DKR-KABUM-09-TA-025: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྩ་གསུམ་ཚེ་ཡི་ཟབ་པའི་ལྷ་སྔགས་ལ་བསྟེན་པའི་ལས་བཞིའི་སྦྱིན་སྲེག་འཆི་མེད་བདུད་རྩིའི་སྣང་བ། | |||
|fulltitle=rtsa gsum tshe yi zab pa'i lha sngags la bsten pa'i las bzhi'i sbyin sreg 'chi med bdud rtsi'i snang ba | |||
|citation=[[Khyentse, Dilgo]]. ''Rtsa gsum tshe yi zab pa'i lha sngags la bsten pa'i las bzhi'i sbyin sreg 'chi med bdud rtsi'i snang ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 208-228. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Fire Offerings - sbyin sreg | |||
|terma=Yes | |||
|dkroutline=Three | |||
|cycle=zab bdun rtsa gsum tshe'i zab pa | |||
|cycletib=ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ | |||
|parentcycle=thugs dam zab pa skor bdun | |||
|parentcycletib=ཐུགས་དམ་ཟབ་པ་སྐོར་བདུན་ | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=025 | |textnuminvol=025 | ||
|pagenumbers=208-228 | |||
|totalpages=41 | |||
|beginfolioline=1a | |||
|endfolioline=21a6 | |||
|totalfolios=21 | |||
|multivolumework=No | |||
|rectonotes=sbyin sreg | |||
|versonotes=rtsa gsum tshe zab | |||
|colophontib=།ཅེས་པའང་རྟེན་མཆོག་འགྱུར་མེད་གླིང་གི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་དུ་བསྟན་འཛིན་སྐྱེས་བུ་སྤྱི་དང༌། ངོས་ཀྱི་རིང་འཚོའི་རྟེན་འབྱུང་དུ་ལོ་བསྟར་སྒྱུ་འཕྲུལ་ཚེ་ཟབ་ཀྱི་སྒྲུབ་ཆེན་གནང་བའི་ཉེར་འཁོར་གྱུར་པ། བྱང་འདྲེན་པདྨ་བཀྲ་ཤིས་ནས་དྲི་བཟང་གི་རྟེན་དང་བཅས་ཏེ་ཆེད་བསྐུལ་བཞིན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་གྱིས་སྨྲས་རིམ་བཞིན། དད་བློ་རྣམ་པར་བཀྲ་བ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་ཡི་གེ་པ་བགྱིས་ཏེ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་ས་ཡི་ལྟེ་བ་བུམ་ཐང་སྐུ་རྗེས་རྡོ་རྗེའི་བརྩེགས་པའི་ཀེའུ་ཚང་གི་མདུན་དུ་གནས་པའི་སྐབས་གྲུབ་པར་བྱས་པ་འདིས་ཀྱང་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་རྒྱུར་གྱུར་ཅིག། | |||
|colophonwylie=/ces pa'ang rten mchog 'gyur med gling gi e waM chos kyi sgar chen du bstan 'dzin skyes bu spyi dang*/_ngos kyi ring 'tsho'i rten 'byung du lo bstar sgyu 'phrul tshe zab kyi sgrub chen gnang ba'i nyer 'khor gyur pa/_byang 'dren pad+ma bkra shis nas dri bzang gi rten dang bcas te ched bskul bzhin/_'gyur med theg mchog bstan pa'i rgyal mtshan pad+ma dri med gzi brjid rab tu dga' ba'i dpal gyis smras rim bzhin/_dad blo rnam par bkra ba sprul sku A nan+ta mang+ga las yi ge pa bgyis te lho 'brug chos kyi rgyal po'i sa yi lte ba bum thang sku rjes rdo rje'i brtsegs pa'i ke'u tshang gi mdun du gnas pa'i skabs grub par byas pa 'dis kyang 'gro kun tshe dang ye shes kyi snang ba rgyas pa'i rgyur gyur cig/ | |||
|pdflink=File:DKR-KABUM-09-TA-025.pdf | |pdflink=File:DKR-KABUM-09-TA-025.pdf | ||
}} | }} | ||
Line 16: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅ །རྩ་གསུམ་ཚེ་ཡི་ཟབ་པའི་ལྷ་སྔགས་ལ་བསྟེན་པའི་ལས་བཞིའི་སྦྱིན་སྲེག་འཆི་མེད་བདུད་རྩིའི་སྣང་བ་བཞུགས། | {{TibP|༄༅ །རྩ་གསུམ་ཚེ་ཡི་ཟབ་པའི་ལྷ་སྔགས་ལ་བསྟེན་པའི་ལས་བཞིའི་སྦྱིན་སྲེག་འཆི་མེད་བདུད་རྩིའི་སྣང་བ་བཞུགས།<br><br> | ||
༄༅། །ན་མོ་གུ་རུ་ཨཱརྻ་མཎྜ་ལ་བྷྱ། །བདེ་ཆེན་ཡེ་ཤེས་བདུད་རྩིའི་ཞུགས་ཕྲེང་གིས། །མི་མཐུན་འཁྲུལ་པའི་བུད་ཤིང་བསྲེགས་ནས་སླར། །འཆི་མེད་བདུད་རྩིའི་གཟི་བྱིན་རྒྱས་མཛད་ལྷར། །གུས་བཏུད་དེ་མཉེས་སྦྱིན་སྲེག་ལས་ཁྲིགས་སྤེལ། །དེ་ཡང་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་བྱེ་བྲག་རྩ་གསུམ་ཚེ་དཔག་མེད་དཀར་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་ཇི་ལྟར་བྱ་ཚུལ་ནག་འགྲོས་སུ་བཀོད་པ་ཐུན་མོང་དུ་བྱ་བའི་སྔོན་འགྲོ་དང༌། དངོས་གཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔར་མ་སྦྱངས་པའི་ས་ཡིན་ན། ས་ཡི་ཆོ་ག་སྒྲུབ་ཁོག་ལྟར་རྒྱས་པར་གྲུབ་ན་ལེགས། བསྡུ་ན་བདག་གི་རྣལ་འབྱོར་བཟླས་པ་བཅས་སྔོན་དུ་སོང་ནས། གང་དུ་བྱ་བའི་གཞི་དེར་དཀར་གཏོར་མཆོད་པ་དང་བཅས་པ་བཤམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པཱུཥྤེ་ནས་ཤཔྟ་པཱུ་ཛས་མ་ཡ་ཧོཿ ཞེས་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བརླབས། བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཛཿས་ས་ལྷ་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གིས་གནས་འདིར་སྙིང་པོ་བྱང་ཆུབ་སྒྲུབ༔ ཀོ་ལོང་མ་མཛད་ཁྱོད་ཀྱིས་སྟོང་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་མཛོད༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་གཙྪ༔ས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམས་ལ་མཆོད་པ་བསྡུ། ལག་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག་སྟེ། སྙིང་པོ་བརྒྱ་རྩ། ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ལན་བདུན་ཙམ་བརྗོད་པས་ཀུན་རྫོབ་ཀྱི་སྦྱོང་པ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པས་དོན་དམ་གྱི་སྦྱོང་བ་སྟེ་ཐུན་མོང་དུ་བྱ་བའི་ལས་རིམ་མོ། །གཉིས་པ་ཞི་བའི་སྦྱིན་སྲེག་ལ། སྦྱོར་བ་དང༌། དངོས་གཞི་གཉིས་ལས། དང་པོ་ནི། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་བྱས་པའི་སྟེང་དུ་མེ་ཐབ་བྱ་སྟེ། ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ། དབུས་ནས་སོར་བཅུ་གཉིས་ཀྱིས་ཟླུམ་པོར་བསྐོར། དེའི་ཕྱི་རོལ་དུ་སོར་བཞི་པའི་ཚད་ཅན་རིམ་པ་གཉིས་བསྐོར་བ་མཆུ་དང་ཁ་ཁྱེར། དབུས་སུ་སོར་བཞི་པ་གཅིག་བསྐོར་བ་ལྟེ་བ། དེའི་ཕྱི་རོལ་ནས་ཆ་ཕྲན་གཅིག་པའི་མུ་ཁྱུད། དེའི་ཕྱི་རོལ་དུ་གཅུས་ཐིག་གིས་པདྨ་འདབ་བརྒྱད། དབུས་སུ་པདྨ་ལ་རྡོ་རྗེ་དཀར་པོ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བཅས་བྲི། འབྱོར་ན་དེའི་སྟེང་དུ་མེ་ཏོག་དཀར་པོ་གཅལ་དུ་དགྲམ། སྲོག་ཆགས་མེད་པའི་བ་ལྕི་འམ། བདུད་རྩི་ཅན་གྱི་ཤིང་ལ་ཙན་དན་དཀར་པོ་སྦྱར་བའི་འོ་མས་བྲན་པ་ཁྲུ་གང་ཟླུམ་པོར་བརྩིགས། སློབ་དཔོན་གྱི་གཡས་སུ་ཁེབ་དཀར་པོས་བཀབ་པའི་སྟེགས་བུ་ལ་རིམ་པ་བཞིན་དུ་བདུད་རྩི་ཅན་གྱི་ཡམ་ཤིང་སོར་བཅུ་གཉིས་པ་བཅད་ཁ་པད་འདབ་ཅན་རྩེ་གཉིས་མར་ཁུས་ཉུགས་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་ནག །ཟས་མཆོག །འབྲས་མ་ཆག་པ། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ། ཤིང་ཐོག་རྣམས་དང༌། གཞན་ཡང་བཤལ་སྨན་དང་དུག་རིགས་མ་ཡིན་པའི་སྨན་སྣ། འབྲུ་སྣ་རིན་ཆེན་སྣ་ཚོགས་སྦྱར་བ། སོ་རྩི་སྟེ་གོ་ཡུ་མར་དང་སྦྱར་བའི་ཟླུམ་གཏོར། གོས་ཟུང་དར་སྣ་གསར་པ་བཅས་འཇིག་རྟེན་ལས་འདས་མ་འདས་ཀྱི་རིམ་པས་ཕྱི་ནང་གཉིས་རིམ་དུ་འགོད། གཡོན་དུའང་གོང་ལྟར་སྟེགས་བུ་ཁེབ་ལྡན་ལ་འདས་མ་འདས་ཀྱི་དཀར་ཟླུམ་ཆེ་ཆུང་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་བསྲེས་པ་གཉིས། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་རྣམས་ཕྲེང་ཚར་གཉིས་འགོད། མདུན་དུ་མེ་ལྷའི་དུག་སྲུང་བའི་ཕྱིར་གངས་རི་བཾ་ཡིག་གིས་མཚན་པ་བྲིས་པའི་མེ་ཡོལ་གྱི་ནང་དུ་རྡོར་དྲིལ། དགང་བླུགས། ནང་མཆོད། ལས་བུམ་མམ་བསང་ཆུ། རླུང་གཡབ་བཅས་བཤམ། དེ་དག་གི་སྣོད་ཀྱང་དངུལ་ལམ་དཀར་པོ་ཟླུམ་པོ་ཅན་དགོས་པར་བཤད། གཉིས་པ་ལ་གསུམ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ། རྗེས་ཀྱི་རིམ་པའོ། །དང་པོ་ནི་ཟླ་བ་ཡར་གྱི་ངོའི་བཀྲ་ཤིས་པའི་ཉི་མའི་སྔ་དྲོའི་ཆར་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་ཞིང་དྭངས་པའི་སེམས་ཀྱིས་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་ཤར་དུ་ཕྱོགས་པར་འདུག །དེ་ནས་སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་ཤིང་ལས་བུམ་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ། སྒྲུབ་མཆོད་དང་འབྲེལ་བའི་ཚེ་རྩ་བསྙེན་ལ། ཕཊ་ཛཿབཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གར་གྱི་དབང་ཕྱུག་ཚེ་དཔག་མེད་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱི་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང༌།དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། ཨོཾ་བཛྲ་གཎྜེ་ཨཱཿ གཡོན་པས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐུགས་ཀར་འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་དམ་ཚིག་གསུམ་དྲན་པར་བྱས་ལ། ཆོ་ག་མ་གྲུབ་ཀྱི་བར་དུ་ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ་དང་མ་བྲལ་བར་བྱའོ། །དགང་བླུགས་བསང་སྦྱངས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའི་འོད་ཟེར་གྱི་ཚུལ་དུ་བཀུག་དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་བསྲེག་གི་རྫས་རྣམས་བསང་ཆུས་བྲན། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཏྲཱཾ་ལས་བདེ་བ་ཆེན་པོའི་ཞིང་ཁམས་དབུས༔ བྷཱུྃ་ལས་རིན་པོ་ཆེ་ཡི་གཞལ་ཡས་ཁང༔ རིན་ཆེན་སྣོད་དུ་ཧཱུྃ་ལས་མཆོད་ཡོན་དང༔ ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་ཀུན་བཟང་མཆོད་སྤྲིན་སྤྲོ༔ ཧྲཱིཿལས་རོལ་མོའི་གཞལ་ཡས་ཁང་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཿཧཱུྃ༔ པཱདྱཾ་སོགས་ཤཔྟ་ཨཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང༌། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡཾ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་བསྲེག་རྫས་སོ་སོར་གྱུར་པས་ལྷ་རྣམས་མཉེས་ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་མཐུ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ། གཅིག །ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། གསུམ། དེ་བཞིན་དུ། ཨོཾ་ཨཱཿཧཱུྃ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་བ་ལཱ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་གྷསྨཱ་རེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གསུམ་རེ་བརྗོད་པས་བྱིན་གྱིས་བརླབས། དགེ་འདུན་གྱི་མེ་ལས་བྱུང་བའི་མེ་སྒྲོན་སྦར་ལ། ཧཱུྃ། ཆོས་དབྱིངས་རྣམ་དག་སྐྱེ་མེད་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ལས༔ ཡེ་ཤེས་རྣམ་པར་རོལ་པའི་མེ་སྦར་བས༔ ཞི་བའི་ཕྲིན་ལས་མ་ལུས་མྱུར་འགྲུབ་ཤོག༔ ཛྙཱ་ན་ཛྭ་ལ་རཾ། ཞེས་གཡས་བསྐོར་གྱིས་ཐབ་ཏུ་བཅུག ཧཱུྃ་ཧཱུྃ་ཧཱུྃ། ཞེས་རླུང་གཡབ་ཀྱིས་བསྐུལ། དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན། ཨ་མྲྀ་ཏས་བསང༌། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་དང༌། སྭཱ་ཧཱ། ཞེས་ལན་ལྔ་བརྗོད་རིམ་བཞིན་དུ་ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པར་རང་གི་གཡོན་ནས་བརྩམས་ཏེ་ཐབ་ལ་གཡས་བསྐོར་གྱིས་ལྷོ་ནུབ་བྱང་ཤར་རྣམས་ལ་དགྲམ་པ། རྩེ་མོ་རྣམས་རིམ་པར་ལྟར་ཤར་ལྷོ་ནུབ་བྱང་དུ་བསྟན་པ་རྒྱབ་མ་རྣམས་ཀྱི་རྩེ་མོས་སྔོན་མ་རྣམས་ཀྱི་རྩ་བ་ནོན་པར་བྱ་ཞིང༌། སླར་ཡང་རྩེ་མོ་ཤར་དུ་བསྟན་པ་བ་གླང་གི་རྣ་བ་ལྟ་བུའི་ཀུ་ཤ་ཧ་ཅང་མི་རིང་བས་སྟེང་ནས་གཡོགས་པར་བྱའོ། །ཐབ་བསང་ཆུས་བྲན། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པྃ་ལས་པདྨ་དཀར་པོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་ཡིག་དཀར་པོས་མཚན་པར་གྱུར༔ དེ་ལས་དྲང་སྲོང་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་རྡོ་རྗེ་དང་མེ་ཐབ་འཛིན་པ༔ རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༔ ར་སྐྱེས་དཀར་པོའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམས་ལ༔ གཡས་མི་འཇིགས་པའི་རྒྱས་སོར་མོ་བསྒྲེང་ཞིང་མཐེ་བོང་གཡབ་པ་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ སྲེག་བླུག་མཆོད་པ་བཞེས་སླད་དུ༔ འདི་ཉིད་དུ་ནི་གཤེགས་སུ་གསོལ། ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧིཿ ཞེས་སྤྱན་དྲངས། ཨོཾ་བིགྷྣཱནྟ་ཀྲྀཏ་ཕཊ༔ ཞེས་ཡུངས་ཀར་ཐབ་ཏུ་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད། ཀུ་ཤ་རྒྱ་གྲམ་དུ་བཅིངས་པ་འཕང་ལ། ས་མ་ཡ་ཏིཥྛ་ལྷན། ཞེས་གདན་འབུལ། ཛཿཧཱུྃ་བྃ་ཧོཿས་དབྱེར་མེད་དུ་བསྟིམ། ན་མོ་ན་མཿ ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔དང་ཤཔྟའི་བར་གྱིས་མཆོད། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་ལ་རྃ་ཡིག་གིས་མཚན་པ་དང༔ གཟར་བུ་གཉིས་ཀྱི་ཁ་ལའང་རཾ་ཡིག་གི་མཚན་པས་སྲེག་བླུགས་ཀྱི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར༔ བྱང་ཆུབ་མཆོག་གི་རྒྱས་དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་ཁུས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་བཧྣ་ཡ་ཧ་བྱ་ཀ་བྱ་བ་ཧྣཱ་ཡེ་སྭཱ་ཧཱ༔ ཞེས་གཡས་བསྐོར་གྱིས་ལན་གསུམ་འབུལ། མཐར། ཧོ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེགས་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གཅིག་གིས་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལ་ཞུ་བའི་རང་བཞིན་ཅན་རྣམས་ཞལ་དང༌། ཡམ་ཤིང༌། དཱུརྦ། ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང༌། ཞོ་ཟན་དང་ཏིལ་སོགས་ཕྱག་ཏུ་འབུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོད་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་རྣམས་བླུག་གཟར་གྱིས་འབུལ། དེ་ནས་རྫས་རྣམས་རིམ་པ་བཞིན་དུ་འབུལ་ལ། ཡམ་ཤིང༌། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ༔ མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ འབྲས། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ གྲོ། ཨོཾ་བཛྲ་གྷ་སྨཱ་རི་སྭཱ་ཧཱ༔ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཤིང་ཐོག །ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ༔ རྫས་གཞན་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཞེས་ལན་བདུན་རེའི་མཐར། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྤེལ་ཚིག་སྦྱར་ལ་འབུལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་དག་གི་དམིགས་པ་ནི། བདེར་འདུས་གཞུང་ལས། བསྲེག་རྫས་བདུད་རྩི་འབུལ་བས་མེ་ལྷ་མཉེས་ཏེ། འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོགས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བསྲེགས་ཏེ། སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་ནས། གཤང་བའི་ལམ་ནས་ཐོན་པར་བསམ་པའམ། ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ་སྙིང་ག་ནས་སམ། བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ། རྫས་ལ་བསྟིམ་པས་མཆོད་པ་ནི་མན་ངག་གོ །དེ་བཞིན་དུ་ནད་དང་དགྲ་དང་འབྱུང་པོའི་གདོན་ལ་སོགས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ནའང་དེ་བཞིན་དུ་བྱའོ། །ཞེས་གསུངས། ནོངས་བཤགས་ནི། བདག་ཅག་དུས་ངན་པའི་སེམས་ཅན་དུ་གྱུར་པས་དུས་རྣམས་འཛོལ་བ་དང༌། རྫས་དང་ཡོ་བྱད་མ་ཚང་བ་དང༌། སྔགས་དང་ཆོ་ག་མ་དག་པ་དང༌། ལྷ་དང་ཏིང་ངེ་འཛིན་མ་གསལ་བ་ལ་སོགས་པ་ཉེས་པ་ཐམས་ཅད་དྲང་སྲོང་ཆེན་པོ་ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མ་འབྲེལ་བ་དང༌། འབྲེལ་བའོ། དང་པོ་ལྟར་ན། བུད་ཤིང་ཅུང་ཟད་ཁ་གསོ་བསང་ཆུ་འཐོར་ལ་བསང་སྦྱང༌། མེ་ལྷ་ཡེ་ཤེས་པ་ཤར་ལྷོར་གཤེགས། དམ་ཚིག་པ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཆི་མེད་ཚེ་དཔག་མེད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པ། འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་གྱུར། ཅེས་པ་ཙམ་མམ། སྤྲོ་ན་གཞུང་གི་ལྷ་བསྐྱེད་ཡོངས་རྫོགས་སྦྱར། དེ་ནས་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། སྨན་རཀ་གཏོར་གསུམ་སྔགས་ཙམ། བསྟོད་པ་ཚང་བར་གྲུབ་ནས། འོག་གི་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་སོགས་བྱོན་སྐྱེམས་ལ་འཇུག་པ་ཡིན་ནོ། །གཉིས་པ་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་བུད་ཤིང་ཁ་གསོས་ལ། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་ཕྲིན་ལས་མཛད་པར་བསམ༔ དམ་ཚིག་གི་མེ་ལྷ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། འབྱུང་བ་རིམ་བརྩེགས་རི་རབ་མེ་དཔུང་ཀློང༔ སླར་ཡང་ཧཱུྃ་ལས་པྃ་བྷྲཱུྃ་ཧཱུྃ་འཕྲོས་པས༔ པདྨ་འདབ་སྟོང་རྡོ་རྗེའི་ས་གཞིའི་དབུས༔ རིན་ཆེན་གཞལ་ཡས་མཚན་ཉིད་ཡོངས་སུ་རྫོགས༔ ནང་དུ་པདྨ་རིན་ཆེན་འཇའ་འོད་འཁྲིགས༔ སེང་གེ་གླང་རྟ་རྨ་བྱ་ཤང་ཤང་ཁྲིར༔ པདྨ་ཉི་ཟླ་དར་ཟབ་ལྷོད་འབོལ་བརྩེགས༔ གཞལ་ཡས་གདན་བཅས་སྣང་སྟོང་འོད་དུ་འབར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ རཏྣ་པདྨ་སཱུརྻ་ཙནྡྲ་མཎྜ་ལ་བྷྲཱུྃ༔ ཞེས་གཞལ་ཡས་ཁང་དང་གདན་གསལ་བཏབ། དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ལྔ་ལྡན་ཞིང་ཁམས་ནས༔ བདེ་གཤེགས་ཚེ་བདག་རིགས་ལྔ་འཁོར་དང་བཅས༔ མོས་པའི་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་བ་དང༔ འགྲོ་བའི་དོན་ཕྱིར་དགྱེས་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ ཞེས་པའི་བར་གྱི་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་གཙོ་འཁོར་རྣམས་ཀྱི་སྔགས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གི་མཚོན་པར་སྤྱན་དྲངས་པས་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་ཏེ་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་གཙོ་འཁོར་སོ་སོའི་སྔགས་ལ། ས་མ་ཡ་ཏིཥྛ་ལྷན༔ བཏགས་པ་བརྗོད་མཐར་གསལ་གདབ་པ་ནི། གཞལ་ཡས་དབུས་ཀྱི་སེང་གེའི་ཁྲི་ཡི་སྟེང༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ དཀར་གསལ་ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ མཉམ་བཞག་ཕྱག་ན་ཚེ་བུམ་འཁོར་ལོ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་དེ་ཡི་པང༔ ཚེ་ཡི་བདག་མོ་དབྱིངས་ཕྱུག་དཀར་མོས་འཁྱུད༔ རིན་ཆེན་རྒྱན་ལྡན་མདའ་དར་ཚེ་བུམ་བསྣམས༔ སྙོམས་འཇུག་བདེ་རོལ་བྱང་སེམས་འཕྲོ་འདུ་ལས༔ རིགས་བཞི་ཚེ་བདག་མཐིང་སེར་དམར་ལྗང་མདོག༔ ཀུན་ཀྱང་ལོངས་སྐུའི་རྒྱན་རྫོགས་མཉམ་བཞག་སྟེང༔ ཚེ་བུམ་རིགས་ཀྱི་ཕྱག་རྒྱས་སྤྲས་པ་འཛིན༔ གོ་བཞིར་མགྱོགས་མ་རང་རྟགས་མཚན་མ་འཛིན༔ གཞན་ཡང་རབ་འབྱམས་ཚེ་ལྷ་འཁོར་དང་བཅས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་རུ་གསལ༔ ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ བཅོམ་ལྡན་ཚེ་བདག་རྒྱལ་བ་རིགས་ལྔའི་ལྷ༔ རང་བྱུང་སྐུ་གསུང་ཐུགས་དང་ཡོན་ཏན་ལྡན༔ ཕྲིན་ལས་མཛད་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ །མཆོད་པ་ནི། ཧཱུྃ་ཧྲཱིཿ བླ་མེད་མཆོད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན༔ ཐུགས་རྗེའི་བརྩེ་བས་དགྱེས་པར་བཞེས་ནས་ཀྱང༔ མི་འགྱུར་མི་ཤིགས་ཚེ་དང་ལྡན་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བི་དྱཱ་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཚོགས་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ནས་ཕྲིན་ལས་གང་འདོད་པ་སྩོལ་བར་གྱུར༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ལན་བདུན་གྱིས་གཡས་པའི་བླུགས་གཟར་གྱིས་མར་ཁུས་གཡོན་པའི་དགང་གཟར་བཀང་ལ། མཚན་བརྒྱ་རྩ་བརྒྱད་པའི་གཟུངས། ཚར་གཅིག་གིས་གཡས་བསྐོར་གྱིས་ཐབ་ཏུ་འབུལ། མཐར། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ དམ་རྫས་བདུད་རྩིའི་སྲེག་བླུགས་འདི་འབུལ་གྱིས༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་བ་དང༔ སྒྲུབ་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ༔ ཞེས་འདོད་དོན་གསོལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ། དེ་ནས་ཡམ་ཤིང་སོགས་བསྲེགས་རྫས་གཞན་རྣམས་གཙོ་སྔགས་ལན་རེའི་མཐར་རྫས་སྔགས་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་འབུལ་ཞིང༌། རྫས་སྔགས་རྣམས་རྫོགས་མཚམས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ བསྲེགས་བླུགས་བདུད་རྩི་འདི་འབུལ་བས༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། དེའང་གཙོ་བོ་ལ་བརྒྱ་སོགས། རིགས་བཞི་ལ་བཅུ་ཆའམ་ཕྱེད་ཕྱེད་ཀྱིས་དམན་པར་བྱ། དམིགས་གསལ་ཁ་སྐོང་དང༌། སྡིག་པ་ཞི་བའི་ལས་ཆེད་དུ་བྱེད་ན་རྩ་སྔགས་རྫས་སྔགས་འདོད་གསོལ་སྦྲེལ་བས་ཏིལ་ལ་གྲངས་བཟུང་ཚུལ་ཀྱང་གོང་གིས་འགྲེའོ། །གཞན་ཡང་ནད་ཞི་བ་ལ་གྲོ། གདོན་ཞི་བ་ལ་ཡུངས་ཀར་སོགས་གྲངས་གསོག་འདོད་ནའང་སྤྱི་དང་མཚུངས་སོ། །རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་པ་ཁོ་ནའམ། རྩ་སྔགས་ལ། ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་ཤམ་བུ་ཅན་བཟླ་བའང་འགའ་ཞིག་གི་ཕྱག་བཞེས་སུ་སྣང་བས་ལོངས་སྐབས་དང་སྦྱོར་རོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་བའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ནས་ཕྲིན་ལས་གང་འདོད་པ་སྩོལ་བར་གྱུར༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ །ཞེས་བརྒྱ་རྩ་བརྒྱད་པའི་གཟུངས་མཐར། ཧཱུྃ། ཡེ་ཤེས་ཀློང་ཡངས་སོགས་འདོད་གསོལ་གོང་ལྟར་སྦྱར། ལན་གསུམ་འབུལ། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ༔ སོ་རྩི་འབུལ། ཨོཾ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ༔ གོས་ཟུང་འབུལ། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ༔ ཞེས་རིན་པོ་ཆེའི་རྒྱན་ཕུལ་བར་མོས། དེ་ནས་ཡེ་ཤེས་པའི་མཆོད་པ་ཁ་གསོ་ཞིང༌། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ མ་རྙེད་ཡོངས་སུ་མ་ཚང་དང༌། གང་ཡང་ནུས་པ་མ་མཆིས་པས། །འདི་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས། ཁྱེད་ཀྱིས་སེམས་ཅན་སོགས་དང༌། ཨོཾ་ཨཱཿཧཱུྃ་མུཿཞེས་བརྗོད་ཅིང༌། སྒྲུབ་མཆོད་དང་འབྲེལ་ཚེ། དཀྱིལ་འཁོར་བའི་ལྷ་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང༌། མཎྜལ་མེ་ཏོག་སྤོས་དང་རོལ་མོས་མཚོན་པར་སྒྲུབ་དཀྱིལ་དུ་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་ཞིང༌། སྲེག་རྐྱང་གི་སྐབས་སུ་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན། རང་ལ་བསྟིམས་པས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམས་ཀྱང་ལེགས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཐབ་བསང་ཆུས་བྲན་ལ། ཨ་མྲྀ་ཏས་བསང༌། བཛྲ་ས་མཱ་ཛཿ མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར། མེ་ལྷའི་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་ལ་རྃ་ཡིག་གིས་མཚན་པ་དང༌། གཟར་བུ་གཉིས་ཀྱི་ཁ་ལའང་རྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར། བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ལན་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་བ་ཧྣཱ་ཡ་ཧ་བྱ་ཀ་བྱ་བ་ཧྣཱ་ཡ་སྭཱ་ཧཱ༔ ཞེས་གཡས་བསྐོར་གྱིས་ལན་གསུམ་འབུལ་ལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གཅིག་གིས་འབུལ། རྫས་ལྷག་རྣམས། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་གྷསྨཱ་རི་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ལན་རེས་འབུལ། ཧོ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྫས་རྣམས་ལྷག་མ་བཞག་ཏུ་མི་རུང་བས། ཐམས་ཅད་ལྷག་མེད་དུ་དབུལ་བར་བྱའོ། །མེ་ལྷའི་གཏོར་མ་བྲན་ལ། ཨ་ཀཱ་རོས་བྱིན་བརླབས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་འབུལ། མེ་ལྷ་འཁོར་དང་བཅས་པ་ཡིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཕྲིན་ལས་བཅོལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བི་དྱ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད་ལ་བསྟོད་པ་ནི། ཧཱུྃ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་དང༌། སྲེགས་བླུགས་དམ་ཚིག་ལས་འདས་ཤིང༔ ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས༔ ཉེས་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་དངོས་གྲུབ་སྩོལ༔ ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ༔ སོ་རྩི་འབུལ། ཨོཾ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ༔ གོས་ཟུང་འབུལ། བདག་གི་དོན་དང་གཞན་གྱི་དོན༔ སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས༔ ཇི་བཞིན་དུས་སུ་ཚུར་བྱོན་ལ༔ བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས༔ བཛྲ་མུཿ ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་གི་ལྟེ་བའི་ཨ་ཤད་ལ་ཐིམ་པར་གྱུར། ལས་འཇུག་བྲོ་ཡི་བསྡུ་བ་ནི། ཞི་བའི་ཕུར་པ་འདྲིལ། བྲོ་ར་ཟླུམ་པོར་བསྐོར་བའམ། དེར་མོས་ལ། ཧཱུྃ། གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུང༔ ཤར་དུ་ཞི་བའི་བྲོ་བརྡུངས་པས༔ ཉོན་མོངས་དགྲ་བགེགས་རྣམ་རྟོག་ཞི༔ ཞི་བར་མ་གྱུར་གང་ཡང་མེད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཅེས་བརྡུངས་ལ། མཐར་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། སྒྲུབ་མཆོད་སྲེག་རྐྱང་གང་ཡིན་ཀྱང་དཀྱིལ་འཁོར་རྗེས་ཀྱི་བྱ་བ་སྲུང་མའི་གཏོར་འབུལ་སོགས་ཕྱག་ལེན་དཀྱུས་མཐུན་བྱ་ཞིང༌། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་ལ་དཀྲུགས་བདལ་སོགས་མི་བྱ་བར་རང་ཞིར་ཞོག །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་གཞིལ་ལ། ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། ༈ གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། གདོན་བྱའི་ཁོག་སྔར་སྨོས་པའི་ཞི་སྦྱིན་ལྟར་ལ། བྱེ་བྲག་གི་ཁྱད་པར། མེ་ཐབ་སྟེགས་བུའི་སྟེང་དུ་དྲི་བཟང༌། བ་བྱུང་བདུད་རྩི་ལྔ་དང་སྦྱར་བའི་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་སོར་ཉེར་བཞིས་ཟླུམ་པོར་བསྐོར། དེའི་ཕྱི་རོལ་དུ་སོར་བརྒྱད་པའི་ཚད་ཅན་རིམ་པ་གཉིས་བསྐོར། དེ་ནས་ཟུར་ཐིག་རྣམས་ཀྱི་སྟེང་དུ་མཚན་མ་བྱས་པ་རེ་ཁཱ་བཅད་པས་གྲུ་བཞི་ཕྱི་ནང་གསུམ་འབྱུང་བ། དང་པོ་ཐབ་རྒྱ། གཉིས་པ་མུ་རན། གསུམ་པ་ཁ་ཁྱེར། དབུས་སུ་སོར་བརྒྱད་པ་གཅིག་བསྐོར་བ་པདྨའི་ལྟེ་བ། དེ་རྒྱབ་འདབ་བརྒྱད་དབུས་སུ་ནོར་བུ་མེ་འབར། མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དང༌། དེའི་ཕྱི་རིམ་ཁ་ཁྱེར་ལ་ནོར་བུའི་ཕྲེང་བ། ཟུར་བཞི་ལ་རིན་པོ་ཆེ་འབར་བས་མཚན་པ་བྲི། ཐམས་ཅད་ཁ་དོག་སེར་པོ། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གིས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་དང་བཅས་པའི་ཤིང་གི་བར་ཆ་ལས་བྱུང་བའི་ཡམ་ཤིང་ཁྲུ་གང་པ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། ཤིང་ཐོག་བིལ་བ་སོགས་སེར་པོ་དང་དར་སེར་པོ་སྤོས་ཤེལ་གསེར་སྤུག་སོགས་སྐུད་པ་སེར་པོ་ལ་བརྒྱུས་པ། ཁ་སྐོང་བྱེད་ན། འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་པ་ཟས་བཟང་པོ། ཁྱད་པར་དུ་ཚེ་སྤེལ་བ་ལ་དཱུརྦ་ལྟ་བུ། གང་གཙོར་བྱེད་པའི་རྫས་མང་དུ་བསགས། སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་གྲུ་བཞི། ཁ་དོག་སེར་པོ། ཡར་ངོ་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་སྔ་དྲོའི་ཆ་ལ། སློབ་དཔོན་ཆས་རྒྱན་སེར་པོ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །འདོན་ཆའི་ཚིག་རིས་ཞི་བ་གང་ཡོད་ལ་རྒྱས་པ་ཞེས་དང༌། ཁ་དོག་དཀར་པོ་ལ་སེར་པོ་ཞེས་དང༌། རྒྱས་མཛད་དང༌། སེར་གསལ་སོགས་སུ་བསྒྱུར། མེ་རྒྱལ་རིགས་ཀྱི་ཁྱིམ་དང༌། རྩུབ་ཤིང་ལས་བྱུང་བས་སྦར། ཐབ་བསྐྱེད་པ་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཏྲཱཾ་ལས་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ༔ རིན་པོ་ཆེ་ཟུར་བརྒྱད་པ་དབུས་སུ་རིན་པོ་ཆེ་འབར་བ་ཏྲཱཾ་ཡིག་སེར་པོས་མཚན་པར་གྱུར༔ དེ་ལས་དྲང་སྲོང་མེ་ལྷ་སེར་པོ་ཤ་རྒྱས་པ་གཟི་བརྗིད་དང་ལྡན་པ༔ རིན་པོ་ཆེ་དང་མེ་ཐབ་འཛིན་པ༔ རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༔ ར་སྐྱེས་སེར་པོའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར༔ ཞེས་སོགས་ནས། བྱོན་སྐྱེམས་སྐབས་འདོད་གསོལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེགས་བླུགས་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསྙེན་སྒྲུབ་ལས་གསུམ་འགྲུབ་པའི་རྟགས༔ རིགས་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོགས་པ་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚུལ་འདིས་མཚོན་ཏེ་རྫས་ཐམས་ཅད་ལ་འདོད་གསོལ་འདི་ཁོ་ན་སྦྱར། རྫས་ཐམས་ཅད་རྫོགས་པ་དང༌། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དབང་ཐང་ཆུས་སྲིད་ཉམས་རྟོགས་ཡོན་ཏན་ཡེ་ཤེས་ཐམས་ཅད་མྱུར་དུ་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་རྒྱས་པའི་ཕྲིན་ལས་མཛད་པར་གྱུར༔ འདས་པའི་སྐབས་བསྟོད་པའི་རྗེས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང༌། གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་ཅེས་འདོན་པ་སྤོ། རྫས་སྔགས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ སྲེག་བླུགས་བདུད་རྩི་འདི་ཕུལ་བས༔ བདག་ཅག་དཔོན་སློབ་སོགས་མེ་ལྷའི་སྐབས་ལྟར་སྦྱར། རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱི་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་རིན་པོ་ཆེ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་མོ། རྗེས་ཆོག་མེ་ལྷའི་བསྲེག་རྫས་སྔགས་སོ་སོའི་མཐར་རྒྱས་པའི་འདོད་གསོལ་དང༌། བྲོ་བརྡུང་བའི་སྐབས་རྒྱས་པའི་ཕུར་བུ་འདྲིལ། བྲོ་ར་གྲུ་བཞིའམ་དེར་མོས་ལ། ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུངས༔ ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས༔ རྒྱས་པར་མ་གྱུར་གང་ཡང་མེད༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཅེས་སོ། །མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སོལ་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་བསྒྲུབ་ན་ལག་ལེན་སོགས་སྤྱི་ལྟར་བྱའོ། ༈ གསུམ་པ་དབང་གི་སྦྱིན་སྲེག་ལ། ཚོང་འདུས་ཆེན་པོ་དང༌། སྨད་འཚོང་མའི་མལ་འོག་ས་ཡི་ཐབ་སྟེང་ཙནྡན་དམར་པོའི་ཆུས་ཆག་ཆག་བཏབ་ལ་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་སོར་ཉི་ཤུ་པ་གཅིག་བསྐོར། དེ་ནས་དབུས་ནས་ཤར་དུ་སོར་ལྔ་བཙལ་བའི་སར་མཚན་མ་བྱས་ཏེ། གཡས་གཡོན་དུ་བསྐོར་ནས་བཅད་ཁ་ཟླ་གམ་བྱ། མུ་རན་དང་ཁ་ཁྱེར་ཡང་སོར་དྲུག་པ་རེ་བྱའོ། །མེ་ཏོག་དམར་པོ་གཅལ་དུ་དགྲམ། ཤིང་དམར་པོ་དང་མངར་བའི་རིགས་ཅན་དང༌། འོམ་བུ་སོགས་ཟླ་གམ་དུ་བརྩིགས། སྟེགས་ཁེབ་རྫས་དང་མཆོད་གཏོར་སོགས་ཞི་བ་ལྟར་ལ་དབྱིབས་ཟླ་གམ་དང་ཁ་དོག་དམར་པོར་བསྒྱུར་བ་དང་ཡམ་ཤིང་འོམ་བུ། རྫས་གཞན་རྣམས་ལ་ཡང་ཆང་དང༌། མངར་གསུམ་གྱིས་སྦག་ཅིང་སྤེལ་བ་དང༌། གལ་ཆེ་ན་ཡིད་བསྒྱུར་དང་ཆགས་བསྐྱེད་ཀྱི་རྫས་དང་སྦྱར། སློབ་དཔོན་ཆས་གོས་དམར་པོ་རིན་པོ་ཆེ་དམར་པོའི་རྒྱན་བཅས་པདྨའི་འདུག་སྟངས་ཀྱིས་ཞལ་ནུབ་ཏུ་ཕྱོགས་པར་བཞུགས། འདོན་ཆའི་ཚིག་རིས་ལ་ཞི་བ་གང་ཡོད་ལ་དབང་ཞེས་དང༌། ཁ་དོག་དཀར་པོ་ལ་དམར་པོ་ཞེས། དབང་མཛད་དང༌། དམར་གསལ་སོགས་སུ་བསྒྱུར། སྨད་འཚོང་མའི་ལག་ནས་བྱུང་བའི་མེ་སྦར་ཞིང༌། ཐབ་བསང་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དམར་པོ་ལྕགས་ཀྱུ་ཧྲཱིཿས་མཚན་པར་གྱུར། དེ་ལས་དྲང་སྲོང་མེ་ལྷ་སྐུ་མདོག་དམར་པོ་ཆགས་པའི་ཉམས་ཅན་ལྕགས་ཀྱུ་དང་མེ་ཐབ་འཛིན་པ༔ ཡིད་དུ་འོང་བའི་མེ་ཏོག་དམར་པོའི་རྒྱན་ཅན༔ ར་སྐྱེས་དམར་པོའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་སོགས། བྱོན་སྐྱེམས་སྐབས་འདོད་གསོལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་འབྲུ་བཅུད་དང༔ འབྱོར་ལྡན་སྐྱེ་འགྲོ་ཕོ་མོའི་ཚོགས༔ ཐེག་ཆེན་བློ་ལྡན་དགེ་འདུན་དང༔ ཁྱེའུ་ཕོ་མོ་ལང་ཚོ་ཅན༔ འབྲུ་ནོར་དར་ཟབ་དབྱིག་གི་ཚོགས༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས༔ ཐམས་ཅད་བདག་གི་དབང་དུ་བསྡུས༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། ཚུལ་འདིས་མཚོན་ཏེ་རྫས་ཐམས་ཅད་ལ་འདོད་གསོལ་འདི་ཁོ་ན་སྦྱར། དམིགས་པ་ནི། བསྲེག་རྫས་ཕུལ་བས་མེ་ལྷ་མཉེས་ཏེ་འོད་ཟེར་ཉི་མ་འཆར་ཀའི་མདོག་ལྟ་བུའི་སྤྲོས་པའི་རྩལ་ལས་ཨུཏྤལ་དམར་པོའི་ལྕགས་ཀྱུ་རྣོན་པོས་ཁམས་གསུམ་སྣོད་བཅུད་གང་འདོད་པའི་དོན་ཐམས་ཅད་དབང་དུ་འདུས་པར་བསམ། རྫས་རྫོགས་པ་དང༌། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་ཁྱད་པར་མཁས་གྲུབ་རྒྱལ་བློན་བསྟན་ལ་གནོད་པའི་དགྲ་བགེགས་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛད་དུ་གསོལ། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་དབང་གི་ཕྲིན་ལས་མཛད་པར་གྱུར། འདས་པའི་སྐབས་བསྟོད་པའི་རྗེས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཉི་མ་འཆར་ཀ་ལྟ་བུས་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་དབང་གི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་འབུལ། རྫས་སྔགས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ སྲེག་བླུགས་བདུད་རྩི་འདི་ཕུལ་བས༔ རྒྱལ་བློན་རྗེ་འབངས་སོགས་མེ་ལྷའི་སྐབས་ལྟར་སྦྱར། རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས་གང་དབང་དུ་བསྡུ་བར་འདོད་པའི་སྙིང་གར་ཕོག་པ་ཙམ་གྱིས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་དབང་དུ་བསྡུས་ནས་ཨུཏྤལ་དམར་པོའི་ཞགས་པས་བཅིངས། ལྕགས་ཀྱུའི་སྙིང་ནས་བཏབ། རླུང་གི་དཀྱིལ་འཁོར་གྱི་བཏེགས་ནས་ཁེངས་སེམས་ཞི་སྟེ། རང་དབང་བརྟན་པ་བྲལ་བའི་ཆགས་པས་ཡིད་གདུང་ནས་རང་གི་ཞབས་འོག་འཁོད་པར་གྱུར། རྗེས་ཆོག་མེ་ལྷར་རྫས་ཀྱི་ལྷག་མ་འབུལ་བའི་ཚེ། དབང་གི་འདོད་གསོལ་སྦྱར། བྲོ་བརྡུང་བའི་ཚེ་ཟངས་ཀྱི་ཕུར་བུ་འདྲིལ། བྲོ་ར་ཟླ་གམ་དུ་མོས་ལ། ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུངས༔ ནུབ་ཏུ་དབང་གི་བྲོ་བརྡུངས་པས༔ རྒྱལ་བློན་ཁྱེའུ་ཕོ་མོ་དང༔ འབྲུ་ནོར་ཐེག་ཆེན་དགེ་འདུན་བསྡུས༔ དབང་དུ་མ་བསྡུས་གང་ཡང་མེད༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མེ་རང་ཞིའམ་མྱོས་བྱེད་ཀྱི་ཁུ་བས་གཞིལ་བའི་ཐལ་བ་རི་རྩེ་ལམ་སྲང་ཚོང་འདུས་ལ་སོགས་པར་རླུང་ཆེན་ལ་བསྐྱོད་དུ་གཞུག་གོ ༈ དྲག་པོའི་སྦྱིན་སྲེག་ལ། ལས་དང་མཐུན་པའི་གནས་དེར། གདུག་པའི་སྣ་གསུམ་གྱི་སྟེགས་བུ་གྲུ་བཞི་པ་དུག་ཁྲག་གིས་བྱུགས་པ་ལ། ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་སོར་བཅུ་པ་གཅིག་བསྐོར། དེ་ནས་ཤར་གྱི་ཚངས་ཐིག་དང༌། ཟླུམ་ཐིག་འཕྲད་མཚམས་ནས་ད་ལྟའི་དབུས་ཀྱི་ཟླུམ་ཐིག་གི་ཚད་དེས་གཡས་གཡོན་དུ་མཚན་མ་བྱས་ལ་གྲུ་གསུམ་དུ་བཅད་པ་ཐབ་རྒྱ། དེའི་ཕྱི་རོལ་དུ་སོར་གསུམ་པའི་ཚད་ཅན་གཉིས་བསྐོར་བ་སྔར་བཞིན་གྲུ་གསུམ་དུ་བཅད་པ་མུ་རན་དང༌། ཁ་ཁྱེར། དེ་ནས་དབུས་སུ་གྲུ་གསུམ་ནང་མའི་ངོས་ལ་རེག་མཚམས་ནས་ཟླུམ་པོ་བསྐོར་བ་ཆ་གསུམ་དུ་བགོས་པའི་དབུས་ཀྱི་ཆ་གཅིག་འཁོར་ལོའི་ལྟེ་བ། ཕྱིའི་ཆ་བཅུ་གཉིས་ཐིག་གིས་བཅད་པ་རྩིབས་བརྒྱད། ཁ་དོག་ཐམས་ཅད་རོ་སོལ་གྱིས་ནག་པོ་བྱ། འཁོར་ལོའི་ལྟེ་བ་ལ་རལ་གྲི་མེ་འབར་བས་མཚན་པ་བྲི། ཁ་ཁྱེར་ལ་རྡོ་རྗེ་རྭ་གདེང་གི་ཕྲེང་བ། གྲྭ་བཞིར་རྡོ་རྗེ་རྭ་གདེངས་ཕྱེད་པ་བཅས་བྲི། ཐབ་ཀྱི་སྟེང་དུ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩེགས་ཏེ་ཐབ་ཁེབ་ལྗང་གུའམ་སྔོ་ནག་གང་འཛོམས་བྱ། སློབ་དཔོན་གྱི་གཡས་ངོས་སུ་སྟེགས་ཁེབ་ནག་པོའི་སྟེང༌། ལྕགས་སྣོད་དུ་དུག་སྣ་རྡོ་ཕྱེ་ར་ཁྱི་ཤ་ཆེན་སྲན་ཆེན་མར་ནག་འབྲུ་ནག་ཁྲག་གིས་སྦག་པའི་གཏོར་མ་ཟུར་གསུམ་ཆེ་ཆུང་གཉིས། དྲག་པོའི་ཉེར་མཆོད། སྨན་རཀ་བཅས་དང༌། གཡོན་དུ་དུག་ཤིང་དང༌། ཚེར་མ་ཅན་གྱི་ཡམ་ཤིང་སོར་བཅུ་གཉིས་པ་རྩེ་མོ་མར་ནག་དང་ཚིལ་ཞུན་གྱིས་སྦག་པ། མྱོས་པའི་རྫས་མར་ནག་ཚིལ་ཞུན་དུག་ཁྲག་ཏུ་སྦྱར་བ། ཟས་མཆོག་གི་ཚབ་ཏུ་དྲག་པོའི་རྫས་ཤ་སྣ་བསྲེས་པའི་གྲོ་རིལ་ནང་ནྲྀ་ཏྲི་སྲོག་ཡིག་ཤོག་དྲིལ་བྲིས་པ་ཅན་ནང་དུ་བཅུག་པ་དཱུརྦའི་ཚབ། བྲུབ་པའི་རྫས་ཤོག་ལིང་ངམ་ཟན་ལིང་ཆུང་ངུ་མིང་རུས་བླ་དྭགས་གནས་ཡིན་བཅས་རྫས་ཀྱི་གྲངས་ལྡན་བཅས་བཤམས། རྫས་སྤུངས་སུ་གནད་དབབ་ཀྱི་རྫས་སྦལ་སྤྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྡོའི་ཕྱེ་མ། ཚ་བའི་རྫས་ཏིལ་དང་ཡུངས་ཀར་ཚ་བ་གསུམ་རྣམས་བསྲེས། རྫས་གཞན་རྣམས་ཞི་རྒྱས་ལྟར་ཚོགས་པར་བྱས་ལ། སློབ་དཔོན་ཐོད་སྐམ་དབུ་རྒྱན་རུས་རྒྱན་སོགས་དྲག་པོའི་ཆས་སམ་ཞྭ་ནག་ཕོད་ཀ་སོགས་སྔགས་ཆས་སུ་ཞུགས་ཏེ། རྐང་པས་རྐང་པ་མནན་པའམ་འདོར་སྟབས་ཀྱིས་ཞལ་ལྷོར་ཕྱོགས་པར་བཞུགས་ཏེ། འདོན་ཆའི་ཚིག་ཞི་བ་གང་ཡོད་ལ་དྲག་པོ། ཁ་དོག་དཀར་པོ་ལ་ནག་པོ། དྲག་མཛད་དང༌། ནག་པོ་སོགས་བསྒྱུར། མཆོད་པ་བྱིན་བརླབ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས། ཨཱཿལས་ཐོད་མཆོག་ཧཱུྃ་ལས་ཁྲག་ཆེན་དང༔ དབང་པོའི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དང༔ ཤ་ཁྲག་ཞལ་ཟས་ཨཿལས་རོལ་མོའི་སྒྲ༔ ཧྲཱི་ལས་རིག་མ་བཅུ་དྲུག་འདོད་ཡོན་འཕྲོ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་བསམ་མི་ཁྱབ༔ མ་ཧཱ་མཾ་ས། རཀྟ། ཙིཏྟ། གོ་རོ་ཙ་ན། བཱ་སུ་ཏ། བོ་དྷི་ཙིཏྟ་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ། རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤརྴེ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་པས་བྱིན་བརླབས། བསྲེག་རྫས་རྣམས་བྲན་ཅིང་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱཿ ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱཿ ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱཿ འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱཿ རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་ཨཱཿལས་བྷནྡྷ་འབར་བའི་སྣོད་དུ་དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཧཱུྃ་ཡིག་ལས་མཐུན་རྫས་དགྲ་བགེགས་བསྒྲལ་བའི་མཐུ་དང་ལྡན་པར་གྱུར། ཡམ་ཤིང༌། དགྲ་བགེགས་ཀྱི་བོ་དྷི་བྲིཀྵ་མཱ་ར་ཡ་ཕཊ༔ གསུམ། མར་ཁུ། དགྲ་བགེགས་ཀྱི་ཨགྣ་མཱ་ར་ཡ་ཕཊ༔ ཟས་མཆོག་གྲོ་རིལ་སྲོག་ལྡན། དགྲ་བགེགས་ཀྱི་སརྦ་སཾ་པ་དེ་མཱ་ར་ཡ་ཕཊ༔ ཏིལ། དགྲ་བགེགས་ཀྱི་སརྦ་པཱ་པཾ་མཱ་ར་ཡ་ཕཊ༔ འབྲས། དགྲ་བགེགས་ཀྱི་པུཥྚ་མཱ་ར་ཡ་ཕཊ༔ སོ་བ། དགྲ་བགེགས་ཀྱི་བི་ཛ་ཡ་མཱ་ར་ཡ་ཕཊ༔ ནས། དགྲ་བགེགས་ཀྱི་བེ་ག་མཱ་ར་ཡ་ཕཊ༔ སྲན་མ། དགྲ་བགེགས་ཀྱི་མ་ཧཱ་བ་ལ་མཱ་ར་ཡ་ཕཊ༔ གྲོ། དགྲ་བགེགས་ཀྱི་གྷསྨཱ་རི་མཱ་ར་ཡ་ཕཊ༔ དཱུརྦའི་ཚབ་ཤོག་ལིང༌། དགྲ་བགེགས་ཀྱི་ཨཱ་ཡུ་མཱ་ར་ཡ་ཕཊ༔ ཀུ་ཤ། དགྲ་བགེགས་ཀྱི་བཛྲ་རཀྵ་མཱ་ར་ཡ་ཕཊ༔ ཤིང་ཐོག །དགྲ་བགེགས་ཀྱི་ཥཱི་བ་མཱ་ར་ཡ་ཕཊ༔ རྫས་སྤུངས། དགྲ་བགེགས་ཀྱི་ཨཱ་ཧ་ར་ཨཱ་ཧ་ར་མཱ་ར་ཡ་ཕཊ༔ ཅེས་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབས། དེ་ནས་གདོལ་པ་ཤན་དམེ་ཡུགས་ལ་སོགས་པའི་མེས་སྦར་ལ། ཧཱུྃ། ཆོས་དབྱིངས་རྣམ་དག་སོགས་ནས་དཀྱུས་ལྟར་ལ། ཐབ་བསང་སྦྱང༌། སྟོང་པའི་ངང་ལས་ཨཾ་ལས་དྲག་པོའི་ཐབ་ཁུང་ནག་ལ་རྩུབ་ཅིང་གྲུ་གསུམ་པ༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་རལ་གྲི་ཨཾ་གིས་མཚན་པར་གྱུར། དེ་ལས་དྲང་སྲོང་མེ་ལྷ་མཐིང་ནག་ཤིན་ཏུ་ཁྲོས་པ་ཞལ་གདངས་པ་མཆེ་བ་གཙིགས་པ༔ ཕྱག་གཉིས་རལ་གྲི་དང་མེ་ཐབ་འཛིན་པ༔ ཐོད་པའི་རྒྱན་ཅན་ར་སྐྱེས་ཁམ་པའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར༔ སོགས་ནས། བྱོན་སྐྱེམས་ཀྱི་འདོད་གསོལ་ནི། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི༔ དམ་སྲི་འགོང་པོ་འདྲེ་ངན་དང༔ ཚེ་དང་སྲོག་ལ་བར་གཅོད་པ༔ བསྟན་པའི་དགྲ་བགེགས་མ་ལུས་པ༔ ཐམས་ཅད་བསྒྲལ་བར་མཛད་དུ་གསོལ༔ དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་ཕྲིན་ལས་གསོལ། རྫས་ཀྱི་ཐོག་མར་ཡམ་ཤིང༌། ཨོཾ་བོ་དྷི་བྲིཀྵ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ༔ བདུན་སོགས་གང་དགོས་མཐར། སྲེག་བླུགས་ཉེ་བར་སྟོབ་པའི་སྔགས། ཨོཾ་ཨགྣེ་ཡེ་ཨཱ་དཱི་བྱ་བཧྣཱ་ཡ་ཧ་བྱ་ཀ་བྱ་བཧྣཱ་ཡེ་སྭཱ་ཧཱ༔ ལན་གཅིག་འགྲེའོ། ཧོཿ དྲང་སྲོང་མེ་ལྷའི་སོགས་ཀྱིས་འདོད་དོན་གསོལ། རྫས་གཞན་རྣམས་ལའང་དེ་བཞིན་དུ་འགྲེ། རྫས་ཐམས་ཅད་རྫོགས་པ་དང་འདོད་གསོལ་ནི། ན་མོ། རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས༔ ཕ་རོལ་གྱི་བྱད་གཏད༔ ངན་སྔགས༔ སྡང་དགྲ༔ གནོད་བགེགས༔ དམ་སྲི་འབྱུང་པོ་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ༔ བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་དྲག་པོའི་ཕྲིན་ལས་མཛད་པར་གྱུར། འདས་པའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་འོད་ཟེར་ལྗང་ནག་ཚོན་གྱིས་ཟེར་འཕྲོས་པས་དྲག་པོའི་ཕྲིན་ལས་མཛད་པར་གྱུར། བྱོན་སྐྱེམས་ནི། དཀྱིལ་འཁོར་ལྷ་རྣམས་ཤིན་ཏུ་ཁྲོས་པས་ཞལ་གནམ་ས་ལྟར་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་དགྲ་བགེགས་ཀྱི་བླ་ཚེ༔ སྲོག་དབུགས༔ ཁ་རྗེ་དབང་ཐང་ཐམས་ཅད་རྗེན་རྗེན་དུ་གསོལ་བར་གྱུར༔ ལྷ་སྔགས་ཚར་གཅིག་དང་རྫས་སྔགས་བདུན་སོགས་ཀྱིས་འབུལ་བ་དང༌། རྫས་སྔགས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ སྲེག་བླུགས་བདུད་རྩི་འདི་ཕུལ་བས༔ སྡང་བའི་དགྲ་དང་སོགས་མེ་ལྷའི་སྐབས་ལྟར་བྱ། རྫས་ཐམས་ཅད་རྫོགས་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ནག་པོ་མེའི་དབལ་ཅན་འཕྲོས་པས་ཡིད་ལ་དམིགས་པའི་དགྲ་བགེགས་དམ་སྲི་སྡེ་དཔུང་དང་བཅས་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། གཤེགས་སྐྱེམས་སོགས་ལས་རིམ་སྔ་མ་ལྟར་དང༌། མེ་ལྷར་གཤེགས་སྐྱེམས་དང་རྫས་ལྷག་དྲག་པོའི་འདོད་གསོལ། གཏོར་འབུལ་རྣམས་ཞི་རྒྱས་ཀྱི་སྐབས་ལྟར་བྱ། བྲོ་བརྡུངས་ནི། ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུངས༔ བྱང་དུ་དྲག་པོའི་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་བརླག་པར་མཛད༔ བརླག་པར་མ་གྱུར་གང་ཡང་མེད༔ མཱ་ར་ཡ་ཕཊ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལྃ་ཧཱུྃ་ལྃ་སྟྭཾ་བྷ་ཡ་ནན༔ མེ་ལོངས་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གིས་ཆུས་བསད་པའི་ཐལ་བ་དྲག་པོའི་ཐུགས་དམ་བསྐུལ་ཞིང་ཟློག་པའི་ཐལ་རྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། ཡང་ན་ཐལ་སོལ་རྣམས་སྣོད་ངན་དུ་བྲུབས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན་པར་བྱའོ། །གཞན་ཡང་རྣལ་འབྱོར་པས་ཁ་ཟས་ཟ་བའི་ཚེ་འབྲུ་གསུམ་གྱི་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ལ། ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་བའི་དྭངས་མས་ལུས་དཀྱིལ་གྱི་ལྷ་རྣམས་མཉེས་པར་བསམ་པ་ནང་གི་བསྲེག་བླུག །ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བྱེད་པ་གསང་བའི་སྦྱིན་སྲེག །སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ་ཐབས་ཤེས་ཟུང་འཇུག་གི་དགང་བླུགས། གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས། སྐུ་གསུང་ཐུགས་མི་ཤིགས་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་བསྐྱང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ། སྔ་ཕྱི་རྣམས་རིམ་བཞིན་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ཅིང༌། གང་རུང་ཐད་ཐད་དུ་ཉམས་བགྱིས་པས་ཀྱང་འབྲས་བུ་མཐར་ཕྱིན་པའི་དོན་ཆེན་པོ་གྲུབ་པར་གསུངས་སོ། །ལྷག་པའི་ལྷ་ཡི་ཕྲིན་ལས་ནོར་བུའི་དབྱིག །ལས་བཞིའི་རྣོ་འདོན་བསྲེག་བླུག་ཆོ་གའི་ཁྲིགས། །རང་བཟོ་སྤངས་པས་གོང་མའི་གསུང་བཞིན་དུ། །སྤེལ་འདིས་སྔགས་འཛིན་ཀུན་དགའི་སྐྱེས་གྱུར་ཅིག །ཅེས་པའང་རྟེན་མཆོག་འགྱུར་མེད་གླིང་གི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་དུ་བསྟན་འཛིན་སྐྱེས་བུ་སྤྱི་དང༌། ངོས་ཀྱི་རིང་འཚོའི་རྟེན་འབྱུང་དུ་ལོ་བསྟར་སྒྱུ་འཕྲུལ་ཚེ་ཟབ་ཀྱི་སྒྲུབ་ཆེན་གནང་བའི་ཉེར་འཁོར་གྱུར་པ། བྱང་འདྲེན་པདྨ་བཀྲ་ཤིས་ནས་དྲི་བཟང་གི་རྟེན་དང་བཅས་ཏེ་ཆེད་བསྐུལ་བཞིན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་གྱིས་སྨྲས་རིམ་བཞིན། དད་བློ་རྣམ་པར་བཀྲ་བ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་ཡི་གེ་པ་བགྱིས་ཏེ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་ས་ཡི་ལྟེ་བ་བུམ་ཐང་སྐུ་རྗེས་རྡོ་རྗེའི་བརྩེགས་པའི་ཀེའུ་ཚང་གི་མདུན་དུ་གནས་པའི་སྐབས་གྲུབ་པར་བྱས་པ་འདིས་ཀྱང་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་རྒྱུར་གྱུར་ཅིག། །།}} | ༄༅། །ན་མོ་གུ་རུ་ཨཱརྻ་མཎྜ་ལ་བྷྱ། །བདེ་ཆེན་ཡེ་ཤེས་བདུད་རྩིའི་ཞུགས་ཕྲེང་གིས། །མི་མཐུན་འཁྲུལ་པའི་བུད་ཤིང་བསྲེགས་ནས་སླར། །འཆི་མེད་བདུད་རྩིའི་གཟི་བྱིན་རྒྱས་མཛད་ལྷར། །གུས་བཏུད་དེ་མཉེས་སྦྱིན་སྲེག་ལས་ཁྲིགས་སྤེལ། །དེ་ཡང་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་བྱེ་བྲག་རྩ་གསུམ་ཚེ་དཔག་མེད་དཀར་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་ཇི་ལྟར་བྱ་ཚུལ་ནག་འགྲོས་སུ་བཀོད་པ་ཐུན་མོང་དུ་བྱ་བའི་སྔོན་འགྲོ་དང༌། དངོས་གཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔར་མ་སྦྱངས་པའི་ས་ཡིན་ན། ས་ཡི་ཆོ་ག་སྒྲུབ་ཁོག་ལྟར་རྒྱས་པར་གྲུབ་ན་ལེགས། བསྡུ་ན་བདག་གི་རྣལ་འབྱོར་བཟླས་པ་བཅས་སྔོན་དུ་སོང་ནས། གང་དུ་བྱ་བའི་གཞི་དེར་དཀར་གཏོར་མཆོད་པ་དང་བཅས་པ་བཤམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པཱུཥྤེ་ནས་ཤཔྟ་པཱུ་ཛས་མ་ཡ་ཧོཿ ཞེས་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བརླབས། བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཛཿས་ས་ལྷ་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གིས་གནས་འདིར་སྙིང་པོ་བྱང་ཆུབ་སྒྲུབ༔ ཀོ་ལོང་མ་མཛད་ཁྱོད་ཀྱིས་སྟོང་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་མཛོད༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པ་ཏི་གཙྪ༔ས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམས་ལ་མཆོད་པ་བསྡུ། ལག་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག་སྟེ། སྙིང་པོ་བརྒྱ་རྩ། ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ལན་བདུན་ཙམ་བརྗོད་པས་ཀུན་རྫོབ་ཀྱི་སྦྱོང་པ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པས་དོན་དམ་གྱི་སྦྱོང་བ་སྟེ་ཐུན་མོང་དུ་བྱ་བའི་ལས་རིམ་མོ། །གཉིས་པ་ཞི་བའི་སྦྱིན་སྲེག་ལ། སྦྱོར་བ་དང༌། དངོས་གཞི་གཉིས་ལས། དང་པོ་ནི། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་བྱས་པའི་སྟེང་དུ་མེ་ཐབ་བྱ་སྟེ། ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ། དབུས་ནས་སོར་བཅུ་གཉིས་ཀྱིས་ཟླུམ་པོར་བསྐོར། དེའི་ཕྱི་རོལ་དུ་སོར་བཞི་པའི་ཚད་ཅན་རིམ་པ་གཉིས་བསྐོར་བ་མཆུ་དང་ཁ་ཁྱེར། དབུས་སུ་སོར་བཞི་པ་གཅིག་བསྐོར་བ་ལྟེ་བ། དེའི་ཕྱི་རོལ་ནས་ཆ་ཕྲན་གཅིག་པའི་མུ་ཁྱུད། དེའི་ཕྱི་རོལ་དུ་གཅུས་ཐིག་གིས་པདྨ་འདབ་བརྒྱད། དབུས་སུ་པདྨ་ལ་རྡོ་རྗེ་དཀར་པོ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བཅས་བྲི། འབྱོར་ན་དེའི་སྟེང་དུ་མེ་ཏོག་དཀར་པོ་གཅལ་དུ་དགྲམ། སྲོག་ཆགས་མེད་པའི་བ་ལྕི་འམ། བདུད་རྩི་ཅན་གྱི་ཤིང་ལ་ཙན་དན་དཀར་པོ་སྦྱར་བའི་འོ་མས་བྲན་པ་ཁྲུ་གང་ཟླུམ་པོར་བརྩིགས། སློབ་དཔོན་གྱི་གཡས་སུ་ཁེབ་དཀར་པོས་བཀབ་པའི་སྟེགས་བུ་ལ་རིམ་པ་བཞིན་དུ་བདུད་རྩི་ཅན་གྱི་ཡམ་ཤིང་སོར་བཅུ་གཉིས་པ་བཅད་ཁ་པད་འདབ་ཅན་རྩེ་གཉིས་མར་ཁུས་ཉུགས་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་ནག །ཟས་མཆོག །འབྲས་མ་ཆག་པ། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ། ཤིང་ཐོག་རྣམས་དང༌། གཞན་ཡང་བཤལ་སྨན་དང་དུག་རིགས་མ་ཡིན་པའི་སྨན་སྣ། འབྲུ་སྣ་རིན་ཆེན་སྣ་ཚོགས་སྦྱར་བ། སོ་རྩི་སྟེ་གོ་ཡུ་མར་དང་སྦྱར་བའི་ཟླུམ་གཏོར། གོས་ཟུང་དར་སྣ་གསར་པ་བཅས་འཇིག་རྟེན་ལས་འདས་མ་འདས་ཀྱི་རིམ་པས་ཕྱི་ནང་གཉིས་རིམ་དུ་འགོད། གཡོན་དུའང་གོང་ལྟར་སྟེགས་བུ་ཁེབ་ལྡན་ལ་འདས་མ་འདས་ཀྱི་དཀར་ཟླུམ་ཆེ་ཆུང་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་བསྲེས་པ་གཉིས། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་རྣམས་ཕྲེང་ཚར་གཉིས་འགོད། མདུན་དུ་མེ་ལྷའི་དུག་སྲུང་བའི་ཕྱིར་གངས་རི་བཾ་ཡིག་གིས་མཚན་པ་བྲིས་པའི་མེ་ཡོལ་གྱི་ནང་དུ་རྡོར་དྲིལ། དགང་བླུགས། ནང་མཆོད། ལས་བུམ་མམ་བསང་ཆུ། རླུང་གཡབ་བཅས་བཤམ། དེ་དག་གི་སྣོད་ཀྱང་དངུལ་ལམ་དཀར་པོ་ཟླུམ་པོ་ཅན་དགོས་པར་བཤད། གཉིས་པ་ལ་གསུམ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ། རྗེས་ཀྱི་རིམ་པའོ། །དང་པོ་ནི་ཟླ་བ་ཡར་གྱི་ངོའི་བཀྲ་ཤིས་པའི་ཉི་མའི་སྔ་དྲོའི་ཆར་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་ཞིང་དྭངས་པའི་སེམས་ཀྱིས་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་ཤར་དུ་ཕྱོགས་པར་འདུག །དེ་ནས་སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་ཤིང་ལས་བུམ་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ། སྒྲུབ་མཆོད་དང་འབྲེལ་བའི་ཚེ་རྩ་བསྙེན་ལ། ཕཊ་ཛཿབཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གར་གྱི་དབང་ཕྱུག་ཚེ་དཔག་མེད་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱི་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང༌།དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། ཨོཾ་བཛྲ་གཎྜེ་ཨཱཿ གཡོན་པས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐུགས་ཀར་འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་དམ་ཚིག་གསུམ་དྲན་པར་བྱས་ལ། ཆོ་ག་མ་གྲུབ་ཀྱི་བར་དུ་ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ་དང་མ་བྲལ་བར་བྱའོ། །དགང་བླུགས་བསང་སྦྱངས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའི་འོད་ཟེར་གྱི་ཚུལ་དུ་བཀུག་དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་བསྲེག་གི་རྫས་རྣམས་བསང་ཆུས་བྲན། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཏྲཱཾ་ལས་བདེ་བ་ཆེན་པོའི་ཞིང་ཁམས་དབུས༔ བྷཱུྃ་ལས་རིན་པོ་ཆེ་ཡི་གཞལ་ཡས་ཁང༔ རིན་ཆེན་སྣོད་དུ་ཧཱུྃ་ལས་མཆོད་ཡོན་དང༔ ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་ཀུན་བཟང་མཆོད་སྤྲིན་སྤྲོ༔ ཧྲཱིཿལས་རོལ་མོའི་གཞལ་ཡས་ཁང་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཿཧཱུྃ༔ པཱདྱཾ་སོགས་ཤཔྟ་ཨཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང༌། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡཾ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་བསྲེག་རྫས་སོ་སོར་གྱུར་པས་ལྷ་རྣམས་མཉེས་ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་མཐུ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ། གཅིག །ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། གསུམ། དེ་བཞིན་དུ། ཨོཾ་ཨཱཿཧཱུྃ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་བ་ལཱ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་གྷསྨཱ་རེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གསུམ་རེ་བརྗོད་པས་བྱིན་གྱིས་བརླབས། དགེ་འདུན་གྱི་མེ་ལས་བྱུང་བའི་མེ་སྒྲོན་སྦར་ལ། ཧཱུྃ། ཆོས་དབྱིངས་རྣམ་དག་སྐྱེ་མེད་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ལས༔ ཡེ་ཤེས་རྣམ་པར་རོལ་པའི་མེ་སྦར་བས༔ ཞི་བའི་ཕྲིན་ལས་མ་ལུས་མྱུར་འགྲུབ་ཤོག༔ ཛྙཱ་ན་ཛྭ་ལ་རཾ། ཞེས་གཡས་བསྐོར་གྱིས་ཐབ་ཏུ་བཅུག ཧཱུྃ་ཧཱུྃ་ཧཱུྃ། ཞེས་རླུང་གཡབ་ཀྱིས་བསྐུལ། དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན། ཨ་མྲྀ་ཏས་བསང༌། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་དང༌། སྭཱ་ཧཱ། ཞེས་ལན་ལྔ་བརྗོད་རིམ་བཞིན་དུ་ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པར་རང་གི་གཡོན་ནས་བརྩམས་ཏེ་ཐབ་ལ་གཡས་བསྐོར་གྱིས་ལྷོ་ནུབ་བྱང་ཤར་རྣམས་ལ་དགྲམ་པ། རྩེ་མོ་རྣམས་རིམ་པར་ལྟར་ཤར་ལྷོ་ནུབ་བྱང་དུ་བསྟན་པ་རྒྱབ་མ་རྣམས་ཀྱི་རྩེ་མོས་སྔོན་མ་རྣམས་ཀྱི་རྩ་བ་ནོན་པར་བྱ་ཞིང༌། སླར་ཡང་རྩེ་མོ་ཤར་དུ་བསྟན་པ་བ་གླང་གི་རྣ་བ་ལྟ་བུའི་ཀུ་ཤ་ཧ་ཅང་མི་རིང་བས་སྟེང་ནས་གཡོགས་པར་བྱའོ། །ཐབ་བསང་ཆུས་བྲན། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པྃ་ལས་པདྨ་དཀར་པོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་ཡིག་དཀར་པོས་མཚན་པར་གྱུར༔ དེ་ལས་དྲང་སྲོང་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་རྡོ་རྗེ་དང་མེ་ཐབ་འཛིན་པ༔ རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༔ ར་སྐྱེས་དཀར་པོའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམས་ལ༔ གཡས་མི་འཇིགས་པའི་རྒྱས་སོར་མོ་བསྒྲེང་ཞིང་མཐེ་བོང་གཡབ་པ་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ སྲེག་བླུག་མཆོད་པ་བཞེས་སླད་དུ༔ འདི་ཉིད་དུ་ནི་གཤེགས་སུ་གསོལ། ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧིཿ ཞེས་སྤྱན་དྲངས། ཨོཾ་བིགྷྣཱནྟ་ཀྲྀཏ་ཕཊ༔ ཞེས་ཡུངས་ཀར་ཐབ་ཏུ་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད། ཀུ་ཤ་རྒྱ་གྲམ་དུ་བཅིངས་པ་འཕང་ལ། ས་མ་ཡ་ཏིཥྛ་ལྷན། ཞེས་གདན་འབུལ། ཛཿཧཱུྃ་བྃ་ཧོཿས་དབྱེར་མེད་དུ་བསྟིམ། ན་མོ་ན་མཿ ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔དང་ཤཔྟའི་བར་གྱིས་མཆོད། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་ལ་རྃ་ཡིག་གིས་མཚན་པ་དང༔ གཟར་བུ་གཉིས་ཀྱི་ཁ་ལའང་རཾ་ཡིག་གི་མཚན་པས་སྲེག་བླུགས་ཀྱི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར༔ བྱང་ཆུབ་མཆོག་གི་རྒྱས་དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་ཁུས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་བཧྣ་ཡ་ཧ་བྱ་ཀ་བྱ་བ་ཧྣཱ་ཡེ་སྭཱ་ཧཱ༔ ཞེས་གཡས་བསྐོར་གྱིས་ལན་གསུམ་འབུལ། མཐར། ཧོ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེགས་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གཅིག་གིས་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལ་ཞུ་བའི་རང་བཞིན་ཅན་རྣམས་ཞལ་དང༌། ཡམ་ཤིང༌། དཱུརྦ། ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང༌། ཞོ་ཟན་དང་ཏིལ་སོགས་ཕྱག་ཏུ་འབུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོད་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་རྣམས་བླུག་གཟར་གྱིས་འབུལ། དེ་ནས་རྫས་རྣམས་རིམ་པ་བཞིན་དུ་འབུལ་ལ། ཡམ་ཤིང༌། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ༔ མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ འབྲས། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ གྲོ། ཨོཾ་བཛྲ་གྷ་སྨཱ་རི་སྭཱ་ཧཱ༔ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཤིང་ཐོག །ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ༔ རྫས་གཞན་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཞེས་ལན་བདུན་རེའི་མཐར། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྤེལ་ཚིག་སྦྱར་ལ་འབུལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་དག་གི་དམིགས་པ་ནི། བདེར་འདུས་གཞུང་ལས། བསྲེག་རྫས་བདུད་རྩི་འབུལ་བས་མེ་ལྷ་མཉེས་ཏེ། འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོགས་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བསྲེགས་ཏེ། སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་ནས། གཤང་བའི་ལམ་ནས་ཐོན་པར་བསམ་པའམ། ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ་སྙིང་ག་ནས་སམ། བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ། རྫས་ལ་བསྟིམ་པས་མཆོད་པ་ནི་མན་ངག་གོ །དེ་བཞིན་དུ་ནད་དང་དགྲ་དང་འབྱུང་པོའི་གདོན་ལ་སོགས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ནའང་དེ་བཞིན་དུ་བྱའོ། །ཞེས་གསུངས། ནོངས་བཤགས་ནི། བདག་ཅག་དུས་ངན་པའི་སེམས་ཅན་དུ་གྱུར་པས་དུས་རྣམས་འཛོལ་བ་དང༌། རྫས་དང་ཡོ་བྱད་མ་ཚང་བ་དང༌། སྔགས་དང་ཆོ་ག་མ་དག་པ་དང༌། ལྷ་དང་ཏིང་ངེ་འཛིན་མ་གསལ་བ་ལ་སོགས་པ་ཉེས་པ་ཐམས་ཅད་དྲང་སྲོང་ཆེན་པོ་ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མ་འབྲེལ་བ་དང༌། འབྲེལ་བའོ། དང་པོ་ལྟར་ན། བུད་ཤིང་ཅུང་ཟད་ཁ་གསོ་བསང་ཆུ་འཐོར་ལ་བསང་སྦྱང༌། མེ་ལྷ་ཡེ་ཤེས་པ་ཤར་ལྷོར་གཤེགས། དམ་ཚིག་པ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཆི་མེད་ཚེ་དཔག་མེད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པ། འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་གྱུར། ཅེས་པ་ཙམ་མམ། སྤྲོ་ན་གཞུང་གི་ལྷ་བསྐྱེད་ཡོངས་རྫོགས་སྦྱར། དེ་ནས་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། སྨན་རཀ་གཏོར་གསུམ་སྔགས་ཙམ། བསྟོད་པ་ཚང་བར་གྲུབ་ནས། འོག་གི་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་སོགས་བྱོན་སྐྱེམས་ལ་འཇུག་པ་ཡིན་ནོ། །གཉིས་པ་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་བུད་ཤིང་ཁ་གསོས་ལ། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་ཕྲིན་ལས་མཛད་པར་བསམ༔ དམ་ཚིག་གི་མེ་ལྷ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། འབྱུང་བ་རིམ་བརྩེགས་རི་རབ་མེ་དཔུང་ཀློང༔ སླར་ཡང་ཧཱུྃ་ལས་པྃ་བྷྲཱུྃ་ཧཱུྃ་འཕྲོས་པས༔ པདྨ་འདབ་སྟོང་རྡོ་རྗེའི་ས་གཞིའི་དབུས༔ རིན་ཆེན་གཞལ་ཡས་མཚན་ཉིད་ཡོངས་སུ་རྫོགས༔ ནང་དུ་པདྨ་རིན་ཆེན་འཇའ་འོད་འཁྲིགས༔ སེང་གེ་གླང་རྟ་རྨ་བྱ་ཤང་ཤང་ཁྲིར༔ པདྨ་ཉི་ཟླ་དར་ཟབ་ལྷོད་འབོལ་བརྩེགས༔ གཞལ་ཡས་གདན་བཅས་སྣང་སྟོང་འོད་དུ་འབར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ རཏྣ་པདྨ་སཱུརྻ་ཙནྡྲ་མཎྜ་ལ་བྷྲཱུྃ༔ ཞེས་གཞལ་ཡས་ཁང་དང་གདན་གསལ་བཏབ། དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ལྔ་ལྡན་ཞིང་ཁམས་ནས༔ བདེ་གཤེགས་ཚེ་བདག་རིགས་ལྔ་འཁོར་དང་བཅས༔ མོས་པའི་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་བ་དང༔ འགྲོ་བའི་དོན་ཕྱིར་དགྱེས་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ ཞེས་པའི་བར་གྱི་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་གཙོ་འཁོར་རྣམས་ཀྱི་སྔགས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གི་མཚོན་པར་སྤྱན་དྲངས་པས་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་ཏེ་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་གཙོ་འཁོར་སོ་སོའི་སྔགས་ལ། ས་མ་ཡ་ཏིཥྛ་ལྷན༔ བཏགས་པ་བརྗོད་མཐར་གསལ་གདབ་པ་ནི། གཞལ་ཡས་དབུས་ཀྱི་སེང་གེའི་ཁྲི་ཡི་སྟེང༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ དཀར་གསལ་ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས༔ མཉམ་བཞག་ཕྱག་ན་ཚེ་བུམ་འཁོར་ལོ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་དེ་ཡི་པང༔ ཚེ་ཡི་བདག་མོ་དབྱིངས་ཕྱུག་དཀར་མོས་འཁྱུད༔ རིན་ཆེན་རྒྱན་ལྡན་མདའ་དར་ཚེ་བུམ་བསྣམས༔ སྙོམས་འཇུག་བདེ་རོལ་བྱང་སེམས་འཕྲོ་འདུ་ལས༔ རིགས་བཞི་ཚེ་བདག་མཐིང་སེར་དམར་ལྗང་མདོག༔ ཀུན་ཀྱང་ལོངས་སྐུའི་རྒྱན་རྫོགས་མཉམ་བཞག་སྟེང༔ ཚེ་བུམ་རིགས་ཀྱི་ཕྱག་རྒྱས་སྤྲས་པ་འཛིན༔ གོ་བཞིར་མགྱོགས་མ་རང་རྟགས་མཚན་མ་འཛིན༔ གཞན་ཡང་རབ་འབྱམས་ཚེ་ལྷ་འཁོར་དང་བཅས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་རུ་གསལ༔ ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ བཅོམ་ལྡན་ཚེ་བདག་རྒྱལ་བ་རིགས་ལྔའི་ལྷ༔ རང་བྱུང་སྐུ་གསུང་ཐུགས་དང་ཡོན་ཏན་ལྡན༔ ཕྲིན་ལས་མཛད་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ །མཆོད་པ་ནི། ཧཱུྃ་ཧྲཱིཿ བླ་མེད་མཆོད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན༔ ཐུགས་རྗེའི་བརྩེ་བས་དགྱེས་པར་བཞེས་ནས་ཀྱང༔ མི་འགྱུར་མི་ཤིགས་ཚེ་དང་ལྡན་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བི་དྱཱ་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཚོགས་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ནས་ཕྲིན་ལས་གང་འདོད་པ་སྩོལ་བར་གྱུར༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ལན་བདུན་གྱིས་གཡས་པའི་བླུགས་གཟར་གྱིས་མར་ཁུས་གཡོན་པའི་དགང་གཟར་བཀང་ལ། མཚན་བརྒྱ་རྩ་བརྒྱད་པའི་གཟུངས། ཚར་གཅིག་གིས་གཡས་བསྐོར་གྱིས་ཐབ་ཏུ་འབུལ། མཐར། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ དམ་རྫས་བདུད་རྩིའི་སྲེག་བླུགས་འདི་འབུལ་གྱིས༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་བ་དང༔ སྒྲུབ་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ༔ ཞེས་འདོད་དོན་གསོལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ། དེ་ནས་ཡམ་ཤིང་སོགས་བསྲེགས་རྫས་གཞན་རྣམས་གཙོ་སྔགས་ལན་རེའི་མཐར་རྫས་སྔགས་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་འབུལ་ཞིང༌། རྫས་སྔགས་རྣམས་རྫོགས་མཚམས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ བསྲེགས་བླུགས་བདུད་རྩི་འདི་འབུལ་བས༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། དེའང་གཙོ་བོ་ལ་བརྒྱ་སོགས། རིགས་བཞི་ལ་བཅུ་ཆའམ་ཕྱེད་ཕྱེད་ཀྱིས་དམན་པར་བྱ། དམིགས་གསལ་ཁ་སྐོང་དང༌། སྡིག་པ་ཞི་བའི་ལས་ཆེད་དུ་བྱེད་ན་རྩ་སྔགས་རྫས་སྔགས་འདོད་གསོལ་སྦྲེལ་བས་ཏིལ་ལ་གྲངས་བཟུང་ཚུལ་ཀྱང་གོང་གིས་འགྲེའོ། །གཞན་ཡང་ནད་ཞི་བ་ལ་གྲོ། གདོན་ཞི་བ་ལ་ཡུངས་ཀར་སོགས་གྲངས་གསོག་འདོད་ནའང་སྤྱི་དང་མཚུངས་སོ། །རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་པ་ཁོ་ནའམ། རྩ་སྔགས་ལ། ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་ཤམ་བུ་ཅན་བཟླ་བའང་འགའ་ཞིག་གི་ཕྱག་བཞེས་སུ་སྣང་བས་ལོངས་སྐབས་དང་སྦྱོར་རོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་བའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ནས་ཕྲིན་ལས་གང་འདོད་པ་སྩོལ་བར་གྱུར༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ །ཞེས་བརྒྱ་རྩ་བརྒྱད་པའི་གཟུངས་མཐར། ཧཱུྃ། ཡེ་ཤེས་ཀློང་ཡངས་སོགས་འདོད་གསོལ་གོང་ལྟར་སྦྱར། ལན་གསུམ་འབུལ། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ༔ སོ་རྩི་འབུལ། ཨོཾ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ༔ གོས་ཟུང་འབུལ། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ༔ ཞེས་རིན་པོ་ཆེའི་རྒྱན་ཕུལ་བར་མོས། དེ་ནས་ཡེ་ཤེས་པའི་མཆོད་པ་ཁ་གསོ་ཞིང༌། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ མ་རྙེད་ཡོངས་སུ་མ་ཚང་དང༌། གང་ཡང་ནུས་པ་མ་མཆིས་པས། །འདི་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས། ཁྱེད་ཀྱིས་སེམས་ཅན་སོགས་དང༌། ཨོཾ་ཨཱཿཧཱུྃ་མུཿཞེས་བརྗོད་ཅིང༌། སྒྲུབ་མཆོད་དང་འབྲེལ་ཚེ། དཀྱིལ་འཁོར་བའི་ལྷ་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང༌། མཎྜལ་མེ་ཏོག་སྤོས་དང་རོལ་མོས་མཚོན་པར་སྒྲུབ་དཀྱིལ་དུ་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་ཞིང༌། སྲེག་རྐྱང་གི་སྐབས་སུ་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན། རང་ལ་བསྟིམས་པས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམས་ཀྱང་ལེགས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཐབ་བསང་ཆུས་བྲན་ལ། ཨ་མྲྀ་ཏས་བསང༌། བཛྲ་ས་མཱ་ཛཿ མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར། མེ་ལྷའི་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་ལ་རྃ་ཡིག་གིས་མཚན་པ་དང༌། གཟར་བུ་གཉིས་ཀྱི་ཁ་ལའང་རྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར། བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་ལ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ལན་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་བ་ཧྣཱ་ཡ་ཧ་བྱ་ཀ་བྱ་བ་ཧྣཱ་ཡ་སྭཱ་ཧཱ༔ ཞེས་གཡས་བསྐོར་གྱིས་ལན་གསུམ་འབུལ་ལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གཅིག་གིས་འབུལ། རྫས་ལྷག་རྣམས། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་གྷསྨཱ་རི་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ལན་རེས་འབུལ། ཧོ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྫས་རྣམས་ལྷག་མ་བཞག་ཏུ་མི་རུང་བས། ཐམས་ཅད་ལྷག་མེད་དུ་དབུལ་བར་བྱའོ། །མེ་ལྷའི་གཏོར་མ་བྲན་ལ། ཨ་ཀཱ་རོས་བྱིན་བརླབས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་འབུལ། མེ་ལྷ་འཁོར་དང་བཅས་པ་ཡིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ལྷ་སྔགས་བསྐྱེད་རིམ་མ་ཚང་དང༔ ཏིང་འཛིན་མ་གསལ་དམ་ཚིག་ཉམས༔ ཉོན་མོངས་འཁྲུལ་པའི་རྟོག་པ་དང༔ སྡིག་སྒྲིབ་སྔོན་ལས་འཕྲལ་གྱི་རྐྱེན༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཕྲིན་ལས་བཅོལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བི་དྱ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད་ལ་བསྟོད་པ་ནི། ཧཱུྃ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་དང༌། སྲེགས་བླུགས་དམ་ཚིག་ལས་འདས་ཤིང༔ ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས༔ ཉེས་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་དངོས་གྲུབ་སྩོལ༔ ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ༔ སོ་རྩི་འབུལ། ཨོཾ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ༔ གོས་ཟུང་འབུལ། བདག་གི་དོན་དང་གཞན་གྱི་དོན༔ སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས༔ ཇི་བཞིན་དུས་སུ་ཚུར་བྱོན་ལ༔ བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས༔ བཛྲ་མུཿ ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་གི་ལྟེ་བའི་ཨ་ཤད་ལ་ཐིམ་པར་གྱུར། ལས་འཇུག་བྲོ་ཡི་བསྡུ་བ་ནི། ཞི་བའི་ཕུར་པ་འདྲིལ། བྲོ་ར་ཟླུམ་པོར་བསྐོར་བའམ། དེར་མོས་ལ། ཧཱུྃ། གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུང༔ ཤར་དུ་ཞི་བའི་བྲོ་བརྡུངས་པས༔ ཉོན་མོངས་དགྲ་བགེགས་རྣམ་རྟོག་ཞི༔ ཞི་བར་མ་གྱུར་གང་ཡང་མེད༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཅེས་བརྡུངས་ལ། མཐར་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། སྒྲུབ་མཆོད་སྲེག་རྐྱང་གང་ཡིན་ཀྱང་དཀྱིལ་འཁོར་རྗེས་ཀྱི་བྱ་བ་སྲུང་མའི་གཏོར་འབུལ་སོགས་ཕྱག་ལེན་དཀྱུས་མཐུན་བྱ་ཞིང༌། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་ལ་དཀྲུགས་བདལ་སོགས་མི་བྱ་བར་རང་ཞིར་ཞོག །ལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་གཞིལ་ལ། ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། ༈ གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། གདོན་བྱའི་ཁོག་སྔར་སྨོས་པའི་ཞི་སྦྱིན་ལྟར་ལ། བྱེ་བྲག་གི་ཁྱད་པར། མེ་ཐབ་སྟེགས་བུའི་སྟེང་དུ་དྲི་བཟང༌། བ་བྱུང་བདུད་རྩི་ལྔ་དང་སྦྱར་བའི་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་སོར་ཉེར་བཞིས་ཟླུམ་པོར་བསྐོར། དེའི་ཕྱི་རོལ་དུ་སོར་བརྒྱད་པའི་ཚད་ཅན་རིམ་པ་གཉིས་བསྐོར། དེ་ནས་ཟུར་ཐིག་རྣམས་ཀྱི་སྟེང་དུ་མཚན་མ་བྱས་པ་རེ་ཁཱ་བཅད་པས་གྲུ་བཞི་ཕྱི་ནང་གསུམ་འབྱུང་བ། དང་པོ་ཐབ་རྒྱ། གཉིས་པ་མུ་རན། གསུམ་པ་ཁ་ཁྱེར། དབུས་སུ་སོར་བརྒྱད་པ་གཅིག་བསྐོར་བ་པདྨའི་ལྟེ་བ། དེ་རྒྱབ་འདབ་བརྒྱད་དབུས་སུ་ནོར་བུ་མེ་འབར། མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དང༌། དེའི་ཕྱི་རིམ་ཁ་ཁྱེར་ལ་ནོར་བུའི་ཕྲེང་བ། ཟུར་བཞི་ལ་རིན་པོ་ཆེ་འབར་བས་མཚན་པ་བྲི། ཐམས་ཅད་ཁ་དོག་སེར་པོ། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གིས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་དང་བཅས་པའི་ཤིང་གི་བར་ཆ་ལས་བྱུང་བའི་ཡམ་ཤིང་ཁྲུ་གང་པ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། ཤིང་ཐོག་བིལ་བ་སོགས་སེར་པོ་དང་དར་སེར་པོ་སྤོས་ཤེལ་གསེར་སྤུག་སོགས་སྐུད་པ་སེར་པོ་ལ་བརྒྱུས་པ། ཁ་སྐོང་བྱེད་ན། འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་པ་ཟས་བཟང་པོ། ཁྱད་པར་དུ་ཚེ་སྤེལ་བ་ལ་དཱུརྦ་ལྟ་བུ། གང་གཙོར་བྱེད་པའི་རྫས་མང་དུ་བསགས། སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་གྲུ་བཞི། ཁ་དོག་སེར་པོ། ཡར་ངོ་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་སྔ་དྲོའི་ཆ་ལ། སློབ་དཔོན་ཆས་རྒྱན་སེར་པོ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །འདོན་ཆའི་ཚིག་རིས་ཞི་བ་གང་ཡོད་ལ་རྒྱས་པ་ཞེས་དང༌། ཁ་དོག་དཀར་པོ་ལ་སེར་པོ་ཞེས་དང༌། རྒྱས་མཛད་དང༌། སེར་གསལ་སོགས་སུ་བསྒྱུར། མེ་རྒྱལ་རིགས་ཀྱི་ཁྱིམ་དང༌། རྩུབ་ཤིང་ལས་བྱུང་བས་སྦར། ཐབ་བསྐྱེད་པ་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཏྲཱཾ་ལས་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ༔ རིན་པོ་ཆེ་ཟུར་བརྒྱད་པ་དབུས་སུ་རིན་པོ་ཆེ་འབར་བ་ཏྲཱཾ་ཡིག་སེར་པོས་མཚན་པར་གྱུར༔ དེ་ལས་དྲང་སྲོང་མེ་ལྷ་སེར་པོ་ཤ་རྒྱས་པ་གཟི་བརྗིད་དང་ལྡན་པ༔ རིན་པོ་ཆེ་དང་མེ་ཐབ་འཛིན་པ༔ རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༔ ར་སྐྱེས་སེར་པོའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར༔ ཞེས་སོགས་ནས། བྱོན་སྐྱེམས་སྐབས་འདོད་གསོལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེགས་བླུགས་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསྙེན་སྒྲུབ་ལས་གསུམ་འགྲུབ་པའི་རྟགས༔ རིགས་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོགས་པ་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚུལ་འདིས་མཚོན་ཏེ་རྫས་ཐམས་ཅད་ལ་འདོད་གསོལ་འདི་ཁོ་ན་སྦྱར། རྫས་ཐམས་ཅད་རྫོགས་པ་དང༌། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དབང་ཐང་ཆུས་སྲིད་ཉམས་རྟོགས་ཡོན་ཏན་ཡེ་ཤེས་ཐམས་ཅད་མྱུར་དུ་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་རྒྱས་པའི་ཕྲིན་ལས་མཛད་པར་གྱུར༔ འདས་པའི་སྐབས་བསྟོད་པའི་རྗེས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང༌། གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་ཅེས་འདོན་པ་སྤོ། རྫས་སྔགས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ སྲེག་བླུགས་བདུད་རྩི་འདི་ཕུལ་བས༔ བདག་ཅག་དཔོན་སློབ་སོགས་མེ་ལྷའི་སྐབས་ལྟར་སྦྱར། རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱི་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་རིན་པོ་ཆེ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་མོ། རྗེས་ཆོག་མེ་ལྷའི་བསྲེག་རྫས་སྔགས་སོ་སོའི་མཐར་རྒྱས་པའི་འདོད་གསོལ་དང༌། བྲོ་བརྡུང་བའི་སྐབས་རྒྱས་པའི་ཕུར་བུ་འདྲིལ། བྲོ་ར་གྲུ་བཞིའམ་དེར་མོས་ལ། ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུངས༔ ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས༔ རྒྱས་པར་མ་གྱུར་གང་ཡང་མེད༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཅེས་སོ། །མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སོལ་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་བསྒྲུབ་ན་ལག་ལེན་སོགས་སྤྱི་ལྟར་བྱའོ། ༈ གསུམ་པ་དབང་གི་སྦྱིན་སྲེག་ལ། ཚོང་འདུས་ཆེན་པོ་དང༌། སྨད་འཚོང་མའི་མལ་འོག་ས་ཡི་ཐབ་སྟེང་ཙནྡན་དམར་པོའི་ཆུས་ཆག་ཆག་བཏབ་ལ་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་སོར་ཉི་ཤུ་པ་གཅིག་བསྐོར། དེ་ནས་དབུས་ནས་ཤར་དུ་སོར་ལྔ་བཙལ་བའི་སར་མཚན་མ་བྱས་ཏེ། གཡས་གཡོན་དུ་བསྐོར་ནས་བཅད་ཁ་ཟླ་གམ་བྱ། མུ་རན་དང་ཁ་ཁྱེར་ཡང་སོར་དྲུག་པ་རེ་བྱའོ། །མེ་ཏོག་དམར་པོ་གཅལ་དུ་དགྲམ། ཤིང་དམར་པོ་དང་མངར་བའི་རིགས་ཅན་དང༌། འོམ་བུ་སོགས་ཟླ་གམ་དུ་བརྩིགས། སྟེགས་ཁེབ་རྫས་དང་མཆོད་གཏོར་སོགས་ཞི་བ་ལྟར་ལ་དབྱིབས་ཟླ་གམ་དང་ཁ་དོག་དམར་པོར་བསྒྱུར་བ་དང་ཡམ་ཤིང་འོམ་བུ། རྫས་གཞན་རྣམས་ལ་ཡང་ཆང་དང༌། མངར་གསུམ་གྱིས་སྦག་ཅིང་སྤེལ་བ་དང༌། གལ་ཆེ་ན་ཡིད་བསྒྱུར་དང་ཆགས་བསྐྱེད་ཀྱི་རྫས་དང་སྦྱར། སློབ་དཔོན་ཆས་གོས་དམར་པོ་རིན་པོ་ཆེ་དམར་པོའི་རྒྱན་བཅས་པདྨའི་འདུག་སྟངས་ཀྱིས་ཞལ་ནུབ་ཏུ་ཕྱོགས་པར་བཞུགས། འདོན་ཆའི་ཚིག་རིས་ལ་ཞི་བ་གང་ཡོད་ལ་དབང་ཞེས་དང༌། ཁ་དོག་དཀར་པོ་ལ་དམར་པོ་ཞེས། དབང་མཛད་དང༌། དམར་གསལ་སོགས་སུ་བསྒྱུར། སྨད་འཚོང་མའི་ལག་ནས་བྱུང་བའི་མེ་སྦར་ཞིང༌། ཐབ་བསང་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དམར་པོ་ལྕགས་ཀྱུ་ཧྲཱིཿས་མཚན་པར་གྱུར། དེ་ལས་དྲང་སྲོང་མེ་ལྷ་སྐུ་མདོག་དམར་པོ་ཆགས་པའི་ཉམས་ཅན་ལྕགས་ཀྱུ་དང་མེ་ཐབ་འཛིན་པ༔ ཡིད་དུ་འོང་བའི་མེ་ཏོག་དམར་པོའི་རྒྱན་ཅན༔ ར་སྐྱེས་དམར་པོའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་སོགས། བྱོན་སྐྱེམས་སྐབས་འདོད་གསོལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་འབྲུ་བཅུད་དང༔ འབྱོར་ལྡན་སྐྱེ་འགྲོ་ཕོ་མོའི་ཚོགས༔ ཐེག་ཆེན་བློ་ལྡན་དགེ་འདུན་དང༔ ཁྱེའུ་ཕོ་མོ་ལང་ཚོ་ཅན༔ འབྲུ་ནོར་དར་ཟབ་དབྱིག་གི་ཚོགས༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས༔ ཐམས་ཅད་བདག་གི་དབང་དུ་བསྡུས༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། ཚུལ་འདིས་མཚོན་ཏེ་རྫས་ཐམས་ཅད་ལ་འདོད་གསོལ་འདི་ཁོ་ན་སྦྱར། དམིགས་པ་ནི། བསྲེག་རྫས་ཕུལ་བས་མེ་ལྷ་མཉེས་ཏེ་འོད་ཟེར་ཉི་མ་འཆར་ཀའི་མདོག་ལྟ་བུའི་སྤྲོས་པའི་རྩལ་ལས་ཨུཏྤལ་དམར་པོའི་ལྕགས་ཀྱུ་རྣོན་པོས་ཁམས་གསུམ་སྣོད་བཅུད་གང་འདོད་པའི་དོན་ཐམས་ཅད་དབང་དུ་འདུས་པར་བསམ། རྫས་རྫོགས་པ་དང༌། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་ཁྱད་པར་མཁས་གྲུབ་རྒྱལ་བློན་བསྟན་ལ་གནོད་པའི་དགྲ་བགེགས་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛད་དུ་གསོལ། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་དབང་གི་ཕྲིན་ལས་མཛད་པར་གྱུར། འདས་པའི་སྐབས་བསྟོད་པའི་རྗེས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཉི་མ་འཆར་ཀ་ལྟ་བུས་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་དབང་གི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་འབུལ། རྫས་སྔགས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ སྲེག་བླུགས་བདུད་རྩི་འདི་ཕུལ་བས༔ རྒྱལ་བློན་རྗེ་འབངས་སོགས་མེ་ལྷའི་སྐབས་ལྟར་སྦྱར། རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས་གང་དབང་དུ་བསྡུ་བར་འདོད་པའི་སྙིང་གར་ཕོག་པ་ཙམ་གྱིས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་དབང་དུ་བསྡུས་ནས་ཨུཏྤལ་དམར་པོའི་ཞགས་པས་བཅིངས། ལྕགས་ཀྱུའི་སྙིང་ནས་བཏབ། རླུང་གི་དཀྱིལ་འཁོར་གྱི་བཏེགས་ནས་ཁེངས་སེམས་ཞི་སྟེ། རང་དབང་བརྟན་པ་བྲལ་བའི་ཆགས་པས་ཡིད་གདུང་ནས་རང་གི་ཞབས་འོག་འཁོད་པར་གྱུར། རྗེས་ཆོག་མེ་ལྷར་རྫས་ཀྱི་ལྷག་མ་འབུལ་བའི་ཚེ། དབང་གི་འདོད་གསོལ་སྦྱར། བྲོ་བརྡུང་བའི་ཚེ་ཟངས་ཀྱི་ཕུར་བུ་འདྲིལ། བྲོ་ར་ཟླ་གམ་དུ་མོས་ལ། ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུངས༔ ནུབ་ཏུ་དབང་གི་བྲོ་བརྡུངས་པས༔ རྒྱལ་བློན་ཁྱེའུ་ཕོ་མོ་དང༔ འབྲུ་ནོར་ཐེག་ཆེན་དགེ་འདུན་བསྡུས༔ དབང་དུ་མ་བསྡུས་གང་ཡང་མེད༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མེ་རང་ཞིའམ་མྱོས་བྱེད་ཀྱི་ཁུ་བས་གཞིལ་བའི་ཐལ་བ་རི་རྩེ་ལམ་སྲང་ཚོང་འདུས་ལ་སོགས་པར་རླུང་ཆེན་ལ་བསྐྱོད་དུ་གཞུག་གོ ༈ དྲག་པོའི་སྦྱིན་སྲེག་ལ། ལས་དང་མཐུན་པའི་གནས་དེར། གདུག་པའི་སྣ་གསུམ་གྱི་སྟེགས་བུ་གྲུ་བཞི་པ་དུག་ཁྲག་གིས་བྱུགས་པ་ལ། ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་སོར་བཅུ་པ་གཅིག་བསྐོར། དེ་ནས་ཤར་གྱི་ཚངས་ཐིག་དང༌། ཟླུམ་ཐིག་འཕྲད་མཚམས་ནས་ད་ལྟའི་དབུས་ཀྱི་ཟླུམ་ཐིག་གི་ཚད་དེས་གཡས་གཡོན་དུ་མཚན་མ་བྱས་ལ་གྲུ་གསུམ་དུ་བཅད་པ་ཐབ་རྒྱ། དེའི་ཕྱི་རོལ་དུ་སོར་གསུམ་པའི་ཚད་ཅན་གཉིས་བསྐོར་བ་སྔར་བཞིན་གྲུ་གསུམ་དུ་བཅད་པ་མུ་རན་དང༌། ཁ་ཁྱེར། དེ་ནས་དབུས་སུ་གྲུ་གསུམ་ནང་མའི་ངོས་ལ་རེག་མཚམས་ནས་ཟླུམ་པོ་བསྐོར་བ་ཆ་གསུམ་དུ་བགོས་པའི་དབུས་ཀྱི་ཆ་གཅིག་འཁོར་ལོའི་ལྟེ་བ། ཕྱིའི་ཆ་བཅུ་གཉིས་ཐིག་གིས་བཅད་པ་རྩིབས་བརྒྱད། ཁ་དོག་ཐམས་ཅད་རོ་སོལ་གྱིས་ནག་པོ་བྱ། འཁོར་ལོའི་ལྟེ་བ་ལ་རལ་གྲི་མེ་འབར་བས་མཚན་པ་བྲི། ཁ་ཁྱེར་ལ་རྡོ་རྗེ་རྭ་གདེང་གི་ཕྲེང་བ། གྲྭ་བཞིར་རྡོ་རྗེ་རྭ་གདེངས་ཕྱེད་པ་བཅས་བྲི། ཐབ་ཀྱི་སྟེང་དུ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩེགས་ཏེ་ཐབ་ཁེབ་ལྗང་གུའམ་སྔོ་ནག་གང་འཛོམས་བྱ། སློབ་དཔོན་གྱི་གཡས་ངོས་སུ་སྟེགས་ཁེབ་ནག་པོའི་སྟེང༌། ལྕགས་སྣོད་དུ་དུག་སྣ་རྡོ་ཕྱེ་ར་ཁྱི་ཤ་ཆེན་སྲན་ཆེན་མར་ནག་འབྲུ་ནག་ཁྲག་གིས་སྦག་པའི་གཏོར་མ་ཟུར་གསུམ་ཆེ་ཆུང་གཉིས། དྲག་པོའི་ཉེར་མཆོད། སྨན་རཀ་བཅས་དང༌། གཡོན་དུ་དུག་ཤིང་དང༌། ཚེར་མ་ཅན་གྱི་ཡམ་ཤིང་སོར་བཅུ་གཉིས་པ་རྩེ་མོ་མར་ནག་དང་ཚིལ་ཞུན་གྱིས་སྦག་པ། མྱོས་པའི་རྫས་མར་ནག་ཚིལ་ཞུན་དུག་ཁྲག་ཏུ་སྦྱར་བ། ཟས་མཆོག་གི་ཚབ་ཏུ་དྲག་པོའི་རྫས་ཤ་སྣ་བསྲེས་པའི་གྲོ་རིལ་ནང་ནྲྀ་ཏྲི་སྲོག་ཡིག་ཤོག་དྲིལ་བྲིས་པ་ཅན་ནང་དུ་བཅུག་པ་དཱུརྦའི་ཚབ། བྲུབ་པའི་རྫས་ཤོག་ལིང་ངམ་ཟན་ལིང་ཆུང་ངུ་མིང་རུས་བླ་དྭགས་གནས་ཡིན་བཅས་རྫས་ཀྱི་གྲངས་ལྡན་བཅས་བཤམས། རྫས་སྤུངས་སུ་གནད་དབབ་ཀྱི་རྫས་སྦལ་སྤྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྡོའི་ཕྱེ་མ། ཚ་བའི་རྫས་ཏིལ་དང་ཡུངས་ཀར་ཚ་བ་གསུམ་རྣམས་བསྲེས། རྫས་གཞན་རྣམས་ཞི་རྒྱས་ལྟར་ཚོགས་པར་བྱས་ལ། སློབ་དཔོན་ཐོད་སྐམ་དབུ་རྒྱན་རུས་རྒྱན་སོགས་དྲག་པོའི་ཆས་སམ་ཞྭ་ནག་ཕོད་ཀ་སོགས་སྔགས་ཆས་སུ་ཞུགས་ཏེ། རྐང་པས་རྐང་པ་མནན་པའམ་འདོར་སྟབས་ཀྱིས་ཞལ་ལྷོར་ཕྱོགས་པར་བཞུགས་ཏེ། འདོན་ཆའི་ཚིག་ཞི་བ་གང་ཡོད་ལ་དྲག་པོ། ཁ་དོག་དཀར་པོ་ལ་ནག་པོ། དྲག་མཛད་དང༌། ནག་པོ་སོགས་བསྒྱུར། མཆོད་པ་བྱིན་བརླབ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས། ཨཱཿལས་ཐོད་མཆོག་ཧཱུྃ་ལས་ཁྲག་ཆེན་དང༔ དབང་པོའི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་དང༔ ཤ་ཁྲག་ཞལ་ཟས་ཨཿལས་རོལ་མོའི་སྒྲ༔ ཧྲཱི་ལས་རིག་མ་བཅུ་དྲུག་འདོད་ཡོན་འཕྲོ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་བསམ་མི་ཁྱབ༔ མ་ཧཱ་མཾ་ས། རཀྟ། ཙིཏྟ། གོ་རོ་ཙ་ན། བཱ་སུ་ཏ། བོ་དྷི་ཙིཏྟ་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ། རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤརྴེ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་པས་བྱིན་བརླབས། བསྲེག་རྫས་རྣམས་བྲན་ཅིང་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱཿ ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱཿ ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱཿ འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱཿ རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱཿ རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་ཨཱཿལས་བྷནྡྷ་འབར་བའི་སྣོད་དུ་དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཧཱུྃ་ཡིག་ལས་མཐུན་རྫས་དགྲ་བགེགས་བསྒྲལ་བའི་མཐུ་དང་ལྡན་པར་གྱུར། ཡམ་ཤིང༌། དགྲ་བགེགས་ཀྱི་བོ་དྷི་བྲིཀྵ་མཱ་ར་ཡ་ཕཊ༔ གསུམ། མར་ཁུ། དགྲ་བགེགས་ཀྱི་ཨགྣ་མཱ་ར་ཡ་ཕཊ༔ ཟས་མཆོག་གྲོ་རིལ་སྲོག་ལྡན། དགྲ་བགེགས་ཀྱི་སརྦ་སཾ་པ་དེ་མཱ་ར་ཡ་ཕཊ༔ ཏིལ། དགྲ་བགེགས་ཀྱི་སརྦ་པཱ་པཾ་མཱ་ར་ཡ་ཕཊ༔ འབྲས། དགྲ་བགེགས་ཀྱི་པུཥྚ་མཱ་ར་ཡ་ཕཊ༔ སོ་བ། དགྲ་བགེགས་ཀྱི་བི་ཛ་ཡ་མཱ་ར་ཡ་ཕཊ༔ ནས། དགྲ་བགེགས་ཀྱི་བེ་ག་མཱ་ར་ཡ་ཕཊ༔ སྲན་མ། དགྲ་བགེགས་ཀྱི་མ་ཧཱ་བ་ལ་མཱ་ར་ཡ་ཕཊ༔ གྲོ། དགྲ་བགེགས་ཀྱི་གྷསྨཱ་རི་མཱ་ར་ཡ་ཕཊ༔ དཱུརྦའི་ཚབ་ཤོག་ལིང༌། དགྲ་བགེགས་ཀྱི་ཨཱ་ཡུ་མཱ་ར་ཡ་ཕཊ༔ ཀུ་ཤ། དགྲ་བགེགས་ཀྱི་བཛྲ་རཀྵ་མཱ་ར་ཡ་ཕཊ༔ ཤིང་ཐོག །དགྲ་བགེགས་ཀྱི་ཥཱི་བ་མཱ་ར་ཡ་ཕཊ༔ རྫས་སྤུངས། དགྲ་བགེགས་ཀྱི་ཨཱ་ཧ་ར་ཨཱ་ཧ་ར་མཱ་ར་ཡ་ཕཊ༔ ཅེས་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབས། དེ་ནས་གདོལ་པ་ཤན་དམེ་ཡུགས་ལ་སོགས་པའི་མེས་སྦར་ལ། ཧཱུྃ། ཆོས་དབྱིངས་རྣམ་དག་སོགས་ནས་དཀྱུས་ལྟར་ལ། ཐབ་བསང་སྦྱང༌། སྟོང་པའི་ངང་ལས་ཨཾ་ལས་དྲག་པོའི་ཐབ་ཁུང་ནག་ལ་རྩུབ་ཅིང་གྲུ་གསུམ་པ༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་རལ་གྲི་ཨཾ་གིས་མཚན་པར་གྱུར། དེ་ལས་དྲང་སྲོང་མེ་ལྷ་མཐིང་ནག་ཤིན་ཏུ་ཁྲོས་པ་ཞལ་གདངས་པ་མཆེ་བ་གཙིགས་པ༔ ཕྱག་གཉིས་རལ་གྲི་དང་མེ་ཐབ་འཛིན་པ༔ ཐོད་པའི་རྒྱན་ཅན་ར་སྐྱེས་ཁམ་པའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར༔ སོགས་ནས། བྱོན་སྐྱེམས་ཀྱི་འདོད་གསོལ་ནི། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི༔ དམ་སྲི་འགོང་པོ་འདྲེ་ངན་དང༔ ཚེ་དང་སྲོག་ལ་བར་གཅོད་པ༔ བསྟན་པའི་དགྲ་བགེགས་མ་ལུས་པ༔ ཐམས་ཅད་བསྒྲལ་བར་མཛད་དུ་གསོལ༔ དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་ཕྲིན་ལས་གསོལ། རྫས་ཀྱི་ཐོག་མར་ཡམ་ཤིང༌། ཨོཾ་བོ་དྷི་བྲིཀྵ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ༔ བདུན་སོགས་གང་དགོས་མཐར། སྲེག་བླུགས་ཉེ་བར་སྟོབ་པའི་སྔགས། ཨོཾ་ཨགྣེ་ཡེ་ཨཱ་དཱི་བྱ་བཧྣཱ་ཡ་ཧ་བྱ་ཀ་བྱ་བཧྣཱ་ཡེ་སྭཱ་ཧཱ༔ ལན་གཅིག་འགྲེའོ། ཧོཿ དྲང་སྲོང་མེ་ལྷའི་སོགས་ཀྱིས་འདོད་དོན་གསོལ། རྫས་གཞན་རྣམས་ལའང་དེ་བཞིན་དུ་འགྲེ། རྫས་ཐམས་ཅད་རྫོགས་པ་དང་འདོད་གསོལ་ནི། ན་མོ། རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས༔ ཕ་རོལ་གྱི་བྱད་གཏད༔ ངན་སྔགས༔ སྡང་དགྲ༔ གནོད་བགེགས༔ དམ་སྲི་འབྱུང་པོ་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ༔ བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་དྲག་པོའི་ཕྲིན་ལས་མཛད་པར་གྱུར། འདས་པའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་འོད་ཟེར་ལྗང་ནག་ཚོན་གྱིས་ཟེར་འཕྲོས་པས་དྲག་པོའི་ཕྲིན་ལས་མཛད་པར་གྱུར། བྱོན་སྐྱེམས་ནི། དཀྱིལ་འཁོར་ལྷ་རྣམས་ཤིན་ཏུ་ཁྲོས་པས་ཞལ་གནམ་ས་ལྟར་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་དགྲ་བགེགས་ཀྱི་བླ་ཚེ༔ སྲོག་དབུགས༔ ཁ་རྗེ་དབང་ཐང་ཐམས་ཅད་རྗེན་རྗེན་དུ་གསོལ་བར་གྱུར༔ ལྷ་སྔགས་ཚར་གཅིག་དང་རྫས་སྔགས་བདུན་སོགས་ཀྱིས་འབུལ་བ་དང༌། རྫས་སྔགས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ སྲེག་བླུགས་བདུད་རྩི་འདི་ཕུལ་བས༔ སྡང་བའི་དགྲ་དང་སོགས་མེ་ལྷའི་སྐབས་ལྟར་བྱ། རྫས་ཐམས་ཅད་རྫོགས་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ནག་པོ་མེའི་དབལ་ཅན་འཕྲོས་པས་ཡིད་ལ་དམིགས་པའི་དགྲ་བགེགས་དམ་སྲི་སྡེ་དཔུང་དང་བཅས་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། གཤེགས་སྐྱེམས་སོགས་ལས་རིམ་སྔ་མ་ལྟར་དང༌། མེ་ལྷར་གཤེགས་སྐྱེམས་དང་རྫས་ལྷག་དྲག་པོའི་འདོད་གསོལ། གཏོར་འབུལ་རྣམས་ཞི་རྒྱས་ཀྱི་སྐབས་ལྟར་བྱ། བྲོ་བརྡུངས་ནི། ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུངས༔ བྱང་དུ་དྲག་པོའི་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་བརླག་པར་མཛད༔ བརླག་པར་མ་གྱུར་གང་ཡང་མེད༔ མཱ་ར་ཡ་ཕཊ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལྃ་ཧཱུྃ་ལྃ་སྟྭཾ་བྷ་ཡ་ནན༔ མེ་ལོངས་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གིས་ཆུས་བསད་པའི་ཐལ་བ་དྲག་པོའི་ཐུགས་དམ་བསྐུལ་ཞིང་ཟློག་པའི་ཐལ་རྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། ཡང་ན་ཐལ་སོལ་རྣམས་སྣོད་ངན་དུ་བྲུབས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན་པར་བྱའོ། །གཞན་ཡང་རྣལ་འབྱོར་པས་ཁ་ཟས་ཟ་བའི་ཚེ་འབྲུ་གསུམ་གྱི་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ལ། ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་བའི་དྭངས་མས་ལུས་དཀྱིལ་གྱི་ལྷ་རྣམས་མཉེས་པར་བསམ་པ་ནང་གི་བསྲེག་བླུག །ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བྱེད་པ་གསང་བའི་སྦྱིན་སྲེག །སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ་ཐབས་ཤེས་ཟུང་འཇུག་གི་དགང་བླུགས། གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས། སྐུ་གསུང་ཐུགས་མི་ཤིགས་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་བསྐྱང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ། སྔ་ཕྱི་རྣམས་རིམ་བཞིན་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ཅིང༌། གང་རུང་ཐད་ཐད་དུ་ཉམས་བགྱིས་པས་ཀྱང་འབྲས་བུ་མཐར་ཕྱིན་པའི་དོན་ཆེན་པོ་གྲུབ་པར་གསུངས་སོ། །ལྷག་པའི་ལྷ་ཡི་ཕྲིན་ལས་ནོར་བུའི་དབྱིག །ལས་བཞིའི་རྣོ་འདོན་བསྲེག་བླུག་ཆོ་གའི་ཁྲིགས། །རང་བཟོ་སྤངས་པས་གོང་མའི་གསུང་བཞིན་དུ། །སྤེལ་འདིས་སྔགས་འཛིན་ཀུན་དགའི་སྐྱེས་གྱུར་ཅིག །ཅེས་པའང་རྟེན་མཆོག་འགྱུར་མེད་གླིང་གི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་དུ་བསྟན་འཛིན་སྐྱེས་བུ་སྤྱི་དང༌། ངོས་ཀྱི་རིང་འཚོའི་རྟེན་འབྱུང་དུ་ལོ་བསྟར་སྒྱུ་འཕྲུལ་ཚེ་ཟབ་ཀྱི་སྒྲུབ་ཆེན་གནང་བའི་ཉེར་འཁོར་གྱུར་པ། བྱང་འདྲེན་པདྨ་བཀྲ་ཤིས་ནས་དྲི་བཟང་གི་རྟེན་དང་བཅས་ཏེ་ཆེད་བསྐུལ་བཞིན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་གྱིས་སྨྲས་རིམ་བཞིན། དད་བློ་རྣམ་པར་བཀྲ་བ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་ཡི་གེ་པ་བགྱིས་ཏེ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་ས་ཡི་ལྟེ་བ་བུམ་ཐང་སྐུ་རྗེས་རྡོ་རྗེའི་བརྩེགས་པའི་ཀེའུ་ཚང་གི་མདུན་དུ་གནས་པའི་སྐབས་གྲུབ་པར་བྱས་པ་འདིས་ཀྱང་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 49: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-09-TA]] | [[Category:DKR-KABUM-Volume-09-TA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:05, 1 June 2024
Wylie title | rtsa gsum tshe yi zab pa'i lha sngags la bsten pa'i las bzhi'i sbyin sreg 'chi med bdud rtsi'i snang ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 25, Pages 208-228 (Folios 1a to 21a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Rtsa gsum tshe yi zab pa'i lha sngags la bsten pa'i las bzhi'i sbyin sreg 'chi med bdud rtsi'i snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 208-228. Delhi: Shechen Publications, 1994. | |
Genre | Fire Offerings - sbyin sreg | |
Cycle | ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (zab bdun rtsa gsum tshe'i zab pa) | |
Parent Cycle | ཐུགས་དམ་ཟབ་པ་སྐོར་བདུན་ (thugs dam zab pa skor bdun) | |
Colophon |
།ཅེས་པའང་རྟེན་མཆོག་འགྱུར་མེད་གླིང་གི་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་དུ་བསྟན་འཛིན་སྐྱེས་བུ་སྤྱི་དང༌། ངོས་ཀྱི་རིང་འཚོའི་རྟེན་འབྱུང་དུ་ལོ་བསྟར་སྒྱུ་འཕྲུལ་ཚེ་ཟབ་ཀྱི་སྒྲུབ་ཆེན་གནང་བའི་ཉེར་འཁོར་གྱུར་པ། བྱང་འདྲེན་པདྨ་བཀྲ་ཤིས་ནས་དྲི་བཟང་གི་རྟེན་དང་བཅས་ཏེ་ཆེད་བསྐུལ་བཞིན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་གྱིས་སྨྲས་རིམ་བཞིན། དད་བློ་རྣམ་པར་བཀྲ་བ་སྤྲུལ་སྐུ་ཨཱ་ནནྟ་མངྒ་ལས་ཡི་གེ་པ་བགྱིས་ཏེ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་ས་ཡི་ལྟེ་བ་བུམ་ཐང་སྐུ་རྗེས་རྡོ་རྗེའི་བརྩེགས་པའི་ཀེའུ་ཚང་གི་མདུན་དུ་གནས་པའི་སྐབས་གྲུབ་པར་བྱས་པ་འདིས་ཀྱང་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་རྒྱུར་གྱུར་ཅིག། | |
/ces pa'ang rten mchog 'gyur med gling gi e waM chos kyi sgar chen du bstan 'dzin skyes bu spyi dang*/_ngos kyi ring 'tsho'i rten 'byung du lo bstar sgyu 'phrul tshe zab kyi sgrub chen gnang ba'i nyer 'khor gyur pa/_byang 'dren pad+ma bkra shis nas dri bzang gi rten dang bcas te ched bskul bzhin/_'gyur med theg mchog bstan pa'i rgyal mtshan pad+ma dri med gzi brjid rab tu dga' ba'i dpal gyis smras rim bzhin/_dad blo rnam par bkra ba sprul sku A nan+ta mang+ga las yi ge pa bgyis te lho 'brug chos kyi rgyal po'i sa yi lte ba bum thang sku rjes rdo rje'i brtsegs pa'i ke'u tshang gi mdun du gnas pa'i skabs grub par byas pa 'dis kyang 'gro kun tshe dang ye shes kyi snang ba rgyas pa'i rgyur gyur cig/ |