DKR-KABUM-10-THA-003: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-003
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་གསང་དྲག་པོའི་རྒྱུན་གྱི་རྣལ་འབྱོར༔
|fulltitle=bla sgrub dwangs ma'i thig le'i yang gsang drag po'i rgyun gyi rnal 'byor
|citation=[[Khyentse, Dilgo]]. ''Bla sgrub dwangs ma'i thig le'i yang gsang drag po'i rgyun gyi rnal 'byor''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 12-15. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=khyung sprul pad+ma dbang chen bstan 'dzin phrin las
|sourcerevealertib=ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་
|tibgenre=Daily Practice - rgyun khyer, Sadhanas - Evocation Ritual - sgrub thabs
|terma=Yes
|dkroutline=Three
|deity=pad+ma kI la ya
|cycle=bla sgrub dwangs ma'i thig le
|cycletib=བླ་སྒྲུབ་དྭངས་མའི་ཐིག་ལེ་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=010
|volumenumber=THA
|volnumtib=༡༠
|volyigtib=ཐ་
|totalvolumes=25
|textnuminvol=003
|textnuminvol=003
|pagenumbers=12-15
|totalpages=8
|beginfolioline=1a
|endfolioline=4b3
|totalfolios=4
|multivolumework=No
|rectonotes=rgyun khyer
|versonotes=pad+ma kI la ya
|colophontib=།ཅེས་པའང་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་སྤེལ་བའོ།  །དགེའོ།།  །དགེའོ།།  །དགེའོ།།
|colophonwylie=/ces pa'ang pad+ma gar dbang 'od gsal mdo sngags gling pas spel ba'o/__/dge'o//__/dge'o//__/dge'o//
|pdflink=File:DKR-KABUM-10-THA-003.pdf
|pdflink=File:DKR-KABUM-10-THA-003.pdf
}}
}}
Line 16: Line 39:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|འུྃ༔  །བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་གསང་དྲག་པོའི་རྒྱུན་གྱི་རྣལ་འབྱོར་བཞུགས༔
{{TibP|འུྃ༔  །བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་གསང་དྲག་པོའི་རྒྱུན་གྱི་རྣལ་འབྱོར་བཞུགས༔<br><br>
༄༅།  རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ འདིར་མོས་བརྩོན་པ་མཆོག་ལྡན་པས༔ ཡང་ཟབ་རྒྱུན་གྱི་རྣལ་འབྱོར་བསྒོམ༔ ན་མོ༔ བླ་མ་མཆོག་གསུམ་ཡི་དམ་ལྷར༔ གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ༔ དྲག་པོའི་གོ་འཕང་འཐོབ་བྱའི་ཕྱིར༔ ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ༔ རང་སེམས་གདོད་ནས་སྟོང་པ་ཆེ༔ རིག་གདངས་རྡོ་རྗེ་ཆེན་པོར་ཤར༔ ཟུང་འཇུག་རྒྱུ་ཡི་ཏིང་འཛིན་ཧཱུྃ༔ འོད་ཀྱི་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ དུར་ཁྲོད་འཇིགས་པའི་གཞལ་མེད་ཁང༔ པད་ཉི་དམ་སྲི་བསྣོལ་པའི་སྟེང༔ སྐད་ཅིག་པདྨ་ཀཱི་ལ་ཡ༔ སྐུ་མདོག་དམར་ནག་དུས་མེ་ལྟར༔ ཁྲོ་བོ་ཆེན་པོ་ཞལ་གསུམ་པ༔ དབུས་ཞལ་དམར་ནག་དྲག་ཏུ་ཁྲོས༔ གཡས་དཀར་གཡོན་མཐིང་བཞད་གཤེ་རྔམས༔ ཁྲོ་གཏུམ་གར་དགུའི་གཟི་བྱིན་འབར༔ སྤྱི་གཙུག་རྟ་གདོང་ལྗང་ཞུར་འཚེར༔ ཕྱག་དྲུག་དང་པོས་རྡོ་རྗེ་དང༔ ཕྱག་གཡོན་བྷནྡྷ་དམར་ཆེན་སྟོབ༔ བར་པ་གཉིས་ཀྱིས་ལྕགས་འཁོར་དང༔ སྡིགས་མཛུབ་ལྕགས་སྡིག་སྤྲུལ་པ་འགྱེད༔ འོག་གཉིས་རི་རབ་ཕུར་བུ་འདྲིལ༔ སྦྱོར་ཡུམ་པདྨཻ་ཤྭ་རི་མ༔ གྲི་ཐོད་བསྣམས་པ་གཡོན་ནས་རོལ༔ ཁྲོ་མོའི་རྒྱན་དང་ཆ་ལུགས་རྫོགས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཕྱག་རྡོར་ཁྲོས་ནག་མེ་དབལ་གཏམས༔ གཙོ་འཁོར་དུར་ཁྲོད་ཆས་བརྒྱད་དང༔ མཚོན་ཆའི་གཤོག་བརྐྱངས་ནམ་མཁར་ལྡིང༔ ཁྱུང་ཆེན་རྣམ་ལྔ་སྤྲུལ་པ་འགྱེད༔ དབལ་ཆས་ཡོངས་རྫོགས་ཉམས་དང་ལྡན༔ སྐུ་སྨད་གནམ་ལྕགས་ཕུར་པ་ནི༔ ཟུར་གསུམ་ཐོག་མེའི་ཚྭ་ཚྭ་འཕྲོ༔ གནོད་བྱེད་བདུད་བཞིའི་སྙིང་ལ་གཟིར༔ དྲག་ཤུལ་རྡོ་རྗེ་སྲིན་པོ་ནི༔ ཤིན་ཏུ་མི་བཟད་ཁྲོས་པའི་སྐུ༔ ཁམས་གསུམ་ཟ་བྱེད་ཆེན་པོར་གསལ༔ དྲག་མེ་འཁྲུགས་པའི་ཀློང་ན་འགྱིང༔ སྟེང་ཕྱོགས་བརྒྱུད་གསུམ་བླ་མ་དང༔ བར་དུ་སྒྲུབ་པ་བཀའ་བརྒྱད་ལྷ༔ ཕྱི་རོལ་དཔལ་ཆེན་ཁྲོ་བོ་བཅུ༔ གནས་ཡུལ་མཁའ་འགྲོ་བཀའ་སྡོད་བཅས༔ སྡེ་བརྒྱད་དྲེགས་པ་སྤྲིན་ལྟར་གཏིབས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ ཅེས་པས་གསལ་སྣང་རྩེ་གཅིག་བསྒྲུབ༔ ཐུགས་ཀར་ཙིཏྟ་རིན་ཆེན་གུར༔ ལྟེ་བར་ཉི་མ་ལ་གནས་པའི༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་རབ་འབར་འཕྲོ་འདུ་ཡིས༔ རྩ་གསུམ་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ རྒྱལ་བའི་མཁྱེན་ནུས་བྱིན་རླབས་རྣམས༔ ལྷ་སྔགས་ཕྱག་མཚན་འབྲུ་གསུམ་པོ༔ རང་ལ་སིབ་སིབ་ཐིམ་པ་ཡིས༔ ཡེ་ཤེས་གཟི་བྱིན་ཆེ་འབར་གྱུར༔ ཨོཾ་པདྨ་ཀཱི་ལ་ཡ་ཧཱུྃ༔ ཞེས་བཟླ། ལུས་ཀྱི་དཀྱིལ་འཁོར་ལ་དམིགས་པ་གཏད་ལ༔ ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཅེས་བཟླས་ལ། ལྷ་དང་རང་སེམས་གཉུག་མའི་དབྱིངས༔ དབྱེར་མེད་ཚུལ་དུ་དགོངས་པས་གཟིར༔ སྣོད་བཅུད་འོད་ཞུ་རང་ལ་ཐིམ༔ རང་སེམས་ཀ་དག་ཆོས་ཀྱི་སྐུ༔ པདྨ་དྲག་པོའི་ཡེ་ཤེས་དང༔ དབྱེར་མེད་མཉམ་པའི་དབྱིངས་སུ་བཞག༔ དགེ་བ་འདི་ཡིས་མྱུར་དུ་སོགས། ཤིས་བརྗོད་བྱ། ཞེས་འདི་མཆོག་གི་རིག་པ་འཛིན། །པདྨ་དབང་ཆེན་ཧེ་རུ་ཀའི། །ཟབ་གསང་ཐུགས་ཀྱི་ཐིག་ལེའི་བཅུད། །ཐུན་མོང་མ་ཡིན་གནད་ཏིག་གི །རྒྱུན་གྱི་རྣལ་འབྱོར་སྙིང་པོ་འདི། །པདྨ་རང་བྱུང་ཧེ་རུ་ཀ །རྡོ་རྗེ་གཟི་བརྗིད་རྩལ་ཆེན་པོས། །བྱིན་གྱིས་བརླབས་པའི་རྣལ་འབྱོར་པ། །གར་དབང་མདོ་སྔགས་གླིང་པས་བཀོད། །ལས་སྨོན་དག་པའི་རིག་པ་འཛིན། །ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཡིས། །དུས་ཚེས་རྟེན་འབྲེལ་དགེ་བའི་ཆར། །རྟེན་བཅས་གསུང་གིས་བསྐུལ་བའི་མཐུས། །སྙིགས་དུས་བར་ཆད་མཐའ་དག་ཞི། །མཆོག་ཐུན་དངོས་གྲུབ་འབད་མེད་འགྲུབ། །སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །རྒྱུན་ཁྱེར་ཅུང་ཟད་རྒྱས་པར་སྤྲོ་ན་བཟླས་པའི་འགོར། ཧཱུྃ་ཧྲཱིཿ བདེ་ཆེན་ཆོས་དབྱིངས་ཁྱབ་བརྡལ་ཀློང་རོལ་ནས༔ འགག་མེད་ཡེ་ཤེས་རོལ་པའི་ཆོ་འཕྲུལ་ནི༔ སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་ཐོད་ཕྲེང་རྩལ༔ འགག་མེད་ཐུགས་རྗེའི་སྤྲུལ་པ་ཧེ་རུ་ཀ༔ དབང་དྲག་འབར་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་བདུད་ཚོགས་བསྒྲལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ཆེ༔ བྱིན་རླབས་དངོས་གྲུབ་མཐའ་དག་སྩོལ་བ་དང༔ འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་ཀློང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལ་ཡ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མཎྜ་ལ་བཛྲ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ གདོད་ནས་སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ དག་པ་རབ་འབྱམས་དམ་ཚིག་འཁོར་ལོ་ལ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སྐུ་གསུམ་ལྷ༔ རྟག་ཏུ་འདུ་འབྲལ་མེད་པར་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་པའི༔ ཡེ་ཤེས་ཐུགས་རྗེའི་བཀོད་པ་ཀུན་འདུས་པ༔ དབང་དྲག་བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་ལྷར༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་བགྱིའོ༔ ན་མོ་ན་མ་མི༔ ཧཱུྃ་ཧྲཱིཿ ་ཆོས་ཉིད་ཀ་ནས་དག་པའི་ངོ་བོ་ལས༔ ཆོས་ཅན་སྒྱུ་འཕྲུལ་ཀུན་བཟང་རྡོ་རྗེའི་གར༔ རབ་འབྱམས་མཆོད་པ་ཆེན་པོ་བླ་ན་མེད༔ ཕྱི་ལྟར་ཉེར་སྤྱོད་དུར་ཁྲོད་དྲག་པོའི་རྫས༔ ནང་དུ་སྨན་རཀ་གཏོར་མའི་འདོད་ཡོན་གཏེར༔ གསང་བ་བདེ་སྟོང་གཉིས་མེད་སྦྱོར་སྒྲོལ་གར༔ གཟུང་འཛིན་རང་གྲོལ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལ་ཡ་དྷེ་ཝ་དྷཱ་ཀི་ནི་མཎྜ་ལ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་མ་ཧཱ་སུ་ཁ་པཱུ་ཛ་དྷརྨ་དྷཱ་ཏུ་ཨ༔ ཧཱུྃ་ཧྲཱིཿ ཆོས་སྐུ་བདེ་ཆེན་འོད་མི་འགྱུར་བ་ཉིད༔ ལོངས་སྐུ་པདྨ་གཏུམ་པོ་དབང་དྲག་འབར༔ བདུད་དཔུང་འཇོམས་མཛད་བཛྲ་ཀཱི་ལ་ཡ༔ སྤྲུལ་སྐུ་དབང་ཆེན་ཕྱག་རྒྱར་བཞེངས་ལ་བསྟོད༔ བདེ་སྟོང་ཐུགས་རྗེའི་རོལ་པ་འགག་མེད་ཀྱི༔ ཆོ་འཕྲུལ་གཙོ་དང་འཁོར་གྱི་རྣམ་པར་རོལ༔ དོན་དམ་ཡེ་ཤེས་གཅིག་པུའི་ངོ་བོ་རུ༔ གཟོད་ནས་ལྷུན་གྱིས་རྫོགས་པར་སྟོན་ལ་འདུད༔ མཆོད་དང་བསྟོད་པས་དཀྱིལ་འཁོར་ལྷ་ཡི་ཚོགས༔ མཉམ་ཉིད་དབྱིངས་སུ་དགྱེས་པ་ཆེར་བཞེས་ནས༔ མཆོག་དང་ཐུན་མོང་རབ་འབྱམས་དངོས་གྲུབ་སྩོལ༔ འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ༔ ཞེས་འདིར་རང་ཤར་རྡོ་རྗེའི་ཚིག །ཕལ་པའི་ངག་གིས་བསླད་མིན་ཀྱང༌། །ཟབ་གསང་རྡོ་རྗེའི་སྣོད་ལྡན་ཆེ། །དབྱིངས་རིག་བྱང་ཆུབ་དབང་པོ་ཡིས། །དད་འདུན་མོས་པས་བཀས་བསྐུལ་བཞིན། །མཚོ་སྐྱེས་བླ་མ་འཇམ་པའི་དབྱངས། །མོས་པས་རིག་པའི་ཐིག་ལེ་རུ། །བཀོད་ནས་རིག་རྩལ་མ་འགག་པའི། །ཆོ་འཕྲུལ་བཀོད་པའི་ཡི་གེའི་རྐྱེན། །དམ་པ་མཆོག་གིས་མཛད་འདིས་ཀྱང༌། །ཀུན་བཟང་པདྨའི་བཀའ་བརྒྱུད་ཀྱི། །ཕྲིན་ལས་བསྟན་འགྲོའི་དཔལ་གྱུར་ཅིག །ཅེས་པའང་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་སྤེལ་བའོ།  །དགེའོ།།  །དགེའོ།།  །དགེའོ།།  །།}}

</onlyinclude>
</onlyinclude>

Revision as of 10:56, 28 November 2022

བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་གསང་དྲག་པོའི་རྒྱུན་གྱི་རྣལ་འབྱོར༔
Wylie title bla sgrub dwangs ma'i thig le'i yang gsang drag po'i rgyun gyi rnal 'byor DKR-KABUM-10-THA-003.pdf
Location dil mgo mkhyen brtse bka' 'bum
Volume 10, Text 3, Pages 12-15 (Folios 1a to 4b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ (khyung sprul pad+ma dbang chen bstan 'dzin phrin las)
Citation Khyentse, Dilgo. Bla sgrub dwangs ma'i thig le'i yang gsang drag po'i rgyun gyi rnal 'byor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 12-15. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle བླ་སྒྲུབ་དྭངས་མའི་ཐིག་ལེ་ (bla sgrub dwangs ma'i thig le)
Deity pad+ma kI la ya
Colophon

།ཅེས་པའང་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་སྤེལ་བའོ། །དགེའོ།། །དགེའོ།། །དགེའོ།།

/ces pa'ang pad+ma gar dbang 'od gsal mdo sngags gling pas spel ba'o/__/dge'o//__/dge'o//__/dge'o//

[edit]
འུྃ༔ །བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་གསང་དྲག་པོའི་རྒྱུན་གྱི་རྣལ་འབྱོར་བཞུགས༔

༄༅། རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ འདིར་མོས་བརྩོན་པ་མཆོག་ལྡན་པས༔ ཡང་ཟབ་རྒྱུན་གྱི་རྣལ་འབྱོར་བསྒོམ༔ ན་མོ༔ བླ་མ་མཆོག་གསུམ་ཡི་དམ་ལྷར༔ གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ༔ དྲག་པོའི་གོ་འཕང་འཐོབ་བྱའི་ཕྱིར༔ ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ༔ རང་སེམས་གདོད་ནས་སྟོང་པ་ཆེ༔ རིག་གདངས་རྡོ་རྗེ་ཆེན་པོར་ཤར༔ ཟུང་འཇུག་རྒྱུ་ཡི་ཏིང་འཛིན་ཧཱུྃ༔ འོད་ཀྱི་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ དུར་ཁྲོད་འཇིགས་པའི་གཞལ་མེད་ཁང༔ པད་ཉི་དམ་སྲི་བསྣོལ་པའི་སྟེང༔ སྐད་ཅིག་པདྨ་ཀཱི་ལ་ཡ༔ སྐུ་མདོག་དམར་ནག་དུས་མེ་ལྟར༔ ཁྲོ་བོ་ཆེན་པོ་ཞལ་གསུམ་པ༔ དབུས་ཞལ་དམར་ནག་དྲག་ཏུ་ཁྲོས༔ གཡས་དཀར་གཡོན་མཐིང་བཞད་གཤེ་རྔམས༔ ཁྲོ་གཏུམ་གར་དགུའི་གཟི་བྱིན་འབར༔ སྤྱི་གཙུག་རྟ་གདོང་ལྗང་ཞུར་འཚེར༔ ཕྱག་དྲུག་དང་པོས་རྡོ་རྗེ་དང༔ ཕྱག་གཡོན་བྷནྡྷ་དམར་ཆེན་སྟོབ༔ བར་པ་གཉིས་ཀྱིས་ལྕགས་འཁོར་དང༔ སྡིགས་མཛུབ་ལྕགས་སྡིག་སྤྲུལ་པ་འགྱེད༔ འོག་གཉིས་རི་རབ་ཕུར་བུ་འདྲིལ༔ སྦྱོར་ཡུམ་པདྨཻ་ཤྭ་རི་མ༔ གྲི་ཐོད་བསྣམས་པ་གཡོན་ནས་རོལ༔ ཁྲོ་མོའི་རྒྱན་དང་ཆ་ལུགས་རྫོགས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཕྱག་རྡོར་ཁྲོས་ནག་མེ་དབལ་གཏམས༔ གཙོ་འཁོར་དུར་ཁྲོད་ཆས་བརྒྱད་དང༔ མཚོན་ཆའི་གཤོག་བརྐྱངས་ནམ་མཁར་ལྡིང༔ ཁྱུང་ཆེན་རྣམ་ལྔ་སྤྲུལ་པ་འགྱེད༔ དབལ་ཆས་ཡོངས་རྫོགས་ཉམས་དང་ལྡན༔ སྐུ་སྨད་གནམ་ལྕགས་ཕུར་པ་ནི༔ ཟུར་གསུམ་ཐོག་མེའི་ཚྭ་ཚྭ་འཕྲོ༔ གནོད་བྱེད་བདུད་བཞིའི་སྙིང་ལ་གཟིར༔ དྲག་ཤུལ་རྡོ་རྗེ་སྲིན་པོ་ནི༔ ཤིན་ཏུ་མི་བཟད་ཁྲོས་པའི་སྐུ༔ ཁམས་གསུམ་ཟ་བྱེད་ཆེན་པོར་གསལ༔ དྲག་མེ་འཁྲུགས་པའི་ཀློང་ན་འགྱིང༔ སྟེང་ཕྱོགས་བརྒྱུད་གསུམ་བླ་མ་དང༔ བར་དུ་སྒྲུབ་པ་བཀའ་བརྒྱད་ལྷ༔ ཕྱི་རོལ་དཔལ་ཆེན་ཁྲོ་བོ་བཅུ༔ གནས་ཡུལ་མཁའ་འགྲོ་བཀའ་སྡོད་བཅས༔ སྡེ་བརྒྱད་དྲེགས་པ་སྤྲིན་ལྟར་གཏིབས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ ཅེས་པས་གསལ་སྣང་རྩེ་གཅིག་བསྒྲུབ༔ ཐུགས་ཀར་ཙིཏྟ་རིན་ཆེན་གུར༔ ལྟེ་བར་ཉི་མ་ལ་གནས་པའི༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་རབ་འབར་འཕྲོ་འདུ་ཡིས༔ རྩ་གསུམ་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ རྒྱལ་བའི་མཁྱེན་ནུས་བྱིན་རླབས་རྣམས༔ ལྷ་སྔགས་ཕྱག་མཚན་འབྲུ་གསུམ་པོ༔ རང་ལ་སིབ་སིབ་ཐིམ་པ་ཡིས༔ ཡེ་ཤེས་གཟི་བྱིན་ཆེ་འབར་གྱུར༔ ཨོཾ་པདྨ་ཀཱི་ལ་ཡ་ཧཱུྃ༔ ཞེས་བཟླ། ལུས་ཀྱི་དཀྱིལ་འཁོར་ལ་དམིགས་པ་གཏད་ལ༔ ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཅེས་བཟླས་ལ། ལྷ་དང་རང་སེམས་གཉུག་མའི་དབྱིངས༔ དབྱེར་མེད་ཚུལ་དུ་དགོངས་པས་གཟིར༔ སྣོད་བཅུད་འོད་ཞུ་རང་ལ་ཐིམ༔ རང་སེམས་ཀ་དག་ཆོས་ཀྱི་སྐུ༔ པདྨ་དྲག་པོའི་ཡེ་ཤེས་དང༔ དབྱེར་མེད་མཉམ་པའི་དབྱིངས་སུ་བཞག༔ དགེ་བ་འདི་ཡིས་མྱུར་དུ་སོགས། ཤིས་བརྗོད་བྱ། ཞེས་འདི་མཆོག་གི་རིག་པ་འཛིན། །པདྨ་དབང་ཆེན་ཧེ་རུ་ཀའི། །ཟབ་གསང་ཐུགས་ཀྱི་ཐིག་ལེའི་བཅུད། །ཐུན་མོང་མ་ཡིན་གནད་ཏིག་གི །རྒྱུན་གྱི་རྣལ་འབྱོར་སྙིང་པོ་འདི། །པདྨ་རང་བྱུང་ཧེ་རུ་ཀ །རྡོ་རྗེ་གཟི་བརྗིད་རྩལ་ཆེན་པོས། །བྱིན་གྱིས་བརླབས་པའི་རྣལ་འབྱོར་པ། །གར་དབང་མདོ་སྔགས་གླིང་པས་བཀོད། །ལས་སྨོན་དག་པའི་རིག་པ་འཛིན། །ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཡིས། །དུས་ཚེས་རྟེན་འབྲེལ་དགེ་བའི་ཆར། །རྟེན་བཅས་གསུང་གིས་བསྐུལ་བའི་མཐུས། །སྙིགས་དུས་བར་ཆད་མཐའ་དག་ཞི། །མཆོག་ཐུན་དངོས་གྲུབ་འབད་མེད་འགྲུབ། །སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །རྒྱུན་ཁྱེར་ཅུང་ཟད་རྒྱས་པར་སྤྲོ་ན་བཟླས་པའི་འགོར། ཧཱུྃ་ཧྲཱིཿ བདེ་ཆེན་ཆོས་དབྱིངས་ཁྱབ་བརྡལ་ཀློང་རོལ་ནས༔ འགག་མེད་ཡེ་ཤེས་རོལ་པའི་ཆོ་འཕྲུལ་ནི༔ སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་ཐོད་ཕྲེང་རྩལ༔ འགག་མེད་ཐུགས་རྗེའི་སྤྲུལ་པ་ཧེ་རུ་ཀ༔ དབང་དྲག་འབར་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་བདུད་ཚོགས་བསྒྲལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ཆེ༔ བྱིན་རླབས་དངོས་གྲུབ་མཐའ་དག་སྩོལ་བ་དང༔ འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་ཀློང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལ་ཡ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མཎྜ་ལ་བཛྲ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ གདོད་ནས་སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ དག་པ་རབ་འབྱམས་དམ་ཚིག་འཁོར་ལོ་ལ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སྐུ་གསུམ་ལྷ༔ རྟག་ཏུ་འདུ་འབྲལ་མེད་པར་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་པའི༔ ཡེ་ཤེས་ཐུགས་རྗེའི་བཀོད་པ་ཀུན་འདུས་པ༔ དབང་དྲག་བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་ལྷར༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་བགྱིའོ༔ ན་མོ་ན་མ་མི༔ ཧཱུྃ་ཧྲཱིཿ ་ཆོས་ཉིད་ཀ་ནས་དག་པའི་ངོ་བོ་ལས༔ ཆོས་ཅན་སྒྱུ་འཕྲུལ་ཀུན་བཟང་རྡོ་རྗེའི་གར༔ རབ་འབྱམས་མཆོད་པ་ཆེན་པོ་བླ་ན་མེད༔ ཕྱི་ལྟར་ཉེར་སྤྱོད་དུར་ཁྲོད་དྲག་པོའི་རྫས༔ ནང་དུ་སྨན་རཀ་གཏོར་མའི་འདོད་ཡོན་གཏེར༔ གསང་བ་བདེ་སྟོང་གཉིས་མེད་སྦྱོར་སྒྲོལ་གར༔ གཟུང་འཛིན་རང་གྲོལ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལ་ཡ་དྷེ་ཝ་དྷཱ་ཀི་ནི་མཎྜ་ལ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་མ་ཧཱ་སུ་ཁ་པཱུ་ཛ་དྷརྨ་དྷཱ་ཏུ་ཨ༔ ཧཱུྃ་ཧྲཱིཿ ཆོས་སྐུ་བདེ་ཆེན་འོད་མི་འགྱུར་བ་ཉིད༔ ལོངས་སྐུ་པདྨ་གཏུམ་པོ་དབང་དྲག་འབར༔ བདུད་དཔུང་འཇོམས་མཛད་བཛྲ་ཀཱི་ལ་ཡ༔ སྤྲུལ་སྐུ་དབང་ཆེན་ཕྱག་རྒྱར་བཞེངས་ལ་བསྟོད༔ བདེ་སྟོང་ཐུགས་རྗེའི་རོལ་པ་འགག་མེད་ཀྱི༔ ཆོ་འཕྲུལ་གཙོ་དང་འཁོར་གྱི་རྣམ་པར་རོལ༔ དོན་དམ་ཡེ་ཤེས་གཅིག་པུའི་ངོ་བོ་རུ༔ གཟོད་ནས་ལྷུན་གྱིས་རྫོགས་པར་སྟོན་ལ་འདུད༔ མཆོད་དང་བསྟོད་པས་དཀྱིལ་འཁོར་ལྷ་ཡི་ཚོགས༔ མཉམ་ཉིད་དབྱིངས་སུ་དགྱེས་པ་ཆེར་བཞེས་ནས༔ མཆོག་དང་ཐུན་མོང་རབ་འབྱམས་དངོས་གྲུབ་སྩོལ༔ འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ༔ ཞེས་འདིར་རང་ཤར་རྡོ་རྗེའི་ཚིག །ཕལ་པའི་ངག་གིས་བསླད་མིན་ཀྱང༌། །ཟབ་གསང་རྡོ་རྗེའི་སྣོད་ལྡན་ཆེ། །དབྱིངས་རིག་བྱང་ཆུབ་དབང་པོ་ཡིས། །དད་འདུན་མོས་པས་བཀས་བསྐུལ་བཞིན། །མཚོ་སྐྱེས་བླ་མ་འཇམ་པའི་དབྱངས། །མོས་པས་རིག་པའི་ཐིག་ལེ་རུ། །བཀོད་ནས་རིག་རྩལ་མ་འགག་པའི། །ཆོ་འཕྲུལ་བཀོད་པའི་ཡི་གེའི་རྐྱེན། །དམ་པ་མཆོག་གིས་མཛད་འདིས་ཀྱང༌། །ཀུན་བཟང་པདྨའི་བཀའ་བརྒྱུད་ཀྱི། །ཕྲིན་ལས་བསྟན་འགྲོའི་དཔལ་གྱུར་ཅིག །ཅེས་པའང་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་སྤེལ་བའོ། །དགེའོ།། །དགེའོ།། །དགེའོ།། །།
[edit]

'u~M:__/bla sgrub dwangs ma'i thig le'i yang gsang drag po'i rgyun gyi rnal 'byor bzhugs: @#/__rtsa ba gsum la phyag 'tshal lo:_'dir mos brtson pa mchog ldan pas:_yang zab rgyun gyi rnal 'byor bsgom:_na mo:_bla ma mchog gsum yi dam lhar:_gus pas skyabs mchi mkha' mnyam 'gro:_drag po'i go 'phang 'thob bya'i phyir:_zab mo'i rnal 'byor bsgom par bgyi:_lan gsum/_hU~M hU~M hU~M:_rang sems gdod nas stong pa che:_rig gdangs rdo rje chen por shar:_zung 'jug rgyu yi ting 'dzin hU~M:_'od kyi snod bcud stong par sbyangs:_stong pa'i ngang las skad cig gis:_dur khrod 'jigs pa'i gzhal med khang:_pad nyi dam sri bsnol pa'i steng:_skad cig pad+ma kI la ya:_sku mdog dmar nag dus me ltar:_khro bo chen po zhal gsum pa:_dbus zhal dmar nag drag tu khros:_g.yas dkar g.yon mthing bzhad gshe rngams:_khro gtum gar dgu'i gzi byin 'bar:_spyi gtsug rta gdong ljang zhur 'tsher:_phyag drug dang pos rdo rje dang:_phyag g.yon b+han+d+ha dmar chen stob:_bar pa gnyis kyis lcags 'khor dang:_sdigs mdzub lcags sdig sprul pa 'gyed:_'og gnyis ri rab phur bu 'dril:_sbyor yum pad+mai shwa ri ma:_gri thod bsnams pa g.yon nas rol:_khro mo'i rgyan dang cha lugs rdzogs:_gnas lngar gshin rje rta mchog dpal:_phyag rdor khros nag me dbal gtams:_gtso 'khor dur khrod chas brgyad dang:_mtshon cha'i gshog brkyangs nam mkhar lding:_khyung chen rnam lnga sprul pa 'gyed:_dbal chas yongs rdzogs nyams dang ldan:_sku smad gnam lcags phur pa ni:_zur gsum thog me'i tshwa tshwa 'phro:_gnod byed bdud bzhi'i snying la gzir:_drag shul rdo rje srin po ni:_shin tu mi bzad khros pa'i sku:_khams gsum za byed chen por gsal:_drag me 'khrugs pa'i klong na 'gying:_steng phyogs brgyud gsum bla ma dang:_bar du sgrub pa bka' brgyad lha:_phyi rol dpal chen khro bo bcu:_gnas yul mkha' 'gro bka' sdod bcas:_sde brgyad dregs pa sprin ltar gtibs:_dam tshig ye shes gnyis su med:_ces pas gsal snang rtse gcig bsgrub:_thugs kar tsit+ta rin chen gur:_lte bar nyi ma la gnas pa'i:_rdo rje rtse lnga'i lte bar hU~M:_rtsa ba'i sngags kyi phreng bas bskor:_'od zer rab 'bar 'phro 'du yis:_rtsa gsum lha tshogs thugs rgyud bskul:_rgyal ba'i mkhyen nus byin rlabs rnams:_lha sngags phyag mtshan 'bru gsum po:_rang la sib sib thim pa yis:_ye shes gzi byin che 'bar gyur:_oM pad+ma kI la ya hU~M:_zhes bzla/_lus kyi dkyil 'khor la dmigs pa gtad la:_oM pad+mAn+ta kr-ita kI li kI la ya sarba big+h+nAn baM hU~M phaTa?:_ces bzlas la/_lha dang rang sems gnyug ma'i dbyings:_dbyer med tshul du dgongs pas gzir:_snod bcud 'od zhu rang la thim:_rang sems ka dag chos kyi sku:_pad+ma drag po'i ye shes dang:_dbyer med mnyam pa'i dbyings su bzhag:_dge ba 'di yis myur du sogs/_shis brjod bya/_zhes 'di mchog gi rig pa 'dzin/_/pad+ma dbang chen he ru ka'i/_/zab gsang thugs kyi thig le'i bcud/_/thun mong ma yin gnad tig gi_/rgyun gyi rnal 'byor snying po 'di/_/pad+ma rang byung he ru ka_/rdo rje gzi brjid rtsal chen pos/_/byin gyis brlabs pa'i rnal 'byor pa/_/gar dbang mdo sngags gling pas bkod/_/las smon dag pa'i rig pa 'dzin/_/klong chen ye shes rdo rje yis/_/dus tshes rten 'brel dge ba'i char/_/rten bcas gsung gis bskul ba'i mthus/_/snyigs dus bar chad mtha' dag zhi/_/mchog thun dngos grub 'bad med 'grub/_/sku gsum go 'phang myur thob shog_/rgyun khyer cung zad rgyas par spro na bzlas pa'i 'gor/_hU~M hrIH_bde chen chos dbyings khyab brdal klong rol nas:_'gag med ye shes rol pa'i cho 'phrul ni:_sku gsum rgyal ba'i spyi gzugs thod phreng rtsal:_'gag med thugs rje'i sprul pa he ru ka:_dbang drag 'bar ba'i dkyil 'khor lha tshogs rnams:_chos kyi dbyings nas gnas 'dir gshegs su gsol:_phyi nang gsang ba'i bar chad bdud tshogs bsgral:_sku gsung thugs kyi rdo rje ye shes che:_byin rlabs dngos grub mtha' dag stsol ba dang:_'khor 'das mnyam nyid bde ba chen po'i klong:_mchog dang thun mong dngos grub thob par mdzod:_oM AHhU~M badz+ra gu ru pad+ma kI la ya d+he wa d+hA ki ni d+harma pA la sa pa ri wA ra maN+Da la badz+ra sa ma ya dzaHdzaH_hU~M hrIH_gdod nas snang srid ye shes lha yi dal:_dag pa rab 'byams dam tshig 'khor lo la:_dbyings nas spyan drangs ye shes sku gsum lha:_rtag tu 'du 'bral med par brtan par bzhugs:_sa ma ya tiSh+Tha lhan:_hU~M hrIH_rtsa gsum rgyal ba rab 'byams ma lus pa'i:_ye shes thugs rje'i bkod pa kun 'dus pa:_dbang drag bde chen rgyal ba'i dkyil 'khor lhar:_mi phyed gus pa'i brda yis phyag bgyi'o:_na mo na ma mi:_hU~M hrIH_ chos nyid ka nas dag pa'i ngo bo las:_chos can sgyu 'phrul kun bzang rdo rje'i gar:_rab 'byams mchod pa chen po bla na med:_phyi ltar nyer spyod dur khrod drag po'i rdzas:_nang du sman raka gtor ma'i 'dod yon gter:_gsang ba bde stong gnyis med sbyor sgrol gar:_gzung 'dzin rang grol chen por bzhes su gsol:_oM AHhU~M badz+ra gu ru pad+ma kI la ya d+he wa d+hA ki ni maN+Da la sa pA ri wa ra badz+ra ar+g+haM nas _shab+ta ma hA pany+tsa a mr-i ta rak+ta ba liM ta ta na ga na ma hA su kha pU dza d+harma d+hA tu a:_hU~M hrIH_chos sku bde chen 'od mi 'gyur ba nyid:_longs sku pad+ma gtum po dbang drag 'bar:_bdud dpung 'joms mdzad badz+ra kI la ya:_sprul sku dbang chen phyag rgyar bzhengs la bstod:_bde stong thugs rje'i rol pa 'gag med kyi:_cho 'phrul gtso dang 'khor gyi rnam par rol:_don dam ye shes gcig pu'i ngo bo ru:_gzod nas lhun gyis rdzogs par ston la 'dud:_mchod dang bstod pas dkyil 'khor lha yi tshogs:_mnyam nyid dbyings su dgyes pa cher bzhes nas:_mchog dang thun mong rab 'byams dngos grub stsol:_'bad med lhun gyis 'grub par mdzad du gsol:_zhes 'dir rang shar rdo rje'i tshig_/phal pa'i ngag gis bslad min kyang*/_/zab gsang rdo rje'i snod ldan che/_/dbyings rig byang chub dbang po yis/_/dad 'dun mos pas bkas bskul bzhin/_/mtsho skyes bla ma 'jam pa'i dbyangs/_/mos pas rig pa'i thig le ru/_/bkod nas rig rtsal ma 'gag pa'i/_/cho 'phrul bkod pa'i yi ge'i rkyen/_/dam pa mchog gis mdzad 'dis kyang*/_/kun bzang pad+ma'i bka' brgyud kyi/_/phrin las bstan 'gro'i dpal gyur cig_/ces pa'ang pad+ma gar dbang 'od gsal mdo sngags gling pas spel ba'o/__/dge'o//__/dge'o//__/dge'o//__//

Footnotes

Other Information