འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་ཟློག །འཆི་བསླུ། མགོ་གསུམ་བཅས་འདོན་ཟིན་རབ་གསལ་ནོར་བུའི་མེ་ལོང་དང༌། ཀུན་ཐུབ་རྒྱལ་མོའི་འཆམས་རྩ་ཁྲོ་ཆེན་འཆོལ་བའི་སྟངས་སྟབས།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-004
Wylie title 'jam dpal pha rol rgol 'joms kyi gtor zlog /'chi bslu/ mgo gsum bcas 'don zin rab gsal nor bu'i me long dang/ kun thub rgyal mo'i 'chams rtsa khro chen 'chol ba'i stangs stabs DKR-KABUM-09-TA-004.pdf
Location dil mgo mkhyen brtse bka' 'bum
Volume 9, Text 4, Pages 29 (Folios 1a1 to 1b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. 'jam dpal pha rol rgol 'joms kyi gtor zlog 'chi bslu mgo gsum bcas 'don zin rab gsal nor bu'i me long dang kun thub rgyal mo'i 'chams rtsa khro chen 'chol ba'i stangs stabs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 29. Delhi: Shechen Publications, 1994.
Genre Notes - zin bris
Colophon

།ཅེས་པའང་པདྨ་མངྒ་ལའི་ངོར་མངྒ་ལས་སོ།

/ces pa'ang pad+ma mang+ga la'i ngor mang+ga las so/

[edit]
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་ཟློག །འཆི་བསླུ། མགོ་གསུམ་བཅས་འདོན་ཟིན་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཡ་མཱནྟ་ཤྲཱི་ཧེ་རུ་ཀ་མཎྜ་ལ་བྷྱཿ། །ཡེ་ཤེས་རལ་གྲིས་སྲིད་ཞིའི་འཁྲུལ་རྟོག་བཅད། །ཁམས་གསུམ་ཟ་བྱེད་དུས་དགྲའི་རྔམ་ཟིལ་གྱིས། །ཚེ་འཆི་སྲོག་ལ་དབང་བསྒྱུར་འཇམ་པའི་དབྱངས། །ཕ་རོལ་ནག་ཕྱོགས་བདུད་དགྲ་འཇོམས་མཛད་རྒྱལ། །ལྷ་མཆོག་གང་གི་སྔགས་ཀྱི་སྒྱུ་འཕྲུལ་གྱིས། །འཆི་བདག་སྨྲ་ངན་རྒོལ་བ་ཚར་གཅོད་པའི། །ཕྲིན་ལས་རྨད་དུ་བྱུང་བའི་སྒོ་འབྱེད་པ། །རིག་འཛིན་གྲུབ་པའི་ཕྱག་བཞེས་འདིར་གསལ་བྱ། ༈ མི་སྲུན་བེ་ཅོན་གདེང་པས་ཚེ་སྲོག་དཔལ། །འཕྲོག་བྱེད་ཐབས་མཁས་འཆི་མེད་བདུད་རྩིས་སྐྱེས། །རྒྱུད་ལུང་མན་ངག་སྙིང་པོ་ནོར་བུའི་དབྱིག །རང་སྐལ་ཐོབ་པ་སྲི་ཞུ་ཅིས་མི་བརྩོན། །རབ་དགེ་དྲི་མེད་སྐབས་གསུམ་བཅུད་ལེན་གྱིས། །སྙིགས་མའི་བསྐལ་ངན་མིང་མེད་མཐར་བྱས་ཏེ། །ཚེ་དང་ཡེ་ཤེས་གྲུབ་པའི་དགའ་སྟོན་གྱིས། །འགྲོ་ཀུན་རབ་དགེའི་སྙེམས་པ་བསྒྱིངས་གྱུར་ཅིག །ཅེས་པའང་པདྨ་མངྒ་ལའི་ངོར་མངྒ་ལས་སོ། ༈ ཀུན་ཐུབ་རྒྱལ་མོའི་འཆམས་རྩ་ཁྲོ་ཆེན་འཆོལ་བའི་སྟངས་སྟབས་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་ར་ཡེ། མཆོག་ཐུན་དངོས་གྲུབ་གདེང་ཅན་དབྱིག་ལེན་ཚེ། །བར་གཅོད་ཆུ་སྲིན་མཆེ་བའི་གཡུལ་འཇོམས་ལ། །ཐོགས་མེད་རྡོ་རྗེའི་མཚོན་གདེང་ཀུན་ཐུབ་རྒྱལ། །འཆོལ་བའི་རྡོ་རྗེས་སྟངས་སྟབས་འདིར་གསལ་བྱ། ༈ །ཡེ་ཤེས་རྡོ་རྗེའི་གོ་ཆས་བདུད་སྡེའི་དཔུང༌། འཇོམས་ནས་དངོས་གྲུབ་ཉིན་བྱེད་གཟི་བྱིན་གྱིས། །མཆོག་བསྟན་པདྨའི་དགའ་ཚལ་འབྱེད་པ་ཡིས། །དགའ་སྟོན་ས་གསུམ་ཁྱོན་ན་མཛེས་གྱུར་ཅིག །ཅེས་པའང་པདྨ་མངྒ་ལའི་ངོར་མངྒ་ལས་སོ།

Footnotes

Other Information