འཇམ་དཔལ་གཞོན་ནུའི་སྙིང་ཐིག་བརྒྱུད་འདེབས། སྲིད་ཞི་ན་ཁྱབ་རང་བྱུང་སོགས།

From Khyentse Lineage - A Tsadra Foundation Project
Wylie title 'jam dpal gzhon nu'i snying thig brgyud 'debs/ srid zhi na khyab rang byung sogs DKR-KABUM-18-TSHA-016.pdf
Location dil mgo mkhyen brtse bka' 'bum
Volume 18, Text 16, Pages 100 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. 'jam dpal gzhon nu'i snying thig brgyud 'debs srid zhi na khyab rang byung sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 100. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle རྩ་གསུམ་འཇམ་དཔལ་སྙིང་ཐིག་ (rtsa gsum 'jam dpal snying thig)
[edit]
སྲིད་ཞི་ཀུན་ཁྱབ་རང་བྱུང་གདོད་མའི་དབྱིངས༔ སྐུ་ལྔ་ལྷུན་གྲུབ་རྒྱལ་ཀུན་ཡེ་ཤེས་སེམས༔ དང་པོའི་སངས་རྒྱས་འཇམ་དཔལ་ཀུན་ཏུ་བཟང༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ བདེ་སྟོང་ཁ་སྦྱོར་ཡན་ལག་བདུན་གྱི་བདག༔ དཀྱིལ་འཁོར་དབང་ཕྱུག་རིགས་ཀྱི་ཁྱབ་བདག་མངའ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ དཔག་ཡས་མཁྱེན་རབ་སྤོབས་པའི་མཛོད་བརྙེས་ཤིང༔ འཇམ་དཔལ་ཞི་ཁྲོའི་རྒྱུད་ལུང་བཀའ་བབ་འཆང༔ སྐུ་ཡི་རིག་འཛིན་མཉྫུ་མི་ཏྲ་ལ༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ དཔལ་ལྡན་པདྨ་ལས་སྐྱེས་སྤྲུལ་པའི་སྐུ༔ ཀུན་མཁྱེན་ཡེ་ཤེས་མཛོད་འཆང་མཆོག་སྲེད་དང༔ རང་བྱུང་སངས་རྒྱས་ཨོ་རྒྱན་ཐོད་ཕྲེང་རྩལ༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ རྡོ་རྗེ་རྣོན་པོ་ཚངས་པ་ལྷའི་མེ་ཏོག༔ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་དང༔ སྒྲ་བསྒྱུར་བཻ་རོ་གནུབས་ཆེན་བུདྡྷའི་མཚན༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ རྨད་བྱུང་མཁྱེན་བརྩེ་ནུས་པ་བསམ་ཡས་པ༔ བཀའ་གཏེར་བསྟན་པའི་ཉིན་བྱེད་མཚུངས་པ་མེད༔ འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ལ༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ མཆོག་གི་ཡེ་ཤེས་སྒྱུ་མར་རོལ་པའི་གར༔ མཁས་དང་གྲུབ་པའི་གཙུག་རྒྱན་ཐམས་ཅད་མཁྱེན༔ འཇམ་དཔལ་དགའ་བའི་བཤེས་གཉེན་འོད་གསལ་གླིང༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ འཇམ་མགོན་ཡེ་ཤེས་མེ་ལོང་རིགས་ཀྱི་བདག༔ མཚུངས་མེད་ཐུགས་རྗེས་སྙིགས་མའི་མུན་པ་སེལ༔ ཡོངས་རྫོགས་བསྟན་པའི་ཤིང་རྟ་མ་ཏིའི་མཚན༔ གསོལ་བ་འདེབས་སོ་ཡེ་ཤེས་ཆར་ཆེན་ཕོབ༔ སྨིན་བྱེད་དབང་གིས་རྒྱུད་སྨིན་སྔོན་འགྲོ་འབྱོངས༔ ཕྱི་ནང་གསང་བའི་བསྙེན་སྒྲུབ་མཐའ་རུ་ཕྱིན༔ བོགས་འབྱིན་རྫོགས་རིམ་ཟུང་འཇུག་མྱུར་ལམ་གྱིས༔ ཡེ་ཤེས་རྡོ་རྗེའི་ས་མཆོག་མངོན་བྱེད་ཤོག༔ ཨོཾ་ཡིག་འཇམ་དཔལ་རྡོ་རྗེ་རིགས་ཀུན་བདག༔ ཨ་ནི་མཆོག་ཏུ་ཞི་བ་ཆོས་ཀྱི་དབྱིངས༔ ར་ཞེས་བདེ་ཆེན་དབང་གིས་འོད་ཟེར་ཅན༔ པ་ནི་རྒུད་ཀུན་ཞི་བྱེད་རྡོ་རྗེ་རྣོན༔ ཙ་ཞེས་དོན་ཡོད་གྲུབ་པ་ཐོགས་པ་མེད༔ ན་ནི་རིན་ཆེན་ཀུན་བདག་ཡོན་ཏན་གཏེར༔ དྷཱིཿཡིག་མཁྱེན་གཉིས་རྫོགས་པའི་ཡེ་ཤེས་སེམས༔ འཇམ་དཔལ་གཞོན་ནུ་མཚུངས་མེད་ལྷ་མཆོག་དེས༔ སྐྱེ་ཀུན་རྗེས་བཟུང་སྤོབས་པའི་གཏེར་མཛོད་གྲོལ༔ ཟབ་རྒྱས་སྨྲ་བའི་སེང་གེ་ཉིད་གྱུར་ནས༔ མཁྱེན་རབ་སྣང་བ་རྒྱས་པར་མཛད་དུ་གསོལ༔
[edit]

skya_srid zhi kun khyab rang byung gdod ma'i dbyings:_sku lnga lhun grub rgyal kun ye shes sems:_dang po'i sangs rgyas 'jam dpal kun tu bzang:_gsol ba 'debs so ye shes char chen phob:_bde stong kha sbyor yan lag bdun gyi bdag:_dkyil 'khor dbang phyug rigs kyi khyab bdag mnga':_bsam yas sgyu 'phrul drwa ba'i 'khor lo la:_gsol ba 'debs so ye shes char chen phob:_dpag yas mkhyen rab spobs pa'i mdzod brnyes shing:_'jam dpal zhi khro'i rgyud lung bka' bab 'chang:_sku yi rig 'dzin many+dzu mi tra la:_gsol ba 'debs so ye shes char chen phob:_dpal ldan pad+ma las skyes sprul pa'i sku:_kun mkhyen ye shes mdzod 'chang mchog sred dang:_rang byung sangs rgyas o rgyan thod phreng rtsal:_gsol ba 'debs so ye shes char chen phob:_rdo rje rnon po tshangs pa lha'i me tog:_dbyangs can sprul pa ye shes mtsho rgyal dang:_sgra bsgyur bai ro gnubs chen bud+d+ha'i mtshan:_gsol ba 'debs so ye shes char chen phob:_rmad byung mkhyen brtse nus pa bsam yas pa:_bka' gter bstan pa'i nyin byed mtshungs pa med:_'jam dbyangs bla ma mkhyen brtse'i dbang po la:_gsol ba 'debs so ye shes char chen phob:_mchog gi ye shes sgyu mar rol pa'i gar:_mkhas dang grub pa'i gtsug rgyan thams cad mkhyen:_'jam dpal dga' ba'i bshes gnyen 'od gsal gling:_gsol ba 'debs so ye shes char chen phob:_'jam mgon ye shes me long rigs kyi bdag:_mtshungs med thugs rjes snyigs ma'i mun pa sel:_yongs rdzogs bstan pa'i shing rta ma ti'i mtshan:_gsol ba 'debs so ye shes char chen phob:_smin byed dbang gis rgyud smin sngon 'gro 'byongs:_phyi nang gsang ba'i bsnyen sgrub mtha' ru phyin:_bogs 'byin rdzogs rim zung 'jug myur lam gyis:_ye shes rdo rje'i sa mchog mngon byed shog:_oM yig 'jam dpal rdo rje rigs kun bdag:_a ni mchog tu zhi ba chos kyi dbyings:_ra zhes bde chen dbang gis 'od zer can:_pa ni rgud kun zhi byed rdo rje rnon:_tsa zhes don yod grub pa thogs pa med:_na ni rin chen kun bdag yon tan gter:_d+hIHyig mkhyen gnyis rdzogs pa'i ye shes sems:_'jam dpal gzhon nu mtshungs med lha mchog des:_skye kun rjes bzung spobs pa'i gter mdzod grol:_zab rgyas smra ba'i seng ge nyid gyur nas:_mkhyen rab snang ba rgyas par mdzad du gsol:

Footnotes

Other Information