སོ་སོའི་སྐྱེ་བོའི་སྒོ་གསུམ་སོགས། ངག་གི་བྱིན་རླབས་བཤད་པ།

From Khyentse Lineage - A Tsadra Foundation Project
Revision as of 08:03, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-06-CHA-017
Wylie title so so'i skye bo'i sgo gsum sogs/ ngag gi byin rlabs bshad pa DKR-KABUM-06-CHA-017.pdf
Location dil mgo mkhyen brtse bka' 'bum
Volume 6, Text 17, Pages 144-147 (Folios 1a1 to 4a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation Khyentse, Dilgo. So so'i skye bo'i sgo gsum sogs ngag gi byin rlabs bshad pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 144-147. Delhi: Shechen Publications, 1994.
Genre Detailed Explanation - rnam bshad  ·  Sadhanas - Evocation Ritual - sgrub thabs
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
[edit]
སོ་སོའི་སྐྱེ་བོའི་སྒོ་གསུམ་ཐ་མལ་དུ་ཞེན་པས་དགེ་བ་གང་བྱས་ན་སྟོབས་ཆུང་བའི་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པས་ཐ་མལ་གྱི་སྒོ་གསུམ་དག་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པས་སྣང་སྤྱོད་དགེ་བར་བསླབས་པས་དགེ་བའི་དམིགས་པ་སྟོབས་ཆེ་བའི་ཕྱིར་ངག་བྱིན་གྱིས་བརླབ་པའི་སྐབས་སུ་ཡང་ནི། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ལུས་ངག་ཡིད་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་དག་པར་མོས་ལ། རང་གི་ཁ་ནང་ལྕེ་ཡི་དབང་པོ་ཟླ་བ་བཀས་པ་ལྟ་བུའི་སྟེང་རཾ་གྱི་ཡི་གེ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་འབར་བས་ངག་གི་ཉེས་སྒྲིབ་བག་ཆགས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་གྱི་རྒྱུ་འབྲས་ཐམས་ཅད་བསྲེགས་ཤིང་སྟོང་ཉིད་དུ་དག་པར་བྱས་ནས། རང་གི་ལྕེ་ངོ་བོ་གསུང་རྡོ་རྗེ་སྣང་བ་མཐའ་ཡས་རྗེས་སུ་མཚོན་པའི་འོད་དམར་པོའི་རྣམ་པའི་རྡོ་རྗེ་རྩེ་གསུམ་པར་གྱུར་པའི་སྦུབས། ལྟེ་བའི་དབུས་སུ་ཨཱ་ལི་གསུང་རྡོ་རྗེའི་ཡི་གེ་དབྱངས་ཡིག་བཅུ་དྲུག །ཀཱ་ལི་སྐུ་རྡོ་རྗེའི་ཡི་གེ་གསལ་བྱེད་སོ་གཉིས་ཀྱི་མཐའ་བསྐོར་དུ་ཐུགས་རྡོ་རྗེའི་ཡི་གེ་རྟེན་འབྲེལ་སྙིང༌། པོ་རྣམས་འོད་ཀྱི་རང་བཞིན་བཀྲག་དང་ལྡན་པ་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་ལྟ་བུའི་ཡིག་འབྲུ་ཀུན་ལས་འོད། ཟེར་དཔག་ཡས་འཕྲོས་པ་དག་པའི་ཞིང་ཁམས་ཀུན་ཏུ་ཁྱབ། རྒྱལ་བ་སྲས་བཅས་མཆོད་པའི་སྤྲིན་ཟད་མི་ཤེས་པ་ཕུལ་བས་སྐུ་གསུང་ཐུགས་ཀྱི་གསང་བ་མཉེས། པར་བྱས། འོད་ཟེར་སླར་འདུས་པས་ངག་གི་སྒྲིབ་པ་དག་ནས་དེ་དག་གི་གསུང་རྡོ་རྗེ། མི་ཟད་རྒྱན་གྱི་འཁོར་ལོར་གཙོ་བོར་གྱུར་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཨཱ་ལི་ཀཱ་ལི་རྟེན་སྙིང་གི་རྣམ་པ་ཆར་བབ་པ་ལྟར་བྱུང་ནས་ལྕེ་ལ་ཐིམ་པས་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དངོས་གྲུབ་ཐོབ་པར་བསམ། ལ་ དབྱངས་གསལ། རྟེན་སྙིང་རྣམས་ལན་བདུན་རེ་བཟླ་བ་ནི་དབྱངས་གསལ་རྟེན་སྙིང་གསུམ་ལ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་འདུ་ཞིང་བཟླས་པ་ཙམ་གྱིས་སྐུ་གསུམ་དུ་གྲོལ་བར་བྱེད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་མདོ་རྒྱུད་དུ་མ་ནས་གསུངས་པ་དང༌། སྔོན་འགྲོ་ཙམ་དུ་མ་ཟད་བསྙེན་སྒྲུབ་དང་ཁ་ཏོན་སྤྱི་ལ་གཅེས་པའི་གདམས་པ་ཟབ་མོའོ། །ད་གཉིས་པ་སྔོན་འགྲོ་དངོས་ལ། ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། དང་པོ་ལ་དམིགས་སྐོར་དྲུག་ལས། དང་པོ་ཆོས་ལ་བློ་འཇུག་པའི་རྒྱུ་དལ་འབྱོར་རྙེད་པར་དཀའ་བའི་དམིགས་རྐང་ནི། དེ་ཡང་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་ལ་འདུ་ཞིང༌། དེ་ཐམས་ཅད་ཐུན་མོང་གི་ཉམས་སུ་ལེན་བྱ་དམིགས་རྐང་དྲུག་པོ་འདི་ཡིན་པས་ཐུན་མོང་གི་སྔོན་འགྲོ་ཞེས་བྱ། དེ་ཡང་སྐྱེས་བུ་གསུམ་ནི། དད་པ་རྣམ་དག་སྐྱེས་བུ་ཆུང་ངུ༌། ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང༌། ལྷག་བསམ་རྣམ་དག་སྐྱེས་བུ་ཆེན་པོ་ཞེས་གསུངས་པ་འདིས་མདོ་སྔགས་ཀྱི་ལམ་ཐམས་ཅད་བསྡུས་པ་ཡིན། དེ་ལས་དང་པོ་དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ་ཞེས་གྲགས་པའི་དད་པ་ལ་དབྱེ་ན་དཀོན་མཆོག་ལ་སེམས་རབ་ཏུ་དྭངས་བདེན་པ་བཞི་ལ་བླང་དོར་དུ་འདོད་པས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་གསུམ་ཡོད། དད་པ་འདི་ནི་བདག་ཅག་གི་སྟོན་པས་དཀར་པོའི་ཆོས་ཐམས་ཅད་སྣང་བའི་སྒོ་ཞེས་གསུངས་པས་ཐོག་མར་ཉིད་དུ་རྒྱུད་ལ་བསྐྱེད་དགོས་པ་ཞིག་ཡིན་པས། བླ་མ་མཁྱེན། ཞེས་ལན་གསུམ་གྱིས་གདུང་ཤུགས་དྲག་པོས་བསྐུལ་བ་དང་བཅས་ཏེ། སུ་བཞེངས་པར་བསྐུལ་ན། རང་གི་སྙིང་པདྨ་དམར་པོ་འདབ་མ་བཞིའི་དབུས་སུ་བླ་མ་རྗེས་སུ་དྲན་པའི་དད་པ་རབ་ཏུ་རྒྱས་པའི་གེ་སར་སྦྲང་རྩིས་གང་བ་བཞིན་བཞད་པའི་གནས་ནས། སྐྱབས་གནས་གཅིག་ཆོག་རྒྱལ་པོ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཀུན་འདུས་ལ་རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུ་ཚོན་གང་བ་ཉིད་ཤེས་བྱ་སྦུབས་འཇུག་གི་མན་ངག་གི་ཆོས་སྐུའི་སྟོང་པའི་དབྱིངས་སུ་བསྡུས་པ་གང༌། མཁའ་ཁྱབ་སེམས་ཅན་ཀུན་ཡར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འདྲེན་པའི་ཕྱིར་གཟུགས་སྐུའི་རོལ་པར་བཞེངས། པར་མཛོད་ཅིག །དགོངས་པ་གང་གི་ཕྱིར་བཞེངས་དགོས་ན་ལས་དགེ་སྡིག་བར་མ་གསུམ་དང་ཉོན་མོངས་ཆགས་སྡང་རྨོངས་གསུམ་གྱི་རྒྱུ་བྱས། འབྲས་བུ་ནད་མུག་མཚོན་གྱི་སྡུག་བསྔལ་དྲག་པོས་གཟིར་ཞིང་སྒོ་གསུམ་རྟག་ཏུ་མནར་བ་ཡིས། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་འབྲས་ཀྱིས་ཕོངས་ཤིང་གདུང་བས་དམ་ཆོས་ཡང་དག་སྒྲུབ་པའི་སྣོད་དང་མི་ལྡན་པའི་སྐལ་པ་ངན་པ་འཁོར་བ་མཐའ་མེད་འཁྱམས་པ་བདག་དང་བདག་ལྟ་བུ་སེམས་ཅན་ཐམས་ཅད་ལ། སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་མགོན་པོ་ཁྱོད་ཀྱིས་ཐུགས་རྗེས་བཟུང་སྟེ། དགོས་པ་འཁོར་བ་དང་ངན་སོང་གི་གཡང་ས་ལས་ཐུགས་བརྩེ་ནུས་པའི་སྟོབས་ཀྱིས་སྐྱོབ་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྒྱུ་འབྲས་ལ་སྤྱོད་པའི་སྐལ་པ་བཟང་པོ་སེམས་ཅན་སངས་རྒྱས་སུ་མཛད་ནུས་པའི་ཕྱིར། ད་ལྟ་བླ་མ་རྗེས་སུ་དྲན་པས་གསོལ་བ་འདེབས་པའི་དུས་ཡིན་པས་རང་ལུས་ཀྱི་སྤྱི་བོར་བདེ་ཆེན་འཁོར་ལོ་ཐོར་ཚུགས་ནོར་བུའི་ཏོག་གི་རྒྱན་བཞིན་དུ་ཡེ་རེ་ཁྱིལ་ལེ་དགྱེས་བཞིན་དུ་བཞུགས། པར་མོས་ལ་ཀུན་རྫོབ་ཕྱི་ཡི་བླ་མ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་དང་ལུས་སེམས་ལ་ཡང་ཡང་བརྟག་པའི་ཤེས་བཞིན་བག་ཡོད་ཀུན་ཀྱང་དོན་དམ་ནང་གི་བླ་མ་ཡིན་པས་འདུ་འབྲལ་སྐད་ཅིག་ཀྱང་མེད་པར་རང་གི་སེམས་གྱོང་པོ་རྟ་རྒོད་ལྟ་བུ་དེ་འདུལ་ཕྱིར་སེམས་ཉིད་གཤིས་སུ་རང་རྩལ་བརྗེད་ངེས་ཀྱིས་དབང་དུ་མི་འགྲོ་བ་དཔང་པོའི་ཚུལ་དུ་བཞེངས་སུ་གསོལ། བས་ཐར་པའི་གཞུང་ལམ་དུ་ཚུད་པར་མཛོད་ཅེས་བསྐུལ་བ་སྟེ། དེ་དག་གིས་སྙིང་དབུས་དད་པའི་གེ་སར་ནས། ཡར་ལ་བཞེངས་ཞེས་པའི་བར་གྱིས་བླ་མའི་གསང་གསུམ་གྱི་ཡོན་ཏན་དྲན་པས་དྭངས་བའི་དད་པ། ལས་དང་ཉོན་མོངས་སོགས་ནས། སྐྱོབ་བའི་ཕྱིར་བར་གྱིས་འཁོར་བ་ལས་སྐྱབས་ཏེ་རྣམ་གྲོལ་དོན་དུ་གཉེར་བ་འདོད་པའི་དད་པ། སྤྱི་བོ་བདེ་ཆེན་འཁོར་ལོ་ནས། བཞེངས་སུ་གསོལ་ཞེས་ཡིད་ཆེས་ཀྱི་དད་པ་གསུམ་གཙོ་བོར་བསྐྱེད་པ་སྟེ། འོག་གི་སྔོན་འགྲོའི་ཉམས་ལེན་ཐམས་ཅད་ལ་དད་པས་གཞི་བཟུང་དགོས་པའི་རྒྱུ་མཚན་སོ་སོའི་སྐབས་སུ་འཆད་པར་འགྱུར་ཞིང༌། སྤྱིར་ཕྱི་ནང་གི་སྔོན་འགྲོ་འདི་རྣམས་གཅིག་གྲོགས་གཅིག་གིས་བྱས་ནས་སྤེལ་མར་ཉམས་སུ་བླངས་ཏེ་རང་སེམས་ལ་གང་ཕན་པ་དང༌། གཉེན་པོ་གང་འགྲོའི་ཚུལ་དུ་ཉམས་སུ་ལེན་དགོས་ལ། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་རིན་པོ་ཆེ་མཛོད་དང༌། མན་ངག་མཛོད་དུ་དད་པའི་རྣམ་གྲངས་དྲུག་ཏུ་གསུངས་ཀྱང་ལྡོག་ཆས་དབྱེ་བ་ཙམ་ལས་དོན་ལ་དད་པ་གསུམ་དུ་འདུ་གསུངས། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་བཞེས་སུ་བླ་མ་མཁྱེན་ཞེས་པའི་མཚམས་སུ་སྙིང་ཐིག་བླ་མཆོད་དངོས་གྲུབ་རྒྱ་མཚོ་ལས་འབྱུང་བ་ལྟར། གང་གི་དྲིན་གྱིས་སོགས་གསོལ་འདེབས་རྒྱས་པ་ཡང་སྦྱར་བར་མཛད་དོ། །ཐུན་མོང་སྔོན་འགྲོའི་དམིགས་རྐང་དང་པོ་ལ་དལ་འབྱོར་རྙེད་དཀའ་ཚུལ་བསམ་པ་ནི། བདག་འདི་ལྟར་ད་རེས་དལ་འབྱོར་གྱི་ལུས་ཐོབ་པ་འདིའི་ཡོན་ཏན་ལ་བསམ་ན་ངོ་མཚར་ཆེ་སྟེ། དལ་བ་བརྒྱད་ཀྱི་ལྡོག་ཕྱོགས་མི་ཁོམ་པའི་གནས་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ། དུད་འགྲོ་རུ་སྐྱེས་ན་བླུན་རྨོངས་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཏེ་དེ་གསུམ་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འདུ་ཤེས་མེད་པའི་ཏིང་འཛིན་གྱི་ངང་དུ་མནལ་བའི་ཚེ་རིང་པོའི་ལྷ་དང་དེ་རུ་སྐྱེས་ན་ངེས་འབྱུང་དང་སྐྱོ་ཤས་མེད་ཅིང་འགྱུར་བའི་སྡུག་བསྔལ་དང༌། ཡུལ་མཐའ་འཁོབ་སུམ་ཅུ་རྩ་གཉིས་དང་ལྷོ་མོན་གྱི་ཀླ་ཀློ་སོགས་ཀླ་ཀློ་ བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་སོགས་ལོག་ལྟ་ཅན། དང༌། སངས་རྒྱས་མ་བྱོན་པའི་ཞིང་མུན་པའི་བསྐལ་པ་དང༌། སེམས་དང་ངག་སྨྲ་མི་ཤེས་པའི་ལྐུག་པ་སྟེ། དེ་འདྲའི་གནས་སུ་སྐྱེས་ན་ཆོས་ཀྱི་སྣོད་དུ་མི་རུང་ཞིང་འགྱུར་བའི་སྡུག་བསྔལ་ཅན་ཡིན་པས་དེ་དག་སྒོ་གསུམ་ཆོས་ལ་སྤྱོད་པའི་ལོངས་སྐབས་མེད་པ་དང་མི་ཁོམ་པའི་གནས་རིས་བརྒྱད་པོ་སྟེ་དེ་ལས་ཐར་པའི་ཁྱད་གཞི་དལ་བ་བརྒྱད་ཀྱི་ཡོན་ཏན་ཚང་བའི་ལུས་རྟེན་ཁྱད་པར་ཅན་ཐོབ། པ་འདི་ལ། ཁྱད་ཆོས་འབྱོར་བ་བཅུ་དང་ལྡན་པ་ཡང་རྟེན་ལྷ་བས་ལྷག་པའི་མིར་གྱུར། ཐོས་བསམ་གྱི་རྟེན་དབང་པོ་སྒོ་ལྔ་ཚང་བ་དང་གང་དུ་ཆོས་དར་བའི་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས། རྔོན་པ་དང་སྨད་འཚོང་བྱེད་པ་སོགས་ལས་ཀྱི་མཐའ་མ་ལོག་ དད་པའི་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་དད་པ་སྟེ། དེ་དག་རང་ཉིད་ལ་ལྟོས་ནས་ཚང་དགོས་པས་རང་གི་དལ་རྟེན་ལ་འབྱོར་པ་ལྔ་ཚང་བ་དང༌། སངས་རྒྱས་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོ་བྱོན། པ་དང༌། གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་རིམ་པ་གསུམ་གྱིས་གསུངས་པ་དང༌། རྒྱལ་བའི་བསྟན་པ་མ་ནུབ་པར་གནས་པ་དང༌། རང་ཉིད་བསྟན་པ་དེ་ལ་ཞུགས་པ་དང༌། ཐར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་དམ་པས་ཐུགས་བརྩེས་རྗེས་སུ་ཟིན་པ་དང་དེ་དག་ནི་རྒྱུད་གཞན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ལྔ་སྟེ། མདོར་ན་དལ་འབྱོར་གྱི་ཡོན་ཏན་ཐམས་ཅད་རང་གི་ལུས་རྟེན་འདི་ཉིད་ལ་ཚང་བའི་གནས་སམ་རྟེན། མཛད་འཕྲོ་ལུས།
[edit]

so so'i skye bo'i sgo gsum tha mal du zhen pas dge ba gang byas na stobs chung ba'i phyir gsang sngags rdo rje theg pas tha mal gyi sgo gsum dag pa rdo rje gsum gyi rang bzhin du shes pas snang spyod dge bar bslabs pas dge ba'i dmigs pa stobs che ba'i phyir ngag byin gyis brlab pa'i skabs su yang ni/_oM AHhU~M zhes brjod pas lus ngag yid gsum sangs rgyas thams cad kyi sku gsung thugs rdo rje'i rang bzhin du dag par mos la/_rang gi kha nang lce yi dbang po zla ba bkas pa lta bu'i steng raM gyi yi ge las byung ba'i ye shes kyi me 'bar bas ngag gi nyes sgrib bag chags rdzun phra ma tshig rtsub ngag 'khyal gyi rgyu 'bras thams cad bsregs shing stong nyid du dag par byas nas/_rang gi lce ngo bo gsung rdo rje snang ba mtha' yas rjes su mtshon pa'i 'od dmar po'i rnam pa'i rdo rje rtse gsum par gyur pa'i sbubs/_lte ba'i dbus su A li gsung rdo rje'i yi ge dbyangs yig bcu drug_/kA li sku rdo rje'i yi ge gsal byed so gnyis kyi mtha' bskor du thugs rdo rje'i yi ge rten 'brel snying*/_po rnams 'od kyi rang bzhin bkrag dang ldan pa rin po che mu tig gi phreng ba lta bu'i yig 'bru kun las 'od/_zer dpag yas 'phros pa dag pa'i zhing khams kun tu khyab/_rgyal ba sras bcas mchod pa'i sprin zad mi shes pa phul bas sku gsung thugs kyi gsang ba mnyes/_par byas/_'od zer slar 'dus pas ngag gi sgrib pa dag nas de dag gi gsung rdo rje/_mi zad rgyan gyi 'khor lor gtso bor gyur pa'i byin rlabs dang dngos grub thams cad A li kA li rten snying gi rnam pa char bab pa ltar byung nas lce la thim pas gsung gi gsang ba bsam gyis mi khyab pa'i dngos grub thob par bsam/_la _dbyangs gsal/_rten snying rnams lan bdun re bzla ba ni dbyangs gsal rten snying gsum la chos sgo brgyad khri bzhi stong 'du zhing bzlas pa tsam gyis sku gsum du grol bar byed pa sogs phan yon bsam gyis mi khyab par mdo rgyud du ma nas gsungs pa dang*/_sngon 'gro tsam du ma zad bsnyen sgrub dang kha ton spyi la gces pa'i gdams pa zab mo'o/__/da gnyis pa sngon 'gro dngos la/_thun mong dang*/_thun mong ma yin pa'i sngon 'gro gnyis las/_dang po la dmigs skor drug las/_dang po chos la blo 'jug pa'i rgyu dal 'byor rnyed par dka' ba'i dmigs rkang ni/_de yang rgyal bas gsungs pa'i chos thams cad skyes bu gsum gyi lam la 'du zhing*/_de thams cad thun mong gi nyams su len bya dmigs rkang drug po 'di yin pas thun mong gi sngon 'gro zhes bya/_de yang skyes bu gsum ni/_dad pa rnam dag skyes bu chung ngu*/_nges 'byung rnam dag skyes bu 'bring*/_lhag bsam rnam dag skyes bu chen po zhes gsungs pa 'dis mdo sngags kyi lam thams cad bsdus pa yin/_de las dang po dad pa rnam dag skyes bu chung ngu'i lam zhes grags pa'i dad pa la dbye na dkon mchog la sems rab tu dwangs bden pa bzhi la blang dor du 'dod pas rgyu 'bras la yid ches kyi dad pa gsum yod/_dad pa 'di ni bdag cag gi ston pas dkar po'i chos thams cad snang ba'i sgo zhes gsungs pas thog mar nyid du rgyud la bskyed dgos pa zhig yin pas/_bla ma mkhyen/_zhes lan gsum gyis gdung shugs drag pos bskul ba dang bcas te/_su bzhengs par bskul na/_rang gi snying pad+ma dmar po 'dab ma bzhi'i dbus su bla ma rjes su dran pa'i dad pa rab tu rgyas pa'i ge sar sbrang rtsis gang ba bzhin bzhad pa'i gnas nas/_skyabs gnas gcig chog rgyal po ngo bo drin can rtsa ba'i bla ma kun 'dus la rnam pa o rgyan rdo rje 'chang gi sku tshon gang ba nyid shes bya sbubs 'jug gi man ngag gi chos sku'i stong pa'i dbyings su bsdus pa gang*/_mkha' khyab sems can kun yar thar pa dang thams cad mkhyen pa'i lam la 'dren pa'i phyir gzugs sku'i rol par bzhengs/_par mdzod cig_/dgongs pa gang gi phyir bzhengs dgos na las dge sdig bar ma gsum dang nyon mongs chags sdang rmongs gsum gyi rgyu byas/_'bras bu nad mug mtshon gyi sdug bsngal drag pos gzir zhing sgo gsum rtag tu mnar ba yis/_thar pa dang thams cad mkhyen pa'i rgyu 'bras kyis phongs shing gdung bas dam chos yang dag sgrub pa'i snod dang mi ldan pa'i skal pa ngan pa 'khor ba mtha' med 'khyams pa bdag dang bdag lta bu sems can thams cad la/_sangs rgyas kun las bka' drin che ba'i mgon po khyod kyis thugs rjes bzung ste/_dgos pa 'khor ba dang ngan song gi g.yang sa las thugs brtse nus pa'i stobs kyis skyob cing thar pa dang thams cad mkhyen pa'i lam gyi rgyu 'bras la spyod pa'i skal pa bzang po sems can sangs rgyas su mdzad nus pa'i phyir/_da lta bla ma rjes su dran pas gsol ba 'debs pa'i dus yin pas rang lus kyi spyi bor bde chen 'khor lo thor tshugs nor bu'i tog gi rgyan bzhin du ye re khyil le dgyes bzhin du bzhugs/_par mos la kun rdzob phyi yi bla ma gsol ba btab pa'i byin rlabs kyis/_blang dor gyi gnas mi brjed pa'i dran pa dang lus sems la yang yang brtag pa'i shes bzhin bag yod kun kyang don dam nang gi bla ma yin pas 'du 'bral skad cig kyang med par rang gi sems gyong po rta rgod lta bu de 'dul phyir sems nyid gshis su rang rtsal brjed nges kyis dbang du mi 'gro ba dpang po'i tshul du bzhengs su gsol/_bas thar pa'i gzhung lam du tshud par mdzod ces bskul ba ste/_de dag gis snying dbus dad pa'i ge sar nas/_yar la bzhengs zhes pa'i bar gyis bla ma'i gsang gsum gyi yon tan dran pas dwangs ba'i dad pa/_las dang nyon mongs sogs nas/_skyob ba'i phyir bar gyis 'khor ba las skyabs te rnam grol don du gnyer ba 'dod pa'i dad pa/_spyi bo bde chen 'khor lo nas/_bzhengs su gsol zhes yid ches kyi dad pa gsum gtso bor bskyed pa ste/_'og gi sngon 'gro'i nyams len thams cad la dad pas gzhi bzung dgos pa'i rgyu mtshan so so'i skabs su 'chad par 'gyur zhing*/_spyir phyi nang gi sngon 'gro 'di rnams gcig grogs gcig gis byas nas spel mar nyams su blangs te rang sems la gang phan pa dang*/_gnyen po gang 'gro'i tshul du nyams su len dgos la/_kun mkhyen chen po'i yid bzhin mdzod rin po che mdzod dang*/_man ngag mdzod du dad pa'i rnam grangs drug tu gsungs kyang ldog chas dbye ba tsam las don la dad pa gsum du 'du gsungs/_'jam mgon mkhyen brtse rin po che'i phyag bzhes su bla ma mkhyen zhes pa'i mtshams su snying thig bla mchod dngos grub rgya mtsho las 'byung ba ltar/_gang gi drin gyis sogs gsol 'debs rgyas pa yang sbyar bar mdzad do/__/thun mong sngon 'gro'i dmigs rkang dang po la dal 'byor rnyed dka' tshul bsam pa ni/_bdag 'di ltar da res dal 'byor gyi lus thob pa 'di'i yon tan la bsam na ngo mtshar che ste/_dal ba brgyad kyi ldog phyogs mi khom pa'i gnas dmyal bar skyes na tsha grang gi sdug bsngal/_yi dwags su skyes na bkres skom/_dud 'gro ru skyes na blun rmongs bkol spyod kyi sdug bsngal te de gsum sdug bsngal gyi sdug bsngal dang*/_'du shes med pa'i ting 'dzin gyi ngang du mnal ba'i tshe ring po'i lha dang de ru skyes na nges 'byung dang skyo shas med cing 'gyur ba'i sdug bsngal dang*/_yul mtha' 'khob sum cu rtsa gnyis dang lho mon gyi kla klo sogs kla klo _bstan pa las phyi rol du gyur pa'i mu stegs sogs log lta can/_dang*/_sangs rgyas ma byon pa'i zhing mun pa'i bskal pa dang*/_sems dang ngag smra mi shes pa'i lkug pa ste/_de 'dra'i gnas su skyes na chos kyi snod du mi rung zhing 'gyur ba'i sdug bsngal can yin pas de dag sgo gsum chos la spyod pa'i longs skabs med pa dang mi khom pa'i gnas ris brgyad po ste de las thar pa'i khyad gzhi dal ba brgyad kyi yon tan tshang ba'i lus rten khyad par can thob/_pa 'di la/_khyad chos 'byor ba bcu dang ldan pa yang rten lha bas lhag pa'i mir gyur/_thos bsam gyi rten dbang po sgo lnga tshang ba dang gang du chos dar ba'i chos tshigs kyi yul dbus su skyes/_rngon pa dang smad 'tshong byed pa sogs las kyi mtha' ma log _dad pa'i gnas sangs rgyas kyi bstan pa rin po che la dad pa ste/_de dag rang nyid la ltos nas tshang dgos pas rang gi dal rten la 'byor pa lnga tshang ba dang*/_sangs rgyas bskal bzang rnam 'dren bzhi pa shAkya'i rgyal po byon/_pa dang*/_gdul bya rigs can gsum la chos 'khor rim pa gsum gyis gsungs pa dang*/_rgyal ba'i bstan pa ma nub par gnas pa dang*/_rang nyid bstan pa de la zhugs pa dang*/_thar lam gyi rtsa ba dge ba'i bshes gnyen dam pas thugs brtses rjes su zin pa dang de dag ni rgyud gzhan la ltos nas tshang dgos pas gzhan 'byor lnga ste/_mdor na dal 'byor gyi yon tan thams cad rang gi lus rten 'di nyid la tshang ba'i gnas sam rten/__mdzad 'phro lus/

Footnotes

Other Information