བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཚེ་ཡུམ་ཙཎྜ་ལིའི་བྱིན་རླབས་ཟབ་མོ་གུད་དུ་སྦས་པ་བཀླགས་ཆོག་ཏུ་སྤེལ་བ་འཆི་མེད་གྲུབ་པའི་སྲོག་ཏིག།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-007
Wylie title bla ma'i thugs sgrub bar chad kun sel las/ tshe yum tsaN+Da li'i byin rlabs zab mo gud du sbas pa bklags chog tu spel ba 'chi med grub pa'i srog tig DKR-KABUM-09-TA-007.pdf
Location dil mgo mkhyen brtse bka' 'bum
Volume 9, Text 7, Pages 44-50 (Folios 1a to 7a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Bla ma'i thugs sgrub bar chad kun sel las tshe yum tsaN+Da li'i byin rlabs zab mo gud du sbas pa bklags chog tu spel ba 'chi med grub pa'i srog tig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 44-50. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity tsaN+Da lI
Colophon

།ཅེས་པའང་འཆི་མེད་མཚོ་འཁྲུངས་རྒྱལ་བའི་ཞལ་སྐྱིན་མཁས་གྲུབ་ཀྱི་དབང་ཕྱུག་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་ཟབ་གསང་འདི་ཉིད་རང་སྐལ་དུ་ཐོབ་པ་སྐལ་ལྡན་མངྒལས་མཆོག་གཏེར་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་རྣམ་གསུམ་གྱི་མཆོག་སྤྲུལ་དབུས་དད་འདུས་ཡོངས་ལ་ཆོས་སྐྱེས་སུ་འབུལ་བའི་སྐབས། རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་དཔེ་རྒྱུན་འབྱོར་ཞིང་ནན་བསྐུལ་ལྟར། ལྷོ་འབྲུག་མོན་ཁའི་བྲག་དཀར་སྐུ་རྗེས་བརྒྱ་རྩ་བརྒྱད་ཀྱི་རེ་ཁཱ་ལམ་མེར་གསལ་བའི་ཀེའུ་ཚང་ནས་བྲིས་པའི་ཡི་གེའི་མཐུན་སྦྱོར་བློ་གསལ་དད་བརྩོན་རྣམ་དཀར་སྤྲུལ་སྐུ་ཨཱ་ནནྡ་མངྒ་ལས་བགྱིས་པ་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ཟད་མི་ཤེས་པར་ལོངས་སྤྱོད་པའི་དཔལ་དུ་གྱུར་ཅིག །ཨཱ་ཡུ་ཏིཥྛནྟུ།།

/ces pa'ang 'chi med mtsho 'khrungs rgyal ba'i zhal skyin mkhas grub kyi dbang phyug pad+ma ye shes rdo rje'i bka' drin las zab gsang 'di nyid rang skal du thob pa skal ldan mang+galas mchog gter gyi smin grol rgyab brten dang bcas pa chos kyi rgyal po 'jam mgon rnam gsum gyi mchog sprul dbus dad 'dus yongs la chos skyes su 'bul ba'i skabs/_rten mchog 'gyur med gling gi byang 'dren pa pad+ma bkra shis nas dpe rgyun 'byor zhing nan bskul ltar/_lho 'brug mon kha'i brag dkar sku rjes brgya rtsa brgyad kyi re khA lam mer gsal ba'i ke'u tshang nas bris pa'i yi ge'i mthun sbyor blo gsal dad brtson rnam dkar sprul sku A nan+da mang+ga las bgyis pa 'gro kun tshe dang ye shes kyi dga' ston zad mi shes par longs spyod pa'i dpal du gyur cig_/A yu tiSh+Than+tu//

[edit]
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཚེ་ཡུམ་ཙཎྜ་ལིའི་བྱིན་རླབས་ཟབ་མོ་གུད་དུ་སྦས་པ་བཀླགས་ཆོག་ཏུ་སྤེལ་བ་འཆི་མེད་གྲུབ་པའི་སྲོག་ཏིག་བཞུགས།།

།མཆོག་ཏུ་མི་འགྱུར་བདེ་བའི་སྲོག་ལྡན་པའི། །སྟོང་ཆེན་ཞུགས་ཀྱིས་འཁོར་ཆོས་ཀུན་ཟོས་པའི། །དབྱིངས་ཡུམ་ཌཱ་ཀིའི་དབང་མོར་གུས་བཏུད་ནས། །དེ་སྒྲུབ་མན་ངག་སྨིན་བྱེད་དང་བཅས་སྤེལ། །དེ་ལ་འདིར་ཚེ་ཡུམ་ཙཎྜ་ལིའི་བྱིན་རླབས་ཟབ་མོ་གུད་དུ་སྦས་པ་ནི། དཀྱིལ་འཁོར་དབུས་སུ་བདུད་རྩིའི་བྷནྡྷ་དར་དམར་གྱིས་བཀབ་པ་དང༌། དེའི་སྟེང་དུ་མངར་གསུམ་སྦྱར་བའི་ཟན་ལས་བཅོས་པའི་ཏིང་ལོ་དམར་པོ་སློབ་མའི་གྲངས་མཉམ་དང༌། ཚེ་རིལ་ཚེ་ཆང་གཏད་ན་དེ་ཡང་བཤམ། མཆོད་གཏོར་སོགས་ཡབ་བཀའ་དང་འདྲ། བདག་བསྐྱེད་པདྨ་ཚེ་དཔག་མེད་ཕྱག་རྒྱ་གཅིག་པའི་བསྐྱེད་བཟླས་གྲུབ་པ་དང༌། མདུན་གྱི་རྟེན་བསང་སྦྱང༌། སྟོང་པའི་ངང་ལས་སྐད་ཅིག་གིས། རང་བྱུང་བདེ་སྐྱོང་གཞལ་མེད་ཁང༌། །བདུད་རྩིའི་བཅུད་ཀྱིས་གཏམས་པའི་དབུས། །ཚེ་ཡུམ་ཌཱ་ཀི་སྐུ་མདོག་དམར༔ མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ ཁྲོ་ཆགས་སྒེག་འཛུམ་འོད་ཟེར་འཕྲོ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཞབས་ཟུང་པདྨའི་སྐྱིལ་ཀྲུང་རོལ༔ སྤྱི་བོར་བླ་མ་ཧེ་རུ་ཀ༔ བདེ་དྲོད་མེ་ཕུང་འབར་བར་བཞུགས༔ སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་པདྨ་ཙཎྜ་ལི་ཛྭ་ལ་རཾ་མ་ཧཱ་སུ་ཁ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཅི་ནུས་དང༌། ཏིང་ལོ་ལའང་ལྷར་བསྐྱེད་ལ་སྔགས་ཅི་རིགས་བཟླས་པས་བརྟན་པར་བྱ། ཚེ་རིལ་ཚེ་ཆང་སྦྱིན་ན་དམིགས་པས་ཁྱབ་པར་དགོས། མཆོད་བསྟོད། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་སོགས་ཀྱིས་མཆོད། ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟླ། དབང་དངོས་ལ། ཁྲུས། བགེགས་གཏོར། སྲུང་འཁོར། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེ་ཡང་འཆི་མེད་ཚེ་ཡི་ལྷ་མཆོག་ཌཱ་ཀི་ཙཎྜ་ལི་ཞེས་པ་རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ནི། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ཉིད་ཡིན་ལ། ཚུལ་དེ་བདེ་བླག་ཏུ་རྟོགས་པའི་ཐབས་ཀྱི་གསང་བ་རྨད་དུ་བྱུང་བ་ནི། རྡོ་རྗེ་བཙུན་མོ་སྒྱུ་མ་ཆེན་པོའི་རོལ་མོ་ལས་འབྱུང་ཞིང༌། དེ་ལའང་བརྡ་དོན་རྟགས་གསུམ་གྱི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་བརྟེན་པའི་ཐབས་ཀྱི་གསང་བའི་ལམ་གྱི་རྣམ་བཞག་དུ་མ་འབྱུང་བ་བཞིན། དོན་དབྱིངས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་སྐུ་ཡུམ་ཆེན་མོའི་དགོངས་ཀློང་ཟག་མེད་ཆོས་ཁམས་རྒྱ་མཚོའི་འབྱུང་གནས་རྗེས་སུ་མཚོན་པའི་ཕྱིར། རྟགས་དེ་བཞིན་གཤེགས་པ་རིགས་ལྔའི་འཁོར་ལོའི་བསྒྱུར་བའི་བྱེ་བྲག་བཙུན་མོ་དམ་པ་དྲོ་བའི་དབྱིངས་ན་བཟའ་དཀར་མོ། ཨོ་རྒྱན་མཁའ་འགྲོའི་གླིང་དུ་པདྨ་གར་གྱི་དབང་ཕྱུག་གི་ཡུམ་གསང་བ་ཡེ་ཤེས། རྡོ་རྗེའི་བླ་མ་པདྨ་འབྱུང་གནས་ལ་སྐྱེ་འཆི་མེད་པར་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་མཆོག་གི་དངོས་གྲུབ་སྩོལ་མཛད་ཚེ་ཡུམ་ལྷ་མོ་ཙཎྜ་ལི་ཞེས་ཡོངས་སུ་གྲགས་པ་གང༌། ཟབ་མོ་ནང་གི་རྣལ་འབྱོར་གྱི་ཡེ་ཤེས་བསྐྱེད་པའི་ཆེད་དུ་དབུ་མ་སྒྲ་གཅན་གྱི་མར་སྣེར་ལྟེ་འོག་སྦས་པའི་ཙཎྜ་ལིའི་རྟགས་ཀྱི་ཕྱག་རྒྱར་བསྟན་པ་ཀུན། དོན་ལ་སྟོང་ཆེན་དབྱིངས་ཀྱི་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པས་ཉམས་སུ་ལེན་པ་ལའང་ཐོག་མར་དབང་གི་རྒྱུད་སྨིན་པ་གནད་དུ་ཟབ་པའི་ཕྱིར། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གབ་བྱང་ལས་བྱུང་བའི་ཚེ་ཡུམ་ཙཎྜ་ལིའི་གཏུམ་མོ་ཞག་བདུན་མའི་སྨིན་གྲོལ་ཟབ་མོ་གསན་པའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་འཆི་མེད་མཁའ་འགྲོ་མས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ དབང་བཞིས་ཡོངས་སུ་སྨིན་པ་དང༔ བདེ་དྲོད་ཡེ་ཤེས་བསྐྱེད་དུ་གསོལ༔ ལན་གསུམ། བླ་མ་འཆི་མེད་ཙཎྜ་ལིའི་དཀྱིལ་འཁོར་ལྷ་ཚོགས་སྐྱབས་ཡུལ་ཞིང་གི་རྡུལ་སྙེད་ཀྱི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་གཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ འཆི་མེད་ཌཱ་ཀིའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ལ་ཡེ་ཤེས་དབབ་པའི་སླད་དུ་ཏིང་ངེ་འཛིན་བརྡ་སྤྲོད་པ་འདི་དག་མ་ཡེངས་པར་སྒོམ་འཚལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས། །པདྨ་ཉི་ཟླའི་གདན་གྱི་དབུས། །ཚེ་ཡུམ་ཌཱ་ཀི་སྐུ་མདོག་དམར༔ མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ ཁྲོ་ཆགས་སྒེག་འཛུམ་འོད་ཟེར་འཕྲོ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཞབས་ཟུང་པདྨའི་སྐྱིལ་ཀྲུང་རོལ༔ སྤྱི་བོར་བླ་མ་ཧེ་རུ་ཀ༔ བདེ་དྲོད་མེ་ཕུང་འབར་བར་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་དུ་རྡོ་རྗེའི་ཡི་གེ་གསུམ་དང༌། ཐུགས་སྲོག་ས་བོན་ཧྲཱིཿདང་བཅས་པ་ལས་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས། འབྱུང་ལྔའི་དྭངས་བཅུད། སྐྱེ་འགྲོའི་ཚེ་བསོད། ཁྱད་པར་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་མཁྱེན་བརྩེའི་ཡེ་ཤེས་ཆེན་པོའི་ཚེའི་བྱིན་རླབས་ཐམས་ཅད་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཆར་ལྟར་བསྡུས་ཏེ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། དབྱངས་རོལ་སྦྱར་སྤོས་བཏུལ་བ་བཅས། ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ ཚེ་ཡི་ཡུམ་མཆོག་སྐུར་བཞེངས་ཤིག༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾཿཧྲཱིཾཿཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད། ཡེ་ཤེས་པ་རྒྱུད་ལ་དབབ་པ་དེ། ཇི་སྲིད་བྱང་ཆུབ་སྙིང་པོ་མངོན་དུ་བྱས་པ་དེ་སྲིད་དུ་བརྟན་པར་བྱས་པའི་མོས་པར་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཀོད་ལ། ཏིཥྛ་བཛྲ། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལ། བྱིན་རླབས་ཀྱི་རྩ་བ་དབང་བཞི་སྤྱིར་བསྐུར་བ་ནི། རང་བྱུང་བདེ་སྐྱོང་གི་གཞལ་མེད་ཁང་ཆེན་པོར་འཆི་མེད་བདུད་རྩིས་གཏམས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་འཆི་མེད་ཚེ་ཡི་ཡུམ་མཆོག་ཌཱ་ཀི་ཙཎྜ་ལི་བདེ་ཆེན་དགྱེས་མ་གཞོན་ནུ་མ་མྱོས་མའི་གཟུགས་ཅན་སྒེག་ཆགས་ལང་ཚོ་དར་ལ་བབ་པ། སྐུ་མདོག་དམར་གསལ་ཞལ་རས་ཁྲོ་ཆགས་སྒེག་འཛུམ་གྱི་ཉམས་འགྱུར་བལྟ་ན་སྡུག་པ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤུད་པ། མཉེན་ལྕུག་གི་ཕྱག་གཉིས་མཉམ་པར་བཞག་པའི་སྟེང་དུ་འཆི་མེད་ཚེ་ཡི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཀྱིས་གང་བ་མཉམ་བཞག་གི་ཕྱག་རྒྱས་འཛིན་པ། མཛེས་པའི་ཞབས་ཟུང་པདྨའི་སྐྱིལ་མོ་ཀྲུང་གི་བཞུགས་པའི་སྤྱི་བོར་རིགས་ཀྱི་བདག་པོ་བླ་མ་པདྨ་ཧེ་རུ་ཀ་ཁྲོ་འཛུམ་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་བའི་མདའ་དར་དང་ཚེ་བུམ་འཛིན་ཏེ་བཞུགས་པས། ཡབ་ཡུམ་གཉིས་ཀའི་སྐུ་ལས་བདེ་དྲོད་ཀྱི་མེ་དཔུང་རབ་ཏུ་འཁྲིགས་པའི་སྐུའི་གནས་ཐམས་ཅད་ནས་འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན་འབེབས་བཞིན་པར་ཁྱེད་རང་གི་སྤྱི་བོར་བཞག་པས་ཚངས་པའི་བུ་ག་ནས་བརྒྱུད་ལུས་ཀྱི་གནས་བཞིར་ཕྱིན་པ་དང༌། དབང་བཞི་གཅིག་ཆར་དུ་ཐོབ། རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་སྒྲིབ་པ་དག །སྐུ་གསུང་ཐུགས་དབྱེར་མེད་པའི་བྱིན་རླབས་ཐོབ། ཞུ་བདེ་རྣམ་པར་མི་རྟོག་པའི་ལམ་བཞི་སྒོམ་པ་ལ་དབང༌། བདེ་སྟོང་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་སྐུ་བཞིའི་ས་བོན་ཐེབས། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་བས་འཕོ་མེད་བདེ་བ་ཆེན་པོའི་རྒྱལ་ཐབས་ལ་དབང་འབྱོར་བར་བསམས་ལ། བྷནྡྷ་གནས་བཞིར་བཞག །བདུད་རྩི་སྦྱིན་ཞིང༌། ཧྲཱིཿ རང་བྱུང་བདེ་སྐྱོང་གཞལ་ཡས་སུ༔ ཚེ་ཡུམ་པདྨ་ཌཱ་ཀི་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞིའི་ཡེ་ཤེས་སྨིན་པར་ཤོག །ཨོཾ་པདྨ་ཙཎྜ་ལི་ཛྭ་ལ་རཾ་མ་ཧཱ་སུ་ཁ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ དེས་དབང་བཞི་སྤྱིར་བསྐུར་བས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཀྱིས་སྣོད་རུང་དུ་བསྒྲུབས་ནས། གཉིས་པ་དྲོད་དང་བདེ་བའི་བྱིན་རླབས་ཁྱད་པར་དུ་འབོག་པ་ནི། ཏིང་ལོ་འདི་ཉིད་ཡེ་ཤེས་ཌཱ་ཀི་ཙཎྜ་ལི་དངོས་སུ་གསལ་བ་མདུན་བསྐྱེད་དཀྱིལ་འཁོར་ལས་ལམ་གྱིས་བྱུང་སྟེ་སློབ་མའི་ཁར་སྦྱིན་པ། ལུས་ཀྱི་དབྱིབས་བརྒྱུད་ལྟེ་བའི་ཨ་ཐུང་ལ་ཧྲིལ་གྱིས་ཐིམ་པར་མོས་ལ་རོལ་ཅིག །ཨོཾ་པདྨ་ཙཎྜ་ལི་ཛྭ་ལ་རཾ་མ་ཧཱ་སུ་ཁ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ སྔགས་བརྗོད་བཞིན་དུ་ཏིང་ལོ་སྦྱིན། དེའི་རྗེས་འབྲེལ་དུ་ཁྱེད་རང་རྣམས་ལུས་གནད་མེ་ཐབ་དྲུག་ཆིངས་དུ་བྱས་ལ་ཐོག་མར་ཕྱི་ལུས་ཀྱི་སྟོང་རའི་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་སྐད་ཅིག་གིས༔ ལུས་ནི་སྟོང་གསལ་འཇའ་ཚོན་ལྟར༔ ཚེ་ཡུམ་ཌཱ་ཀི་སྐུ་མདོག་དམར༔ མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ ཁྲོ་ཆགས་སྒེག་འཛུམ་འོད་ཟེར་འཕྲོ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཞབས་ཟུང་པདྨའི་སྐྱིལ་ཀྲུང་རོལ༔ དྭངས་ཤིང་ཐོགས་པ་མེད་པའི་དབུས༔ དེ་ནས་ནང་རྩའི་སྟོང་ར་འདི་ལྟར་སྒོམས་ཤིག །ཨ་བ་དྷཱུ་ཏི་མདའ་སྨྱུག་ཙམ༔ ཡར་སྣ་ཚངས་པའི་ཐད་དུ་ཟླུམ༔ མར་སྣ་ལྟེ་འོག་སོར་བཞིར་ཟུག༔ གཡས་གཡོན་རོ་རྐྱང་གཉིས་དང་ནི༔ འཁོར་ལོ་བཞི་དང་བཅས་པ་གསལ༔ གསང་བ་སེམས་ཀྱི་སྟོང་རའི་དམིགས་པ་འདི་ལྟར་མཛོད། དེ་ནས་སྣ་བུག་གཡས་གཡོན་དབུས་གསུམ་ལས་རླུང་རོ་ལན་གསུམ་དུ་བསལ་བས་དུག་གསུམ་དང་འབྲས་བུ་ནད་གདོན་སྡིག་སྒྲིབ་ཐམས་ཅད་རླུང་དཀར་དམར་མཐིང་གསུམ་གྱི་རྣམ་པས་ཕྱིར་སངས་ཀྱིས་བུས་པར་མོས་ཤིག །རླུང་རོ་ལན་གསུམ་བསལ། དངོས་གཞི་གཏུམ་མོའི་མེ་དམིགས་འདི་ལྟར་མཛོད། དང་པོ་རྩ་གསུམ་འདུས་མདོའི་མཚམས༔ ཨ་ཤད་འབར་ལ་ཁད་པར་བསམ༔ སྦྱོར་བ་བཞི་ལྡན་རླུང་གི་བསྐུལ༔ རིམ་བཞིན་ལྟེ་བའི་རྩ་འཁོར་དང༔ སྙིང་མགྲིན་སྤྱི་བོའི་རྩ་འཁོར་དང༔ ལུས་ཀྱི་ནང་ཁེངས་ཉེ་འཁོར་གྱི༔ སྣང་བའི་དངོས་ཀུན་མེ་རུ་འབར༔ ཀུན་ཀྱང་མཐར་ཐུག་ཨ་ལ་བསྟིམ༔ ཀ་དག་གཉུག་མའི་ངང་དུ་བཞག༔ ཅེས་པའི་དམིགས་གནད་དང་ལྡན་པའི་སྒོ་ནས་སྦྱོར་བ་བཞི་ལྡན་གྱི་དྲག་རླུང་བུམ་པ་ཅན་ཟུངས་ཤིག །མཐར་བདུད་རྩིའི་ཐོད་པ་སྤྱི་བོར་བཞག་སྟེ། ཐོད་པའི་ལྷ་མོ་ཞུ་བ་སྤྱི་བོའི་ཧཾ་དང་དབྱེར་མེད་པ་ལས་བདུད་རྩི་བབ་པས་ཡས་བབས་ཀྱི་དགའ་བ་བཞི་རྒྱུད་ལ་བསྐྱེད་པར་མོས་ཤིག །མཐར་གཏུམ་མོའི་མེ་དང་བདུད་རྩིའི་རྒྱུན་གཅིག་ཏུ་འདྲེས་པ་སྙིང་གའི་ཧྲཱིཿལ་ཐིམ་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པར་མོས་ཤིག །མཐའ་རྟེན་ཚེ་རིལ་ཚེ་ཆང་སྦྱིན་པར་སྤྲོ་ན། འཆི་མེད་ཚེ་ཡི་དངོས་གྲུབ་ཀྱི་རྫས་རྡོ་རྗེའི་བཟའ་བཏུང་ལ་རོལ་པས་བདེ་སྟོང་འཕོ་འགྱུར་མེད་པའི་རང་བྱུང་རྟག་པ་དམ་པའི་རྒྱལ་ཐབས་ལ་བཀོད་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱིཿ མི་འགྱུར་སྙིང་པོའི་བཅུད་རྣམས་བསྡུས་པ་ཡིས༔ འཆི་མེད་ཡེ་ཤེས་ཚེ་ཡི་ལོངས་སྤྱོད་འདིས༔ ཡིད་ལ་ཟག་མེད་བདེ་བ་རབ་འཕེལ་ནས༔ རྟག་ཏུ་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་ཆང་སྟེར་ལ། ཧྲཱིཿ སྔོན་བྱོན་འཆི་མེད་རིག་འཛིན་ཐམས་ཅད་ཀྱང༔ ཚེ་ཆང་བདུད་རྩིའི་བཅུད་ཀྱིས་དངོས་གྲུབ་བརྙེས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡི༔ རྒྱུན་མི་འཆད་པ་ཚེ་ཡི་དབང་ཐོབ་ཤོག །ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཡུམ་བཀའ་ཁོ་ནའི་སྐབས། དམ་ཚིག་ཁས་བླང༌། མཎྜལ་ལུས་འབུལ་དགེ་བསྔོ་བཅས་བྱ། དེ་དག་ནི་ཚེ་ཡུམ་ཙཎྜ་ལིའི་བྱིན་རླབས་སྒེར་དུ་བྱ་ཚུལ་ཏེ། ཡབ་བཀའ་ཚེ་དཔག་མེད་དམར་པོ་ཕྱག་རྒྱ་གཅིག་པའི་དབང་དང་འབྲེལ་ནའང་རུང་བ་ཡིན་པས། དེ་ཉིད་ཀྱི་བསྐྱེད་བཟླས་གྲུབ་པ་དང༌། ཡུམ་གྱི་ཐོད་བུམ་བསྒྲུབ། ཡབ་བཀའི་རྩ་དབང་ཤིས་བརྗོད་ཡན་གྲུབ་རྗེས། མཎྜལ། གསོལ་གདབ། དེ་ནས་ལྷ་བསྐྱེད་པ་སོགས་གོང་ལྟར་ལ། མཐར་དབང་དང་ལས་བྱང་མཇུག་གི་ཆོས་ཐུན་མོང་དུ་བྱས་པས་གྲུབ་བོ། །རྨད་དུ་བྱུང་བའི་གསང་བ་ནི། །རིན་ཆེན་གཏེར་བཞིན་ཟད་མི་ཤེས། །བློ་ལྡན་དད་པའི་སྙིམ་པ་ནི། །གང་བཞིན་ཟབ་ཆོས་ཚོལ་ལ་བྲོད། མི་ཤེས་སྐྱེ་བོ་ནོར་ལ་དགའ། །མཆོག་རྣམས་ཆོས་ཀྱི་དཔལ་ལ་འདུན། །དེ་ཡིས་འབྱོར་བཞིན་ཡིད་རབ་དགེ །གཏན་འདུན་མ་བརླགས་བླ་མའི་དྲིན། །དེ་ཚུལ་བསམ་བཞིན་ཟབ་རྒྱས་ཀྱི། །སྨིན་གྲོལ་འཛིན་སྤེལ་སྡུད་ནུས་པས། །ལུང་རྟོགས་ནོར་བུའི་སྤྲིན་ཆེན་གྱིས། །བསྟན་འགྲོའི་དཔལ་ཡོན་རྒྱས་གྱུར་ཅིག །ཅེས་པའང་འཆི་མེད་མཚོ་འཁྲུངས་རྒྱལ་བའི་ཞལ་སྐྱིན་མཁས་གྲུབ་ཀྱི་དབང་ཕྱུག་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་ཟབ་གསང་འདི་ཉིད་རང་སྐལ་དུ་ཐོབ་པ་སྐལ་ལྡན་མངྒལས་མཆོག་གཏེར་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་རྣམ་གསུམ་གྱི་མཆོག་སྤྲུལ་དབུས་དད་འདུས་ཡོངས་ལ་ཆོས་སྐྱེས་སུ་འབུལ་བའི་སྐབས། རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་པདྨ་བཀྲ་ཤིས་ནས་དཔེ་རྒྱུན་འབྱོར་ཞིང་ནན་བསྐུལ་ལྟར། ལྷོ་འབྲུག་མོན་ཁའི་བྲག་དཀར་སྐུ་རྗེས་བརྒྱ་རྩ་བརྒྱད་ཀྱི་རེ་ཁཱ་ལམ་མེར་གསལ་བའི་ཀེའུ་ཚང་ནས་བྲིས་པའི་ཡི་གེའི་མཐུན་སྦྱོར་བློ་གསལ་དད་བརྩོན་རྣམ་དཀར་སྤྲུལ་སྐུ་ཨཱ་ནནྡ་མངྒ་ལས་བགྱིས་པ་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ཟད་མི་ཤེས་པར་ལོངས་སྤྱོད་པའི་དཔལ་དུ་གྱུར་ཅིག །ཨཱ་ཡུ་ཏིཥྛནྟུ།། །།
[edit]

@#/__/bla ma'i thugs sgrub bar chad kun sel las/_tshe yum tsaN+Da li'i byin rlabs zab mo gud du sbas pa bklags chog tu spel ba 'chi med grub pa'i srog tig bzhugs// /mchog tu mi 'gyur bde ba'i srog ldan pa'i/_/stong chen zhugs kyis 'khor chos kun zos pa'i/_/dbyings yum DA ki'i dbang mor gus btud nas/_/de sgrub man ngag smin byed dang bcas spel/_/de la 'dir tshe yum tsaN+Da li'i byin rlabs zab mo gud du sbas pa ni/_dkyil 'khor dbus su bdud rtsi'i b+han+d+ha dar dmar gyis bkab pa dang*/_de'i steng du mngar gsum sbyar ba'i zan las bcos pa'i ting lo dmar po slob ma'i grangs mnyam dang*/_tshe ril tshe chang gtad na de yang bsham/_mchod gtor sogs yab bka' dang 'dra/_bdag bskyed pad+ma tshe dpag med phyag rgya gcig pa'i bskyed bzlas grub pa dang*/_mdun gyi rten bsang sbyang*/_stong pa'i ngang las skad cig gis/_rang byung bde skyong gzhal med khang*/_/bdud rtsi'i bcud kyis gtams pa'i dbus/_/tshe yum DA ki sku mdog dmar:_mnyam bzhag tshe yi bum pa bsnams:_khro chags sgeg 'dzum 'od zer 'phro:_dar dang rin chen rgyan gyis brgyan:_pad+ma nyi zla'i gdan steng du:_zhabs zung pad+ma'i skyil krung rol:_spyi bor bla ma he ru ka:_bde drod me phung 'bar bar bzhugs:_sku las 'chi med bdud rtsi'i rgyun:_babs pas bum pa gang bar gyur:_oM pad+ma tsaN+Da li dz+wa la raM ma hA su kha A yur+dz+nyA na sarba sid+d+hi hU~M hU~M:_ci nus dang*/_ting lo la'ang lhar bskyed la sngags ci rigs bzlas pas brtan par bya/_tshe ril tshe chang sbyin na dmigs pas khyab par dgos/_mchod bstod/_oM AHhU~M:_phyi mchod 'dod yon sogs kyis mchod/_hU~M hrIH_ngo bo 'od gsal sogs kyis bstod/_yig brgya bzla/_dbang dngos la/_khrus/_bgegs gtor/_srung 'khor/_sems bskyed gsal gdab sngon du 'gro bas/_de yang 'chi med tshe yi lha mchog DA ki tsaN+Da li zhes pa rdo rje theg pa'i dngos grub thams cad kyi rtsa ba ni/_bde stong lhan cig skyes pa'i ye shes mngon du byed pa nyid yin la/_tshul de bde blag tu rtogs pa'i thabs kyi gsang ba rmad du byung ba ni/_rdo rje btsun mo sgyu ma chen po'i rol mo las 'byung zhing*/_de la'ang brda don rtags gsum gyi sgyu 'phrul bsam gyis mi khyab pa la brten pa'i thabs kyi gsang ba'i lam gyi rnam bzhag du ma 'byung ba bzhin/_don dbyings yum shes rab kyi pha rol tu phyin pa chos sku yum chen mo'i dgongs klong zag med chos khams rgya mtsho'i 'byung gnas rjes su mtshon pa'i phyir/_rtags de bzhin gshegs pa rigs lnga'i 'khor lo'i bsgyur ba'i bye brag btsun mo dam pa dro ba'i dbyings na bza' dkar mo/_o rgyan mkha' 'gro'i gling du pad+ma gar gyi dbang phyug gi yum gsang ba ye shes/_rdo rje'i bla ma pad+ma 'byung gnas la skye 'chi med par rdo rje'i tshe dang ye shes kyi mchog gi dngos grub stsol mdzad tshe yum lha mo tsaN+Da li zhes yongs su grags pa gang*/_zab mo nang gi rnal 'byor gyi ye shes bskyed pa'i ched du dbu ma sgra gcan gyi mar sner lte 'og sbas pa'i tsaN+Da li'i rtags kyi phyag rgyar bstan pa kun/_don la stong chen dbyings kyi thig le nyag gcig tu zlum pas nyams su len pa la'ang thog mar dbang gi rgyud smin pa gnad du zab pa'i phyir/_bla ma'i thugs sgrub bar chad kun sel gyi gab byang las byung ba'i tshe yum tsaN+Da li'i gtum mo zhag bdun ma'i smin grol zab mo gsan pa'i ched du maN+Dal phul/_gsol ba 'debs pa 'di'i rjes zlos mdzod/_bla ma 'chi med mkha' 'gro mas:_bdag la brtse bas nyer dgongs nas:_dbang bzhis yongs su smin pa dang:_bde drod ye shes bskyed du gsol:_lan gsum/_bla ma 'chi med tsaN+Da li'i dkyil 'khor lha tshogs skyabs yul zhing gi rdul snyed kyi spyan sngar bdag sogs mkha' khyab kyi sems can thams cad byang chub ma thob kyi bar du skyabs su 'gro ba dang kun rdzob dang don dam pa'i bdag nyid can gyi sems bskyed pa gzung ngo snyam pas 'di'i rjes zlos mdzod/_na mo:_bdag dang mkha' mnyam sems can ma lus kun:_skyabs kyi mchog gyur rnams la skyabs su mchi:_smon dang 'jug pa'i byang chub sems bskyed nas:_'chi med DA ki'i go 'phang bsgrub par bgyi:_lan gsum/_de nas dbang gi gzhi 'god pa la ye shes dbab pa'i slad du ting nge 'dzin brda sprod pa 'di dag ma yengs par sgom 'tshal/_chos thams cad stong pa nyid du gyur/_stong pa'i ngang las skad cig gis/_/pad+ma nyi zla'i gdan gyi dbus/_/tshe yum DA ki sku mdog dmar:_mnyam bzhag tshe yi bum pa bsnams:_khro chags sgeg 'dzum 'od zer 'phro:_dar dang rin chen rgyan gyis brgyan:_pad+ma nyi zla'i gdan steng du:_zhabs zung pad+ma'i skyil krung rol:_spyi bor bla ma he ru ka:_bde drod me phung 'bar bar bzhugs:_de ltar gsal ba'i gnas gsum du rdo rje'i yi ge gsum dang*/_thugs srog sa bon hrIHdang bcas pa las 'od zer nam mkha' khyab par 'phros/_'byung lnga'i dwangs bcud/_skye 'gro'i tshe bsod/_khyad par rgyal ba sras dang bcas pa'i sku gsung thugs mkhyen brtse'i ye shes chen po'i tshe'i byin rlabs thams cad tshe dpag med pa'i sku gsung thugs kyi phyag rgya'i rnam par char ltar bsdus te byon nas khyed rang rnams la sib sib thim par mos mdzod/_dbyangs rol sbyar spos btul ba bcas/_hU~M hrIH_nub phyogs bde chen zhing khams nas:_tshe yi yum mchog skur bzhengs shig:_sgrub la tshe dbang mchog stsol phyir:_gnas 'dir spyan 'dren gshegs su gsol:_oM a mA ra Ni dzI ban+ti ye swA hA:_kA ya wAka tsit+ta dz+nyA na sarba sa ma ya a be sha ya a aH_hrIMHhrIMHpheM pheM:_zhes drag tu brjod/_ye shes pa rgyud la dbab pa de/_ji srid byang chub snying po mngon du byas pa de srid du brtan par byas pa'i mos par mdzod/_rdo rje rgya gram spyi bor bkod la/_tiSh+Tha badz+ra/_de ltar ye shes pa dbab cing brtan par bya ba sngon du song nas/_dngos gzhi'i dbang bskur ba la/_byin rlabs kyi rtsa ba dbang bzhi spyir bskur ba ni/_rang byung bde skyong gi gzhal med khang chen por 'chi med bdud rtsis gtams pa'i dbus su pad+ma dang nyi zla'i gdan la 'chi med tshe yi yum mchog DA ki tsaN+Da li bde chen dgyes ma gzhon nu ma myos ma'i gzugs can sgeg chags lang tsho dar la bab pa/_sku mdog dmar gsal zhal ras khro chags sgeg 'dzum gyi nyams 'gyur blta na sdug pa dar dang rin po che'i rgyan sna tshogs kyis mdzes par spud pa/_mnyen lcug gi phyag gnyis mnyam par bzhag pa'i steng du 'chi med tshe yi bum pa ye shes kyi bdud rtsi'i bcud kyis gang ba mnyam bzhag gi phyag rgyas 'dzin pa/_mdzes pa'i zhabs zung pad+ma'i skyil mo krung gi bzhugs pa'i spyi bor rigs kyi bdag po bla ma pad+ma he ru ka khro 'dzum bde ba chen po'i ye shes bzod med du 'bar ba'i mda' dar dang tshe bum 'dzin te bzhugs pas/_yab yum gnyis ka'i sku las bde drod kyi me dpung rab tu 'khrigs pa'i sku'i gnas thams cad nas 'chi med ye shes bdud rtsi'i rgyun 'bebs bzhin par khyed rang gi spyi bor bzhag pas tshangs pa'i bu ga nas brgyud lus kyi gnas bzhir phyin pa dang*/_dbang bzhi gcig char du thob/_rtsa rlung thig le ye shes kyi sgrib pa dag_/sku gsung thugs dbyer med pa'i byin rlabs thob/_zhu bde rnam par mi rtog pa'i lam bzhi sgom pa la dbang*/_bde stong dga' bzhi'i ye shes rgyud la skyes/_'bras bu sku bzhi'i sa bon thebs/_lus kyi nang thams cad 'chi med ye shes bdud rtsi'i rgyun gyis gang bas 'pho med bde ba chen po'i rgyal thabs la dbang 'byor bar bsams la/_b+han+d+ha gnas bzhir bzhag_/bdud rtsi sbyin zhing*/_hrIH_rang byung bde skyong gzhal yas su:_tshe yum pad+ma DA ki bzhugs:_skal ldan khyod la dbang bskur bas:_dbang bzhi'i ye shes smin par shog_/oM pad+ma tsaN+Da li dz+wa la raM ma hA su kha A yur+dz+nyA na sarba sid+d+hi hU~M hU~M:_kA ya wAka tsit+ta a b+hi Shiny+tsa oM AHhU~M hrIH_des dbang bzhi spyir bskur bas rdo rje gsum gyi byin rlabs kyis snod rung du bsgrubs nas/_gnyis pa drod dang bde ba'i byin rlabs khyad par du 'bog pa ni/_ting lo 'di nyid ye shes DA ki tsaN+Da li dngos su gsal ba mdun bskyed dkyil 'khor las lam gyis byung ste slob ma'i khar sbyin pa/_lus kyi dbyibs brgyud lte ba'i a thung la hril gyis thim par mos la rol cig_/oM pad+ma tsaN+Da li dz+wa la raM ma hA su kha A yur+dz+nyA na sarba sid+d+hi hU~M hU~M:_sngags brjod bzhin du ting lo sbyin/_de'i rjes 'brel du khyed rang rnams lus gnad me thab drug chings du byas la thog mar phyi lus kyi stong ra'i dmigs pa 'di bzhin du mdzod/_stong pa'i ngang las skad cig gis:_lus ni stong gsal 'ja' tshon ltar:_tshe yum DA ki sku mdog dmar:_mnyam bzhag tshe yi bum pa bsnams:_khro chags sgeg 'dzum 'od zer 'phro:_dar dang rin chen rgyan gyis brgyan:_pad+ma nyi zla'i gdan steng du:_zhabs zung pad+ma'i skyil krung rol:_dwangs shing thogs pa med pa'i dbus:_de nas nang rtsa'i stong ra 'di ltar sgoms shig_/a ba d+hU ti mda' smyug tsam:_yar sna tshangs pa'i thad du zlum:_mar sna lte 'og sor bzhir zug:_g.yas g.yon ro rkyang gnyis dang ni:_'khor lo bzhi dang bcas pa gsal:_gsang ba sems kyi stong ra'i dmigs pa 'di ltar mdzod/_de nas sna bug g.yas g.yon dbus gsum las rlung ro lan gsum du bsal bas dug gsum dang 'bras bu nad gdon sdig sgrib thams cad rlung dkar dmar mthing gsum gyi rnam pas phyir sangs kyis bus par mos shig_/rlung ro lan gsum bsal/_dngos gzhi gtum mo'i me dmigs 'di ltar mdzod/_dang po rtsa gsum 'dus mdo'i mtshams:_a shad 'bar la khad par bsam:_sbyor ba bzhi ldan rlung gi bskul:_rim bzhin lte ba'i rtsa 'khor dang:_snying mgrin spyi bo'i rtsa 'khor dang:_lus kyi nang khengs nye 'khor gyi:_snang ba'i dngos kun me ru 'bar:_kun kyang mthar thug a la bstim:_ka dag gnyug ma'i ngang du bzhag:_ces pa'i dmigs gnad dang ldan pa'i sgo nas sbyor ba bzhi ldan gyi drag rlung bum pa can zungs shig_/mthar bdud rtsi'i thod pa spyi bor bzhag ste/_thod pa'i lha mo zhu ba spyi bo'i haM dang dbyer med pa las bdud rtsi bab pas yas babs kyi dga' ba bzhi rgyud la bskyed par mos shig_/mthar gtum mo'i me dang bdud rtsi'i rgyun gcig tu 'dres pa snying ga'i hrIHla thim pas bde stong rnam par mi rtog pa'i ye shes khyad par can rgyud la bskyed par mos shig_/mtha' rten tshe ril tshe chang sbyin par spro na/_'chi med tshe yi dngos grub kyi rdzas rdo rje'i bza' btung la rol pas bde stong 'pho 'gyur med pa'i rang byung rtag pa dam pa'i rgyal thabs la bkod par mos shig_/tshe ril sbyin la/_hrIH_mi 'gyur snying po'i bcud rnams bsdus pa yis:_'chi med ye shes tshe yi longs spyod 'dis:_yid la zag med bde ba rab 'phel nas:_rtag tu tshe yi dpal la longs spyod shog:_oM badz+ra dz+nyA na A yu She hU~M b+h+rU~M nr-i dzaHsarba sid+d+hi pha la hU~M:_tshe chang ster la/_hrIH_sngon byon 'chi med rig 'dzin thams cad kyang:_tshe chang bdud rtsi'i bcud kyis dngos grub brnyes:_deng 'dir skal ldan khyod la sbyin pa yi:_rgyun mi 'chad pa tshe yi dbang thob shog_/oM badz+ra dz+nyA na A yu She hU~M b+h+rU~M nr-i dzaHsarba sid+d+hi pha la hU~M:_yum bka' kho na'i skabs/_dam tshig khas blang*/_maN+Dal lus 'bul dge bsngo bcas bya/_de dag ni tshe yum tsaN+Da li'i byin rlabs sger du bya tshul te/_yab bka' tshe dpag med dmar po phyag rgya gcig pa'i dbang dang 'brel na'ang rung ba yin pas/_de nyid kyi bskyed bzlas grub pa dang*/_yum gyi thod bum bsgrub/_yab bka'i rtsa dbang shis brjod yan grub rjes/_maN+Dal/_gsol gdab/_de nas lha bskyed pa sogs gong ltar la/_mthar dbang dang las byang mjug gi chos thun mong du byas pas grub bo/__/rmad du byung ba'i gsang ba ni/_/rin chen gter bzhin zad mi shes/_/blo ldan dad pa'i snyim pa ni/_/gang bzhin zab chos tshol la brod/_mi shes skye bo nor la dga'/_/mchog rnams chos kyi dpal la 'dun/_/de yis 'byor bzhin yid rab dge_/gtan 'dun ma brlags bla ma'i drin/_/de tshul bsam bzhin zab rgyas kyi/_/smin grol 'dzin spel sdud nus pas/_/lung rtogs nor bu'i sprin chen gyis/_/bstan 'gro'i dpal yon rgyas gyur cig_/ces pa'ang 'chi med mtsho 'khrungs rgyal ba'i zhal skyin mkhas grub kyi dbang phyug pad+ma ye shes rdo rje'i bka' drin las zab gsang 'di nyid rang skal du thob pa skal ldan mang+galas mchog gter gyi smin grol rgyab brten dang bcas pa chos kyi rgyal po 'jam mgon rnam gsum gyi mchog sprul dbus dad 'dus yongs la chos skyes su 'bul ba'i skabs/_rten mchog 'gyur med gling gi byang 'dren pa pad+ma bkra shis nas dpe rgyun 'byor zhing nan bskul ltar/_lho 'brug mon kha'i brag dkar sku rjes brgya rtsa brgyad kyi re khA lam mer gsal ba'i ke'u tshang nas bris pa'i yi ge'i mthun sbyor blo gsal dad brtson rnam dkar sprul sku A nan+da mang+ga las bgyis pa 'gro kun tshe dang ye shes kyi dga' ston zad mi shes par longs spyod pa'i dpal du gyur cig_/A yu tiSh+Than+tu//__//

Footnotes

Other Information