བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒོས་སྒྲུབ་བླ་མ་སྨྲ་སེང་གི་བསྙེན་ཡིག་ཡེ་ཤེས་མཆོག་སྦྱིན།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-004
Wylie title bla ma'i thugs sgrub bar chad kun sel gyi sgos sgrub bla ma smra seng gi bsnyen yig ye shes mchog sbyin JKCL-KABUM-06-CHA-004.pdf
Location chos kyi blo gros bka' 'bum
Volume 6, Text 4, Pages 13-18 (Folios 1a1 to 3b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse chos kyi blo gros. bla ma'i thugs sgrub bar chad kun sel gyi sgos sgrub bla ma smra seng gi bsnyen yig ye shes mchog sbyin. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 13-18. Bir, H.P.: Khyentse Labrang, 2012.
Genre Recitation Manual - bsnyen yig
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity bla ma smra ba'i seng ge
Colophon

།ཅེས་པའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་གསུང་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་པས་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ།།

/ces pa'ang gdong sna mchog sprul rin po che'i gsung bskul ngor 7chos kyi blo gros pas zin bris su bgyis pa dge legs 'phel/__mang+ga laM//

1 Texts in this Section (sde tshan or chos tshan)

[edit]
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒོས་སྒྲུབ་བླ་མ་སྨྲ་སེང་གི་བསྙེན་ཡིག་ཡེ་ཤེས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཡེ་ཤེས་རྒྱ་མཚོའི་ཁྱབ་བདག་མཆོག །གུ་རུ་སྨྲ་བའི་སེང་གེ་ཡི། །ཞབས་ལ་སྤྱི་བོས་བཏུད་བྱས་ཏེ། །བསྙེན་སྒྲུབ་ཟིན་བྲིས་ཉུང་ངུར་སྤེལ། །དེ་ལ་མཁྱེན་གཉིས་ཡེ་ཤེས་ཀྱི་སྣང་བ་མཆོག་ཏུ་རྒྱས་ཤིང་བློ་གྲོས་ཀྱི་པདྨོ་ཁ་འབྱེད་པར་བྱེད་པའི་ཐབས་ཚུལ་ཐུན་མོང་མིན་པ་མ་ཧཱ་གུ་རུ་བློ་ལྡན་མཆོག་སྲིད་ཕྱི་བཀའ་བབ་ལས་ཅན་སྙིང་གི་བུ་དགུ་ལ་གདམས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒོས་སྒྲུབ་བླ་མ་རིག་འཛིན་སྨྲ་བའི་སེང་གེའི་རྣལ་འབྱོར་ཟབ་མོ་ལ་བརྩོན་པར་འདོད་པ་དག་གི་སྔོན་དུ་བརྒྱུད་ལྡན་གྱི་བླ་མ་ལས་འདི་ཡི་སྨིན་བྱེད་ལེགས་པར་ནོས་ཏེ་དད་པ་དང་དམ་ཚིག་མ་ཉམས་པ་སྲོག་ཏུ་བཟུང་སྟེ་ས་ཕྱོགས་ཡིད་དུ་འོང་ཞིང་སྒྲུབ་པའི་གནས་ཁྱད་དུ་འཕགས་པར་ར་བ་བཞིའི་ཡར་ཚེས་རྒྱལ་ཕུར་འགྲུབ་སྦྱོར་སོགས་གཟའ་སྐར་སྦྱོར་བྱེད་དགེ་བར་གནས་ཁང་ཕྱག་དར་ལེགས་པར་བྱ། སྔ་དྲོའི་ཆར་དམ་ཚིག་གི་བྲིས་སྐུ་ཡོད་ན་བཀྲམ་པའི་སྟེགས་བུའི་ཁར། གཏོར་མ་དཀར་ཟླུམ། ཚེ་རིང་མཆེད་ལྔ། གཏེར་སྲུང་ཁྱུང་བཙུན་མའི་གཏོར་མ་དང་། བདུད་རྩི། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། སྔོན་གཏོར་དཀར་དམར། །གསེར་སྐྱེམས་དང་། རྒྱལ་ཆེན་ཐོ་ལ་དཀར་གཏོར། མཆོད་པ་བཅས་འདུ་བྱས་ཏེ། ཐོག་མར་སྡེ་བརྒྱད་གསེར་སྐྱེམས་དང་། ལྷ་ཀླུ་གཞི་བདག་ལ་གཏོར་མ་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་བཏགས་པ་ལན་གསུམ། གང་དག་འདིར་གནས་སོགས་ཀྱི་གཏོར་མ་གསེར་སྐྱེམས་ཕུལ། བྷཱུ་མི་པ་ཏི་ས་པ་རི་ཝ་ར་གཙྪས་གཤེགས་སུ་གསོལ། ཕྱི་མཆོད་སྒོ་དྲུང་དུ་ཐོ་རྒྱལ་ཆེན་བཞི་ལ་མཆོད་གཏོར་ཕུལ་ནང་དུ་ལོག་ནས། རང་ཉིད་སྐད་ཅིག་གི་འཇམ་དཔལ་གཤིན་རྗེ་གཤེད་མཐིང་ནག་བེ་ཅོན་དང་བསྡིག་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གྱུར། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ རྃ་ཡྃ་ཁྃ། ཨོཾ་ཨཱཿ ཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱིས་བགེགས་གཏོར་བརླབ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་སོགས་ཚིག་རྐང་གཉིས་མཐར་བགེགས་གཏོར་ཕྱིར་དོར། ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་སུམྦྷ་ནི་སོགས་དྲག་སྔགས་དང་། གུ་གུལ་བདུག །ཡུངས་ཐུན་གྱིས་བྲབ། མཚམས་འོག་འཇུག་དགོས་རྣམས་དམིགས་པས་ཁྱབ་པར་བྱས་ལ། གཉིས་མེད་ཡེ་ཤེས་སོགས་བརྗོད་པ་དང་། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་སྲུང་གུར་མེ་རི་འབར་བ་དང་བཅས་པའི་ནང་དུ་བདག་དང་བསྲུང་བྱ་ཐམས་ཅད་ཚུད་པར་བསམ། རཀྵའི་སྔགས་ལན་གསུམ་དུ། ཡེ་དྷར། སུ་པྲ་ཏིཥྛ་བརྗོད་པས་བརྟན་པར་བྱས། བདེ་བའི་མལ་དུ་ཞུགས་ནས་ཚིག་བདུན་གསོལ་འདེབས་དང་། ཐུགས་སྒྲུབ་བརྒྱུད་འདེབས་དང་། སྐྱབས་སེམས། མཆོད་བརླབ་ནས་བརྩམས་བསྟོད་པའི་བར་དང་། བཟླས་པའི་མགོར་ཕྲེང་བ་བྱིན་རླབས་སྤྱི་འགྲེ་ལྟར་སྔགས་བརྒྱ་རྩ་བརྗོད་ནས། བཟླས་དམིགས་གསལ་བཏབ་སྟེ་རྩ་སྔགས་ཅི་འགྲོ་དང་། བསྙེན་པའི་སྐབས་འདིར་འཁོར་སྔགས་རྣམས་མ་བཟླས་ཀྱང་རུང་ཐུན་མཐར་ཐལ་མོ་སྦྱར་ཏེ་གསོལ་གདབ། ཨོཾ༔ དུས་གསུམ་རྒྱལ་བ་སོགས་ཀྱི་དངོས་གྲུབ་ཞུ། དབྱངས་གསལ་ཡིག་བརྒྱ་ཡེ་དྷར་རྣམས་ལན་གསུམ་རེ་བརྗོད་པས་ལྷག་ཆད་ཁ་སྐོངས། ཡེ་ཤེས་ལྷ་ཚོགས་སོགས་སྟོད་ཚིག་གི་མཆོད་བསྟོད། ནོངས་བཤགས་ཡིག་བརྒྱ་ལན་གསུམ། བསྡུ་ལྡངས་ཤིས་བརྗོད་བྱས་ནས་ཉིན་གུང་མ་ཟིན་ཙམ་ལ་གྲོལ། ཕྱི་ཐུན་ལ་སྐྱབས་སེམས་དང་། སྲུང་འཁོར་གསལ་འདེབས་དང་། གཏོར་མ་འདི་ལོངས། ཞེས་པར། གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ ཞེས་བསྒྱུར། བཟླས་པ་བསྡུ་ལྡང་། ཚེ་རིང་མ་གཏེར་སྲུང་གསོལ་ཀ་བཏང་། བསྔོ་སྨོན་ཤིས་བརྗོད་བར་སྔ་ཐུན་བཞིན་དང་། སྲོད་ཐུན། ཐོར་ཐུན་ལའང་དེ་བཞིན། ཕྲེང་བ་བྱིན་བརླབ་བསྡུས་ཙམ་རེས་ཆོག །དེ་ལྟ་བུས་བསྙེན་པ་འབུམ་ཕྲག་བཞིའམ་རབ་འབྲུ་འབུམ་བཟླས་མཐར། སྒྲུབ་པའི་སྐབས། རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་ཡོད་ན་དང་། མེད་ན་མཎྜ་ལར་ཚོམ་བུ་དགུ་བཀོད། མཆོད་གཏོར་རྣམས་གསོས། འདོན་བྱ་སྔར་ལྟར་ལ། བཟླས་པའི་མགོར་རྩ་སྔགས་མཐར། ཧྲཱིཿཕཊ་ཛཿབཏགས་པས་མདུན་དཀྱིལ་གྱི་གོ་སར་རང་གི་སྒོམ་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་དབྱེ། ཧཱུྃ་ཧྲཱིཿསྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ཀྱིས་ཛབi་བསྐུལ་དང་། བདག་མདུན་གཉིས་ཀའི་ཐུགས་ཀར་ཛབ྄་དགོངས་གསལ་བཏབ་ལ་དོ་ལིའི་བཟླས་པ་འོད་ཟེར་སྤྲོ་བསྡུ་བྱས་ལ་རྩ་སྔགས་རབ་འབུམ་བཞི། ཉུང་མཐའ་འབུམ་ཕྲག་གཅིག་བཟླས་ལ། འཁོར་སྔགས་རྣམས་འབུམ་ཕྲག་གསུམ་རེའམ་འབུམ་རེ་བཟླ། སྒྲུབ་པའི་སྐབས་ཚོགས་མཆོད་རེ་གྲུབ་ན་ལེགས་པས་ཐུགས་སྒྲུབ་ཕྲིན་ལས་སྙིང་པོའི་ཚོགས་མཆོད་སྦྱར། ལྷག་མ་སྒྲུབ་པ་གྲོལ་བར་བཙོན་འཛིན་བྱ། །དེ་ལྟར་བསྙེན་སྒྲུབ་ལ་འབད་པའི་ཐུན་བར་དུ། མཎྜལ་རྒྱས་བསྡུས། ཕྱག་དང་། མཚན་བརྗོད་སོགས་བཀླགས་ན་ངེས་པར་ལེགས། དེ་ལྟར་བསྙེན་སྒྲུབ་ལ་བརྩོན་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་ལྟས་མཚན་དངོས་ཉམས་རྨི་ལམ་དུ་ཅི་རིགས་པ་བྱུང་བ་ན། གཟའ་སྐར་སྦྱོར་བྱེད་ལེགས་པར་དངོས་གྲུབ་བླངས་རན་པའི་སྔ་དགོངས་སྟེགས་བུ་ཁེབས་སེར་པོའི་སྟེང་འབྲུ་དཀར་གྱི་གཡུང་དྲུང་རིས་ཁར་དངོས་གྲུབ་ཀྱི་རྫས་དཀར་མངར་ལས་སྦྲུས་པའི་རྒྱས་པའི་འབྲང་རྒྱས་ནོར་བུ་འབར་བ་རྩི་སེར་པོ་ཅན་དར་གདུགས་སེར་པོས་བརྒྱན། བདུད་རྩི། མཾ་ས། ཟླ་རྒྱས། ཟླ་ཕྲོམ། འཁུར་བ། །འཇམ་དེས་སོགས་ཅི་འབྱོར་བཤམས། ཚོགས་དང་གཏོར་མ་རྣམས་ཁ་གསོ། ཐོ་རངས་སྔ་བར་བསྐྱེད་བཟླས་སྟོང་ཚིག་མཆོད་བསྟོད་གྲུབ་ནས། ཡེ་ཤེས་སྐུ་མཆོག་གི་ནོངས་བཤགས་དང་། བྱིན་འབེབས་ཐུགས་སྒྲུབ་ལས་བྱང་འབྲིང་པོ་ལྟར་བྱ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་བདེ་བའི་སྒྲ་དང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་རྗེ་བྱིན་རླབས་དང་། འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བསྡུས་ཏེ་རང་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ་རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿབཏགས་པ་སྟོང་རྩ་བཟླས་ལ་མཆོད་བསྟོད་བྱ། སྲུང་མའི་གཏོར་འབུལ། ཚོགས་མཆོད། ལྷག་མ་བསྔོ་ཞིང་བརྩོན་འཛིན་བྱས་པ་རྣམས་ཕྱི་རོལ་གཙང་སར་ཕུལ། སྲུང་མའི་གཏོར་མ་ཕྱིར་འབུལ། མཆོད་བསྟོད་རྗེས་ཕྲིན་ལས་འབྲིང་པོའི་དངོས་གྲུབ་བསྐུལ་ཚིག་བརྗོད་ནས་དངོས་གྲུབ་བླངས་ཤིང་རྫས་ལ་རོལ། ཕྱི་རོལ་དུ་མི་སྦྱིན། སླར་ཡང་མཆོད་བསྟོད་ནོངས་བཤགས་དང་། རྟེན་ཡོད་ན་བརྟན་བཞུགས། མེད་ན། ཨོཾ་ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་གཤེགས་གསོལ། བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བྱས་ལ་རྒྱལ་ཐོར་མཆོད་གཏོར་ཕུལ་ལ་ཐོ་བླངས་ནས་མཚམས་ཁད་ཀྱིས་གྲོལ་བའམ་བསྙེན་སྒྲུབ་ཀྱི་རྗེས་དེ་ཉིད་དུ་འཇམ་དཔལ་རིལ་བུ་སྒྲུབ་པ་སོགས་ལས་ཚོགས་སྦྱར་ན་མཆོག་ཏུ་ལེགས་ཤིང་དེ་ལྟར་ན་དངོས་གྲུབ་བླངས་བ་ལས་སྦྱོར་གྱི་རྗེས་ཐོགས་སུ་བྱ་ཞིང་། སྦྱིན་སྲེག་སྤྲོ་ན་ལྷ་སྔགས་ཁ་བསྒྱུར་ཏེ་ཐུགས་སྒྲུབ་སྦྱིན་སྲེག་ལྟ་བུར་ཁོག་དབུབ་པའམ། ཡང་ན་རྙིང་མའི་སྦྱིན་སྲེག་སྤྱི་གཞུང་ཞིག་ལ་གཞི་བླང་བར་བྱའོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་ཐེམས་ནས་སྐུ་བྲིས་སྐུ་ལ་བརྟེན་ནས་ཞལ་བལྟ་བ། གསུང་ཙཀྲ་ལ་བརྟེན་ནས་དབྱེར་མེད་དུ་བྱ་བ། ཐུགས་ཤེས་རབ་རིལ་བུ་སྒྲུབ་པ། ཡོན་ཏན་བཅུད་ལེན་གྱི་སྦྱོར་བ། ཕྲིན་ལས་སྲན་མ་མ་ཥའི་སྦྱོར་བ་རྣམས་རྩ་བའི་ལས་སྦྱོར་དང་། ཡན་ལག་འཁོར་གྱི་ལས་ཚོགས་དགུ་རྣམས་ལ་གཏེར་གཞུང་རྩ་བ་དང་། འཇམ་མགོན་ཐམས་ཅད་མཁྱེན་པའི་གསལ་བྱེད་རྣམས་ལས་འབྱུང་བ་ལྟར་ཅི་ནུས་སུ་འབད་པས་གཟུངས་དང་། བློ་གྲོས་དང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པར་དབང་འབྱོར་ཞིང་། གནས་སྐབས་འཛིན་བློ་སོགས་གོང་འཕེལ་དུ་འགྱུར། མཐར་ཐུག་བླ་མ་རིག་འཛིན་སྨྲ་བའི་སེང་གེའི་གོ་འཕང་ཐོབ་པར་འགྱུར་བ་ནི་ངེས་པར་ཡང་དག་པའོ། །བླ་མའི་སྒྲུབ་པ་དང་འབྲེལ་བའི། །བློ་མཆོག་སྤོབས་པའི་གཏེར་སྒྲུབ་ཐབས། །ཌཱ་ཀིའི་ཁ་རླངས་ཐོ་ལེ་བ། །འདི་འདྲ་ཐོབ་པས་སྐལ་བ་བཟང་། །དེ་ཕྱིར་སྙིང་གི་མུན་པ་བརྒྱ། །ཅིག་ཆར་སེལ་བའི་སྒྲོན་མེ་འདི། །དད་བརྩོན་ཅན་གྱིས་ཉམས་བླངས་ན། །མཁྱེན་གཉིས་ཡེ་ཤེས་རྒྱས་པར་འགྱུར། །འདི་ལྟར་བསྙེན་སྒྲུབ་ཟིན་ཐུན་འདི། །བྲིས་པའི་དགེ་བ་འདི་ཡིས་ཀྱང་། །བློ་དམན་རྣམས་ལ་གསོས་གྱུར་ཏེ། །ཡེ་ཤེས་སྣང་བ་སྦྱིན་གྱུར་ཅིག །ཅེས་པའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་གསུང་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་པས་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།
[edit]

bla ma'i thugs sgrub bar chad kun sel gyi sgos sgrub bla ma smra seng gi bsnyen yig ye shes mchog sbyin ces bya ba bzhugs so/__/na mo gu ru many+dzu shrI ye/__ye shes rgya mtsho'i khyab bdag mchog__/gu ru smra ba'i seng ge yi/__/zhabs la spyi bos btud byas te/__/bsnyen sgrub zin bris nyung ngur spel/__/de la mkhyen gnyis ye shes kyi snang ba mchog tu rgyas shing blo gros kyi pad+mo kha 'byed par byed pa'i thabs tshul thun mong min pa ma hA gu ru blo ldan mchog srid phyi bka' bab las can snying gi bu dgu la gdams pa'i bla ma'i thugs sgrub bar chad kun sel gyi sgos sgrub bla ma rig 'dzin smra ba'i seng ge'i rnal 'byor zab mo la brtson par 'dod pa dag gi sngon du brgyud ldan gyi bla ma las 'di yi smin byed legs par nos te dad pa dang dam tshig ma nyams pa srog tu bzung ste sa phyogs yid du 'ong zhing sgrub pa'i gnas khyad du 'phags par ra ba bzhi'i yar tshes rgyal phur 'grub sbyor sogs gza' skar sbyor byed dge bar gnas khang phyag dar legs par bya/__snga dro'i char dam tshig gi bris sku yod na bkram pa'i stegs bu'i khar/__gtor ma dkar zlum/__tshe ring mched lnga/__gter srung khyung btsun ma'i gtor ma dang /__bdud rtsi/__chu gnyis nyer spyod phreng tshar du bshams/__sngon gtor dkar dmar/__/gser skyems dang /__rgyal chen tho la dkar gtor/__mchod pa bcas 'du byas te/__thog mar sde brgyad gser skyems dang /__lha klu gzhi bdag la gtor ma byin brlab/__b+hU mi pa ti sa pa ri wA ra oM a kA ro btags pa lan gsum/__gang dag 'dir gnas sogs kyi gtor ma gser skyems phul/__b+hU mi pa ti sa pa ri wa ra gats+tshas gshegs su gsol/__phyi mchod sgo drung du tho rgyal chen bzhi la mchod gtor phul nang du log nas/__rang nyid skad cig gi 'jam dpal gshin rje gshed mthing nag be con dang bsdig mdzub mdzad pa khro bo'i chas thams cad kyis brgyan pa'i skur gyur/__oM ya mAn+ta ka hU~M phaT:__ra~M ya~M kha~M/__oM AH_hU~M ha hoHhrIHlan gsum gyis bgegs gtor brlab/__hU~M hrI:__gnyis snang 'khrul pa'i sogs tshig rkang gnyis mthar bgegs gtor phyir dor/__hU~M hU~M hU~M/__oM sum+b+ha ni sogs drag sngags dang /__gu gul bdug__/yungs thun gyis brab/__mtshams 'og 'jug dgos rnams dmigs pas khyab par byas la/__gnyis med ye shes sogs brjod pa dang /__phyogs mtshams thams cad rdo rje'i srung gur me ri 'bar ba dang bcas pa'i nang du bdag dang bsrung bya thams cad tshud par bsam/__rak+Sha'i sngags lan gsum du/__ye d+har/__su pra tiSh+Tha brjod pas brtan par byas/__bde ba'i mal du zhugs nas tshig bdun gsol 'debs dang /__thugs sgrub brgyud 'debs dang /__skyabs sems/__mchod brlab nas brtsams bstod pa'i bar dang /__bzlas pa'i mgor phreng ba byin rlabs spyi 'gre ltar sngags brgya rtsa brjod nas/__bzlas dmigs gsal btab ste rtsa sngags ci 'gro dang /__bsnyen pa'i skabs 'dir 'khor sngags rnams ma bzlas kyang rung thun mthar thal mo sbyar te gsol gdab/__oM:__dus gsum rgyal ba sogs kyi dngos grub zhu/__dbyangs gsal yig brgya ye d+har rnams lan gsum re brjod pas lhag chad kha skongs/__ye shes lha tshogs sogs stod tshig gi mchod bstod/__nongs bshags yig brgya lan gsum/__bsdu ldangs shis brjod byas nas nyin gung ma zin tsam la grol/__phyi thun la skyabs sems dang /__srung 'khor gsal 'debs dang /__gtor ma 'di longs/__zhes par/__gnas 'dir ma 'dug rang rang gnas su dengs:__zhes bsgyur/__bzlas pa bsdu ldang /__tshe ring ma gter srung gsol ka btang /__bsngo smon shis brjod bar snga thun bzhin dang /__srod thun/__thor thun la'ang de bzhin/__phreng ba byin brlab bsdus tsam res chog__/de lta bus bsnyen pa 'bum phrag bzhi'am rab 'bru 'bum bzlas mthar/__sgrub pa'i skabs/__ras bris kyi dkyil 'khor tshad ldan yod na dang /__med na maN+Da lar tshom bu dgu bkod/__mchod gtor rnams gsos/__'don bya sngar ltar la/__bzlas pa'i mgor rtsa sngags mthar/__hrIHphaT dzaHbtags pas mdun dkyil gyi go sar rang gi sgom pa dang 'dra ba'i ye shes kyi dkyil 'khor gnyis pa dbye/__hU~M hrIHsnying po byang chub sems kyi sogs kyis dzab[i] bskul dang /__bdag mdun gnyis ka'i thugs kar dzaba? dgongs gsal btab la do li'i bzlas pa 'od zer spro bsdu byas la rtsa sngags rab 'bum bzhi/__nyung mtha' 'bum phrag gcig bzlas la/__'khor sngags rnams 'bum phrag gsum re'am 'bum re bzla/__sgrub pa'i skabs tshogs mchod re grub na legs pas thugs sgrub phrin las snying po'i tshogs mchod sbyar/__lhag ma sgrub pa grol bar btson 'dzin bya/__/de ltar bsnyen sgrub la 'bad pa'i thun bar du/__maN+Dal rgyas bsdus/__phyag dang /__mtshan brjod sogs bklags na nges par legs/__de ltar bsnyen sgrub la brtson pas sku gsung thugs kyi dngos grub kyi ltas mtshan dngos nyams rmi lam du ci rigs pa byung ba na/__gza' skar sbyor byed legs par dngos grub blangs ran pa'i snga dgongs stegs bu khebs ser po'i steng 'bru dkar gyi g.yung drung ris khar dngos grub kyi rdzas dkar mngar las sbrus pa'i rgyas pa'i 'brang rgyas nor bu 'bar ba rtsi ser po can dar gdugs ser pos brgyan/__bdud rtsi/__maM sa/__zla rgyas/__zla phrom/__'khur ba/__/'jam des sogs ci 'byor bshams/__tshogs dang gtor ma rnams kha gso/__tho rangs snga bar bskyed bzlas stong tshig mchod bstod grub nas/__ye shes sku mchog gi nongs bshags dang /__byin 'bebs thugs sgrub las byang 'bring po ltar bya/__dkyil 'khor gyi lha tshogs rnams las bde ba'i sgra dang 'od zer gyi tshogs bsam gyis mi khyab pa 'phros pas rtsa gsum rgyal ba zhi khro rab 'byams kyi thugs rje byin rlabs dang /__'khor 'das brtan g.yo'i dwangs bcud thams cad 'od dang 'od zer gyi rnam pas bsdus te rang dang dngos grub kyi rdzas la thim par bsam la rtsa sngags mthar/__kA ya wA ka tsit+ta sarba sid+d+hi pha la hoHbtags pa stong rtsa bzlas la mchod bstod bya/__srung ma'i gtor 'bul/__tshogs mchod/__lhag ma bsngo zhing brtson 'dzin byas pa rnams phyi rol gtsang sar phul/__srung ma'i gtor ma phyir 'bul/__mchod bstod rjes phrin las 'bring po'i dngos grub bskul tshig brjod nas dngos grub blangs shing rdzas la rol/__phyi rol du mi sbyin/__slar yang mchod bstod nongs bshags dang /__rten yod na brtan bzhugs/__med na/__oM khyed kyi sems can sogs kyis gshegs gsol/__bsdu ldang /__bsngo smon shis brjod byas la rgyal thor mchod gtor phul la tho blangs nas mtshams khad kyis grol ba'am bsnyen sgrub kyi rjes de nyid du 'jam dpal ril bu sgrub pa sogs las tshogs sbyar na mchog tu legs shing de ltar na dngos grub blangs ba las sbyor gyi rjes thogs su bya zhing /__sbyin sreg spro na lha sngags kha bsgyur te thugs sgrub sbyin sreg lta bur khog dbub pa'am/__yang na rnying ma'i sbyin sreg spyi gzhung zhig la gzhi blang bar bya'o/__/de ltar bsnyen sgrub legs par thems nas sku bris sku la brten nas zhal blta ba/__gsung tsakra la brten nas dbyer med du bya ba/__thugs shes rab ril bu sgrub pa/__yon tan bcud len gyi sbyor ba/__phrin las sran ma ma Sha'i sbyor ba rnams rtsa ba'i las sbyor dang /__yan lag 'khor gyi las tshogs dgu rnams la gter gzhung rtsa ba dang /__'jam mgon thams cad mkhyen pa'i gsal byed rnams las 'byung ba ltar ci nus su 'bad pas gzungs dang /__blo gros dang /__ting nge 'dzin gyi sgo mtha' yas par dbang 'byor zhing /__gnas skabs 'dzin blo sogs gong 'phel du 'gyur/__mthar thug bla ma rig 'dzin smra ba'i seng ge'i go 'phang thob par 'gyur ba ni nges par yang dag pa'o/__/bla ma'i sgrub pa dang 'brel ba'i/__/blo mchog spobs pa'i gter sgrub thabs/__/DA ki'i kha rlangs tho le ba/__/'di 'dra thob pas skal ba bzang /__/de phyir snying gi mun pa brgya/__/cig char sel ba'i sgron me 'di/__/dad brtson can gyis nyams blangs na/__/mkhyen gnyis ye shes rgyas par 'gyur/__/'di ltar bsnyen sgrub zin thun 'di/__/bris pa'i dge ba 'di yis kyang /__/blo dman rnams la gsos gyur te/__/ye shes snang ba sbyin gyur cig__/ces pa'ang gdong sna mchog sprul rin po che'i gsung bskul ngor 7chos kyi blo gros pas zin bris su bgyis pa dge legs 'phel/__mang+ga laM//___//

Footnotes

Other Information