་འགྲོ་འོང་བྲལ༔ རང་རིག་འཇམ་དཔལ་རྡོ་རྗེ་ལ༔ གཉིས་མེད་རྟོགས་པའི་ཕྱག་གིས་འདུད༔ བརྡ་དང་གར་གྱིས་བསྟོད་པར་བགྱི༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ ལྷ་རྫས་ན་བཟའ་དར་དཔྱངས་དང༔ རིན་ཆེན་རྒྱན་མཆོག་བརྒྱ་ཕྲག་དབུལ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་དྷཱ་ར་པུ་ཛི་ཏེ་ཨཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ནས། ཤཀྭབྡའི་བར་དང༔ ཨོཾ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཥྚ་མངྒ་ལཾ་སཔྟ་དྲ་བྱཱ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཝསྟྲ་ཨ་ལཾ་ཀ་ར་ཨཱཿཧཱུྃ༔ ཨོཾ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ འདོད་ཡོན་ལྔ་ལྡན་གཏོར་མ་དང༔ ཆགས་བྲལ་རཀྟའི་ལྦུ་ཕྲེང་གཡོ༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པར་བགྱི༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཞི་འཛུམ་མཚན་དཔེའི་དཔལ་འབར་སྐུ༔ མཉེན་ལྕུག་འཁྲིལ་ལྡེམ་འགྱིང་བག་ཅན༔ ནམ་མཁའི་ལུས་ཅན་ཡེ་ཤེས་སྐུ༔ ཕྱག་རྒྱ་གར་གྱིས་མཆོད་པར་བགྱི༔ ཨོཾ་མ་ཧཱ་པཱུ་ཙ་ཧོཿ ཧཱུྃ༔ བཅུ་དྲུག་ལང་ཚོའི་མཚར་སྡུག་ཅན༔ པདྨ་ཅན་སོགས་ཕྱག་རྒྱའི་ཚོགས༔ འཇོ་སྒེག་རིན་ཆེན་སིལ་ཁྲོལ་ཅན༔ ཟག་མེད་བདེ་སྐྱེད་དགྱེས་མཆོད་ཀྱིས༔ འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་མཆོད༔ མ་ཧཱ་ཏེ་ན་ཏེ་ཏེ་ཧཱུྃ༔ ཨ་ཧཾ་ཀུནྡུ་རུ་བཛྲ་དྷྲྀཀ྄་ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཨཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ གདོད་ནས་རང་རིག་ཆེན་པོར་དག༔ མ་བཅོས་མཉམ་པ་ཉིད་ཀྱི་ངང༔ དེ་བཞིན་ཉིད་ཀྱིས་མཆོད་པར་བགྱི༔ དྷརྨ་དྷཱ་ཏུ་ཨ༔ ཧོཿ ཕྱོགས་བཅུ་ཀུན་ཏུ་རོལ་པའི་སྤྲིན༔ མཐའ་ཡས་རྣམ་པར་བཀོད་པ་ཡི༔ དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ༔ བདེ་ཆེན་རོལ་མོས་མཉེས་པར་བགྱི༔ ཨོཾ༔ ཀ་ཀོ་ལ་ཀཱ་ཧི་བཛྲ་ཤཔྟ་ཙ་ཀོ་ར་བཛྲ་ཧ་ཧ་ཧ་ཧི་ཧོཿ སརྦ་པཱུ་ཙ་ཧོཿ ཨོཾཿ ཕྱོགས་དུས་བདེ་བར་གཤེགས་པ་ཡི༔ ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག༔ བདེ་ཆེན་རྡོ་རྗེའི་ཆོས་ཀྱི་སྐུ༔ རང་བཞིན་བརྗོད་བྲལ་སྐུ་ལ་བསྟོད༔ ཨཱཿ འགག་མེད་གསུང་སྟེ་གསུང་གི་མཆོག༔ རྡོ་རྗེའི་སྒྲ་ཆེན་མཐའ་ཡས་འཕྲོ༔ ཡི་གེ་འཁོར་ལོའི་སྤྲིན་དུ་ཤར༔ འཇམ་དབྱངས་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཇམ་དཔལ་ཐུགས་ནི་ཀུན་ཏུ་ཞི༔ རྟོག་པའི་སྤྲོས་ལས་རབ་འདས་པ༔ འགྱུར་མེད་བདེན་དོན་ཡེ་ཤེས་མཛོད༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ སྭཱ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ ཡོན་ཏན་ཡིད་བཞིན་ནོར་བུའི་བདག༔ བྲལ་སྨིན་རྒྱ་མཚོའི་གཏེར་འཆང་བ༔ ཡོན་ཏན་བསམ་མི་ཁྱབ་ལ་བསྟོད༔ ཧཱཿ མཁའ་དང་མཉམ་པའི་སྐུ་མངའ་བས༔ འགྲོ་བའི་ཁམས་ལ་རྟག་པར་འཇུག༔ ཕྲིན་ལས་མཛད་མེད་ལྷུན་གྱིས་གྲུབ༔ སྐུ་བཞིའི་དབང་ཕྱུག་ཁྱོད་ལ་བསྟོད༔ རྡོ་རྗེའི་དབྱངས་ཀྱིས་བསྟོད་པ་ཡིས༔ རྣམ་པར་གྲོལ་བའི་བྱང་ཆུབ་སེམས༔ མཐའ་ཡས་འགྲོ་རྣམས་འགོད་པ་དང༔ མཁྱེན་བརྩེའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཛཔ་ཀྱི་བཟླས་པས་ཉེ་བར་བསྙེན༔ ཐུགས་དབུས་འོད་ལྔའི་གུར་ཁྱིམ་དུ༔ ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས༔ སྔོ་སངས་ནམ་མཁའི་མདངས་ལྡན་སྐུ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ རྣལ་འབྱོར་མ་དཔལ་དཀར་མོ་ནི༔ གྲི་ཐོད་འཛིན་དང་མཉམ་སྦྱོར་ཞིང༔ ལོངས་སྐུའི་ཆས་ཅན་ཐུགས་ཀའི་དབུས༔ ཉི་ཟླའི་གྭའུའི་ནང་ཁོངས་སུ༔ རལ་གྲིའི་ཡུ་བར་དྷཱིཿཡིས་མཚན༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་ཚུར་འདུས་ཤིང༔ འོད་ཀྱིས་རྨོངས་པའི་མུན་པ་སེལ༔ ཡེ་ཤེས་སྣང་བ་རྒྱས་པར་མོས༔ ཨོཾ་ཝཱ་གི་ཤྭ་རི་མཱུཾ༔ འབུམ་ཕྲག་བཅུ་གཉིས་བཟླ་བར་བྱ༔ དངོས་གྲུབ་སྒྲུབ་པའི་བཟླས་པ་ནི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ནི༔ ཡབ་ནས་ཡུམ་གྱི་ཞལ་དུ་བརྒྱུད༔ མགལ་མེ་ལྟ་བུར་འཁོར་བ་ལས༔ སྐུ་དང་འོད་ཟེར་སྔགས་ཕྲེང་དང༔ ཕྱག་མཚན་དཔག་མེད་འཕྲོས་པ་ལས༔ ཐ་མལ་སྣང་ཞེན་ཀུན་སྦྱངས་ཏེ༔ འཇམ་དཔལ་དཀྱིལ་འཁོར་ཆེན་པོར་རྫོགས༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿ རྩ་བའི་རིག་པ་འབུམ་བཅུ་བཟླ༔ ཨོཾ་སརྦ་དྷརྨ་སོགས་ཉེ་སྙིང༌། ཨ་ཨཱ་ཨི་ཨཱི་སོགས་འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ༔ ལས་ལ་སྦྱོར་བའི་ཆེད་དུ་ནི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལས༔ འོད་ཟེར་དཀར་སེར་དམར་ལྗང་དང༔ སྐུ་ནི་ཉི་ཟེར་རྡུལ་ལྟར་འཕྲོས༔ འཇིགས་བརྒྱད་ནད་གདོན་སྡིག་སྒྲིབ་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ བརྟན་གཡོ་རླུང་སེམས་དབང་དུ་སྡུད༔ དགྲ་གདོན་དམ་སྲི་ཚར་གཅོད་ཅིང༔ ལས་བཞིའི་ཕྲིན་ལས་སྒྲུབ་པར་བསམ༔ སྒྲུབ་སྔགས་ཡི་གེ་དྲུག་པའི་མཐར༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ྄༔ ཤམ་བུ་བཏགས་པ་ཁྲི་བཟླས་འགྲུབ༔ ས་མ་ཡ༔ བསྙེན་སྒྲུབ་རྟགས་མཐོང་དངོས་གྲུབ་བླངས༔ བྷཉྫ་བཟང་པོའི་ནང་དུ་ནི༔ ཨ་མྲྀ་ཏ་ཡིས་གཏམས་བྱས་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས༔ བདེ་བའི་སྒྲ་བཅས་སྙོམས་པར་ཞུགས༔ རྗེས་སུ་ཆགས་པའི་འོད་ཟེར་གྱིས༔ ཡེ་ཤེས་ཆེན་པོའི་བཅུད་དུ་གྱུར༔ དངོས་གྲུབ་རྒྱ་མཚོ་བསྐྱིལ་བར་གྱུར༔ སྒྲུབ་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་སྟོང་རྩ་བཟླ༔ རྡོ་རྗེ་ནམ་ལངས་དངོས་གྲུབ་བསྐུལ༔ ཨེ་མ་ཧོ་དེ་བཞིན་གཤེགས་པ་ཡི༔ དངོས་གྲུབ་རྒྱ་མཚོ་འབྱུང་བའི་གནས༔ འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་པ༔ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཁྱེན་པའི་ཡེ་ཤེས་སྤོབས་པའི་གཏེར༔ དངོས་གྲུབ་བརྒྱད་དང་རྡོ་རྗེའི་ཚེ༔ སྲིད་ཞིར་མི་གནས་རྫོགས་པ་ཆེའི༔ མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ལས་བཞིའི་དངོས་གྲུབ་སྩོལ༔ འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ཡིས༔ དངོས་གྲུབ་དམ་པ་དེང་འདིར་སྩོལ༔ ཅེས་བསྐུལ་སྔགས་ཀྱིས་སྒྲུབ་རྫས་རྣམས༔ གནས་གསུམ་འཇོག་ཅིང་བདུད་རྩིར་རོལ༔ དངོས་གྲུབ་གདན་ཐོག་གཅིག་ཉིད་ལ༔ ཐོབ་པར་གྱུར་པའི་ངེས་ཤེས་བསྐྱེད༔ དགའ་སྟོན་བྱ་ཞིང་གླུ་གར་བྱ༔ ས་མ་ཡ༔ རྗེས་ལ་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་ཡོ་བྱད་གྱ་ནོམ་བཤམས༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ འབྲུ་གསུམ་བདུད་རྩིའི་ཆར་བབ་པས༔ ཡེ་ཤེས་ལོངས་སྤྱོད་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿ ཧཱུྃ་ཧྲཱིཿ དམིགས་མེད་ཡེ་ཤེས་མཁའ་ལྟར་ཁྱབ༔ སྙིང་རྗེ་སྒྱུ་མའི་སྐུར་བཞེངས་པ༔ རྩ་གསུམ་འཇམ་དཔལ་ཞི་ཁྲོའི་ཚོགས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ རྣལ་འབྱོར་སྒྲུབ་མཆོག་བྱིན་གྱིས་རློབས༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མཱ་ཛཿ འདོད་ཡོན་རྣམ་ལྔའི་སྔགས་ཀྱིས་མཆོད༔ ཨཿ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་རྣམ་པ་ཐམས་ཅད་པའི༔ ཚོགས་ཀྱི་འཁོར་ལོའི་སྤྲིན་ཆེན་པོས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི༔ མ་ཧཱ་ག་ཎ་ཙཀྲ་ཁཱ་ཧི༔ ཧོ༔ ཐོག་མེད་དུས་ནས་ད་ལྟའི་བར༔ བདག་གཞན་ཚེ་རབས་ཐོག་མེད་ནས༔ བསགས་པའི་ལས་ཉོན་སྡིག་སྒྲིབ་ཀུན༔ ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ ས་མ་ཡ་ཤུདྡྷེ་ཨཿ ཨེ་ལས་ཐར་མེད་བཙོན་ཁང་དུ༔ དགྲ་བགེགས་བྱད་མ་དངོས་སུ་གསལ༔ དགུག་བསྟིམ་གཟིར་མནན་ལས་མཛད་བསམ༔ ཧཱུྃ༔ འཇམ་དཔལ་ཁྲོས་པ་ཀཱི་ལ་ཡ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད༔ མཐུ་སྟོབས་ནུས་པའི་ཤུགས་འཆང་བས༔ དགྲ་བགེགས་གནོད་བྱེད་དམ་སྲི་རྣམས༔ ལྔ་ཕུང་དུག་ལྔ་རྩད་ནས་ཆོད༔ རྣམ་ཤེས་རྒྱལ་བའི་སྲས་སུ་སྐྲུན༔ གཟུགས་ཕུང་འབར་བའི་མཚོན་ཆས་གཏུབས༔ རྡུལ་ཕྲན་ཙམ་ཡང་མེད་པར་མཛོད༔ ཨེ་ཡ་མཱནྟ་ཀ་ཀཱ་ལ་རུ་པ་ཧྲཱིཿཥྚི་ཨི་དམ་དུཥྚྲན་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊ྄༔ མཚོན་ཆས་གཏུབ་ཅིང་ལིང་རོ་རྣམས༔ བདུད་རྩིར་བསྒྱུར་ལ་ཞལ་དུ་བསྟབ༔ ཨེ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་དཔལ༔ འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ལ༔ དགྲ་བགེགས་ལྔ་ཕུང་ཞལ་དུ་བསྟབ༔ དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཕཊ྄་ཕཊ྄༔ བརྡ་དང་བརྡ་ཡི་ལན་དང་བཅས༔ ཚོགས་ལ་རོལ་ཞིང་ལྷག་མ་བསྔོ༔ ཞལ་ཆབ་སྨན་རཀ་བྲན་ལ་བཤམས༔ ཧཱུྃ་ཧྲཱིཿ དཔལ་གྱི་བཀའ་ཉན་ཕོ་ཉ་ནི༔ མ་ཚོགས་དབང་ཕྱུག་གིང་ལངྐ༔ འབར་མ་སྲིན་མོའི་ཚོགས་དང་བཅས༔ འདིར་གཤེགས་དཔལ་གྱི་ལྷག་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧིཿ ཧོ་ཨ་ལ་ལ་ཧོཿ མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་སྐུ་ནི་ཉི་མ་སྟོང་གི་གཟི་འོད་ལྡན༔ གསང་སྔགས་སྒྲ་ཆེན་དོན་རིག་ཐེ་ཚོམ་གསུམ་བྲལ་གཉིས་སུ་མེད་པའི་རིག་སྔགས་འཆང༔ དོན་ཟབ་རྒྱ་ཆེ་སྤྲོས་པ་རབ་ཞི་ཀུན་བཟང་བདེ་བ་ཆེན་པོའི་སྐུ༔ ཁམས་གསུམ་ཀུན་ཏུ་སྒྱུ་མའི་གར་མཛད་ཡང་དག་ཡེ་ཤེས་མཆོག་གྲུབ་ཨེ་མ་ཧོ༔ ཏེ་ན་ཧཱུྃ༔ ཏེ་ན་ཧཱུྃ༔ ཏེ་ན་ཏེ་ཏེ་ཧོ༔ སརྦ་མ་ཧཱ་སུ་ཁ་གཱིརྟི་ཨ་ལ་ལ་ཧོ༔ ཞེས་གླུ་བླངས༔ ཧོཿ འཇམ་དཔལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ༔ གསང་ཆེན་ག་ཎ་ཙཀྲའི་སྤྱོད་པ་ཡིས༔ སྒྲིབ་གསུམ་སྙིང་གི་མུན་པ་ཀུན་བཅོམ་ནས༔ ཀུན་བཟང་འཇམ་དཔལ་ཞི་ཁྲོ་མྱུར་ཐོབ་ཤོག༔ གཏོར་མ་བྱིན་ཞིང་ཐ་ཚིག་བསྒྲགས༔ ཧཱུྃ༔ སྔོན་ཚེ་ཀ་དག་ཀུན་ཏུ་བཟང༔ ཆོས་ཉིད་གདོད་མའི་རང་དུས་ན༔ གཞི་སྣང་རྒྱུད་གསུམ་དྲེགས་པའི་ཚོགས༔ གཞི་གྲོལ་རིག་རྩལ་གཏོར་མ་སྦྱིན༔ བར་དུ་འཇམ་དཔལ་དཀྱིལ་འཁོར་དུ༔ ཚོགས་ཀྱི་གྲལ་དུ་བཅུག་བྱས་ནས༔ དབང་བསྐུར་དམ་བསྒོས་སྲུང་མར་བཞག༔ ད་ལྟ་རྣལ་འབྱོར་སྒྲུབ་པ་པོས༔ འཇམ་དཔལ་དཀྱིལ་འཁོར་ཞལ་ཕྱེས་ཤིང༔ དམ་རྫས་རྒྱན་གྱི་གཏོར་མས་མཆོད༔ སྔོན་གྱི་དམ་བཅའ་དྲན་གྱིས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ བཤལ་ཆུས་བརྟན་མ་བསྐྱངས་བྱས་ཏེ༔ བྷྱོ༔ དཔལ་གྱི་སྤྱན་སྔར་དམ་མནོས་པའི༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་བཙུན་མཆེད་བཞི་འཁོར་བཅས་དང༔ སྐྱོང་མ་ཡ་མ་འབུམ་སྡེའི་ཚོགས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ བཅོལ་བའི་ལས་ཀུན་སྒྲུབ་པར་གྱིས༔ མ་མ་ཧྲིང་ཧྲིང་བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་སྦུབས་ལ་རྡོ་རྗེས་མནན༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམས་པའི་སྒྲ་སྒྲོགས་ཤིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ རྟ་བྲོ་འཁོར་ས་དང་པོ་ལ༔ ཀ་དག་ཆོས་སྐུའི་བྲོ་བརྡུངས་པས༔ མནན་ནོ་སྐྱེ་མེད་ཀློང་དུ་མནན༔ རྟ་བྲོ་འཁོར་ས་བར་པ་ལ༔ འོད་གསལ་ལོངས་སྐུའི་བྲོ་བརྡུངས་པས༔ རང་གྲོལ་འགག་མེད་ཀློང་དུ་མནན༔ རྟ་བྲོ་འཁོར་ས་ཐ་མ་ལ༔ ཐུགས་རྗེ་སྤྲུལ་སྐུའི་བྲོ་བརྡུངས་པས༔ གནས་མེད་སྙིང་རྗེའི་ཀློང་དུ་མནན༔ མནན་པ་ཡིན་ནོ་མ་ལྡང་ཞིག༔ བྱང་ཆུབ་སེམས་ནི་མ་སྐྱེས་བར༔ ལྡང་བར་མ་གྱུར་སྟམྦྷ་ཡ་ནན༔ མཆོད་བསྟོད་ནོངས་བཤགས་རྗེས་བསྡུ་ལྡང༔ ཧོཿ ཡེ་ཤེས་ལྷ་རྣམས་ཐུགས་རྗེས་དགོངས༔ བདག་ཅག་བག་མེད་སྤྱོད་པ་ཡི༔ ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔ ཆོ་ག་ལྷག་ཆད་ནོངས་པ་ཀུན༔ མཐོལ་ཞིང་བཤགས་སོ་བྱང་བར་མཛོད༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད༔ ཨ་ཨ་ཨ༔ ལྷར་སྣང་སྤྲུལ་པའི་སྣང་བ་ཀུན༔ ཆོས་ཉིད་རིག་པའི་དབྱིངས་སུ་ཐིམ༔ སླར་ཡང་སྣང་གྲགས་རྟོག་ཚོགས་རྣམས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ དགེ་བ་བསྔོ་ཞིང་ཤིས་པ་བརྗོད༔ ཧོཿ དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན༔ རྗེ་བཙུན་འཇམ་དཔལ་རྡོ་རྗེ་རབ་གྲུབ་སྟེ༔ ནམ་མཁའ་མཉམ་པའི་རིགས་དྲུག་སེམས་ཅན་རྣམས༔ རྣམ་གྲོལ་ཐར་བའི་ལམ་ལ་འགོད་པར་ཤོག༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ དལ་འབྱོར་རྟེན་ཐོབ་ཚུལ་ཁྲིམས་ནོར་གྱིས་ཕྱུག༔ དད་བརྩོན་ཤེས་རབ་དམ་ཚིག་རྣམ་པར་དག༔ དབང་གིས་རྒྱུད་སྨིན་རིམ་གཉིས་སྒོམ་པར་ཤོག༔ གཞི་ཡི་རིགས་སད་ངེས་གསང་རྫོགས་པ་ཆེའི༔ རིག་དོན་ངེས་གསང་མངོན་སུམ་རྟོགས་པ་དང༔ སྣང་བཞིའི་ལམ་གྱི་བགྲོད་པ་མཐར་ཕྱིན་ནས༔ འཇམ་དཔལ་རྡོ་རྗེའི་ངོ་བོར་བྱང་ཆུབ་ཤོག༔ ཨོཾ༔ རིག་འཛིན་བརྒྱུད་པའི་ཚོགས་རྣམས་ཀྱིས༔ བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡི༔ ཕྲིན་ལས་རྣམ་བཞིའི་བཀྲ་ཤིས་ཤོག༔ ནོར་ལྷ་གཏེར་བདག་རབ་འབྱམས་ཀྱིས༔ འདོད་དོན་འགྲུབ་པའི་བཀྲ་ཤིས་ཤོག༔ རྩ་གསུམ་ཚེ་ལྷའི་ཚོགས་རྣམས་ཀྱིས༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ ཅི་བསམ་འབད་མེད་ལྷུན་གྱིས་གྲུབ༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ བསྟན་དང་བསྟན་འཛིན་དར་ཞིང་རྒྱས༔ འཇིག་རྟེན་བདེ་བའི་བཀྲ་ཤིས་ཤོག༔ ཉིན་མཚན་ཀུན་ཏུ་མཆོག་གསུམ་གྱི༔ བཀྲ་ཤིས་བདེན་པས་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་བསིལ་ཞིང༔ བཀྲ་ཤིས་རོལ་མོ་རྒྱ་ཆེར་སྒྲོགས༔ ཨེ་མ༔ ཡང་ཟབ་དགོངས་པའི་གཏེར་གྱི་བཅུད༔ འཇམ་དཔལ་བཤེས་གཉེན་སྙིང་ཐིག་འདི༔ གཞན་དུ་འཕོ་བའི་སྐབས་མེད་པས༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ འོད་གསལ་དབུ་མའི་སྒྲོམ་དུ་སྦས༔ དེས་ཀྱང་གསང་གསུམ་རྒྱས་བཏབ་ན༔ ཡང་སྲིད་ཕྱི་མའི་དུས་ཀྱི་ཚེ༔ སྤྲུལ་པའི་རིག་འཛིན་སྐུ་ཉིད་ཀྱིས༔ ཐུགས་ཀྱི་གསང་མཛོད་སྨུག་པོར་སྦས༔ སྐལ་ལྡན་གདུལ་བྱ་དུས་བབ་ཚེ༔ ཅི་རིགས་སྣང་བར་འགྱུར་བ་དང༔ བསྟན་འགྲོའི་ཕན་པ་རྒྱ་ཆེར་འབྱུང༔ དམ་མེད་ལག་ཏུ་མ་སྤྲོད་ཅིག༔ མནྟྲ་གུ་ཧྱ་གརྦྷ་ས་མ་ཡ་རྒྱ་རྒྱ་རྒྱ༔ ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དཔལ་དགའ་བའི་གོ་ཆས་ས་གླང་གྲོ་བཞིན་ཟླ་བའི་ཚེས་ཉེར་ལྔ་ལ་གང་ཤར་ཡི་གེར་བཏབ་པ་སརྦ་ཛྙཱ་མཉྫུ་གྷོ་ཥ་སིདྡྷི་རསྟུ། མངྒ་ལཾ། དགེའོ།། །།}} | ༁ྃ༔ ཀྲ༠རི༠པྀམི།ཧྱ༔ རང་བྱུང་ཡེ་ཤེས་ལྷ་ལ་འདུད༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ སྒྲུབ་པའི་ཐབས་ཆེན་རྨད་བྱུང་བ༔ འཇམ་དཔལ་རཀྟ་རྒྱ་མཚོ་ལས༔ སྙིང་པོར་དྲིལ་བའི་སྒྲུབ་ཚུལ་བསྟན༔ དེ་ལ་སྒྲུབ་པའི་གནས་མཆོག་གི༔ ཡིད་འོང་བཀྲ་ཤིས་གནས་དེ་རུ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ༔ སྒྲུབ་པོ་བདེ་བའི་སྟན་ལ་འདུག༔ ཕྱི་ནང་མཆོད་གཏོར་མཛེས་པར་བཤམས༔ མདུན་མཁར་སྐྱབས་ཡུལ་མངོན་སུམ་བལྟས༔ ན་མོ༔ བདག་སོགས་འགྲོ་བ་སེམས་ཅན་རྣམས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ སྐྱབས་ཀྱི་སྙིང་པོ་བཟུང་བྱས་ཏེ༔ རྟག་པར་བདག་ནི་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ སེམས་ཅན་སྲིད་པའི་རྒྱ་མཚོར་ལྷུང༔ ཚད་མེད་རྣམ་བཞིས་བློ་སྦྱངས་ཏེ༔ ཐར་ལམ་དམ་པར་འགོད་པའི་ཕྱིར༔ སྨོན་འཇུག་བྱང་ཆུབ་མཆོག་སེམས་བསྐྱེད༔ ཡན་ལག་བདུན་པ་ནི༔ རང་རིག་དབྱིངས་ནས་ཤར་བ་ཡི༔ འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །བགེགས་ལ་གཏོར་མ་བྱིན་ཞིང་བསྐྲད། ཧཱུྃ༔ གཉིས་འཛིན་རྟོག་པའི་བདུད་བགེགས་ལ༔ མཁའ་ཁྱབ་འདོད་ཡོན་གཏོར་མ་སྦྱིན༔ གནོད་འཚེ་གདུག་སེམས་ཀུན་ཞི་ཞིང༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ འཇམ་དཔལ་ཁྲོས་པའི་རྒྱལ་པོ་ཡིས༔ ཁྱེད་རྣམས་ལུས་སེམས་རྡུལ་དུ་བརླག༔ དེ་བས་བཀའ་ལས་མ་འདའ་ཞིག༔ དྲག་སྔགས་ཐུན་དང་རྡོ་རྗེས་བསྐྲད༔ བསྲུང་བའི་མཚམས་ཀྱིས་བཅད་པ་ནི༔ ཧཱུྃ་ཨེ༔ གཤིན་རྗེ་རོལ་པའི་འདུ་འཕྲོ་ཡི༔ འབར་བའི་གུར་ཁང་འཁྲིགས་པ་ལས༔ ཁྲོ་བོ་ཁྲོ་མོ་སྐར་ལྟར་འཁྲུགས༔ མཚོན་ཆ་སྣ་ཚོགས་གུར་གྱིས་གཏམས༔ མེ་རླུང་ཆུ་ཡི་རྦ་རླབས་གཡོ༔ བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ ནམ་ཡང་རྒྱུ་བའི་སྐབས་མེད་དོ༔ བཛྲ་ཨུཥྞི་ཥ་ཙཀྲ་རཀྵ་རཀྵ་ཧཱུྃ་རཾ་ཕཊ྄༔ བྱིན་དབབ་པ་ནི༔ ཧཱུྃ་ཧྲཱིཿ མི་གནས་ཡེ་ཤེས་དཀྱིལ་འཁོར་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡབ༔ འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ས་མ་ཛཿ ཨ་ཝེ་ཤ་ཡ་ཨ་ཨཿ ཨེ་ཨ་རལླི་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོཿ མཆོད་པ་བྱིན་རླབས་ནི༔ རྃ་ཡྃ་ཁྃ༔ མཆོད་སྣོད་རིན་པོ་ཆེ་ཡི་ནང༔ མཆོད་རྫས་ཉེར་སྤྱོད་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་དྭངས་རེ་སྤྲོ༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ས་མ་ཡ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ དྷཱིཿ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ ཡེ་ཤེས་སྙིང་པོ་ཀུན་ཏུ་སྣང༔ རང་བྱུང་རིག་པ་དྷཱིཿསེར་པོ༔ དེ་ལས་སྤྲོ་བསྡུའི་འོད་ཟེར་གྱིས༔ བརྟན་གཡོ་སྣོད་བཅུད་ཀུན་སྦྱངས་ནས༔ འབྱུང་ལྔ་རིམ་བརྩེགས་རི་རབ་སྟེང༔ རྡོ་རྗེའི་སྲུང་འཁོར་རྒྱ་ཆེའི་དབུས༔ པདྨ་སྣ་ཚོགས་རྡོ་རྗེའི་ལྟེར༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཛེས་པར་སྣང༔ ཡེ་ཤེས་ལྔ་ཡི་རྩིག་པའི་སྟེང༔ ཕ་གུ་དྲྭ་བ་དྲྭ་ཕྱེད་དང༔ ཤར་བུ་མདའ་ཡབ་དབུས་ཕྱུར་བུ༔ ནོར་བུ་འོད་འབར་ཏོག་གི་འཕྲོ༔ རྟ་བབ་བང་རིམ་བརྒྱད་པ་ལ༔ རི་དྭགས་ཆོས་འཁོར་གདུགས་འཕན་དང༔ རྔ་ཡབ་ནོར་བུའི་ཡུ་བས་མཛེས༔ འདོད་སྣམ་མཆོད་པའི་ལྷ་མོས་བསྐོར༔ ཕྱི་གསལ་ནང་གསལ་དེ་ཡི་ནང༔ གདུང་བཞི་ཀ་བ་བརྒྱད་ཀྱིས་འདེགས༔ གྲུ་ཆད་ཕྱི་ནང་ཉིས་རིམ་ཅན༔ ལྟེ་བའི་ལེའུ་ཚེ་འབར་བའི་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ དྷཱིཿཡིག་ལྔ་ལྡན་བབས་པ་ལས༔ སྤྲོ་བསྡུའི་ཆོ་འཕྲུལ་ཆེན་པོ་ཡིས༔ དམར་སེར་འོད་ཀྱི་གོང་བུར་གྱུར༔ དེ་ཉིད་ཡོངས་གྱུར་འཇམ་པའི་དབྱངས༔ དམར་སེར་ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་ཀྱི་རལ་གྲི་དང༔ ཤེར་ཕྱིན་གླེགས་བམ་འོག་མ་གཉིས༔ མདའ་གཞུ་འཛིན་ཞིང་འགྱིང་བག་ཅན༔ སྟོད་གཡོགས་སྨད་གཡོགས་མཛེས་པར་བཀླུབས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ པང་དུ་རྡོ་རྗེ་དབྱངས་ཅན་མ༔ སྔོ་སངས་རལ་གྲི་པུསྟི་འཛིན༔ མཛེས་འཛུམ་ཡིད་འོང་ལྷ་མོའི་ཆས༔ ཐབས་ཤེས་བདེ་སྟོང་ཆེན་པོར་བཞུགས༔ ཕྱོགས་བཞིའི་ལེའུ་ཚེར་ཁྲི་པད་ཟླ༔ མི་བསྐྱོད་རིན་འབྱུང་དཔག་མེད་མགོན༔ དོན་གྲུབ་རང་འོད་ཡུམ་དང་འཁྲིལ༔ རང་རྟགས་ཕྱག་མཚན་དྲིལ་བུ་བསྣམས༔ ཞི་ཆས་བཅུ་གསུམ་ཡོངས་སུ་རྫོགས༔ མཚམས་བཞིར་དབྱངས་ཅན་རིགས་བཞི་སོགས༔ དཀར་སེར་དམར་དང་ལྗང་བའི་མདོག༔ ཞི་འཛུམ་བཅུ་དྲུག་ལང་ཚོ་ཅན༔ ཕྱག་མཚན་རང་རྟགས་པི་ཝཾ་བསྒྲེངས༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ ལྷ་མོའི་ཆ་བྱད་རྫོགས་པར་གསལ༔ གྲུ་ཆད་སེམས་དཔའ་ཡབ་ཡུམ་བརྒྱད༔ སྒྲིབ་པ་རྣམ་སེལ་འཁོར་ལོ་འཛིན༔ བྱམས་པ་དཀར་སེར་ཀླུ་ཤིང་གཡས༔ ཀུན་བཟང་ལྗང་གུ་ནོར་བུ་བསྣམས༔ འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ༔ ས་ཡི་སྙིང་པོ་འབྲས་སྙེ་བསྣམས༔ ནམ་སྙིང་སྔོ་སངས་རལ་གྲི་འཛིན༔ སྤྱན་གཟིགས་དཀར་པོ་པདྨ་འཛིན༔ ཕྱག་རྡོར་སྔོན་པོ་རྡོ་རྗེ་དང༔ དེ་ལ་དགྱེས་བསྐྱེད་སེམས་དཔའ་ཡུམ༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ལཱ་སྱེ་མཱ་ལེ་དང༔ གཱིརྟི་ནཱིརྟི་རྣམ་པ་བརྒྱད༔ རང་རང་མཆོད་པའི་རྫས་ཐོགས་ནས༔ རང་རིགས་ཡབ་ལ་དགྱེས་པར་འཁྲིལ༔ ཁྱམས་ཀྱི་སྟེང་འོག་ཕྱོགས་མཚམས་སུ༔ ཐུབ་ཆེན་དྲུག་པོ་སྤྲུལ་སྐུའི་ཆས༔ རང་རྟགས་ཕྱག་མཚན་འཛིན་པ་དང༔ པད་ཟླར་འགྲོ་དོན་བཞེངས་སྟབས་བཞུགས༔ སྒོ་བཞིར་ཉི་མའི་ཞིང་གི་གདན༔ རྣམ་རྒྱལ་དཀར་པོ་ལྕགས་ཀྱུ་གདེངས༔ གཤིན་རྗེ་སེར་པོ་བེ་ཅོན་བསྣམས༔ རྟ་མགྲིན་དམར་པོ་པདྨ་འཛིན༔ བདུད་རྩི་འཁྱིལ་བ་རྒྱ་གྲམ་བསྣམས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཡུམ་བཞི་རང་རྟགས་ཕྱག་རྒྱ་འཛིན༔ ཡབ་ལ་འཁྱུད་ཅིང་ཁྲོ་བོའི་ཆས༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བཞུགས༔ བར་ཁྱམས་རྩ་གསུམ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ཀུན༔ ཏིལ་གྱི་གོང་བུ་ལྟར་བཞུགས་པའི༔ གནས་གསུམ་རྡོ་རྗེ་གསུམ་གྱི་མཚན༔ ཐུགས་ལས་འོད་འཕྲོས་དབང་ལྷའི་ཚོགས༔ སྤྱན་དྲངས་ནམ་མཁའ་གང་བར་གྱུར༔ ཡེ་ཤེས་ལྷ་ཡི་དབང་བསྐུར་བས༔ རང་རང་རིགས་ཀྱི་དབུ་བརྒྱན་གྱུར༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨ་དརྴ། ས་མ་ཏ། པྲ་ཏྱ་བེཀྵ་ན། ཀྲྀ་ཏྱ་ནུཥྛན། སྐུ་གང་སྒྲིབ་དག་དབང་རྣམས་ཐོབ༔ ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས༔ རིགས་ཀྱི་བདག་པོས་དབུར་བརྒྱན་བསམ༔ ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནི༔ ཨོཾ༔ སྟོང་པ་ཤིན་ཏུ་གཡོ་མེད་ལས༔ ནམ་མཁའ་ལྟ་བུའི་མཐའ་དབུས་བྲལ༔ ཡེ་ཤེས་ཞི་ཁྲོ་འབར་བའི་ཚུལ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ སེམས་དཔའ་རྡོ་རྗེ་ཆེ་རང་བཞིན༔ རྡོ་རྗེ་སྙེམས་བདག་གྲུབ་པར་མཛོད༔ ཀུན་ནས་ཀུན་ཏུ་འོད་གསལ་བའི༔ ནོར་བུའི་གཟི་བརྗིད་ལྟ་ན་སྡུག༔ ཡེ་ཤེས་སྐུ་ཆེན་འཇམ་པའི་དཔལ༔ དཀྱིལ་དང་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝན་ཛྙཱ་ན་སཏྭ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ༔ ཧོཿ ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལ༔ དབྱིངས་ནས་སྤྱན་དྲངས་དབྱེར་མེད་ཐིམ༔ དམ་ཚིག་དཀྱིལ་འཁོར་དབྱེར་མེད་པ༔ བྱང་ཆུབ་བར་དུ་དགྱེས་པར་བཞུགས༔ ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་མཆོད་བསྟོད་པ་བྱ་བ་ནི༔ ན་མོ༔ སྐྱེ་འགག་གནས་མེད་འགྲོ་འོང་བྲལ༔ རང་རིག་འཇམ་དཔལ་རྡོ་རྗེ་ལ༔ གཉིས་མེད་རྟོགས་པའི་ཕྱག་གིས་འདུད༔ བརྡ་དང་གར་གྱིས་བསྟོད་པར་བགྱི༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ ལྷ་རྫས་ན་བཟའ་དར་དཔྱངས་དང༔ རིན་ཆེན་རྒྱན་མཆོག་བརྒྱ་ཕྲག་དབུལ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་དྷཱ་ར་པུ་ཛི་ཏེ་ཨཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ནས། ཤཀྭབྡའི་བར་དང༔ ཨོཾ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཥྚ་མངྒ་ལཾ་སཔྟ་དྲ་བྱཱ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཝསྟྲ་ཨ་ལཾ་ཀ་ར་ཨཱཿཧཱུྃ༔ ཨོཾ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ འདོད་ཡོན་ལྔ་ལྡན་གཏོར་མ་དང༔ ཆགས་བྲལ་རཀྟའི་ལྦུ་ཕྲེང་གཡོ༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པར་བགྱི༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཞི་འཛུམ་མཚན་དཔེའི་དཔལ་འབར་སྐུ༔ མཉེན་ལྕུག་འཁྲིལ་ལྡེམ་འགྱིང་བག་ཅན༔ ནམ་མཁའི་ལུས་ཅན་ཡེ་ཤེས་སྐུ༔ ཕྱག་རྒྱ་གར་གྱིས་མཆོད་པར་བགྱི༔ ཨོཾ་མ་ཧཱ་པཱུ་ཙ་ཧོཿ ཧཱུྃ༔ བཅུ་དྲུག་ལང་ཚོའི་མཚར་སྡུག་ཅན༔ པདྨ་ཅན་སོགས་ཕྱག་རྒྱའི་ཚོགས༔ འཇོ་སྒེག་རིན་ཆེན་སིལ་ཁྲོལ་ཅན༔ ཟག་མེད་བདེ་སྐྱེད་དགྱེས་མཆོད་ཀྱིས༔ འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་མཆོད༔ མ་ཧཱ་ཏེ་ན་ཏེ་ཏེ་ཧཱུྃ༔ ཨ་ཧཾ་ཀུནྡུ་རུ་བཛྲ་དྷྲྀཀ྄་ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཨཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ གདོད་ནས་རང་རིག་ཆེན་པོར་དག༔ མ་བཅོས་མཉམ་པ་ཉིད་ཀྱི་ངང༔ དེ་བཞིན་ཉིད་ཀྱིས་མཆོད་པར་བགྱི༔ དྷརྨ་དྷཱ་ཏུ་ཨ༔ ཧོཿ ཕྱོགས་བཅུ་ཀུན་ཏུ་རོལ་པའི་སྤྲིན༔ མཐའ་ཡས་རྣམ་པར་བཀོད་པ་ཡི༔ དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ༔ བདེ་ཆེན་རོལ་མོས་མཉེས་པར་བགྱི༔ ཨོཾ༔ ཀ་ཀོ་ལ་ཀཱ་ཧི་བཛྲ་ཤཔྟ་ཙ་ཀོ་ར་བཛྲ་ཧ་ཧ་ཧ་ཧི་ཧོཿ སརྦ་པཱུ་ཙ་ཧོཿ ཨོཾཿ ཕྱོགས་དུས་བདེ་བར་གཤེགས་པ་ཡི༔ ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག༔ བདེ་ཆེན་རྡོ་རྗེའི་ཆོས་ཀྱི་སྐུ༔ རང་བཞིན་བརྗོད་བྲལ་སྐུ་ལ་བསྟོད༔ ཨཱཿ འགག་མེད་གསུང་སྟེ་གསུང་གི་མཆོག༔ རྡོ་རྗེའི་སྒྲ་ཆེན་མཐའ་ཡས་འཕྲོ༔ ཡི་གེ་འཁོར་ལོའི་སྤྲིན་དུ་ཤར༔ འཇམ་དབྱངས་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཇམ་དཔལ་ཐུགས་ནི་ཀུན་ཏུ་ཞི༔ རྟོག་པའི་སྤྲོས་ལས་རབ་འདས་པ༔ འགྱུར་མེད་བདེན་དོན་ཡེ་ཤེས་མཛོད༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ སྭཱ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ ཡོན་ཏན་ཡིད་བཞིན་ནོར་བུའི་བདག༔ བྲལ་སྨིན་རྒྱ་མཚོའི་གཏེར་འཆང་བ༔ ཡོན་ཏན་བསམ་མི་ཁྱབ་ལ་བསྟོད༔ ཧཱཿ མཁའ་དང་མཉམ་པའི་སྐུ་མངའ་བས༔ འགྲོ་བའི་ཁམས་ལ་རྟག་པར་འཇུག༔ ཕྲིན་ལས་མཛད་མེད་ལྷུན་གྱིས་གྲུབ༔ སྐུ་བཞིའི་དབང་ཕྱུག་ཁྱོད་ལ་བསྟོད༔ རྡོ་རྗེའི་དབྱངས་ཀྱིས་བསྟོད་པ་ཡིས༔ རྣམ་པར་གྲོལ་བའི་བྱང་ཆུབ་སེམས༔ མཐའ་ཡས་འགྲོ་རྣམས་འགོད་པ་དང༔ མཁྱེན་བརྩེའི་ཡེ་ཤེས་མཆོག་ཐོབ་ཤོག༔ ཛཔ་ཀྱི་བཟླས་པས་ཉེ་བར་བསྙེན༔ ཐུགས་དབུས་འོད་ལྔའི་གུར་ཁྱིམ་དུ༔ ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས༔ སྔོ་སངས་ནམ་མཁའི་མདངས་ལྡན་སྐུ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ རྣལ་འབྱོར་མ་དཔལ་དཀར་མོ་ནི༔ གྲི་ཐོད་འཛིན་དང་མཉམ་སྦྱོར་ཞིང༔ ལོངས་སྐུའི་ཆས་ཅན་ཐུགས་ཀའི་དབུས༔ ཉི་ཟླའི་གྭའུའི་ནང་ཁོངས་སུ༔ རལ་གྲིའི་ཡུ་བར་དྷཱིཿཡིས་མཚན༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་ཚུར་འདུས་ཤིང༔ འོད་ཀྱིས་རྨོངས་པའི་མུན་པ་སེལ༔ ཡེ་ཤེས་སྣང་བ་རྒྱས་པར་མོས༔ ཨོཾ་ཝཱ་གི་ཤྭ་རི་མཱུཾ༔ འབུམ་ཕྲག་བཅུ་གཉིས་བཟླ་བར་བྱ༔ དངོས་གྲུབ་སྒྲུབ་པའི་བཟླས་པ་ནི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ནི༔ ཡབ་ནས་ཡུམ་གྱི་ཞལ་དུ་བརྒྱུད༔ མགལ་མེ་ལྟ་བུར་འཁོར་བ་ལས༔ སྐུ་དང་འོད་ཟེར་སྔགས་ཕྲེང་དང༔ ཕྱག་མཚན་དཔག་མེད་འཕྲོས་པ་ལས༔ ཐ་མལ་སྣང་ཞེན་ཀུན་སྦྱངས་ཏེ༔ འཇམ་དཔལ་དཀྱིལ་འཁོར་ཆེན་པོར་རྫོགས༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿ རྩ་བའི་རིག་པ་འབུམ་བཅུ་བཟླ༔ ཨོཾ་སརྦ་དྷརྨ་སོགས་ཉེ་སྙིང༌། ཨ་ཨཱ་ཨི་ཨཱི་སོགས་འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ༔ ལས་ལ་སྦྱོར་བའི་ཆེད་དུ་ནི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལས༔ འོད་ཟེར་དཀར་སེར་དམར་ལྗང་དང༔ སྐུ་ནི་ཉི་ཟེར་རྡུལ་ལྟར་འཕྲོས༔ འཇིགས་བརྒྱད་ནད་གདོན་སྡིག་སྒྲིབ་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ བརྟན་གཡོ་རླུང་སེམས་དབང་དུ་སྡུད༔ དགྲ་གདོན་དམ་སྲི་ཚར་གཅོད་ཅིང༔ ལས་བཞིའི་ཕྲིན་ལས་སྒྲུབ་པར་བསམ༔ སྒྲུབ་སྔགས་ཡི་གེ་དྲུག་པའི་མཐར༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ྄༔ ཤམ་བུ་བཏགས་པ་ཁྲི་བཟླས་འགྲུབ༔ ས་མ་ཡ༔ བསྙེན་སྒྲུབ་རྟགས་མཐོང་དངོས་གྲུབ་བླངས༔ བྷཉྫ་བཟང་པོའི་ནང་དུ་ནི༔ ཨ་མྲྀ་ཏ་ཡིས་གཏམས་བྱས་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས༔ བདེ་བའི་སྒྲ་བཅས་སྙོམས་པར་ཞུགས༔ རྗེས་སུ་ཆགས་པའི་འོད་ཟེར་གྱིས༔ ཡེ་ཤེས་ཆེན་པོའི་བཅུད་དུ་གྱུར༔ དངོས་གྲུབ་རྒྱ་མཚོ་བསྐྱིལ་བར་གྱུར༔ སྒྲུབ་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་སྟོང་རྩ་བཟླ༔ རྡོ་རྗེ་ནམ་ལངས་དངོས་གྲུབ་བསྐུལ༔ ཨེ་མ་ཧོ་དེ་བཞིན་གཤེགས་པ་ཡི༔ དངོས་གྲུབ་རྒྱ་མཚོ་འབྱུང་བའི་གནས༔ འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་པ༔ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཁྱེན་པའི་ཡེ་ཤེས་སྤོབས་པའི་གཏེར༔ དངོས་གྲུབ་བརྒྱད་དང་རྡོ་རྗེའི་ཚེ༔ སྲིད་ཞིར་མི་གནས་རྫོགས་པ་ཆེའི༔ མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ལས་བཞིའི་དངོས་གྲུབ་སྩོལ༔ འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ཡིས༔ དངོས་གྲུབ་དམ་པ་དེང་འདིར་སྩོལ༔ ཅེས་བསྐུལ་སྔགས་ཀྱིས་སྒྲུབ་རྫས་རྣམས༔ གནས་གསུམ་འཇོག་ཅིང་བདུད་རྩིར་རོལ༔ དངོས་གྲུབ་གདན་ཐོག་གཅིག་ཉིད་ལ༔ ཐོབ་པར་གྱུར་པའི་ངེས་ཤེས་བསྐྱེད༔ དགའ་སྟོན་བྱ་ཞིང་གླུ་གར་བྱ༔ ས་མ་ཡ༔ རྗེས་ལ་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་ཡོ་བྱད་གྱ་ནོམ་བཤམས༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ འབྲུ་གསུམ་བདུད་རྩིའི་ཆར་བབ་པས༔ ཡེ་ཤེས་ལོངས་སྤྱོད་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿ ཧཱུྃ་ཧྲཱིཿ དམིགས་མེད་ཡེ་ཤེས་མཁའ་ལྟར་ཁྱབ༔ སྙིང་རྗེ་སྒྱུ་མའི་སྐུར་བཞེངས་པ༔ རྩ་གསུམ་འཇམ་དཔལ་ཞི་ཁྲོའི་ཚོགས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ རྣལ་འབྱོར་སྒྲུབ་མཆོག་བྱིན་གྱིས་རློབས༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མཱ་ཛཿ འདོད་ཡོན་རྣམ་ལྔའི་སྔགས་ཀྱིས་མཆོད༔ ཨཿ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་རྣམ་པ་ཐམས་ཅད་པའི༔ ཚོགས་ཀྱི་འཁོར་ལོའི་སྤྲིན་ཆེན་པོས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི༔ མ་ཧཱ་ག་ཎ་ཙཀྲ་ཁཱ་ཧི༔ ཧོ༔ ཐོག་མེད་དུས་ནས་ད་ལྟའི་བར༔ བདག་གཞན་ཚེ་རབས་ཐོག་མེད་ནས༔ བསགས་པའི་ལས་ཉོན་སྡིག་སྒྲིབ་ཀུན༔ ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ ས་མ་ཡ་ཤུདྡྷེ་ཨཿ ཨེ་ལས་ཐར་མེད་བཙོན་ཁང་དུ༔ དགྲ་བགེགས་བྱད་མ་དངོས་སུ་གསལ༔ དགུག་བསྟིམ་གཟིར་མནན་ལས་མཛད་བསམ༔ ཧཱུྃ༔ འཇམ་དཔལ་ཁྲོས་པ་ཀཱི་ལ་ཡ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད༔ མཐུ་སྟོབས་ནུས་པའི་ཤུགས་འཆང་བས༔ དགྲ་བགེགས་གནོད་བྱེད་དམ་སྲི་རྣམས༔ ལྔ་ཕུང་དུག་ལྔ་རྩད་ནས་ཆོད༔ རྣམ་ཤེས་རྒྱལ་བའི་སྲས་སུ་སྐྲུན༔ གཟུགས་ཕུང་འབར་བའི་མཚོན་ཆས་གཏུབས༔ རྡུལ་ཕྲན་ཙམ་ཡང་མེད་པར་མཛོད༔ ཨེ་ཡ་མཱནྟ་ཀ་ཀཱ་ལ་རུ་པ་ཧྲཱིཿཥྚི་ཨི་དམ་དུཥྚྲན་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊ྄༔ མཚོན་ཆས་གཏུབ་ཅིང་ལིང་རོ་རྣམས༔ བདུད་རྩིར་བསྒྱུར་ལ་ཞལ་དུ་བསྟབ༔ ཨེ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་དཔལ༔ འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ལ༔ དགྲ་བགེགས་ལྔ་ཕུང་ཞལ་དུ་བསྟབ༔ དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཕཊ྄་ཕཊ྄༔ བརྡ་དང་བརྡ་ཡི་ལན་དང་བཅས༔ ཚོགས་ལ་རོལ་ཞིང་ལྷག་མ་བསྔོ༔ ཞལ་ཆབ་སྨན་རཀ་བྲན་ལ་བཤམས༔ ཧཱུྃ་ཧྲཱིཿ དཔལ་གྱི་བཀའ་ཉན་ཕོ་ཉ་ནི༔ མ་ཚོགས་དབང་ཕྱུག་གིང་ལངྐ༔ འབར་མ་སྲིན་མོའི་ཚོགས་དང་བཅས༔ འདིར་གཤེགས་དཔལ་གྱི་ལྷག་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧིཿ ཧོ་ཨ་ལ་ལ་ཧོཿ མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་སྐུ་ནི་ཉི་མ་སྟོང་གི་གཟི་འོད་ལྡན༔ གསང་སྔགས་སྒྲ་ཆེན་དོན་རིག་ཐེ་ཚོམ་གསུམ་བྲལ་གཉིས་སུ་མེད་པའི་རིག་སྔགས་འཆང༔ དོན་ཟབ་རྒྱ་ཆེ་སྤྲོས་པ་རབ་ཞི་ཀུན་བཟང་བདེ་བ་ཆེན་པོའི་སྐུ༔ ཁམས་གསུམ་ཀུན་ཏུ་སྒྱུ་མའི་གར་མཛད་ཡང་དག་ཡེ་ཤེས་མཆོག་གྲུབ་ཨེ་མ་ཧོ༔ ཏེ་ན་ཧཱུྃ༔ ཏེ་ན་ཧཱུྃ༔ ཏེ་ན་ཏེ་ཏེ་ཧོ༔ སརྦ་མ་ཧཱ་སུ་ཁ་གཱིརྟི་ཨ་ལ་ལ་ཧོ༔ ཞེས་གླུ་བླངས༔ ཧོཿ འཇམ་དཔལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ༔ གསང་ཆེན་ག་ཎ་ཙཀྲའི་སྤྱོད་པ་ཡིས༔ སྒྲིབ་གསུམ་སྙིང་གི་མུན་པ་ཀུན་བཅོམ་ནས༔ ཀུན་བཟང་འཇམ་དཔལ་ཞི་ཁྲོ་མྱུར་ཐོབ་ཤོག༔ གཏོར་མ་བྱིན་ཞིང་ཐ་ཚིག་བསྒྲགས༔ ཧཱུྃ༔ སྔོན་ཚེ་ཀ་དག་ཀུན་ཏུ་བཟང༔ ཆོས་ཉིད་གདོད་མའི་རང་དུས་ན༔ གཞི་སྣང་རྒྱུད་གསུམ་དྲེགས་པའི་ཚོགས༔ གཞི་གྲོལ་རིག་རྩལ་གཏོར་མ་སྦྱིན༔ བར་དུ་འཇམ་དཔལ་དཀྱིལ་འཁོར་དུ༔ ཚོགས་ཀྱི་གྲལ་དུ་བཅུག་བྱས་ནས༔ དབང་བསྐུར་དམ་བསྒོས་སྲུང་མར་བཞག༔ ད་ལྟ་རྣལ་འབྱོར་སྒྲུབ་པ་པོས༔ འཇམ་དཔལ་དཀྱིལ་འཁོར་ཞལ་ཕྱེས་ཤིང༔ དམ་རྫས་རྒྱན་གྱི་གཏོར་མས་མཆོད༔ སྔོན་གྱི་དམ་བཅའ་དྲན་གྱིས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ བཤལ་ཆུས་བརྟན་མ་བསྐྱངས་བྱས་ཏེ༔ བྷྱོ༔ དཔལ་གྱི་སྤྱན་སྔར་དམ་མནོས་པའི༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་བཙུན་མཆེད་བཞི་འཁོར་བཅས་དང༔ སྐྱོང་མ་ཡ་མ་འབུམ་སྡེའི་ཚོགས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ བཅོལ་བའི་ལས་ཀུན་སྒྲུབ་པར་གྱིས༔ མ་མ་ཧྲིང་ཧྲིང་བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་སྦུབས་ལ་རྡོ་རྗེས་མནན༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམས་པའི་སྒྲ་སྒྲོགས་ཤིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ རྟ་བྲོ་འཁོར་ས་དང་པོ་ལ༔ ཀ་དག་ཆོས་སྐུའི་བྲོ་བརྡུངས་པས༔ མནན་ནོ་སྐྱེ་མེད་ཀློང་དུ་མནན༔ རྟ་བྲོ་འཁོར་ས་བར་པ་ལ༔ འོད་གསལ་ལོངས་སྐུའི་བྲོ་བརྡུངས་པས༔ རང་གྲོལ་འགག་མེད་ཀློང་དུ་མནན༔ རྟ་བྲོ་འཁོར་ས་ཐ་མ་ལ༔ ཐུགས་རྗེ་སྤྲུལ་སྐུའི་བྲོ་བརྡུངས་པས༔ གནས་མེད་སྙིང་རྗེའི་ཀློང་དུ་མནན༔ མནན་པ་ཡིན་ནོ་མ་ལྡང་ཞིག༔ བྱང་ཆུབ་སེམས་ནི་མ་སྐྱེས་བར༔ ལྡང་བར་མ་གྱུར་སྟམྦྷ་ཡ་ནན༔ མཆོད་བསྟོད་ནོངས་བཤགས་རྗེས་བསྡུ་ལྡང༔ ཧོཿ ཡེ་ཤེས་ལྷ་རྣམས་ཐུགས་རྗེས་དགོངས༔ བདག་ཅག་བག་མེད་སྤྱོད་པ་ཡི༔ ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔ ཆོ་ག་ལྷག་ཆད་ནོངས་པ་ཀུན༔ མཐོལ་ཞིང་བཤགས་སོ་བྱང་བར་མཛོད༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད༔ ཨ་ཨ་ཨ༔ ལྷར་སྣང་སྤྲུལ་པའི་སྣང་བ་ཀུན༔ ཆོས་ཉིད་རིག་པའི་དབྱིངས་སུ་ཐིམ༔ སླར་ཡང་སྣང་གྲགས་རྟོག་ཚོགས་རྣམས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ དགེ་བ་བསྔོ་ཞིང་ཤིས་པ་བརྗོད༔ ཧོཿ དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན༔ རྗེ་བཙུན་འཇམ་དཔལ་རྡོ་རྗེ་རབ་གྲུབ་སྟེ༔ ནམ་མཁའ་མཉམ་པའི་རིགས་དྲུག་སེམས་ཅན་རྣམས༔ རྣམ་གྲོལ་ཐར་བའི་ལམ་ལ་འགོད་པར་ཤོག༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ དལ་འབྱོར་རྟེན་ཐོབ་ཚུལ་ཁྲིམས་ནོར་གྱིས་ཕྱུག༔ དད་བརྩོན་ཤེས་རབ་དམ་ཚིག་རྣམ་པར་དག༔ དབང་གིས་རྒྱུད་སྨིན་རིམ་གཉིས་སྒོམ་པར་ཤོག༔ གཞི་ཡི་རིགས་སད་ངེས་གསང་རྫོགས་པ་ཆེའི༔ རིག་དོན་ངེས་གསང་མངོན་སུམ་རྟོགས་པ་དང༔ སྣང་བཞིའི་ལམ་གྱི་བགྲོད་པ་མཐར་ཕྱིན་ནས༔ འཇམ་དཔལ་རྡོ་རྗེའི་ངོ་བོར་བྱང་ཆུབ་ཤོག༔ ཨོཾ༔ རིག་འཛིན་བརྒྱུད་པའི་ཚོགས་རྣམས་ཀྱིས༔ བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡི༔ ཕྲིན་ལས་རྣམ་བཞིའི་བཀྲ་ཤིས་ཤོག༔ ནོར་ལྷ་གཏེར་བདག་རབ་འབྱམས་ཀྱིས༔ འདོད་དོན་འགྲུབ་པའི་བཀྲ་ཤིས་ཤོག༔ རྩ་གསུམ་ཚེ་ལྷའི་ཚོགས་རྣམས་ཀྱིས༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ ཅི་བསམ་འབད་མེད་ལྷུན་གྱིས་གྲུབ༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ བསྟན་དང་བསྟན་འཛིན་དར་ཞིང་རྒྱས༔ འཇིག་རྟེན་བདེ་བའི་བཀྲ་ཤིས་ཤོག༔ ཉིན་མཚན་ཀུན་ཏུ་མཆོག་གསུམ་གྱི༔ བཀྲ་ཤིས་བདེན་པས་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་བསིལ་ཞིང༔ བཀྲ་ཤིས་རོལ་མོ་རྒྱ་ཆེར་སྒྲོགས༔ ཨེ་མ༔ ཡང་ཟབ་དགོངས་པའི་གཏེར་གྱི་བཅུད༔ འཇམ་དཔལ་བཤེས་གཉེན་སྙིང་ཐིག་འདི༔ གཞན་དུ་འཕོ་བའི་སྐབས་མེད་པས༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ འོད་གསལ་དབུ་མའི་སྒྲོམ་དུ་སྦས༔ དེས་ཀྱང་གསང་གསུམ་རྒྱས་བཏབ་ན༔ ཡང་སྲིད་ཕྱི་མའི་དུས་ཀྱི་ཚེ༔ སྤྲུལ་པའི་རིག་འཛིན་སྐུ་ཉིད་ཀྱིས༔ ཐུགས་ཀྱི་གསང་མཛོད་སྨུག་པོར་སྦས༔ སྐལ་ལྡན་གདུལ་བྱ་དུས་བབ་ཚེ༔ ཅི་རིགས་སྣང་བར་འགྱུར་བ་དང༔ བསྟན་འགྲོའི་ཕན་པ་རྒྱ་ཆེར་འབྱུང༔ དམ་མེད་ལག་ཏུ་མ་སྤྲོད་ཅིག༔ མནྟྲ་གུ་ཧྱ་གརྦྷ་ས་མ་ཡ་རྒྱ་རྒྱ་རྒྱ༔ ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དཔལ་དགའ་བའི་གོ་ཆས་ས་གླང་གྲོ་བཞིན་ཟླ་བའི་ཚེས་ཉེར་ལྔ་ལ་གང་ཤར་ཡི་གེར་བཏབ་པ་སརྦ་ཛྙཱ་མཉྫུ་གྷོ་ཥ་སིདྡྷི་རསྟུ། མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:11, 1 June 2024
Wylie title | rtsa gsum 'jam dpal snying thig las: phrin las ye shes snang ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 17, Pages 101-110 (Folios 1a to 10b4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rtsa gsum 'jam dpal snying thig las phrin las ye shes snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 101-110. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | རྩ་གསུམ་འཇམ་དཔལ་སྙིང་ཐིག་ (rtsa gsum 'jam dpal snying thig) | |
Deity | 'jam dpal rdo rje | |
Colophon |
ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དཔལ་དགའ་བའི་གོ་ཆས་ས་གླང་གྲོ་བཞིན་ཟླ་བའི་ཚེས་ཉེར་ལྔ་ལ་གང་ཤར་ཡི་གེར་བཏབ་པ་སརྦ་ཛྙཱ་མཉྫུ་གྷོ་ཥ་སིདྡྷི་རསྟུ། མངྒ་ལཾ། དགེའོ།། | |
ces pa'ang rig 'dzin gyi btsun pa 'jam dpal dga' ba'i go chas sa glang gro bzhin zla ba'i tshes nyer lnga la gang shar yi ger btab pa sarba dz+nyA many+dzu g+ho Sha sid+d+hi rastu/_mang+ga laM/_dge'o// |