DKR-KABUM-09-TA-006: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-006
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:05, 1 June 2024

Wylie title bla ma'i thugs sgrub bar chad kun sel las/ chos sku snang ba mtha' yas tshe dpag med phyag rgya gcig pa'i phrin las dbang bskur dang bcas pa 'chi med bdud rtsi'i zil mngar DKR-KABUM-09-TA-006.pdf
Location dil mgo mkhyen brtse bka' 'bum
Volume 9, Text 6, Pages 32-43 (Folios 1a to 12b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Bla ma'i thugs sgrub bar chad kun sel las chos sku snang ba mtha' yas tshe dpag med phyag rgya gcig pa'i phrin las dbang bskur dang bcas pa 'chi med bdud rtsi'i zil mngar. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 32-43. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity tshe dpag med
Colophon

།ཅེས་པའང་མདོ་སྨད་རེབ་ཀོང་རིག་པའི་འབྱུང་གནས་ཀྱི་བྱེ་བྲག་གྲུབ་བརྒྱའི་དེད་དཔོན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གདན་ས་ཞོ་འཕང་དར་རྒྱས་གླིང་དུ་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་འཆད་ཞོར་ཆོག་བསྒྲིགས་བགྱིས་ཀྱང་དུས་ཀྱི་འགྱུར་བས་མ་དཔེ་བརླགས་པ། རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་རྟེན་བཅས་བསྐུལ་ཞིང༌། ཀུན་གཟིགས་མཁྱེན་བརྩེའི་གསུང་གི་ཟེགས་མ་སླར་ཡང་སྐལ་བཟང་གི་གསོས་སུ་སྨིན་པ། འབྲུག་བུམ་ཐང་སྐུ་རྗེས་རྡོ་རྗེའི་ཀེའུ་ཚང་དུ་བྲིས་པའི་ཡི་གེའི་མཐུན་འགྱུར་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་ཀྱིས་བགྱིས་པ་འདིས་ཀྱང་ཚེ་དང་ཡེ་ཤེས་ཀྱི་སྣང་བས་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། །།

/ces pa'ang mdo smad reb kong rig pa'i 'byung gnas kyi bye brag grub brgya'i ded dpon zhabs dkar tshogs drug rang grol gyi gdan sa zho 'phang dar rgyas gling du rin chen gter mdzod kyi dbang lung 'chad zhor chog bsgrigs bgyis kyang dus kyi 'gyur bas ma dpe brlags pa/_rten mchog 'gyur med gling gi byang 'dren pa pad+ma bkra shis nas rten bcas bskul zhing*/_kun gzigs mkhyen brtse'i gsung gi zegs ma slar yang skal bzang gi gsos su smin pa/_'brug bum thang sku rjes rdo rje'i ke'u tshang du bris pa'i yi ge'i mthun 'gyur sprul sku kun dga' bkra shis kyis bgyis pa 'dis kyang tshe dang ye shes kyi snang bas 'dod rgur rtsen pa'i rgyur gyur cig/_//

[edit]
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད་ཕྱག་རྒྱ་གཅིག་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་ཟིལ་མངར་བཞུགས་སོ།། །།

༄༅། །རྨད་བྱུང་ཐུགས་བསྐྱེད་འཆར་ཀའི་སྣང་བ་དང༌། །འགྲོགས་པའི་མཚན་མཆོག་ཉིན་མོར་བྱེད་པའི་དཔལ། །དུས་ཀྱི་མུན་སེལ་ལྷ་མཆོག་གུས་བཏུད་ནས། །དེ་ཉིད་སྒྲུབ་པའི་ཕྲིན་ལས་དབང་བཅས་སྤེལ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད་ཕྱག་རྒྱ་གཅིག་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཇི་ལྟར་བྱ་བའི་ཚུལ། གཉིས་ཀའི་སྔོན་འགྲོ་སྦྱོར་ཆོས་ལ། དཀྱིལ་འཁོར་རབ་རས་བྲིས་སམ་ཚོམ་བུ། མ་འབྱོར་ན་ཚེ་འབྲང་ལ་བརྟེན་ཀྱང་རུང༌། གང་ལྟར་ཡང་ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། ཚེ་མདའ། གཞན་ཡང་ཉེར་སྤྱོད་མཆོད་པ། སྨན་རཀ །ཞི་གཏོར་དམར་ཟླུམ། བཀའ་སྲུང་གི་གཏོར་མ། ཚོགས། དཀར་བགེགས། སྒྲུབ་པ་པོའི་མདུན་དུ་ཌཱ་དྲིལ་ལས་བུམ་སོགས་འདུ་བྱའོ། །ལས་བྱང་གི་ཐོག་མར་གསོལ་འདེབས། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་སོགས་སྔོན་དུ་འགྲོ་བས་བརྒྱུད་འདེབས་ནི། ཧྲཱིཿཧྲཱིཿཧྲཱིཿ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔག་མེད༔ སྐུ་ལྔའི་ཚེ་ཡི་བདག་པོ་ཡབ་ཡུམ་དང༔ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཙཎྜ་ལི༔ འཆི་མེད་སྐུ་བརྙེས་རིག་འཛིན་པདྨ་འབྱུང༔ མི་འགྱུར་ཚེ་ལ་མངའ་བརྙེས་བི་མ་ལ༔ ཚེ་ལམ་གྲུབ་པའི་ཕྱག་རྒྱ་མནྡྷ་ར༔ བདེ་ཆེན་ཚེ་ལ་དབང་ཐོབ་མཚོ་རྒྱལ་ཡུམ༔ ཚེ་ཡི་བཀའ་བབས་ལྷ་སྲས་རོལ་པ་རྩལ༔ ཚེ་ཡི་ཟབ་གཏེར་སྒོ་འབྱེད་མཆོག་གྱུར་གླིང༌། །ཚེ་དང་ཡེ་ཤེས་མཆོག་བརྙེས་མཁྱེན་བརྩེའི་དབང༌། །ཚེ་མཆོག་མངོན་གྲུབ་འཇམ་མགོན་གུ་ཎའི་མཚན། །ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་རྣམས་དང༌། །སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་མཆོག །ཡི་དམ་ཌཱ་ཀི་དམ་ཅན་གནས་གཏེར་སྲུང༌། གསོལ་བ་འདེབས་སོ་སྨིན་གྲོལ་གདམས་པ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། དེ་ནས་གཞི་མ་དུལ་བ་ཡིན་ན་གཞི་བདག་ལ་དཀར་གཏོར་སྤྱི་ལྟར་བཏང༌། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་པདྨ་ཚེ་དཔག་མེད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ཞེས་པས་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོཿ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ འཆི་མེད་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ་གྱིས་སྐྱབས་སེམས་བྱས་མཐར། ཛཿཧཱུྃ་བཾ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། བགེགས་གཏོར། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལག་གཉིས་མཁའ་ལྡིང་གི་རྒྱ་སྟོན་བཞིན་པར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་མཐར། ཧ་ཧོ་ཧྲཱིཿ ཞེས་པས་བྱིན་གྱིས་བརླབས། ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་དུ་འགུགས། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་སོགས་ནས། གྲྀཧྞ་དཾ་བ་ལིཾ་དྱ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས། ཧཱུྃ་ཧྲཱིཿ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ སུམ་བྷ་ནི་སོགས་དྲག་སྔགས་བཟླ་བཞིན་གུ་གུལ་བདུག །རོལ་མོ་ཚམ་རྔམས་བཅས་བགེགས་བསྐྲད། གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བརྟན་པར་བསྒོམ། དེ་ནས། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་རྣལ་འབྱོར་ནི། ཨཿ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱང༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུ་ལས་ རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ཧྲཱིཿ དབུས་ཉིད་དྭངས་མ་འོད་ལྔའི་དཀྱིལ་འཁོར་དུ༔ རྨ་བྱས་བཏེགས་པའི་རིན་ཆེན་སྣ་ཚོགས་ཁྲིར༔ ཐབས་ཤེས་དབྱེར་མེད་པདྨ་ཉི་ཟླའི་སྟེང༔ རང་རིག་སོ་སོར་ཀུན་ཏུ་རྟོག་པ་ཡི༔ ཡེ་ཤེས་ཆེན་པོའི་ངོ་བོ་ཧྲཱིཿདམར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ མཚན་དཔེའི་གཟི་འབར་ཞི་འཛུམ་སྒེག་པའི་ཉམས༔ མཉམ་བཞག་ཕྱག་རྒྱས་ཚེ་ཡི་བུམ་པ་འཛིན༔ རང་འོད་ཡུམ་འཁྱུད་བདེ་སྟོང་ཆེན་པོར་སྦྱོར༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཚེ་དཔག་མེད༔ རབ་འབྱམས་རྩ་གསུམ་ཚེ་ལྷ་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབས་པའི༔ པདྨ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུའི་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔ྄་ཀྱི་རིམ་པ་ནི། ཛཔ྄་ཁང་དབྱེ་བར་སྤྲོ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་གྱུར༔ ཅེས་ཛཔ྄་ཁང་དབྱེ། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་ཏིང་འཛིན་རྩེ་གཅིག་པས། རང་གི་སྙིང་དབུས་སྟོང་གསལ་འོད་ལྔའི་ཀློང༔ བདག་མདུན་ཐུགས་ཀར་ཞེས་བསྒྱུར། རྒྱ་གྲམ་ལྟེ་བར་ཉི་ཟླའི་གྭའུའི་དབུས༔ ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨ་ཡིས་མཚན༔ དེ་ལ་ཚེ་ཡི་སྙིང་པོས་བསྐོར་བ་ལས༔ འོད་ཟེར་དཔག་མེད་ནམ་མཁའ་ཁྱབ་པར་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༔ འབྱུང་ལྔའི་དྭངས་བཅུད་སྐྱེ་འགྲོའི་ཚེ་བསོད་སྟོབས༔ རྒྱལ་བ་སྲས་བཅས་མཁྱེན་བརྩེའི་ཡེ་ཤེས་ཚེ༔ མ་ལུས་བདུད་རྩིའི་རྣམ་པར་འུབ་ཀྱིས་བསྡུས༔ ཞུ་ཞིང་ཁོལ་བས་རང་ལུས་ནང་ཀུན་ཁྱབ༔ སྒྲིབ་པ་ལྔ་དག་ཁམས་ལྔའི་ཚེ་ཉམས་གསོས༔ འབྱུང་ལྔའི་དྭངས་མས་ཡེ་ཤེས་ཚེ་འཕེལ་ནས༔ རིགས་ལྔ་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་ཅི་ནུས་སུ་བཟླ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུགས་ཐོ་དང༌། གཡོན་མེའི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ༔ ཅེས་བཟླས། ཐུན་མཐར་དབྱངས་གསལ་དང་རྟེན་སྙིང་ལན་གསུམ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཧྲཱིཿཧྲཱིཿཧྲཱིཿ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔག་མེད༔ སྐུ་ལྔའི་ཚེ་ཡི་བདག་པོ་ཡབ་ཡུམ་དང༔ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཙཎྜ་ལི༔ འཆི་མེད་སྐུ་བརྙེས་རིག་འཛིན་པདྨ་འབྱུང༔ མི་འགྱུར་ཚེ་ལ་མངའ་བརྙེས་བི་མ་ལ༔ ཚེ་ལམ་གྲུབ་པའི་ཕྱག་རྒྱ་མནྡྷ་ར༔ བདེ་ཆེན་ཚེ་ལ་དབང་ཐོབ་མཚོ་རྒྱལ་ཡུམ༔ ཚེ་ཡི་བཀའ་བབས་ལྷ་སྲས་རོལ་པ་རྩལ༔ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་སོགས༔ རིག་འཛིན་ཚེ་ཡི་རྩ་བརྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གསོལ་བ་གདབ། པདྨ་ཚེ་དཔག་མེད་པའི་སྦྱོར་མཚམས་ནས༔ འོད་འཕྲོས་ཕོ་ཉ་མགྱོགས་མའི་ཚོགས་རྣམས་སྤྲོས༔ དེ་དག་ཀུན་དང་འོད་ཟེར་ལྕགས་ཀྱུ་ཡིས༔ རང་གི་བླ་ཚེ་གདོན་གྱིས་བརྐུས་པ་དང༔ ཆད་དང་ཉམས་དང་ཡར་བ་ཐམས་ཅད་དང༔ འཁོར་འདས་སྣོད་བཅུད་ཚེ་ཡི་དྭངས་མ་ཀུན༔ དབང་མེད་བསྡུས་ཏེ་བདག་ལ་ཐིམ་པ་ཡིས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་ཐུགས་དམ་དབྱིངས་ནས་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་བསོད་དཔལ༔ སྟེང་འོག་མཚམས་ཀྱི་འབྱུང་པོས་འཕྲོག་པའི་ཚེ༔ འབྱུང་ལྔའི་བཅུད་དང་རིགས་ལྔའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་བསྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ སྐུ་ལྔ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་ཚེ་གཟུངས་ཀྱང་བཟླ། ཧཱུྃ་ཧྲཱིཿ འཁོར་འདས་ཚེ་རྣམས་འབྱུང་བ་ལྔ་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་འཕེལ་ཏེ༔ མི་འགྱུར་དྭངས་མ་ནྲྀ་ལ་རྒྱས་ཐེབས་པས༔ འཆི་མེད་རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ ཨོཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཨཱཿབྷྲཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་རཀྵ་རཀྵ་བྷྲཱུྃ༔ སྐབས་འདིར་བཀའ་གཏེར་སྲུང་མའི་གཏོར་འབུལ་རྒྱས་བསྡུས་གང་འོས་བྱ། ཚོགས་མཆོད་འབུལ་བར་སྤྲོ་ན། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ༔ རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་སུ༔ ཚོགས་ཀྱི་ངོ་བོ་འཆི་མེད་བདུད་རྩི་ཆེ༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་མཆོག་ཏུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཧྲཱིཿ འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག༔ རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ལ་སྱེ་ཧཱུྃ༔ ཨོཾ་བཛྲ་མཱ་ལྱེ་ཏྲཱཾ༔ ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཚོགས་ཀྱི་མཆོད་པ་འབུལ་བ་ནི། ཨོཾ༔ ཐབས་དང་ཤེས་རབ་དབྱེར་མེད་བྱང་ཆུབ་སེམས༔ བདེ་ཆེན་ཚོགས་ཀྱི་འཁོར་ལོའི་མཆོད་པའི་སྤྲིན༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཛ་གད་ཕུད་ཀྱིས་བྲན་བྱས་ཏེ། ཧཱུྃ༔ སངས་རྒྱས་ཀུན་གྱི་དམ་ཚིག་རྨད་པོ་ཆེ༔ རྡོ་རྗེ་སེམས་དཔའ་བདེ་བའི་ཐིག་ལེར་འཁྱིལ༔ ཟག་མེད་ཛ་གད་ཕུད་ཀྱི་མཆོད་པ་འདི༔ འཆི་མེད་བསྒྲུབ་ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ༔ མཧཱ་ཨ་མྲྀ་ཏ་ཛ་གད་པཱུ་ཛ་ཧོཿ ལྷ་རྣམས་བདེ་བས་རབ་མཉེས་པའི༔ མཉམ་སྦྱོར་བྱང་སེམས་བདུད་རྩིའི་སྤྲིན༔ ཚོགས་ཀྱི་མཆོད་པར་ཆར་ལྟར་བབ༔ འཆི་མེད་བདུད་རྩིར་འཁྱིལ་བ་ཉིད༔ རྡོ་རྗེ་ལྕེ་ཡིས་རབ་མྱངས་པས༔ རྩ་ཁམས་ཐམས་ཅད་དྭངས་མས་གང༔ བདེ་ཆེན་རྡོ་རྗེའི་ཚེ་ཐོབ་བསམ༔ ཨོཾ་སརྦ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོཿ ཞེས་ཚོགས་ཀྱི་ལོངས་སྤྱོད་བྱ། ལྷག་མ་བསྔོ་བ་ནི། ཧྲཱིཿཕེཾ༔ མཁའ་འགྲོ་གིང་དང་ལང་ཀ་དབང་ཕྱུག་མ༔ འབར་མ་ལ་སོགས་ལྷག་མའི་གནས་ཉུལ་ཀུན༔ ཞལ་ཟས་བདུད་རྩིའི་ཕམ་ཕབ་འདི་གསོལ་ལ༔ བར་ཆད་ཀུན་སོལ་ཚེ་དང་ལོངས་སྤྱོད་སྤེལ༔ སརྦ་དྷཱ་ཀི་ནི་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ བདེ་ཆེན་རྡོ་རྗེའི་དམ་ཚིག་གིས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་མཐུས༔ ཚེ་དང་བསོད་ནམས་རྒྱས་པ་དང༔ ཡེ་ཤེས་མཆོག་གིས་དགྱེས་པར་ཤོག༔ ཅེས་སྨོན་ལམ་བྱའོ། །གཉིས་པ་དབང་བསྐུར་བགྱི་ན་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་སྟྭྃ་ཧོཿ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བྃ་ཧོཿ ཞེས་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་དམ་ཡེ་དབྱེར་མེད་དུ་བྱ། དབང་དངོས་ལ། དོན་དུ་གཉེར་བའི་སློབ་མ་རྣམས་བོས་ལ། ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམས་ཏེ། སེམས་བསྐྱེད་གསལ་བཏབ་ནས། དེ་ཡང་གཏེར་གཞུང་རྩ་བ་ལས། ཆོས་སྤྱོད་བསླབ་ལྡན་རྣལ་འབྱོར་བའི༔ ཚེ་རིང་བ་ནི་དགེ་བ་སྟེ༔ འདི་དང་ཕྱི་མའི་དོན་འགྲུབ་ཅིང༔ དངོས་གྲུབ་ཀུན་ཀྱང་མངོན་དུ་འགྱུར༔ ཞེས་དགོས་པ་མཆོག་ཏུ་བསྟན་ནས་བསྒྲུབ་བྱའི་ཚེ་ལ་ཡང༌། གཞུང་གཞན་ལས། ཚེ་ནི་རྣམ་པ་གསུམ་ཡིན་ཏེ༔ འཕོ་ཞིང་གཡོ་བ་ཐིག་ལེའི་ཚེ༔ འགྲོ་དང་འོང་བ་རླུང་གི་ཚེ༔ གཞོམ་དུ་མེད་པ་གཉུག་མའི་ཚེ༔ གློ་བུར་འཕོ་འཇིག་ཞི་བ་དང༔ མི་འགྱུར་ཡེ་ཤེས་རྒྱས་པའི་ཕྱིར༔ རྡོ་རྗེ་ཚེ་ཡི་མཆོག་བསྒྲུབས་ནས༔ རྣལ་འབྱོར་ཟབ་མོ་མཐར་ཕྱིན་བྱ༔ ཞེས་གསུངས་པ་བཞིན་བསྒྲུབ་གཞི་ཕྲ་རགས་བར་གསུམ་གྱིས་ཚེ་བསྲིང་བའི་ཐབས། སྒྲུབ་བྱེད་རིམ་པ་གཉིས་སྨན་སྔགས་རྫས་ཀྱི་འཁྲུལ་འཁོར་རླུང་དང་བཅུད་ལེན་གྱི་སྦྱོར་བ་སོགས་ཇི་སྙེད་ཅིག་ཡོད་ཀྱང༌། དེ་ཐམས་ཅད་ཀུན་ཚང་བ་མཆོག་ཐུན་མོང་གཉིས་ཀ་ཅིག་ཆར་དུ་འགྲུབ་པ་གསང་སྔགས་ཡོ་ག་གསུམ་གྱི་གདམས་པ་ཉིད་ཆེས་མཆོག་ཏུ་གྱུར་པ་ཡིན་པའི་ཚུལ། དེ་ལ་རྣམ་གྲངས་བསམ་ཡས་ཀྱང༔ བླ་མ་པདྨ་ཚེ་དཔག་མེད༔ རིགས་ལྔ་གཅིག་ཏུ་འདུས་པ་ཡི༔ གདམས་པ་ཟབ་མོ་འདི་འདྲ་བ༔ སྔོན་ཆད་རྒྱ་ཆེར་སྤེལ་བ་མེད༔ ད་ལྟར་མངའ་བདག་རྗེ་འབངས་དང༔ མ་འོངས་སྐྱེ་འགྲོའི་དོན་སླད་དུ༔ རང་བྱུང་པདྨ་བདག་གིས་བསྟན༔ ཞེས་གསུངས་པ་ལྟར། ཚེ་དཔག་མེད་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྒྲུབ་པའི་བཀའ་སྲོལ་གཉིས་ལས། འདིར་ཁྱབ་བྱ་རིགས་ལྔ་ལ། ཁྱབ་བྱེད་གསུང་གི་རྡོ་རྗེ་བླ་མ་ཚེ་དཔག་མེད་རིགས་ལྔ་སྤྱི་དྲིལ་གྱི་སྒྲུབ་པ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིགས་བདག་ཆོས་སྐུའི་སྒྲུབ་པ་ལས། པདྨ་ཚེ་དཔག་མེད་གཙོ་རྐྱང་ཕྱག་རྒྱ་གཅིག་པའི་ལྷ་སྔགས་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པའི་སྔོན་འགྲོ་ཚེའི་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། བདག་ཉིད་ཀྱིས་བགྱི་བར་འོས་པའི་ཆོ་གའི་རིམ་པ་རྣམས་སྔོན་དུ་ལེགས་པར་གྲུབ་པ་ཡིན་པས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག བླ་མ་དང་པདྨ་ཚེ་དཔག་མེད་ཐ་མི་དད་པའི་དྲུང་དུ་སྒོ་གསུམ་གུས་པ་ཆེན་པོས་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ དུས་གསུམ་སངས་རྒྱས་ཚེ་བདག་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་བར་ཆད་སོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་བསྩལ་དུ་གསོལ༔ ཞེས་ལན་གསུམ། བླ་མ་ཚེ་འོད་མཐའ་ཡས་དཀྱིལ་འཁོར་ལྷ་ཚོགས་སྐྱབས་ཡུལ་ཞིང་གི་རྡུལ་སྙེད་ཀྱི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་དང༌། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་གཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོཿ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ འཆི་མེད་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། དབང་གི་བཅུད་ཆགས་པའི་ཕྱིར་བླང་བྱ་སོར་བྱང་སྔགས་གསུམ་གྱི་སྡོམ་པ། དགོས་པ་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་ཕྱིར། བླང་བྱའི་ཡུལ་ཚོགས་ཞིང་རྒྱལ་བ་རབ་འབྱམས་ཀྱི་སྤྱན་སྔར། དུས་བྱང་ཆུབ་སྙིང་པོའི་བར་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་གནང་བར་མཛོད། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ་བྱ། དེ་ནས་དབང་གི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་ཏིང་ངེ་འཛིན་གྱི་བརྡ་སྤྲོད་པ་འདི་དག་མ་ཡེངས་པར་སྒོམ་འཚལ། ཧྱ་གྲཱྀ་ཝས་བས། སྭ་བྷཱ་ཝ་ས་སྦྱང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་ལ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། རང་རིག་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད་དམར་གསལ་ཞལ་གཅིག་ཞི་འཛུམ་སྒེག་པའི་ཉམས་ཅན། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཚེ་བུམ་བཅུད་ཀྱིས་བཀང་བ་བསྣམས་པ། མཚན་དཔེའི་གཟི་བརྗིད་འབར་ཞིང་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ། རང་འོད་ཀྱི་ཡུམ་པདྨ་དང་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར། དེའི་དབུས་སུ་ཧཱུྃ་དམར་གསལ་གྱི་ཁོག་པར་ནྲྀ་ལྗང་གུའི་མིག་ཏུ་ཨ་དཀར་པོས་མཚན་པ། མཐའ་སྐོར་དུ་ཚེའི་སྙིང་པོས་བསྐོར་བ་དང༌། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས། འབྱུང་ལྔའི་དྭངས་བཅུད། སྐྱེ་འགྲོའི་ཚེ་བསོད། ཁྱད་པར་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་མཁྱེན་བརྩེའི་ཡེ་ཤེས་ཆེན་པོའི་ཚེའི་བྱིན་རླབས་ཐམས་ཅད་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཆར་ལྟར་བསྡུས་ཏེ་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། དབྱངས་རོལ་སྦྱར་སྤོས་བཏུལ་བ་བཅས། ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ ཚེ་ཡི་བདག་པོ་སྐུར་བཞེངས་ཤིག༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཚེ་དབང་མཐར་ཕྱིན་མཛད་དུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿ ཧྲཱིཾཿཧྲཱིཾཿཧྲཱིཾཿ ཕེཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད། ཡེ་ཤེས་པ་རྒྱུད་ལ་དབབ་པ་དེ་ཇི་སྲིད་བྱང་ཆུབ་ཆེན་པོ་མངོན་དུ་བྱས་པ་དེ་སྲིད་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཀོད་ལ། ཏིཥྛ་བཛྲ། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལ། ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །དཀྱིལ་འཁོར་གྱི་གཙོ་བོ་བླ་མ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་སྲོག་དང་སྦྱོར་མཚམས་ནས་འཕྲོས་པའི་འོད་ཟེར་གྱིས་མགྱོགས་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲུལ་པའི་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟར་འཚུབས་པ་དང༌། འོད་ཟེར་ལྕགས་ཀྱུའི་དྲྭ་བ་བརྟན་གཡོ་ཀུན་ཏུ་ཁྱབ་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་གདོན་བགེགས་འབྱུང་པོས་བརྐུས་འཕྲོག་ཉམས་པ་ཐམས་ཅད་དང༌། འཁོར་འདས་སྣོད་བཅུད་ཀྱི་ཚེའི་དྭངས་མ་ཐམས་ཅད་བསྡུས་ཏེ་ཁྱེད་རང་གི་སྒོ་གསུམ་དང༌། ཁྱད་པར་ཐབས་ཤེས་ཚེའི་དངོས་གྲུབ་ཀྱི་རྫས་ལ་སིབ་སིབ་ཐིམ་པར་མོས་མཛོད། མདའ་དར་གཡབ་ལ། ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་སོགས་གོང་གི་ཚེ་འགུགས་མཐར། ཨ་མཱ་ར་ཎི་དང་ཚེ་གཟུངས་ཀྱང་བཟླ། དངོས་གཞི་དབང་བསྐུར་བ་ལ། ཚེ་འབྲང་འདི་ཉིད་མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད་དངོས་སུ་གསལ་བའི་སྤྱི་གཙུག་ཏུ་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་ལ། དད་མོས་གདུང་ཤུགས་དྲག་པོས་ཐུགས་རྒྱུད་བསྐུལ་བས་གསང་བ་གསུམ་གྱི་འོད་ཟེར་ལྕགས་ཀྱུས་བརྟན་གཡོའི་ཚེ་བཅུད་རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ཏེ་གོང་མ་རྣམས་རིམ་པར་གཅིག་ལ་གཅིག་ཐིམ་གྱི་མཐར་བླ་མ་ཚེ་དཔག་མེད་པའི་ཕྱག་གི་བུམ་པ་ལས་བདུད་རྩི་བབ། ཁྱེད་རང་གི་ལུས་ལ་ཞུགས་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་མོས་མཛོད། ཚེ་འབྲང་སྤྱི་བོར་བཞག་ལ། ཧྲཱིཿཧྲཱིཿཧྲཱིཿ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔག་མེད༔ སྐུ་ལྔའི་ཚེ་ཡི་བདག་པོ་ཡབ་དང་ཡུམ༔ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཙཎྜ་ལི༔ འཆི་མེད་སྐུ་བརྙེས་རིག་འཛིན་པདྨ་འབྱུང༔ མི་འགྱུར་ཚེ་ལ་མངའ་བརྙེས་བི་མ་ལ༔ ཚེ་ལམ་གྲུབ་པའི་ཕྱག་རྒྱ་མནྡྷ་ར༔ བདེ་ཆེན་ཚེ་ལ་དབང་ཐོབ་མཚོ་རྒྱལ་ཡུམ༔ ཚེ་ཡི་བཀའ་བབས་ལྷ་སྲས་རོལ་པ་རྩལ༔ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་སོགས༔ རིག་འཛིན་ཚེ་ཡི་རྩ་བརྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ འཁོར་འདས་ཚེ་བཅུད་དངོས་གྲུབ་བདུད་རྩིའི་དྭངས་མར་འཁྱིལ་བ་དེ་ཉིད་ཁྱེད་རང་རྣམས་ཀྱིས་ལོངས་སྤྱད་པས་ལུས་ཐམས་ཅད་བཅུད་ཀྱི་དྭངས་མས་གང༌། ལྕགས་ལ་གསེར་འགྱུར་གྱིས་རྩིས་ཐེབས་པ་ལྟར་འཆི་མེད་རྡོ་རྗེའི་སྐུར་གྱུར་པར་མོས་མཛོད། ཚེ་རིལ་སྦྱིན་ལ། ཧྲཱིཿ མི་འགྱུར་སྙིང་པོའི་བཅུད་རྣམས་བསྡུས་པ་ཡི༔ འཆི་མེད་ཡེ་ཤེས་ཚེ་ཡི་ལོངས་སྤྱོད་འདིས༔ ཡིད་ལ་ཟག་མེད་བདེ་བ་རབ་འཕེལ་ནས༔ རྟག་ཏུ་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་ཆང་སྟེར་ལ། ཧྲཱིཿ སྔོན་བྱོན་འཆི་མེད་རིག་འཛིན་ཐམས་ཅད་ཀྱང༔ ཚེ་ཆང་བདུད་རྩིའི་བཅུད་ཀྱིས་དངོས་གྲུབ་བརྙེས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྒྱུན་མི་ཆད་པའི་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་བསྟིམ་ཞིང་སྦ་བ་ནི། སྙིང་གའི་ཉི་ཟླའི་གྭའུ་ཅུང་ཟད་ཁ་བྱེ་ཚེ་བཅུད་དྭངས་མ་ཐམས་ཅད་ནྲྀ་ཡིག་ལ་འུབ་འུབ་འདུས་པས་བཀྲག་མདངས་འོད་ལྔ་འབར་ཞིང་འཆི་མེད་རྡོ་རྗེའི་ཚེ་ཐོབ་པར་མཛོད། སླར་རླུང་རོ་བསལ་ཞིང་ཁ་ནས་ཧུབ་ཧུབ་རྔུབས་ལ་བུམ་པ་ཅན་གྱི་རླུང་སྦྱོར་མཛད་པས་འོད་ཀྱིས་ལུས་ཐམས་ཅད་གང༌། ཉི་ཟླའི་གྭའུ་ཁ་འགྲིག་འོག་གི་རྒྱ་གྲམ་གྱི་རྭ་བཞི་བསྣོལ་མར་མདུད་པའི་བར་མཚམས་སུ་གཟུངས་སྔགས་དམར་པོའི་ཐག་པས་ལན་གསུམ་དུ་བསྡམས་པས་ཅིས་ཀྱང་མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་གྱུར། དེའི་སྟེང་དུ་ཧྲཱིཿལས་སྐྱེས་པའི་རྟ་མགྲིན་དམར་པོ་གྲི་ཐོད་འཛིན་པ་ཚོན་གང་བས་ཚེའི་བར་ཆད་ཐམས་ཅད་སྲུང་བར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་གཟུངས་སྔགས་དང་རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱས་ལ། ཧཱུྃ་ཧྲཱིཿ འཁོར་འདས་ཚེ་རྣམས་འབྱུང་བ་ལྔ་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་འཕེལ་ཏེ༔ མི་འགྱུར་དྭངས་མ་ནྲྀ་ལ་རྒྱས་ཐེབས་པས༔ འཆི་མེད་རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ ཨོཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཨཱཿབྷྲཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་རཀྵ་རཀྵ་བྷྲཱུྃ༔ སྤྲོ་ན་མཐའ་བརྟེན་བཀྲ་ཤིས་རྫས་རྟགས་སོགས་སྦྱར། ཤིས་པར་བྱ་བའི་སླད་དུ་ནམ་མཁའ་གང་བའི་རྒྱལ་བ་རྣམས་ཀྱི་རྡོ་རྗེའི་བདེན་ཚིག་བརྗོད་ཅིང་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་ཚེ་དང་ཡེ་ཤེས་ཀྱི་སྣང་བ་མཁའ་ཁྱབ་ཏུ་འབར་བའི་དགེ་ལེགས་རྟག་པའི་ཉི་མ་ཁོར་ཡུག་ཏུ་འཆར་བར་མོས་མཛོད། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་ཡེ་ཤེས་ཚེ༔ མི་འགྱུར་མི་ཤིགས་མཁའ་ལྟར་ཀུན་ལ་ཁྱབ༔ ཡོན་ཏན་དཔག་ཡས་ཕྲིན་ལས་བསམ་མི་ཁྱབ༔ པདྨ་ཚེ་དཔག་མེད་མགོན་མྱུར་ཐོབ་ཤོག༔ ཅེས་ལན་གསུམ་བརྗོད་ལ་མེ་ཏོག་འཐོར། དེ་དག་གིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིགས་བདག་ཚེ་དཔག་མེད་མགོན་ཕྱག་རྒྱ་གཅིག་པ་ལ་བརྟེན་པའི་ཚེ་དབང་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ཡིན་པས། དམ་ཚིག་གི་རིམ་པ་ཇི་སྐད་བཤད་པ་རྣམས་ལ་སྲུང་སྡོམ་ཚུལ་བཞིན་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ། བསྔོ་བ་རྣམས་བྱས་ཏེ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་རྗེས་ཀྱི་བྱ་བ། མཆོད་བསྟོད། ནོངས་བཤགས། ཡིག་བརྒྱ། བརྟན་བཞུགས། ཨོཾ་ཨཱཿཧཱུྃ་མུཿ ཞེས་དང༌། ཧཱུྃ་ཧཱུྃ་ཧཱུྃ་གིས་དམ་ཚིག་གི་འཁོར་ལོ་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ། བདག་ཉིད་པདྨ་དབང་གི་སྐུ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ༔ མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ བཛྲ་ཀཱ་ཝ་ཙི་རཀྵ་རཀྵ་ཧཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་ཐུན་མཚམས་ཀྱི་ལྷར་ལྡང་ལ་སྲུང་བའི་གོ་བསྒོ། ཨོཾ༔ འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་གདབ། ཤིས་བརྗོད་ནི། ཧྲཱིཿ སོ་སོར་རྟོག་པའི་ཡེ་ཤེས་ཀྱིས༔ པདྨའི་རིགས་སུ་རྣམ་འཕྲུལ་བ༔ འཆི་མེད་མགོན་པོ་བཅོམ་ལྡན་འདས༔ ཚེ་ཡི་བདག་པོའི་བཀྲ་ཤིས་ཤོག༔ ཅེས་སོགས་ཀྱིས་དགེ་ལེགས་སུ་བྱའོ། །འཆི་མེད་ཚེ་དང་འཕོ་མེད་རྡོ་རྗེའི་ཚེ། །མངོན་སུམ་ཐོབ་བྱེད་གདམས་པའི་མཆོག་འདིས་ཀྱང༌། །དུས་ཀྱི་མུན་སེལ་ཀུན་དགའི་རོལ་སྟོན་གྱིས། །དགེ་མཚན་བྱེ་བའི་སྐལ་བཟང་གསོས་གྱུར་ཅིག །ཅེས་པའང་མདོ་སྨད་རེབ་ཀོང་རིག་པའི་འབྱུང་གནས་ཀྱི་བྱེ་བྲག་གྲུབ་བརྒྱའི་དེད་དཔོན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གདན་ས་ཞོ་འཕང་དར་རྒྱས་གླིང་དུ་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་འཆད་ཞོར་ཆོག་བསྒྲིགས་བགྱིས་ཀྱང་དུས་ཀྱི་འགྱུར་བས་མ་དཔེ་བརླགས་པ། རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་རྟེན་བཅས་བསྐུལ་ཞིང༌། ཀུན་གཟིགས་མཁྱེན་བརྩེའི་གསུང་གི་ཟེགས་མ་སླར་ཡང་སྐལ་བཟང་གི་གསོས་སུ་སྨིན་པ། འབྲུག་བུམ་ཐང་སྐུ་རྗེས་རྡོ་རྗེའི་ཀེའུ་ཚང་དུ་བྲིས་པའི་ཡི་གེའི་མཐུན་འགྱུར་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་ཀྱིས་བགྱིས་པ་འདིས་ཀྱང་ཚེ་དང་ཡེ་ཤེས་ཀྱི་སྣང་བས་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། །།
[edit]

@#/_/bla ma'i thugs sgrub bar chad kun sel las/_chos sku snang ba mtha' yas tshe dpag med phyag rgya gcig pa'i phrin las dbang bskur dang bcas pa 'chi med bdud rtsi'i zil mngar bzhugs so//_// @#/__/rmad byung thugs bskyed 'char ka'i snang ba dang*/_/'grogs pa'i mtshan mchog nyin mor byed pa'i dpal/_/dus kyi mun sel lha mchog gus btud nas/_/de nyid sgrub pa'i phrin las dbang bcas spel/_/thugs sgrub bar chad kun sel gyi bla ma chos sku snang ba mtha' yas tshe dpag med phyag rgya gcig pa'i phrin las dbang bskur dang bcas pa ji ltar bya ba'i tshul/_gnyis ka'i sngon 'gro sbyor chos la/_dkyil 'khor rab ras bris sam tshom bu/_ma 'byor na tshe 'brang la brten kyang rung*/_gang ltar yang tshe 'brang*/_tshe ril/_tshe chang*/_tshe mda'/_gzhan yang nyer spyod mchod pa/_sman raka_/zhi gtor dmar zlum/_bka' srung gi gtor ma/_tshogs/_dkar bgegs/_sgrub pa po'i mdun du DA dril las bum sogs 'du bya'o/__/las byang gi thog mar gsol 'debs/_mgon po tshe dpag med kyi dgongs pa sogs sngon du 'gro bas brgyud 'debs ni/_hrIHhrIHhrIH_skye 'chi gnyis spangs mgon po tshe dpag med:_sku lnga'i tshe yi bdag po yab yum dang:_ye shes dbyings kyi lha mo tsaN+Da li:_'chi med sku brnyes rig 'dzin pad+ma 'byung:_mi 'gyur tshe la mnga' brnyes bi ma la:_tshe lam grub pa'i phyag rgya man+d+ha ra:_bde chen tshe la dbang thob mtsho rgyal yum:_tshe yi bka' babs lha sras rol pa rtsal:_tshe yi zab gter sgo 'byed mchog gyur gling*/_/tshe dang ye shes mchog brnyes mkhyen brtse'i dbang*/_/tshe mchog mngon grub 'jam mgon gu Na'i mtshan/_/lung zin chos bdag brgyud par bcas rnams dang*/_/skyabs gsum kun 'dus rtsa ba'i bla ma mchog_/yi dam DA ki dam can gnas gter srung*/_gsol ba 'debs so smin grol gdams pa yis/_/'chi med tshe dang ye shes dngos grub stsol/_de nas gzhi ma dul ba yin na gzhi bdag la dkar gtor spyi ltar btang*/_rang gi snying ga'i sa bon las 'od zer 'phros pas bla ma pad+ma tshe dpag med sgyu 'phrul drwa ba chen po'i dkyil 'khor gyi lha tshogs mdun gyi nam mkhar badz+ra sa ma dzaH_zhes pas skyabs yul mkha' khyab tu sad pa'i spyan sngar/_na moH_bdag dang mkha' mnyam sems can ma lus kun:_skyabs kyi mchog gyur rnams la skyabs su mchi:_smon dang 'jug pa'i byang chub sems bskyed nas:_'chi med bla ma'i go 'phang bsgrub par bgyi:_lan gsum gyis skyabs sems byas mthar/_dzaHhU~M baM hoH_skyabs yul rnams rang la thim par bsam/_rang nyid skad cig gis rta mchog he ru ka khro gtum bzod par dka' ba gzi brjid bskal pa'i me ltar 'bar bar gyur/_bgegs gtor/_oM h+ya gr-I wa hU~M phaT kyis bsang*/_swa b+hA was sbyang*/_stong pa'i ngang las b+h+rU~M las rin po che'i snod yangs shing rgya che ba'i nang du gtor ma kha dog dri ro nus pa phun sum tshogs par gyur/_lag gnyis mkha' lding gi rgya ston bzhin par/_oM AHhU~M lan gsum gyi mthar/_ha ho hrIH_zhes pas byin gyis brlabs/_lcags kyu'i phyag rgyas/_oM sarba b+hU ta A kar+Sha ya dzaH_zhes mgron du 'gugs/_oM sarba big+h+nAn na maHsarba ta thA sogs nas/_gr-ih+Na daM ba liM d+ya swA hA/_lan gsum gyis bsngos/_hU~M hrIH_gnyis snang 'khrul pa'i gdon bgegs 'byung po kun:_gtor ma 'di longs rang rang gnas su dengs:_hU~M hU~M hU~M:_sum b+ha ni sogs drag sngags bzla bzhin gu gul bdug_/rol mo tsham rngams bcas bgegs bskrad/_gnyis med ye shes lha sngags chos sku'i ngang:_mtshams kyi dkyil 'khor rang bzhin lhun gyis grub:_badz+ra rak+Sha rak+Sha b+h+rU~M:_zhes srung 'khor brtan par bsgom/_de nas/_oM AHhU~M:_sku gsum bla ma'i lha tshogs dbyings nas bzhengs:_gnas 'dir byin phob dbang dang dngos grub stsol:_snang srid gzhir bzhengs mchod pa'i phyag rgya che:_kun bzang rnam 'phrul rgya mtshor byin gyis rlobs:_oM AHhU~M badz+ra gu ru d+he wa d+hA ki ni dz+nyA na a be sha ya a aH_hU~M hU~M hU~M:_oM sarba pU dza me g+ha AHhU~M:_sa ma ya:_gnyis pa dngos gzhi'i rnal 'byor ni/_aH_chos sku de bzhin nyid dbyings 'od gsal ngang:_longs sku 'gag med kun snang snying rje'i rtsal:_sprul sku rgyu yi ting 'dzin hrIHdmar po:_de las 'od 'phros snod bcud dngos 'dzin sbyang:_'byung ba rim brtsegs rdo rje'i srung 'khor dbus:[ 1$0000260]b+h+rU[1$0000300\u0f83] las rin chen gzhal yas mtshan nyid rdzogs:_hrIH_dbus nyid dwangs ma 'od lnga'i dkyil 'khor du:_rma byas btegs pa'i rin chen sna tshogs khrir:_thabs shes dbyer med pad+ma nyi zla'i steng:_rang rig so sor kun tu rtog pa yi:_ye shes chen po'i ngo bo hrIHdmar po:_de nyid yongs gyur skad cig dran rdzogs su:_ma hA gu ru pad+ma tshe dpag med:_dmar gsal zhal gcig phyag gnyis longs spyod rdzogs:_mtshan dpe'i gzi 'bar zhi 'dzum sgeg pa'i nyams:_mnyam bzhag phyag rgyas tshe yi bum pa 'dzin:_rang 'od yum 'khyud bde stong chen por sbyor:_dar dang rin chen rgyan mdzes skyil krung bzhugs:_snang stong zung 'jug ye shes sgyu ma'i sku:_rdo rje gsum gyi ngo bor lhun grub cing:_ye shes rigs lnga'i dbang mchog rdzogs par gyur:_oM AHhU~M:_hrIHhU~M trAM oM aH_a b+hi Shiny+tsa hU~M:_hU~M hrIH_yul gyi ming ni lho nub rnga yab gling:_sprul pa'i zhing mchog pad+ma drwa ba nas:_sku gsum dbyer med o rgyan tshe dpag med:_rab 'byams rtsa gsum tshe lha 'khor dang bcas:_mos pa'i gnas 'dir gdung bas spyan 'dren na:_thugs rje thugs dam dbang gis gshegs nas kyang:_bar chad kun sol 'chi med dngos grub stsol:_oM a mA ra Ni dzI ban+ti ye swA hA/_dzaHhU~M ba~M hoH_sa ma ya tiSh+Tha lhan:_hU~M hrIH_skye 'gag 'gyur med phrin las thams cad rdzogs:_rang byung thugs rjes 'gro ba ma lus sgrol:_yid bzhin nor ltar dngos grub char 'bebs pa'i:_pad+ma tshe yi lha la phyag 'tshal lo:_a ti pU hoH_pra tIts+tsha hoH_oM AHhU~M:_phyi mchod 'dod yon rgya mtsho sprin ltar gtibs:_nang mchod sman raka gtor tshogs bsam mi khyab:_gsang mchod bde stong zung 'jug ye shes dbyings:_'bul lo bzhes nas mchog thun dngos grub stsol:_oM badz+ra ar+g+haM sogs/_shab+da sarba pany+tsa rak+ta ba liM ta ma hA pU dza AHhU~M:_hU~M hrIH_ngo bo 'od gsal chos sku'i ngang nyid las:_rang bzhin bde stong longs spyod rdzogs skur shar:_thugs rje gang 'dul sprul sku'i 'gro don mdzad:_dkyil 'khor lha tshogs rnams la phyag 'tshal bstod:_de nas dzapa? kyi rim pa ni/_dzapa? khang dbye bar spro na/_b+h+rU~M bi shwa bi shud+d+he hrIHhU~M phaT dzaH_bdag nyid rtsa ba'i dkyil 'khor las:_ye shes dkyil 'khor gnyis pa dbye:_mdun gyi nam mkhar bzhugs pa yi:_gnyis ka'i thugs srog yi ge'i mthar:_sngags phreng sgrar bcas 'khor ba las:_'od zer dpag yas 'phro bar gyur:_ces dzapa? khang dbye/_hU~M hrIH_snying po byang chub sems kyi dkyil 'khor du:_ye shes sgyu mar rol pa'i lha tshogs rnams:_mi 'da' rdo rje'i dam tshig rjes dgongs la:_byin rlabs dbang dang dngos grub bstsal du gsol:_zhes bskul ting 'dzin rtse gcig pas/_rang gi snying dbus stong gsal 'od lnga'i klong:_bdag mdun thugs kar zhes bsgyur/_rgya gram lte bar nyi zla'i gwa'u'i dbus:_hU~M gi khog par nr-i yig a yis mtshan:_de la tshe yi snying pos bskor ba las:_'od zer dpag med nam mkha' khyab par 'phros:_rang gi bla tshe chad nyams yar ba dang:_'byung lnga'i dwangs bcud skye 'gro'i tshe bsod stobs:_rgyal ba sras bcas mkhyen brtse'i ye shes tshe:_ma lus bdud rtsi'i rnam par 'ub kyis bsdus:_zhu zhing khol bas rang lus nang kun khyab:_sgrib pa lnga dag khams lnga'i tshe nyams gsos:_'byung lnga'i dwangs mas ye shes tshe 'phel nas:_rigs lnga tshe yi dngos grub thob par bsam:_oM a mA ra Ni dzI ban+ti ye swA hA:_zhes ci nus su bzla/_las bum du skad cig gis khro bo rta mgrin dmar po g.yas pad+ma'i dbyugs tho dang*/_g.yon me'i zhags pa thogs par gsal ba'i sku las rdo rje bdud rtsi'i rdul phra rab babs pas bum pa gang bar bsam la/_oM h+ya gr-I wa hU~M phaT:_ces bzlas/_thun mthar dbyangs gsal dang rten snying lan gsum/_oM AHhU~M:_phyi mchod sogs kyis mchod/_hU~M hrIH_ngo bo 'od gsal sogs kyis bstod/_yi ge brgya pa lan gsum gyi mthar/_hrIHhrIHhrIH_skye 'chi gnyis spangs mgon po tshe dpag med:_sku lnga'i tshe yi bdag po yab yum dang:_ye shes dbyings kyi lha mo tsaN+Da li:_'chi med sku brnyes rig 'dzin pad+ma 'byung:_mi 'gyur tshe la mnga' brnyes bi ma la:_tshe lam grub pa'i phyag rgya man+d+ha ra:_bde chen tshe la dbang thob mtsho rgyal yum:_tshe yi bka' babs lha sras rol pa rtsal:_skyabs gsum kun 'dus rtsa ba'i bla ma sogs:_rig 'dzin tshe yi rtsa brgyud bla ma rnams:_mi mngon dbyings nas gnas 'dir brtser dgongs la:_'chi med tshe dang ye shes dngos grub stsol:_oM a mA ra Ni dzI ban+ti ye swA hA:_badz+ra dz+nyA na A yu She hU~M b+h+rU~M nr-i dzaHsarba sid+d+hi pha la hU~M:_zhes gsol ba gdab/_pad+ma tshe dpag med pa'i sbyor mtshams nas:_'od 'phros pho nya mgyogs ma'i tshogs rnams spros:_de dag kun dang 'od zer lcags kyu yis:_rang gi bla tshe gdon gyis brkus pa dang:_chad dang nyams dang yar ba thams cad dang:_'khor 'das snod bcud tshe yi dwangs ma kun:_dbang med bsdus te bdag la thim pa yis:_'chi med tshe yi dngos grub thob par gyur:_hU~M hrIH_tshe dpag med mgon thugs dam dbyings nas bskul:_pho nya mgyogs ma'i tshogs rnams mthu rtsal skyed:_sangs rgyas byang sems drang srong rig pa 'dzin:_'jig rten bsod nams can gyi tshe bsod dpal:_steng 'og mtshams kyi 'byung pos 'phrog pa'i tshe:_'byung lnga'i bcud dang rigs lnga'i tshe mchog kun:_bkra shis tshe yi bum pa'i nang du bskyil:_bdag cag tshe srog brtan pa'i las mdzod cig:_sku lnga ye shes tshe yi dngos grub stsol:_oM a mA ra Ni dzI ban+ti ye swA hA:_zhes tshe gzungs kyang bzla/_hU~M hrIH_'khor 'das tshe rnams 'byung ba lnga la thim:_sha khrag drod dbugs sems kyi stobs 'phel te:_mi 'gyur dwangs ma nr-i la rgyas thebs pas:_'chi med rdo rje'i tshe dang ldan par shog:_oM b+h+rU~M hrIHb+h+rU~M hU~M b+h+rU~M trAM b+h+rU~M AHb+h+rU~M badz+ra kro d+ha h+ya gr-I wa rak+Sha rak+Sha b+h+rU~M:_skabs 'dir bka' gter srung ma'i gtor 'bul rgyas bsdus gang 'os bya/_tshogs mchod 'bul bar spro na/_oM sarba dra byaM bi shwa d+ha ni hU~M phaT:_ra~M ya~M kha~M:_stong pa'i ngang las rin chen snod yangs su:_tshogs kyi ngo bo 'chi med bdud rtsi che:_rnam pa 'dod yon lha mos nam mkha' gang:_bde chen rdo rje'i longs spyod mchog tu gyur:_oM AHhU~M:_oM hU~M trAM hrIHaH_hrIH_'og min pad+mo bkod pa'i zhing khams nas:_chos sku snang ba mtha' yas tshe yi bdag:_rigs lnga sgyu 'phrul drwa ba'i dkyil 'khor lha:_'dod yon tshogs la spyan 'dren gshegs su gsol:_badz+ra sa ma ya dzaH_dzaHhU~M baM hoH_oM badz+ra la s+ye hU~M:_oM badz+ra mA l+ye trAM:_oM badz+ra gIrti hrIH_oM badz+ra nIrti AH_oM badz+ra d+hU pe hU~M:_oM badz+ra puSh+pe trAM:_oM badz+ra A lo ke hrIH_oM badz+ra gan+d+he AH_tshogs kyi mchod pa 'bul ba ni/_oM:_thabs dang shes rab dbyer med byang chub sems:_bde chen tshogs kyi 'khor lo'i mchod pa'i sprin:_'chi med tshe yi dkyil 'khor lha la 'bul:_bzhes nas tshe dang ye shes dngos grub stsol:_ma hA a mr-i ta ga Na tsakra pU dza ho:_dza gad phud kyis bran byas te/_hU~M:_sangs rgyas kun gyi dam tshig rmad po che:_rdo rje sems dpa' bde ba'i thig ler 'khyil:_zag med dza gad phud kyi mchod pa 'di:_'chi med bsgrub phyir dkyil 'khor lha la 'bul:_mahA a mr-i ta dza gad pU dza hoH_lha rnams bde bas rab mnyes pa'i:_mnyam sbyor byang sems bdud rtsi'i sprin:_tshogs kyi mchod par char ltar bab:_'chi med bdud rtsir 'khyil ba nyid:_rdo rje lce yis rab myangs pas:_rtsa khams thams cad dwangs mas gang:_bde chen rdo rje'i tshe thob bsam:_oM sarba a mr-i ta ma hA su kha sid+d+hi a la la hoH_zhes tshogs kyi longs spyod bya/_lhag ma bsngo ba ni/_hrIHpheM:_mkha' 'gro ging dang lang ka dbang phyug ma:_'bar ma la sogs lhag ma'i gnas nyul kun:_zhal zas bdud rtsi'i pham phab 'di gsol la:_bar chad kun sol tshe dang longs spyod spel:_sarba d+hA ki ni uts+tshiSh+Ta ba liM ta khA hiH_bde chen rdo rje'i dam tshig gis:_dkyil 'khor lha tshogs mchod pa'i mthus:_tshe dang bsod nams rgyas pa dang:_ye shes mchog gis dgyes par shog:_ces smon lam bya'o/__/gnyis pa dbang bskur bgyi na bdag nyid dkyil 'khor du 'jug pa ni/_oM AHhU~M swA hA:_badz+ra sa ma ya kA ya wAka tsit+ta gu Na karma swa b+hA wa at+ma ko\u0f85haM:_oM_shin tu rnam par dag pa yi:_ye shes rig rtsal 'chang ba'i lha:_gdod nas rang dang lhan cig skyes:_rdo rje bzhi yi dbyings su rdzogs:_dam tshig ye shes dbyer med par:_byang chub sems su ro gcig pa'i:_dbang bskur byin rlabs rmad po che:_sku bzhi'i ngo bor lhun gyis grub:_oM badz+ra sa ma ya hU~M s+t+wa~M hoH_kA ya wAka tsit+ta dz+nyA na badz+ra dzaHhU~M ba~M hoH_zhes rig pa'i me tog dor bas bdag nyid 'jug cing dam ye dbyer med du bya/_dbang dngos la/_don du gnyer ba'i slob ma rnams bos la/_khrus bya/_bgegs bskrad/_srung 'khor bsgoms te/_sems bskyed gsal btab nas/_de yang gter gzhung rtsa ba las/_chos spyod bslab ldan rnal 'byor ba'i:_tshe ring ba ni dge ba ste:_'di dang phyi ma'i don 'grub cing:_dngos grub kun kyang mngon du 'gyur:_zhes dgos pa mchog tu bstan nas bsgrub bya'i tshe la yang*/_gzhung gzhan las/_tshe ni rnam pa gsum yin te:_'pho zhing g.yo ba thig le'i tshe:_'gro dang 'ong ba rlung gi tshe:_gzhom du med pa gnyug ma'i tshe:_glo bur 'pho 'jig zhi ba dang:_mi 'gyur ye shes rgyas pa'i phyir:_rdo rje tshe yi mchog bsgrubs nas:_rnal 'byor zab mo mthar phyin bya:_zhes gsungs pa bzhin bsgrub gzhi phra rags bar gsum gyis tshe bsring ba'i thabs/_sgrub byed rim pa gnyis sman sngags rdzas kyi 'khrul 'khor rlung dang bcud len gyi sbyor ba sogs ji snyed cig yod kyang*/_de thams cad kun tshang ba mchog thun mong gnyis ka cig char du 'grub pa gsang sngags yo ga gsum gyi gdams pa nyid ches mchog tu gyur pa yin pa'i tshul/_de la rnam grangs bsam yas kyang:_bla ma pad+ma tshe dpag med:_rigs lnga gcig tu 'dus pa yi:_gdams pa zab mo 'di 'dra ba:_sngon chad rgya cher spel ba med:_da ltar mnga' bdag rje 'bangs dang:_ma 'ongs skye 'gro'i don slad du:_rang byung pad+ma bdag gis bstan:_zhes gsungs pa ltar/_tshe dpag med rigs lnga spyi dang bye brag gi sgrub pa'i bka' srol gnyis las/_'dir khyab bya rigs lnga la/_khyab byed gsung gi rdo rje bla ma tshe dpag med rigs lnga spyi dril gyi sgrub pa/_sprul pa'i gter chen mchog gyur bde chen gling pa'i zab gter bla ma'i thugs sgrub bar chad kun sel gyi rigs bdag chos sku'i sgrub pa las/_pad+ma tshe dpag med gtso rkyang phyag rgya gcig pa'i lha sngags la brten nas rdo rje'i tshe sgrub pa'i sngon 'gro tshe'i dbang bskur ba'i skabs su babs pa ste/_bdag nyid kyis bgyi bar 'os pa'i cho ga'i rim pa rnams sngon du legs par grub pa yin pas/_slob ma rnams kyi ngo skal du gyur pa maN+Dal 'bul bar zhu/_zhes maN+Dal 'bul du gzhug_bla ma dang pad+ma tshe dpag med tha mi dad pa'i drung du sgo gsum gus pa chen pos me tog dang ldan pas gsol ba 'debs pa 'di'i rjes zlos mdzod/_'gro ba'i mgon po pad+ma tshe dpag med:_dus gsum sangs rgyas tshe bdag yab yum la:_gsol ba 'debs so tshe yi bar chad sol:_'chi med rdo rje'i tshe dbang bstsal du gsol:_zhes lan gsum/_bla ma tshe 'od mtha' yas dkyil 'khor lha tshogs skyabs yul zhing gi rdul snyed kyi spyan sngar bdag sogs mkha' khyab kyi sems can thams cad byang chub ma thob bar du skyabs su 'gro ba dang*/_kun rdzob dang don dam pa'i bdag nyid can gyi sems bskyed pa gzung ngo snyam pas 'di'i rjes zlos mdzod/_na moH_bdag dang mkha' mnyam sems can ma lus kun:_skyabs kyi mchog gyur rnams la skyabs su mchi:_smon dang 'jug pa'i byang chub sems bskyed nas:_'chi med bla ma'i go 'phang bsgrub par bgyi:_lan gsum/_dbang gi bcud chags pa'i phyir blang bya sor byang sngags gsum gyi sdom pa/_dgos pa sems can thams cad srid zhi'i 'jigs pa las skyob pa'i phyir/_blang bya'i yul tshogs zhing rgyal ba rab 'byams kyi spyan sngar/_dus byang chub snying po'i bar gzung bar bgyi'o snyam pas 'di'i rjes zlos gnang bar mdzod/_o rgyan gdung 'dzin rgyal ba'i sras:_rdo rje slob dpon dgongs su gsol:_bdag gis deng bzung byang chub bar:_so sor thar dang byang chub sems:_rig 'dzin nang gi dam tshig rnams:_yang dag nyid du bzung byas te:_srog gi phyir yang mi gtong na:_bdag la byin gyis brlab tu gsol:_lan gsum bya/_de nas dbang gi gzhi 'god pa la ye shes pa dbab pa'i slad du ting nge 'dzin gyi brda sprod pa 'di dag ma yengs par sgom 'tshal/_h+ya gr-I was bas/_swa b+hA wa sa sbyang*/_chos thams cad stong pa nyid du gyur/_stong pa'i ngang las khyed rang rnams gang du gnas pa'i go sar rma byas bteg pa'i rin po che'i khri la pad+ma nyi zla'i gdan gyi steng du/_rang rig so sor rtog pa'i ye shes kyi ngo bo hrIHdmar po yongs su gyur pa las/_khyed rang rnams skad cig gis ma hA gu ru pad+ma tshe dpag med dmar gsal zhal gcig zhi 'dzum sgeg pa'i nyams can/_phyag gnyis mnyam bzhag gi phyag rgyas 'chi med tshe bum bcud kyis bkang ba bsnams pa/_mtshan dpe'i gzi brjid 'bar zhing longs spyod rdzogs pa'i rgyan gyis spras pa/_rang 'od kyi yum pad+ma dang tshe bum 'dzin pa dang mnyam par sbyor zhing zhabs rdo rje'i skyil mo krung du bzhugs pa'i thugs kar rdo rje rgya gram gyi lte bar nyi zla'i gwa'u kha sbyor/_de'i dbus su hU~M dmar gsal gyi khog par nr-i ljang gu'i mig tu a dkar pos mtshan pa/_mtha' skor du tshe'i snying pos bskor ba dang*/_bla ma dang dkyil 'khor gyi lha tshogs rnams kyi thugs ka nas 'od zer nam mkha' khyab par 'phros/_'byung lnga'i dwangs bcud/_skye 'gro'i tshe bsod/_khyad par rgyal ba sras dang bcas pa'i sku gsung thugs mkhyen brtse'i ye shes chen po'i tshe'i byin rlabs thams cad tshe dpag med pa'i sku gsung thugs kyi phyag rgya'i rnam par char ltar bsdus te byon te khyed rang rnams la sib sib thim par mos mdzod/_dbyangs rol sbyar spos btul ba bcas/_hU~M hrIH_nub phyogs bde chen zhing khams nas:_tshe yi bdag po skur bzhengs shig:_sgrub la tshe dbang mchog stsol phyir:_gnas 'dir spyan 'dren gshegs su gsol:_gnas mchog 'di ru byin phob la:_'chi med tshe yi dngos grub stsol:_bdag cag tshe srog brtan par mdzod:_tshe dbang mthar phyin mdzad du gsol:_oM a mA ra Ni dzI ban+ti ye swA hA:_kA ya wAka tsit+ta dz+nyA na sarba sa ma ya A be sha ya a aH_hrIMHhrIMHhrIMH_pheM pheM pheM:_zhes drag tu brjod/_ye shes pa rgyud la dbab pa de ji srid byang chub chen po mngon du byas pa de srid du brtan par byas pa'i mos pa mdzod/_rdo rje rgya gram spyi bor bkod la/_tiSh+Tha badz+ra/_de ltar ye shes pa dbab cing brtan par bya ba sngon du song nas/_dngos gzhi'i dbang bskur ba la/_tshe 'gugs shing bcud bsdu ba'i slad du dmigs pa 'di bzhin du mdzod cig_/dkyil 'khor gyi gtso bo bla ma tshe dpag med yab yum gyi thugs srog dang sbyor mtshams nas 'phros pa'i 'od zer gyis mgyogs ma rnams kyi thugs rgyud bskul/_de dag las sprul pa'i pho nya nyi zer gyi rdul ltar 'tshubs pa dang*/_'od zer lcags kyu'i drwa ba brtan g.yo kun tu khyab pas khyed rang rnams kyi bla tshe gdon bgegs 'byung pos brkus 'phrog nyams pa thams cad dang*/_'khor 'das snod bcud kyi tshe'i dwangs ma thams cad bsdus te khyed rang gi sgo gsum dang*/_khyad par thabs shes tshe'i dngos grub kyi rdzas la sib sib thim par mos mdzod/_mda' dar g.yab la/_hU~M hrIH_tshe dpag med mgon sogs gong gi tshe 'gugs mthar/_a mA ra Ni dang tshe gzungs kyang bzla/_dngos gzhi dbang bskur ba la/_tshe 'brang 'di nyid ma hA gu ru pad+ma tshe dpag med dngos su gsal ba'i spyi gtsug tu brgyud pa'i bla ma rnams tho brtsegs su bzhugs pa la/_dad mos gdung shugs drag pos thugs rgyud bskul bas gsang ba gsum gyi 'od zer lcags kyus brtan g.yo'i tshe bcud rtsa ba gsum gyi byin rlabs dngos grub thams cad bsdus te gong ma rnams rim par gcig la gcig thim gyi mthar bla ma tshe dpag med pa'i phyag gi bum pa las bdud rtsi bab/_khyed rang gi lus la zhugs pas 'chi med tshe dang ye shes kyi dngos grub thob par mos mdzod/_tshe 'brang spyi bor bzhag la/_hrIHhrIHhrIH_skye 'chi gnyis spangs mgon po tshe dpag med:_sku lnga'i tshe yi bdag po yab dang yum:_ye shes dbyings kyi lha mo tsaN+Da li:_'chi med sku brnyes rig 'dzin pad+ma 'byung:_mi 'gyur tshe la mnga' brnyes bi ma la:_tshe lam grub pa'i phyag rgya man+d+ha ra:_bde chen tshe la dbang thob mtsho rgyal yum:_tshe yi bka' babs lha sras rol pa rtsal:_skyabs gsum kun 'dus rtsa ba'i bla ma sogs:_rig 'dzin tshe yi rtsa brgyud bla ma rnams:_mi mngon dbyings nas gnas 'dir brtser dgongs la:_'chi med tshe dang ye shes dngos grub stsol:_oM a mA ra Ni dzI ban+ti ye swA hA:_badz+ra dz+nyA na A yu She hU~M b+h+rU~M nr-i dzaHsarba sid+d+hi pha la hU~M:_'khor 'das tshe bcud dngos grub bdud rtsi'i dwangs mar 'khyil ba de nyid khyed rang rnams kyis longs spyad pas lus thams cad bcud kyi dwangs mas gang*/_lcags la gser 'gyur gyis rtsis thebs pa ltar 'chi med rdo rje'i skur gyur par mos mdzod/_tshe ril sbyin la/_hrIH_mi 'gyur snying po'i bcud rnams bsdus pa yi:_'chi med ye shes tshe yi longs spyod 'dis:_yid la zag med bde ba rab 'phel nas:_rtag tu tshe yi dpal la longs spyod shog:_oM badz+ra dz+nyA na A yu She hU~M b+h+rU~M nr-i dzaHsarba sid+d+hi pha la hU~M:_tshe chang ster la/_hrIH_sngon byon 'chi med rig 'dzin thams cad kyang:_tshe chang bdud rtsi'i bcud kyis dngos grub brnyes:_deng 'dir skal ldan khyod la sbyin pa yis:_rgyun mi chad pa'i tshe yi dbang thob shog:_oM badz+ra dz+nyA na A yu She hU~M b+h+rU~M nr-i dzaHsarba sid+d+hi pha la hU~M:_tshe bstim zhing sba ba ni/_snying ga'i nyi zla'i gwa'u cung zad kha bye tshe bcud dwangs ma thams cad nr-i yig la 'ub 'ub 'dus pas bkrag mdangs 'od lnga 'bar zhing 'chi med rdo rje'i tshe thob par mdzod/_slar rlung ro bsal zhing kha nas hub hub rngubs la bum pa can gyi rlung sbyor mdzad pas 'od kyis lus thams cad gang*/_nyi zla'i gwa'u kha 'grig 'og gi rgya gram gyi rwa bzhi bsnol mar mdud pa'i bar mtshams su gzungs sngags dmar po'i thag pas lan gsum du bsdams pas cis kyang mi 'gyur mi shigs rab tu brtan par gyur/_de'i steng du hrIHlas skyes pa'i rta mgrin dmar po gri thod 'dzin pa tshon gang bas tshe'i bar chad thams cad srung bar gyur/_oM na mo b+ha ga wa te sogs gzungs sngags dang rten 'brel snying po lan gsum gyis brtan par byas la/_hU~M hrIH_'khor 'das tshe rnams 'byung ba lnga la thim:_sha khrag drod dbugs sems kyi stobs 'phel te:_mi 'gyur dwangs ma nr-i la rgyas thebs pas:_'chi med rdo rje'i tshe dang ldan par shog:_oM b+h+rU~M hrIHb+h+rU~M hU~M b+h+rU~M trAM b+h+rU~M AHb+h+rU~M badz+ra kro d+ha h+ya gr-I wa rak+Sha rak+Sha [1$0000270]b+h+rU~M[1$0000300]:_spro na mtha' brten bkra shis rdzas rtags sogs sbyar/_shis par bya ba'i slad du nam mkha' gang ba'i rgyal ba rnams kyi rdo rje'i bden tshig brjod cing bkra shis kyi me tog char du bsnyil bas tshe dang ye shes kyi snang ba mkha' khyab tu 'bar ba'i dge legs rtag pa'i nyi ma khor yug tu 'char bar mos mdzod/_oM:_'grub par gyur cig rdo rje'i ye shes tshe:_mi 'gyur mi shigs mkha' ltar kun la khyab:_yon tan dpag yas phrin las bsam mi khyab:_pad+ma tshe dpag med mgon myur thob shog:_ces lan gsum brjod la me tog 'thor/_de dag gis thugs sgrub bar chad kun sel las/_rigs bdag tshe dpag med mgon phyag rgya gcig pa la brten pa'i tshe dbang zab mo legs par phul grub pa yin pas/_dam tshig gi rim pa ji skad bshad pa rnams la srung sdom tshul bzhin bgyid do snyam pas 'di'i rjes zlos mdzod/_gtso bos ji ltar sogs/_gtang rag maN+Dal/_lus 'bul/_bsngo ba rnams byas te slob ma rnams gyes/_slob dpon gyis rjes kyi bya ba/_mchod bstod/_nongs bshags/_yig brgya/_brtan bzhugs/_oM AHhU~M muH_zhes dang*/_hU~M hU~M hU~M gis dam tshig gi 'khor lo 'od gsal du bsdu/_phaT phaT phaT/_bdag nyid pad+ma dbang gi sku:_sku gsung thugs kyi phyag rgyar gsal:_mi shigs rdo rje'i go dang ldan:_badz+ra kA wa tsi rak+Sha rak+Sha haM:_oM AHhU~M:_zhes thun mtshams kyi lhar ldang la srung ba'i go bsgo/_oM:_'grub par gyur cig sogs smon lam gdab/_shis brjod ni/_hrIH_so sor rtog pa'i ye shes kyis:_pad+ma'i rigs su rnam 'phrul ba:_'chi med mgon po bcom ldan 'das:_tshe yi bdag po'i bkra shis shog:_ces sogs kyis dge legs su bya'o/__/'chi med tshe dang 'pho med rdo rje'i tshe/_/mngon sum thob byed gdams pa'i mchog 'dis kyang*/_/dus kyi mun sel kun dga'i rol ston gyis/_/dge mtshan bye ba'i skal bzang gsos gyur cig_/ces pa'ang mdo smad reb kong rig pa'i 'byung gnas kyi bye brag grub brgya'i ded dpon zhabs dkar tshogs drug rang grol gyi gdan sa zho 'phang dar rgyas gling du rin chen gter mdzod kyi dbang lung 'chad zhor chog bsgrigs bgyis kyang dus kyi 'gyur bas ma dpe brlags pa/_rten mchog 'gyur med gling gi byang 'dren pa pad+ma bkra shis nas rten bcas bskul zhing*/_kun gzigs mkhyen brtse'i gsung gi zegs ma slar yang skal bzang gi gsos su smin pa/_'brug bum thang sku rjes rdo rje'i ke'u tshang du bris pa'i yi ge'i mthun 'gyur sprul sku kun dga' bkra shis kyis bgyis pa 'dis kyang tshe dang ye shes kyi snang bas 'dod rgur rtsen pa'i rgyur gyur cig/_//

Footnotes

Other Information