DKR-KABUM-18-TSHA-018

From Khyentse Lineage - A Tsadra Foundation Project

འཇམ་དཔལ་གཞོན་ནུའི་སྙིང་ཐིག་ལས། རྒྱུན་གྱི་རྣལ་འབྱོར་ཡེ་ཤེས་སྣང་བའི་ཐིག་ལེ།
Wylie title 'jam dpal gzhon nu'i snying thig las/ rgyun gyi rnal 'byor ye shes snang ba'i thig le DKR-KABUM-18-TSHA-018.pdf
Location dil mgo mkhyen brtse bka' 'bum
Volume 18, Text 18, Pages 111-115 (Folios 1a to 5a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. 'jam dpal gzhon nu'i snying thig las rgyun gyi rnal 'byor ye shes snang ba'i thig le. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 111-115. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle རྩ་གསུམ་འཇམ་དཔལ་སྙིང་ཐིག་ (rtsa gsum 'jam dpal snying thig)
Deity 'jam dpal
Colophon

།ཅེས་པའང་རང་གཞན་ལམ་འདིར་བརྩོན་པ་ཀུན་ལ་འཇུག་བདེ་བའི་སླད་ངེས་དོན་འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི་ཐིག་ལེ་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྟེན་དང་བཅས་ཏེ་བཀའ་བསྩལ་བ་དང༌། ངེས་གསང་བསྟན་པའི་འབྱུང་གནས་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེའི་ནོར་བུས་ཀྱང་གསུང་བསྐུལ་གནང་བ་བཞིན་ཟབ་མོའི་ཆོས་ཀྱི་གསང་མཛོད་འདིའི་བཀའ་བབ་པདྨ་འོད་གསལ་གར་དབང་མདོ་སྔགས་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤིང་བྱ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་སུ་སྤེལ་བ་འདིས་ཀྱང་འགྲོ་ཀུན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པའི་རྟེན་འབྱུང་མི་ཟད་པའི་དཔལ་དུ་གྱུར་ཅིག།

/ces pa'ang rang gzhan lam 'dir brtson pa kun la 'jug bde ba'i slad nges don 'jam dpal gzhon nu'i ye shes kyi thig le kun mkhyen bla ma rin po che 'jam dbyangs blo gros rgya mtshos rten dang bcas te bka' bstsal ba dang*/_nges gsang bstan pa'i 'byung gnas smin gling mkhan chen ngag dbang mkhyen brtse'i nor bus kyang gsung bskul gnang ba bzhin zab mo'i chos kyi gsang mdzod 'di'i bka' bab pad+ma 'od gsal gar dbang mdo sngags gling pas rdzong gsar bkra shis lha rtse'i gzim spyil 'chi med grub pa'i dga' tshal du shing bya cho 'phrul zla ba'i dkar phyogs su spel ba 'dis kyang 'gro kun 'jam dpal ye shes sems dpa'i thugs kyi thig ler mngon par byang chub pa'i rten 'byung mi zad pa'i dpal du gyur cig/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། འཇམ་དཔལ་གཞོན་ནུའི་སྙིང་ཐིག་ལས། རྒྱུན་གྱི་རྣལ་འབྱོར་ཡེ་ཤེས་སྣང་བའི་ཐིག་ལེ་བཞུགས།།

།རྒྱལ་ཀུན་ཡེ་ཤེས་ཕུང་པོའི་གཏེར། །བླ་མ་འཇམ་དཔལ་ལ་བཏུད་ནས། །ཐུན་མིན་གསང་བའི་མན་ངག་གི །བསྐྱེད་རིམ་སྙིང་པོའི་རྣལ་འབྱོར་འཆད། །དད་དང་སྙིང་རྗེ་ཆེར་ལྡན་པས། །ངེས་འབྱུང་བསམ་པ་བཟང་པོའི་ཡིད། །ཡང་དག་ལམ་དུ་ཞུགས་འདོད་པའི། །བློ་ལྡན་སྐྱེས་བུས་ཉམས་སུ་ལེན། །མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནི། ན་མོ། ལེགས་པའི་ལམ་ནི་སྟོན་པ་པོ༔ ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ༔ ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག༔ དཀོན་མཆོག་གསུམ་འཛིན་སྐྱབས་སུ་མཆི༔ ཀྱེ་ཧོཿ ཉོན་མོངས་མ་ལུས་བསལ་བ་དང༔ མི་ཤེས་མ་ལུས་སྤང་པའི་ཕྱིར༔ བསམ་པའི་ཁྱད་པར་ཇི་བཞིན་དུ༔ འགྲོ་ཀུན་བསྒྲལ་བར་དམ་བཅའ་འོ༔ ཞེས་སོ་སོར་ལན་གསུམ་བརྗོད། ཅུང་ཟད་སྤྲོ་ན་མཚམས་ཀྱི་ཁྲོ་བོའི་ང་རྒྱལ་དང་བཅས་ཏེ། ཨོཾ་ཡ་མཱནྟ་ཀ་སརྦ་བིགྷྣན་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཅེས་བརྗོད་པས་བར་ཆད་བསལ། བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཞེས་བརྗོད་པས་ལུས་དག་པ་འོད་ཀྱི་སྲུང་གུར་སྒོ་ང་ལྟ་བུ་དཀར་པོར་བསྒོམ། མུ་མུ་མུ། ཞེས་བརྗོད་པས་དེའི་ནང་ངག་དག་པ་འོད་ཟེར་གྱི་སྣང་བ་འཁྲིགས་པར་མོས། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་བརྗོད་པས་ཡིད་དག་པ་འཇམ་དཔལ་གཞོན་ནུའི་སྐུ་རུ་ལམ་གྱིས་གསལ་བ་སྲུང་བའི་མན་ངག་ཟབ་མོའོ། །དངོས་སུ་བཤམ་པའི་མཆོད་པ་ཡོད་ན། ཨོཾ་མ་ཧཱ་པཱུ་ཛ་ཛྙཱ་ན་ས་མ་ཡ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་རླབས་བྱ། གཉིས་པ་དངོས་གཞི་བསྐྱེད་པའི་རིམ་པ་ནི། ཨཿ ཡང་དག་བདག་མེད་ཆོས་ཉིད་དེ་བཞིན་ཉིད༔ ཀུན་ཏུ་སྣང་བ་སྙིང་རྗེའི་དཀྱིལ་འཁོར་ལས༔ རང་རིག་རྒྱུ་ཡི་ས་བོན་ཡི་གེ་དྷཱིཿ ཀ་དག་དབྱིངས་ཀྱི་ནམ་མཁའི་ལམ་ལ་གནས༔ སྤྲོ་བསྡུས་འོད་ཀྱིས་སྣོད་བཅུད་ཀུན་སྦྱངས་ནས༔ རང་བྱུང་དཀྱིལ་འཁོར་ཆེན་པོ་ཡངས་པའི་དབུས༔ ཡེ་ཤེས་ལུས་ཅན་ཁྱབ་བདག་མཉྫུ་ཤྲཱི༔ སུམ་ཅུ་རྩ་གཉིས་མཚན་འཆང་གཞོན་ནུའི་སྐུ༔ ཡིད་ལ་སྡུག་གུ་འཇིག་རྟེན་གསུམ་ན་མཛེས༔ རྡུལ་མེད་རྡུལ་བྲལ་དྲི་མ་མེད་པའི་གཟུགས༔ རྡོ་རྗེ་ཉི་མ་སྣང་བའི་ལང་ཚོ་ཅན༔ ཡང་དག་ཡེ་ཤེས་ཟླ་བའི་འོད་བཟང་འཕྲོ༔ ཞལ་གཅིག་མཁྱེན་གཉིས་ཡེ་ཤེས་སྤྱན་ཟུང་བཀྲ༔ ཆོས་ཀུན་འབྱུང་གནས་པདྨའི་མཆུ་སྒྲོས་འཛུམ༔ ཅོད་པན་བཟང་པོ་མཐོན་ཀའི་ཟུར་ཕུད་ལྔར༔ ནོར་བུ་ཆེན་པོའི་འོད་ཆགས་དཔལ་གྱིས་སྤྲས༔ སྙན་གོང་ཨུཏྤལ་ཡེ་ཤེས་ཅོད་པན་ཅན༔ ཚད་མེད་བཞི་འཆང་མཛེས་པའི་ཕྱག་སོར་གྱིས༔ ཤེས་རབ་རལ་གྲི་ཨུཏྤལ་མདའ་གཞུ་ཐོགས༔ རྫུ་འཕྲུལ་རྐང་པའི་ཞབས་ཟུང་རྡོ་རྗེའི་དཀྱིལ༔ རྣམ་ལྔའི་སྐུ་ཡི་དར་གྱི་ཆས་གོས་དང༔ སྟོབས་དང་གསང་གསུམ་ཡོན་ཏན་རིན་ཆེན་རྒྱན༔ ཟག་མེད་སྤངས་རྟོགས་རྫོགས་པའི་ཚུལ་གྱིས་མཛེས༔ རང་འོད་རྡོ་རྗེ་དབྱངས་ཀྱི་རྒྱལ་མོ་དཀར༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེའི་ལང་ཚོ་ཅན༔ སངས་རྒྱས་སྤྲུལ་པའི་རྒྱུད་འཆང་པི་ཝཾ་འཛིན༔ གཉིས་མེད་སྦྱོར་བས་དེ་ཉིད་བཅུ་དྲུག་སྟོན༔ སྣང་སྲིད་འཁོར་དང་མྱ་ངན་འདས་པའི་ཆོས༔ ཀུན་ཀྱང་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་དུ༔ ལྷུན་གྱིས་རྫོགས་ལ་རང་བྱུང་དགྱེས་པ་ཆེའི༔ དྲི་མེད་ཟླ་བ་པདྨའི་གདན་ལ་འགྱིངས༔ དཔག་བསམ་ཤིང་ཆེན་རྒྱས་པར་སྐུ་རྒྱབ་བརྟེན༔ སྣ་ཚོགས་འོད་སྟོང་འཁྲིགས་པའི་ཀློང་ན་མཛེས༔ རྣམ་དག་ཕུང་པོ་རིགས་ཆེན་ལྔ་འཆང་ཞིང༔ འབྱུང་བ་ཆེན་པོ་ཡུམ་ལྔའི་རྒྱུ་གཅིག་པུ༔ དབང་པོ་བསམ་པ་ཡུལ་ཀུན་འབྲས་བུའི་སེམས༔ རྟག་ཆད་མཐའ་ཀུན་ལས་རྒྱལ་སྒོ་བ་རྣམས༔ ལས་དབང་ཉིད་དེ་གདན་གསུམ་རྡོ་རྗེའི་གྲོང༔ སངས་རྒྱས་ཀུན་བདག་དངོས་པོའི་ལམ་མཆོག་གསལ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ ཞེས་གསལ། ཡེ་ཤེས་སྤྱན་འདྲེན་པ་སོགས་ལས་ཀྱི་རིམ་པ་སྦྱར་བར་འདོད་ན། ཨོཾ༔ མགོན་པོ་སེམས་ཅན་ཀུན་གྱི་མཆོག༔ རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན༔ སངས་རྒྱས་ཀུན་གྱི་རང་བཞིན་འཆང༔ འཁོར་དང་བཅས་ཀུན་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་རུ་ཎི་ཀ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཞེས་སྤྱན་དྲངས་ཏེ། ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན། གྱིས་དམ་ཡེ་གཉིས་སུ་མེད་པར་བཞུགས་སུ་གསོལ། ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཱིུཙྪ་ཧོཿས་ཕྱག་འཚལ་ཏེ། ཨོཾ་ཨཱཿཧཱུྃ༔ དགའ་བ་ཆེན་པོ་མགུ་བ་ཆེ༔ སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ༔ དཔག་བསམ་ཤིང་ཆེན་རྒྱས་པ་ཡི༔ མཆོད་པ་ཆེན་པོས་རྟག་ཏུ་མཆོད༔ ཨོཾ་མཉྫུ་གྷོ་ཥ་ཛྙཱ་ན་སཏྭ་སརྦ་པཱུ་ཛ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཱིུཙྪ་ཨཱཿཧཱུྃ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཧིཿ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཧོཿ ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། ཨོཾ༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ སྨྲ་བའི་དམ་པ་མཆོག་གི་གནས༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེ༔ གཉིས་སུ་མེད་པའི་ཡིད་ཀྱིས་བསྟོད༔ ཅེས་རྡོ་རྗེའི་གླུ་ཡི་བསྟོད་པ་བཅས་བྱས་ལ། གཏེར་གཞུང་རྩ་བ་ལས། སྣང་ཆ་གཙོར་བཏོན་དག་པའི་སྐྱེ་མཆེད་རྒྱན༔ རྣམ་འགྱུར་མ་འདྲེས་མཁའ་ལ་འཇའ་ལྟར་བསྒོམ༔ དེ་གོམས་ལྷ་དང་བདག་ཉིད་དབྱེར་མེད་པའི༔ ངེས་ཤེས་འཕོ་མེད་སྲོག་གི་གདིང་ལྡན་པས༔ གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་པའི༔ ངོ་མཚར་མཉམ་པའི་དཀྱིལ་འཁོར་གཅིག་ཏུ་བལྟ༔ དེ་ཚེ་སྣང་བའི་དངོས་ཞེན་ལྡོག་པའི་ཕྱིར༔ ལྷ་ཉིད་རང་སེམས་སེམས་ཀྱང་ལྷ་ཡི་ལྷ༔ སྣང་ཆའི་དཀྱིལ་འཁོར་སྟོང་ལ་སྦྱར་ནས༔ གསལ་རིག་རྒྱུན་མི་འཆད་པར་ལ་ཡང་བཟླ༔ ཞེས་གསུངས་པ་ལྟར་སྐུ་ཕྱག་རྒྱའི་རྣལ་འབྱོར་ལ་གོམས་པ་བརྟན་པོར་བསླབ། དེ་ནས་གསུང་གསང་སྔགས་ཀྱི་རྣལ་འབྱོར་ནི། ཐུགས་དབུས་ཡེ་ཤེས་སེམས་དཔའ་གཤིན་རྗེ་གཤེད༔ ཕྱག་གཡས་རྡོ་རྗེ་རལ་གྲིས་མ་ལུས་གཅོད༔ གཡོན་པས་རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན༔ རྡོ་རྗེ་སྙིང་པོ་ནམ་མཁའ་འདྲ་བའི་མདོག༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ལ་བསྟོད༔ དེ་ཡི་ཐུགས་ཀར་པདྨ་ཉི་ཟླའི་སྦུབས༔ ཡེ་ཤེས་སྙིང་པོ་གསང་སྔགས་རྒྱལ་པོས་བསྐོར༔ འོད་ཆེན་སྣང་བ་མཐའ་ཡས་ཤེས་བྱ་ཀུན༔ སངས་རྒྱས་ཀུན་གྱི་སྙིང་པོ་འཇམ་པའི་དབྱངས༔ ལྷ་དང་སྔགས་དང་ཆོས་ཉིད་ཐ་མི་དད༔ གཉིས་མེད་རང་བྱུང་རང་ཤར་རང་ངོ་སྐྱོང༔ ཨོཾ་ཨཱཿཧཱུྃ་ཨ་ར་པ་ཙ་ན་དྷཱིཿཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་འཇམ་དཔལ་ཞི་ཁྲོ་གཅིག་ཏུ་དྲིལ་བའི་སྲོག་གི་སྙིང་པོ་ཏིང་འཛིན་རྩེ་གཅིག་པའི་ཡིད་ཀྱིས་བཟླ་ཞིང༌། སྐབས་སུ་ཡིད་བཟླས་དང་རྡོ་རྗེའི་བཟླས་པས་བོགས་དབྱུང་བར་འདོད་ན་མན་ངག་ལྟར་ཉམས་སུ་ལེན། མདོར་ན་ལྷ་སྔགས་ཐམས་ཅད་ལ་གཅེས་པའི་གནད་ཏིག་གི་གཞུང་ལས། སེམས་ཀྱི་སྒྲིབ་པ་ཀུན་ལས་ངེས་གྲོལ་བའི༔ རྡུལ་མེད་རྡུལ་བྲལ་དྲི་མ་མེད་པའི་ཆོས༔ སངས་རྒྱས་ཀུན་གྱི་རང་བཞིན་ཀུན་ཏུ་བཟང༔ དཔེར་བྱ་ཀུན་ལས་འདས་པ་ཁོ་ན་བསྐྱང༔ ཞེས་གསུངས་པ་ལྟར་འོད་གསལ་སེམས་ཀྱི་རྡོ་རྗེ་གནས་ལུགས་དེ་ཁོ་ན་ཉིད་ངེས་པ་དོན་གྱི་འཇམ་དཔལ་ཡེ་ཤེས་སེམས་དཔའི་རང་ཞལ་སྐྱོང་ཞིང༌། དེར་མ་ཟད་ལམ་འདིའི་ཐབས་གྲོལ་གྱི་མན་ངག་ཀྱང་ཉམས་སུ་ལེན་པར་འདོད་ན་གཞུང་གི་བསྟན་དོན་ལྟར་བརྒྱུད་ལྡན་བླ་མའི་ཞལ་སྒོ་ལས་བླངས་ཏེ་ངེས་པའི་དྲོད་ཚད་ཀྱང་རྙེད་པར་བྱའོ། །ཐུན་མཐར་དབྱངས་གསལ་རྟེན་འབྲེལ་སྙིང་པོས་ཁ་བསྐངས་ཞིང་བྱིན་རླབས་བརྟན་པར་བྱས་ཏེ། མཆོད་བསྟོད་མདོར་བསྡུས་པ་དང༌། བསམ་གཏན་ཆེན་པོའི་ཏིང་འཛིན་གྱིས༔ སྣང་ཆ་འོད་གསལ་ཐིག་ལེར་ཐིམ༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བས༔ སྣང་གྲགས་ལྷ་སྔགས་ཆོས་སྐུར་ཤར༔ ཞེས་བསྡུ་ལྡང་གི་རྣལ་འབྱོར་གྱིས་རྟག་ཆད་ཀྱི་མཐའ་བསལ་ཏེ། ཧོཿ གསང་སྔགས་ཚུལ་ཅན་ལས་བྱུང་བའི༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་ཀུན་ཡེ་ཤེས་སྐུ་ཐོབ་ནས༔ འཇམ་དཔལ་གཞོན་ནུ་མྱུར་འགྲུབ་ཤོག༔ ཨོཾ༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ༔ གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །ངེས་དོན་འཇམ་དཔལ་གཞོན་ནུའི་ཞལ། །དགའ་ཆེན་རིག་པའི་རོལ་མོ་དང༌། །འདུ་འབྲལ་མེད་པའི་བཤེས་གཉེན་གྱི། །བྱིན་རླབས་ཟབ་མོའི་ལམ་འདི་རྨད། །ཚངས་དབྱངས་རྒྱུད་དོན་སྣང་བྱས་མཐུས། །སྲས་བཅས་རྒྱལ་བ་དགྱེས་པའི་ལམ། །འགྲོ་ཀུན་སྤྱོད་ནས་ཕན་བདེའི་གཏེར། །ཡེ་ཤེས་རྡོ་རྗེར་བྱང་ཆུབ་ཤོག །ཅེས་པའང་རང་གཞན་ལམ་འདིར་བརྩོན་པ་ཀུན་ལ་འཇུག་བདེ་བའི་སླད་ངེས་དོན་འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི་ཐིག་ལེ་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྟེན་དང་བཅས་ཏེ་བཀའ་བསྩལ་བ་དང༌། ངེས་གསང་བསྟན་པའི་འབྱུང་གནས་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེའི་ནོར་བུས་ཀྱང་གསུང་བསྐུལ་གནང་བ་བཞིན་ཟབ་མོའི་ཆོས་ཀྱི་གསང་མཛོད་འདིའི་བཀའ་བབ་པདྨ་འོད་གསལ་གར་དབང་མདོ་སྔགས་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤིང་བྱ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་སུ་སྤེལ་བ་འདིས་ཀྱང་འགྲོ་ཀུན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པའི་རྟེན་འབྱུང་མི་ཟད་པའི་དཔལ་དུ་གྱུར་ཅིག། །།
[edit]

@#/_'jam dpal gzhon nu'i snying thig las/_rgyun gyi rnal 'byor ye shes snang ba'i thig le bzhugs//

rgyal kun ye shes phung po'i gter/_/bla ma 'jam dpal la btud nas/_/thun min gsang ba'i man ngag gi_/bskyed rim snying po'i rnal 'byor 'chad/_/dad dang snying rje cher ldan pas/_/nges 'byung bsam pa bzang po'i yid/_/yang dag lam du zhugs 'dod pa'i/_/blo ldan skyes bus nyams su len/_/mdun mkhar tshogs zhing gsal btab ste/_/skyabs su 'gro zhing sems bskyed ni/_na mo/_legs pa'i lam ni ston pa po:_chos kyi dbang phyug chos kyi rgyal:_tshogs kyi slob dpon tshogs kyi mchog:_dkon mchog gsum 'dzin skyabs su mchi:_kye hoH_nyon mongs ma lus bsal ba dang:_mi shes ma lus spang pa'i phyir:_bsam pa'i khyad par ji bzhin du:_'gro kun bsgral bar dam bca' 'o:_zhes so sor lan gsum brjod/_cung zad spro na mtshams kyi khro bo'i nga rgyal dang bcas te/_oM ya mAn+ta ka sarba big+h+nan hU~M hU~M hU~M phaTaH_ces brjod pas bar chad bsal/_b+h+rU~M b+h+rU~M b+h+rU~M/_zhes brjod pas lus dag pa 'od kyi srung gur sgo nga lta bu dkar por bsgom/_mu mu mu/_zhes brjod pas de'i nang ngag dag pa 'od zer gyi snang ba 'khrigs par mos/_oM a ra pa tsa na d+hIH_zhes brjod pas yid dag pa 'jam dpal gzhon nu'i sku ru lam gyis gsal ba srung ba'i man ngag zab mo'o/_/dngos su bsham pa'i mchod pa yod na/_oM ma hA pU dza dz+nyA na sa ma ya AHhU~M/_zhes lan gsum gyis byin rlabs bya/_gnyis pa dngos gzhi bskyed pa'i rim pa ni/_aH_yang dag bdag med chos nyid de bzhin nyid:_kun tu snang ba snying rje'i dkyil 'khor las:_rang rig rgyu yi sa bon yi ge d+hIH_ka dag dbyings kyi nam mkha'i lam la gnas:_spro bsdus 'od kyis snod bcud kun sbyangs nas:_rang byung dkyil 'khor chen po yangs pa'i dbus:_ye shes lus can khyab bdag many+dzu shrI:_sum cu rtsa gnyis mtshan 'chang gzhon nu'i sku:_yid la sdug gu 'jig rten gsum na mdzes:_rdul med rdul bral dri ma med pa'i gzugs:_rdo rje nyi ma snang ba'i lang tsho can:_yang dag ye shes zla ba'i 'od bzang 'phro:_zhal gcig mkhyen gnyis ye shes spyan zung bkra:_chos kun 'byung gnas pad+ma'i mchu sgros 'dzum:_cod pan bzang po mthon ka'i zur phud lngar:_nor bu chen po'i 'od chags dpal gyis spras:_snyan gong ut+pal ye shes cod pan can:_tshad med bzhi 'chang mdzes pa'i phyag sor gyis:_shes rab ral gri ut+pal mda' gzhu thogs:_rdzu 'phrul rkang pa'i zhabs zung rdo rje'i dkyil:_rnam lnga'i sku yi dar gyi chas gos dang:_stobs dang gsang gsum yon tan rin chen rgyan:_zag med spangs rtogs rdzogs pa'i tshul gyis mdzes:_rang 'od rdo rje dbyangs kyi rgyal mo dkar:_bcu drug phyed phyed thig le'i lang tsho can:_sangs rgyas sprul pa'i rgyud 'chang pi waM 'dzin:_gnyis med sbyor bas de nyid bcu drug ston:_snang srid 'khor dang mya ngan 'das pa'i chos:_kun kyang 'jam dpal rdo rje'i dkyil 'khor du:_lhun gyis rdzogs la rang byung dgyes pa che'i:_dri med zla ba pad+ma'i gdan la 'gyings:_dpag bsam shing chen rgyas par sku rgyab brten:_sna tshogs 'od stong 'khrigs pa'i klong na mdzes:_rnam dag phung po rigs chen lnga 'chang zhing:_'byung ba chen po yum lnga'i rgyu gcig pu:_dbang po bsam pa yul kun 'bras bu'i sems:_rtag chad mtha' kun las rgyal sgo ba rnams:_las dbang nyid de gdan gsum rdo rje'i grong:_sangs rgyas kun bdag dngos po'i lam mchog gsal:_oM AHhU~M:_hU~M oM trA~M hrIHAH_zhes gsal/_ye shes spyan 'dren pa sogs las kyi rim pa sbyar bar 'dod na/_oM:_mgon po sems can kun gyi mchog:_rdzu 'phrul rkang pa'i stobs chen ldan:_sangs rgyas kun gyi rang bzhin 'chang:_'khor dang bcas kun gshegs su gsol:_oM sarba ta thA ga ta ma hA ka ru Ni ka many+dzu shrI dz+nyA na satwa sa pa ri wA ra badz+ra sa ma ya dzaH_zhes spyan drangs te/_dzaHhU~M ba~M hoHsa ma ya tiSh+Tha lhan/_gyis dam ye gnyis su med par bzhugs su gsol/_a la la ho:_a ti pU ho:_pra \u0f71\u0f74\u0f72ts+tsha hoHsa phyag 'tshal te/_oM AHhU~M:_dga' ba chen po mgu ba che:_sgyu 'phrul chen po'i dga' bas dga':_dpag bsam shing chen rgyas pa yi:_mchod pa chen pos rtag tu mchod:_oM many+dzu g+ho Sha dz+nyA na satwa sarba pU dza ar+g+haM sogs nas shab+da pra \u0f71\u0f74\u0f72ts+tsha AHhU~M:_ma hA a mr-i ta rak+ta ba liM ta kha hiH_ma hA su kha d+harma d+hA tu hoH_zhes phyi nang gsang ba de kho na nyid kyi mchod pa dang*/_oM:_ye shes sku ste rang byung ba:_smra ba'i dam pa mchog gi gnas:_'jam dpal ye shes sems dpa' che:_gnyis su med pa'i yid kyis bstod:_ces rdo rje'i glu yi bstod pa bcas byas la/_gter gzhung rtsa ba las/_snang cha gtsor bton dag pa'i skye mched rgyan:_rnam 'gyur ma 'dres mkha' la 'ja' ltar bsgom:_de goms lha dang bdag nyid dbyer med pa'i:_nges shes 'pho med srog gi gding ldan pas:_gzhi lam 'bras bu'i tha snyad las 'das pa'i:_ngo mtshar mnyam pa'i dkyil 'khor gcig tu blta:_de tshe snang ba'i dngos zhen ldog pa'i phyir:_lha nyid rang sems sems kyang lha yi lha:_snang cha'i dkyil 'khor stong la sbyar nas:_gsal rig rgyun mi 'chad par la yang bzla:_zhes gsungs pa ltar sku phyag rgya'i rnal 'byor la goms pa brtan por bslab/_de nas gsung gsang sngags kyi rnal 'byor ni/_thugs dbus ye shes sems dpa' gshin rje gshed:_phyag g.yas rdo rje ral gris ma lus gcod:_g.yon pas rdo rje phreng thogs dpal dang ldan:_rdo rje snying po nam mkha' 'dra ba'i mdog:_rdo rje 'jigs byed 'jigs par byed la bstod:_de yi thugs kar pad+ma nyi zla'i sbubs:_ye shes snying po gsang sngags rgyal pos bskor:_'od chen snang ba mtha' yas shes bya kun:_sangs rgyas kun gyi snying po 'jam pa'i dbyangs:_lha dang sngags dang chos nyid tha mi dad:_gnyis med rang byung rang shar rang ngo skyong:_oM AHhU~M a ra pa tsa na d+hIHya mAn+ta ka hU~M phaT:_ces 'jam dpal zhi khro gcig tu dril ba'i srog gi snying po ting 'dzin rtse gcig pa'i yid kyis bzla zhing*/_skabs su yid bzlas dang rdo rje'i bzlas pas bogs dbyung bar 'dod na man ngag ltar nyams su len/_mdor na lha sngags thams cad la gces pa'i gnad tig gi gzhung las/_sems kyi sgrib pa kun las nges grol ba'i:_rdul med rdul bral dri ma med pa'i chos:_sangs rgyas kun gyi rang bzhin kun tu bzang:_dper bya kun las 'das pa kho na bskyang:_zhes gsungs pa ltar 'od gsal sems kyi rdo rje gnas lugs de kho na nyid nges pa don gyi 'jam dpal ye shes sems dpa'i rang zhal skyong zhing*/_der ma zad lam 'di'i thabs grol gyi man ngag kyang nyams su len par 'dod na gzhung gi bstan don ltar brgyud ldan bla ma'i zhal sgo las blangs te nges pa'i drod tshad kyang rnyed par bya'o/_/thun mthar dbyangs gsal rten 'brel snying pos kha bskangs zhing byin rlabs brtan par byas te/_mchod bstod mdor bsdus pa dang*/_bsam gtan chen po'i ting 'dzin gyis:_snang cha 'od gsal thig ler thim:_ye shes gnyis med tshul 'chang bas:_snang grags lha sngags chos skur shar:_zhes bsdu ldang gi rnal 'byor gyis rtag chad kyi mtha' bsal te/_hoH_gsang sngags tshul can las byung ba'i:_bsod nams ye shes tshogs gnyis kyis:_'gro kun ye shes sku thob nas:_'jam dpal gzhon nu myur 'grub shog:_oM:_bkra shis kun gyi bkra shis pa:_grags pa'i bkra shis snyan grags dge:_sangs rgyas kun gyi ye shes sku:_'du 'bral med pa'i bkra shis shog:_ces brjod pas dge legs su bya'o/_/nges don 'jam dpal gzhon nu'i zhal/_/dga' chen rig pa'i rol mo dang*/_/'du 'bral med pa'i bshes gnyen gyi/_/byin rlabs zab mo'i lam 'di rmad/_/tshangs dbyangs rgyud don snang byas mthus/_/sras bcas rgyal ba dgyes pa'i lam/_/'gro kun spyod nas phan bde'i gter/_/ye shes rdo rjer byang chub shog_/ces pa'ang rang gzhan lam 'dir brtson pa kun la 'jug bde ba'i slad nges don 'jam dpal gzhon nu'i ye shes kyi thig le kun mkhyen bla ma rin po che 'jam dbyangs blo gros rgya mtshos rten dang bcas te bka' bstsal ba dang*/_nges gsang bstan pa'i 'byung gnas smin gling mkhan chen ngag dbang mkhyen brtse'i nor bus kyang gsung bskul gnang ba bzhin zab mo'i chos kyi gsang mdzod 'di'i bka' bab pad+ma 'od gsal gar dbang mdo sngags gling pas rdzong gsar bkra shis lha rtse'i gzim spyil 'chi med grub pa'i dga' tshal du shing bya cho 'phrul zla ba'i dkar phyogs su spel ba 'dis kyang 'gro kun 'jam dpal ye shes sems dpa'i thugs kyi thig ler mngon par byang chub pa'i rten 'byung mi zad pa'i dpal du gyur cig/_//

Footnotes

Other Information