དགྲ་འདུལ་ཝེར་མའི་སྙིང་ཏིག་ལས། །ཚོགས་མཆོད་དངོས་གྲུབ་ཆར་འབེབས།

From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-019
Wylie title dgra 'dul wer ma'i snying tig las/ /tshogs mchod dngos grub char 'bebs DKR-KABUM-23-A-019.pdf
Location dil mgo mkhyen brtse bka' 'bum
Volume 23, Text 19, Pages 357-361 (Folios 1a1 to 3a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Dgra 'dul wer ma'i snying tig las tshogs mchod dngos grub char 'bebs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 357-361. Delhi: Shechen Publications, 1994.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig)
Deity ge sar
Colophon

།ཅེས་འདི་ལྷོ་ཟླའི་སྨན་ལྗོངས་ཆར། །བླ་བྲོ་ངེས་དོན་གླིང་མཆོག་གི །དགེ་སློང་འབྱོར་རྒྱས་ཀྱིས་བསྐུལ་བཞིན། །རང་རིག་སྒྱུ་མའི་བཀོད་པ་ལས། །ཇི་ལྟར་ཤར་བའི་རྟོག་པ་འདི། །ཁྲག་འཐུང་བདུད་འདུལ་གར་དབང་རྩལ། །འབོད་པས་བཀྲ་ཤིས་ལྷ་རྩེ་ནས། །ཤར་མར་བྲིས་འདིས་དགྲ་བླའི་ཚོགས། །དགྱེས་པའི་འབྲུག་སྒྲ་འདིས་བསྐུལ་ཏེ། །ཕྲིན་ལས་རྨ་བྱའི་གར་རྩེན་ཤོག །མངྒ་ལཾ་སིདྡྷི་ཀུ་རུ་ཧོ། །དགེའོ།།

/ces 'di lho zla'i sman ljongs char/_/bla bro nges don gling mchog gi_/dge slong 'byor rgyas kyis bskul bzhin/_/rang rig sgyu ma'i bkod pa las/_/ji ltar shar ba'i rtog pa 'di/_/khrag 'thung bdud 'dul gar dbang rtsal/_/'bod pas bkra shis lha rtse nas/_/shar mar bris 'dis dgra bla'i tshogs/_/dgyes pa'i 'brug sgra 'dis bskul te/_/phrin las rma bya'i gar rtsen shog_/mang+ga laM sid+d+hi ku ru ho/_/dge'o//

[edit]
༄༅། །དགྲ་འདུལ་ཝེར་མའི་སྙིང་ཏིག་ལས། །ཚོགས་མཆོད་དངོས་གྲུབ་ཆར་འབེབས་བཞུགས། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡེ། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །ཐབས་དང་ཤེས་རབ་རྫས་བཤམས་ཏེ། །བསང་ཆུ་བདུད་རྩིའི་བྲན་བྱས་ལ། །བྱིན་གྱིས་བརླབས་ཏེ་འབུལ་བ་ནི། རཾ་ཡཾ་ཁཾ། དབྱིངས་ཀྱི་སྣོད་མཆོག་པདྨ་བྷཉྫའི་ནང༌། །རིག་པའི་དམ་རྫས་བདུད་རྩི་བཅུད་དུ་འཁྱིལ། །ཟུང་འཇུག་འདོད་ཡོན་ཆོས་དབྱིངས་ཁྱབ་གདལ་བ། །སྲིད་ཞིའི་བརྟན་གཡོའི་དྭངས་མ་ཆེན་པོར་ཤར། །ཨོཾ་ཨཱཿཧཱུྃ། གཉིས་པ་ཚོགས་མགྲོན་སྤྱན་འདྲེན་པ། ཧཱུྃ་ཧྲཱིཿ འོག་མིན་ཞིང་ན་བཅོམ་ལྡན་སྣང་མཐའ་ཡས། །ལོངས་སྤྱོད་ཡོངས་རྫོགས་དབང་ཆེན་ཧ་ཡ་གྲཱྀ། །སྒྱུ་འཕྲུལ་རོལ་མོ་རིགས་གསུམ་ཡེ་ཤེས་སེམས། །ཀུན་འདུས་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྣོད་བཅུད་རྡོ་རྗེའི་འོག་མིན་ཆེན་པོར་བཞུགས། །དམ་རྫས་ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །རྣལ་འབྱོར་ཕོ་མོ་ཧེ་རུ་ཀ་ཡི་གདུང༌། །གཉིས་མེད་ཡེ་ཤེས་འཁོར་ལོར་དབང་སྒྱུར་ཅིག །སརྦ་ས་མ་ཡ་ཛ་ཛཿ གསུམ་པ་ཚོགས་ཀྱི་མཆོད་པ་ནི། ཧཱུྃ་ཧྲཱིཿ ཕྱི་ལྟར་དབང་ཡུལ་ཡེ་ཤེས་ལྷའི་རོལ་མོ། །ནང་དུ་རྩ་རླུང་ཐིག་ལེ་བདུད་རྩིའི་སྤྲིན། །གསང་བ་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་བཅུད། །རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས། །ག་ཎ་ཙཀྲ་པཱུ་ཛ་ཧོ། བཞི་པ་བསྐང་ཞིང་བཤགས་པ་ནི། ཕྲིན་ལས་གཞུང་གི་བསྐང་བཤགས་སྦྱར་བའི་མཐར། ཨ། གཉིས་སྣང་ཐ་མལ་ཞེན་པའི་གཟུང་འཛིན་གྱིས། །འཁྲུལ་པ་རང་རྒྱུད་སྤྱོད་པའི་ཉེས་ལྟུང་ཚོགས། །ཞལ་ཟས་ཚོགས་ཀྱི་མཆོད་པ་ལ་བརྟེན་ནས། །བཤགས་སོ་དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །ཡིག་གེ་བརྒྱ་པ་བཟླ། ལྔ་པ་བསྒྲལ་སྟོབ་ནི། ཧཱུྃ་ཛཿ གློ་བུར་རྟོག་པའི་དམ་སྲི་གདོན་བགེགས་དགྲ། །ཡེ་ཤེས་སྙིང་རྗེས་འབར་བའི་ཕྱག་རྒྱས་གཟིར། །བདག་མེད་དབྱིངས་སུ་བསྒྲལ་བའི་ཤ་ཁྲག་རུས། །ཁྲག་འཐུང་དགྲ་བླའི་ལྷ་ཚོགས་ཞལ་དུ་བསྟབ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་དམ་རྫས་རོལ་ཞིང་སྤྱོད། དྲུག་པ་ལྷག་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དཔལ་གྱི་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང༌། །གནས་ཡུལ་མ་མོ་ཌཱ་ཀི་ཞིང་སྐྱོང་ཚོགས། །བདུད་རྩིའི་ཟེར་འཕྲོའི་ཕ་འབབ་འདི་བཞེས་ལ། །འདོད་དགུའི་ཕྲིན་ལས་མ་གཡེལ་མྱུར་དུ་སྒྲུབས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཧེ་རུ་ཀ་དཔལ་སོགས་སྨོན་ལམ་ཡང་བྱ། བདུན་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱིཿ སྐུ་ལྔ་ལྷུན་གྲུབ་མཚོ་སྐྱེས་རྡོ་རྗེ་འཆང༌། །སྙིགས་འགྲོ་སྐྱོབ་ཕྱིར་དཔའ་བོ་བདུད་དགྲ་འདུལ། །དོན་གྲུབ་ཝེར་མའི་རྒྱལ་པོའི་སྐུར་བཞེངས་ལ། །མ་གཡེལ་ཐུགས་དམ་དགོངས་པའི་རྩལ་ཤུགས་སྐྱེད། །བདག་ཅག་རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ལ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབང་མཆོག་སྐུར། །ནད་གདོན་བགེགས་དང་བར་ཆད་མ་ལུས་སྲུངས། །བྱིན་རླབས་དངོས་གྲུབ་མཐའ་དག་སྩལ་དུ་གསོལ། །བརྒྱད་པ་གཏོར་མ་འབུལ་བ་ནི། ཐོག་མར་ལས་བྱང་གཞུང་གི་གཏོར་འབུལ་བྱ། ཆད་ཐོ་ནི། ཧཱུྃ་བྷྱོཿ སྔོན་ཚེ་བར་དང་མཐའ་མའི་བསྐལ་པ་ལ། །ཐོག་མའི་མགོན་པོ་རྟ་མཆོག་པདྨ་རྒྱལ། །རྗེ་འབངས་ལོ་པཎ་སྤྲུལ་པའི་སྐྱེས་བུ་ལ། །ཟབ་གསང་ཀློང་ཆེན་དགོངས་པའི་མཛོད་བརྡོལ་ཚེ། །ཐ་ཚིག་ཕོག་པའི་དམ་ཅན་རྒྱ་མཚོ་ཡིས། །བཀའ་ཡི་གཏོར་མ་དགྱེས་དགུར་བཞེས་ནས་ཀྱང༌། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །དེ་ནས་བརྟན་མ་སྐྱོང་བ་ནི། ཧཱུྃ་ཧྲཱིཿ བདུད་དང་གནོད་སྦྱིན་སྨན་མོ་ཌཱ་ཀི་ནཱི། །བོད་ཡུལ་ཞིང་སྐྱོང་བརྟན་མ་ཆེན་མོའི་ཚོགས། །བཤལ་ཆུའི་བདུད་རྩི་བཞེས་ལ་གངས་ཅན་གྱི། །སྐྱེ་དགུ་མཐའ་དག་བདེ་བའི་ཕྲིན་ལས་མཛོད། །དགུ་པ་གཏོར་བྲོ་བྱ་བ་ནི། ཧཱུྃ་ཧྲཱིཿ རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་ཨེ་ཀློང་དུ། །འཁྲུལ་པ་རུ་ཏྲའི་དམ་སྲི་ལྡང་མེད་མནན། །ཡེ་ཤེས་འབར་བའི་རྡོ་རྗེས་རྒྱས་བཏབ་པས། །བྱང་ཆུབ་བར་དུ་ལྡང་བར་མ་བྱེད་ཅིག །སྟམྦྷ་ཡ་ནན། བཅུ་པ་དངོས་གྲུབ་བླང་བ་ནི། ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤཔྟ་མ་ཧཱ་པཱུ་ཛ་ཧོཿ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ་ཧྲཱིཿ བདེ་ཆེན་ཐིག་ལེ་གཅིག་གི་ཆོ་འཕྲུལ་ལས། །མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་སྤྲིན། །གང་འདུལ་རོལ་པས་དངོས་གྲུབ་མཆོག་སྦྱིན་མཛད། །དོན་གྲུབ་ཨ་དཀར་འོད་ཀྱི་ཝེར་མར་བསྟོད། །ཅེས་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བས། ཧྲཱིཿ རྩ་གསུམ་དབྱེར་མེད་སེང་ཆེན་དགྲ་བླའི་རྒྱལ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སྒོ་ཕྱེས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་རྨད་བྱུང་བས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །སྒྲུབ་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ། བཅུ་གཅིག་པ་ནོངས་པ་བཤགས་པ་ནི། མ་རྙེད་ཡོངས་སུ་སོགས་ཡིག་བརྒྱ་བརྗོད། བཅུ་གཉིས་པ་བརྟན་བཞུགས་ནི། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་དང༌། སུ་པྲ་ཏིཥྛས་རྟེན་ལ་བསྟིམ། རྟེན་མེད་ན། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། བཅུ་གསུམ་པ་བསྔོ་སྨོན་ཤིས་བརྗོད་ནི། དུས་གསུམ་ལེགས་བྱས་བསོད་ནམས་ཡེ་ཤེས་ཀྱི། །སྣང་བ་ཕན་བདེའི་པདྨོའི་དལ་ལ་བབ། །འགྲོ་ཀུན་རབ་དགའི་དཔལ་འབྱོར་རྒྱས་པ་དང༌། །དོན་གཉིས་ཡིད་བཞིན་ལྷུན་གྱིས་འགྲུབ་པར་ཤོག །ཨོཾ། དབྱིངས་རིག་ཟུང་འཇུག་ཆོས་སྐུའི་མཁའ་དབྱིངས་སུ། །བདེ་ཆེན་འོད་གསལ་སྤྲིན་གྱི་ཕྲེང་བ་མཛེས། །ཕྲིན་ལས་རྣམ་བཞིའི་ཆར་རྒྱུན་མི་ཟད་པའི། །དགེ་མཚན་ཡོན་ཏན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་འདི་ལྷོ་ཟླའི་སྨན་ལྗོངས་ཆར། །བླ་བྲོ་ངེས་དོན་གླིང་མཆོག་གི །དགེ་སློང་འབྱོར་རྒྱས་ཀྱིས་བསྐུལ་བཞིན། །རང་རིག་སྒྱུ་མའི་བཀོད་པ་ལས། །ཇི་ལྟར་ཤར་བའི་རྟོག་པ་འདི། །ཁྲག་འཐུང་བདུད་འདུལ་གར་དབང་རྩལ། །འབོད་པས་བཀྲ་ཤིས་ལྷ་རྩེ་ནས། །ཤར་མར་བྲིས་འདིས་དགྲ་བླའི་ཚོགས། །དགྱེས་པའི་འབྲུག་སྒྲ་འདིས་བསྐུལ་ཏེ། །ཕྲིན་ལས་རྨ་བྱའི་གར་རྩེན་ཤོག །མངྒ་ལཾ་སིདྡྷི་ཀུ་རུ་ཧོ། །དགེའོ།། །།
[edit]

!_dgra 'dul wer ma'i snying tig las/_/tshogs mchod dngos grub char 'bebs bzhugs/_na mo gu ru de wa DA ki nI ye/_rnal 'byor dam tshig ldan pa yis/_/thabs dang shes rab rdzas bshams te/_/bsang chu bdud rtsi'i bran byas la/_/byin gyis brlabs te 'bul ba ni/_raM yaM khaM/_dbyings kyi snod mchog pad+ma b+hany+dza'i nang*/_/rig pa'i dam rdzas bdud rtsi bcud du 'khyil/_/zung 'jug 'dod yon chos dbyings khyab gdal ba/_/srid zhi'i brtan g.yo'i dwangs ma chen por shar/_/oM AHhU~M/_gnyis pa tshogs mgron spyan 'dren pa/_hU~M hrIH_'og min zhing na bcom ldan snang mtha' yas/_/longs spyod yongs rdzogs dbang chen ha ya gr-I/_/sgyu 'phrul rol mo rigs gsum ye shes sems/_/kun 'dus seng chen nor bu dgra 'dul rtsal/_/'dod yon tshogs la spyan 'dren gshegs su gsol/_/snod bcud rdo rje'i 'og min chen por bzhugs/_/dam rdzas ye shes bdud rtsir byin gyis rlobs/_/rnal 'byor pho mo he ru ka yi gdung*/_/gnyis med ye shes 'khor lor dbang sgyur cig_/sarba sa ma ya dza dzaH_gsum pa tshogs kyi mchod pa ni/_hU~M hrIH_phyi ltar dbang yul ye shes lha'i rol mo/_/nang du rtsa rlung thig le bdud rtsi'i sprin/_/gsang ba lhan skyes phyag rgya chen po'i bcud/_/rtsa gsum dkyil 'khor lha la 'bul gyis bzhes/_/ga Na tsakra pU dza ho/_bzhi pa bskang zhing bshags pa ni/_phrin las gzhung gi bskang bshags sbyar ba'i mthar/_a/_gnyis snang tha mal zhen pa'i gzung 'dzin gyis/_/'khrul pa rang rgyud spyod pa'i nyes ltung tshogs/_/zhal zas tshogs kyi mchod pa la brten nas/_/bshags so dag tshangs mchog gi dngos grub stsol/_/yig ge brgya pa bzla/_lnga pa bsgral stob ni/_hU~M dzaH_glo bur rtog pa'i dam sri gdon bgegs dgra/_/ye shes snying rjes 'bar ba'i phyag rgyas gzir/_/bdag med dbyings su bsgral ba'i sha khrag rus/_/khrag 'thung dgra bla'i lha tshogs zhal du bstab/_/ma hA mAM sa rak+ta kiM ni ri ti khA hi/_de nas dam rdzas rol zhing spyod/_drug pa lhag ma 'bul ba ni/_oM AHhU~M ha ho hrIH_dpal gyi bka' nyan dkyil 'khor mu ran skyong*/_/gnas yul ma mo DA ki zhing skyong tshogs/_/bdud rtsi'i zer 'phro'i pha 'bab 'di bzhes la/_/'dod dgu'i phrin las ma g.yel myur du sgrubs/_/uts+tshiSh+Ta ba liM ta khA hi/_he ru ka dpal sogs smon lam yang bya/_bdun pa thugs dam bskul ba ni/_hU~M hrIH_sku lnga lhun grub mtsho skyes rdo rje 'chang*/_/snyigs 'gro skyob phyir dpa' bo bdud dgra 'dul/_/don grub wer ma'i rgyal po'i skur bzhengs la/_/ma g.yel thugs dam dgongs pa'i rtsal shugs skyed/_/bdag cag rtse gcig sgrub pa'i rnal 'byor la/_/sku gsung thugs kyi ye shes dbang mchog skur/_/nad gdon bgegs dang bar chad ma lus srungs/_/byin rlabs dngos grub mtha' dag stsal du gsol/_/brgyad pa gtor ma 'bul ba ni/_thog mar las byang gzhung gi gtor 'bul bya/_chad tho ni/_hU~M b+h+yoH_sngon tshe bar dang mtha' ma'i bskal pa la/_/thog ma'i mgon po rta mchog pad+ma rgyal/_/rje 'bangs lo paN sprul pa'i skyes bu la/_/zab gsang klong chen dgongs pa'i mdzod brdol tshe/_/tha tshig phog pa'i dam can rgya mtsho yis/_/bka' yi gtor ma dgyes dgur bzhes nas kyang*/_/bcol pa'i phrin las myur du 'grub par mdzod/_/de nas brtan ma skyong ba ni/_hU~M hrIH_bdud dang gnod sbyin sman mo DA ki nI/_/bod yul zhing skyong brtan ma chen mo'i tshogs/_/bshal chu'i bdud rtsi bzhes la gangs can gyi/_/skye dgu mtha' dag bde ba'i phrin las mdzod/_/dgu pa gtor bro bya ba ni/_hU~M hrIH_rnam thar sgo gsum dbyings kyi e klong du/_/'khrul pa ru tra'i dam sri ldang med mnan/_/ye shes 'bar ba'i rdo rjes rgyas btab pas/_/byang chub bar du ldang bar ma byed cig_/stam+b+ha ya nan/_bcu pa dngos grub blang ba ni/_oM ma hA seng+ha ma Ni rA dza sa pa ri wA ra ar+g+haM sogs/_shap+ta ma hA pU dza hoH_sarba pany+tsa a mr-i ta rak+ta ba liM ta khA hi/_hU~M hrIH_bde chen thig le gcig gi cho 'phrul las/_/mi zad rgyan gyi 'khor lo'i ye shes sprin/_/gang 'dul rol pas dngos grub mchog sbyin mdzad/_/don grub a dkar 'od kyi wer mar bstod/_/ces mchod bstod mdor bsdus sngon du 'gro bas/_hrIH_rtsa gsum dbyer med seng chen dgra bla'i rgyal/_/sku gsung thugs kyi ye shes sgo phyes la/_/thun mong mchog gi dngos grub rmad byung bas/_/bdag rgyud smin cing grol bar mdzad du gsol/_/sgrub sngags mthar/_kA ya wAka tsit+ta sarba sid+d+hi hU~M/_bcu gcig pa nongs pa bshags pa ni/_ma rnyed yongs su sogs yig brgya brjod/_bcu gnyis pa brtan bzhugs ni/_'dir ni gzugs dang lhan cig tu/_/sogs dang*/_su pra tiSh+Thas rten la bstim/_rten med na/_khyed kyis sems can sogs kyis gshegs su gsol/_bcu gsum pa bsngo smon shis brjod ni/_dus gsum legs byas bsod nams ye shes kyi/_/snang ba phan bde'i pad+mo'i dal la bab/_/'gro kun rab dga'i dpal 'byor rgyas pa dang*/_/don gnyis yid bzhin lhun gyis 'grub par shog_/oM/_dbyings rig zung 'jug chos sku'i mkha' dbyings su/_/bde chen 'od gsal sprin gyi phreng ba mdzes/_/phrin las rnam bzhi'i char rgyun mi zad pa'i/_/dge mtshan yon tan rgyas pa'i bkra shis shog_/ces 'di lho zla'i sman ljongs char/_/bla bro nges don gling mchog gi_/dge slong 'byor rgyas kyis bskul bzhin/_/rang rig sgyu ma'i bkod pa las/_/ji ltar shar ba'i rtog pa 'di/_/khrag 'thung bdud 'dul gar dbang rtsal/_/'bod pas bkra shis lha rtse nas/_/shar mar bris 'dis dgra bla'i tshogs/_/dgyes pa'i 'brug sgra 'dis bskul te/_/phrin las rma bya'i gar rtsen shog_/mang+ga laM sid+d+hi ku ru ho/_/dge'o//_//

Footnotes

Other Information