བླ་མ་དཔལ་ཆེན་པོ་ལ་རྩ་སྔགས་དང་སྦྱར་བའི་བསྟོད་ཅིང་རྗེས་སུ་དྲན་པའི་ཐོལ་གླུ་མི་ཤིགས་རྡོ་རྗེ་དབྱངས་ཀྱི་རོལ་མོ།

From Khyentse Lineage - A Tsadra Foundation Project
DKR-KABUM-06-CHA-016
Wylie title bla ma dpal chen po la rtsa sngags dang sbyar ba'i bstod cing rjes su dran pa'i thol glu mi shigs rdo rje dbyangs kyi rol mo DKR-KABUM-06-CHA-016.pdf
Location dil mgo mkhyen brtse bka' 'bum
Volume 6, Text 16, Pages 142-143 (Folios 1a1 to 2a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation Khyentse, Dilgo. Bla ma dpal chen po la rtsa sngags dang sbyar ba'i bstod cing rjes su dran pa'i thol glu mi shigs rdo rje dbyangs kyi rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 142-143. Delhi: Shechen Publications, 1994.
Genre Verses of Praise - bstod pa
Cycle རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ་ (rig 'dzin thugs sgrub dpal chen 'dus pa)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity dpal chen he ru ka
Colophon

།ཅེས་པའང་མདོ་ཁམས་ཤར་ཕྱོགས་སུ་སྐྱེས་པའི་སྔགས་སྨྱོན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་ཡིད་ངོར་གསལ་བའི་ཀུན་རྟོག་གི་རི་མོ་ཡི་གེར་བཀོད་པ་སིདྡྷི་རསྟུ།

ces pa'ang mdo khams shar phyogs su skyes pa'i sngags smyon rang byung 'od gsal thugs mchog rdo rje'i yid ngor gsal ba'i kun rtog gi ri mo yi ger bkod pa sid+d+hi rastu/

[edit]
༄༅། །བླ་མ་དཔལ་ཆེན་པོ་ལ་རྩ་སྔགས་དང་སྦྱར་བའི་བསྟོད་ཅིང་རྗེས་སུ་དྲན་པའི་ཐོལ་གླུ་མི་ཤིགས་རྡོ་རྗེ་དབྱངས་ཀྱི་རོལ་མོ་བཞུགས། ཨྱོྃ་ནི་ཀ་དག་དབྱིངས་སུ་སྐུ་ལྔ་དང་ཡེ་ཤེས། །ཁ་སྦྱོར་བདེ་ཆེན་ཡོན་ཏན་མཐའ་ཡས་པའི་རྟེན་གྱུར། ག་བུར་འཛིན་མཚུངས་དེ་བཞིན་གཤེགས་ཀུན་གྱི་ཁྱབ་བདག །ང་བདག་ལས་འདས་འཇམ་དཔལ་སྐུ་ཡི་མཆོག་མཁྱེན་ནོ། །གུ་རུ་ཅ་ཅོའི་ཚིག་མིན་ལྷན་སྐྱེས་ཀྱི་ཡེ་ཤེས། །ཆ་ཤས་ཙམ་མིན་གཅིག་ཆར་རྟོགས་བྱེད་ཀྱི་བྱིན་རླབས། །ཇ་ཆང་སྐྱེམས་ཀྱི་མཆོག་བཞིན་མྱུར་སྩོལ་གྱི་བླ་མ། །ཉ་ཟླའི་འཛུམ་བཞིན་རྩོལ་བའི་རིག་པ་འཛིན་མཁྱེན་ནོ། །ཤྲཱི་ཏ་ཐཱ་ག་ཏའི་ཟབ་རྒྱས་པའི་གསུང་དབྱངས། །ཐ་དད་ཡན་ལག་དྲུག་ཅུའི་རྒྱུད་མང་གི་འགྱུར་ཁུག །དཱ་ན་མཁའ་ཁྱབ་འགྲོ་སྒྲོལ་དོན་དམ་གྱི་ཡེ་ཤེས། །ནཱ་དའི་དབྱིངས་སིམ་རྟ་མཆོག་པྱདྨ་གསུང་མཁྱེན་ནོ། །བྱཛྲ་པ་ར་མི་ཏ་ཤེས་རབ་ཀྱི་རྟོགས་བྱ། །ཕ་རོལ་སྲིད་ཞི་ལས་འདས་འཁོར་འདས་ཀུན་ཁྱབ་ཅིང་། །བ་མཆོག་འཇོ་བཞིན་དངོས་གྲུབ་མི་ཟད་པའི་འབྱུང་གནས། །མ་ལུས་རྒྱལ་བའི་ཡེ་ཤེས་ཡང་དག་ཐུགས་མཁྱེན་ནོ། ཡཱཀྵྱ་ཙཱ་རི་ཏྲ་སོགས་གནས་ཡུལ་དང་དུར་ཁྲོད། །ཚ་གྲང་དྲག་ཤུལ་རྡོ་རྗེའི་མཐུ་རྩལ་གྱིས་རྒྱུ་བའི༑ །ཛ་ཡའི་བཀའ་སྲུང་འཇིག་རྟེན་དྲེགས་པ་ཡི་ཚོགས་ཀུན། །ཝ་ལྟར་འདུལ་བྱེད་གསང་བདག་དཔའ་བོ་མཆོག་མཁྱེན་ནོ། །ཀྱོ་དྷ་ཞྭ་ལྟར་འཁྱིལ་བའི་དུག་གསུམ་གྱི་དྲེགས་ཚོགས༑ །ཟ་ལྟར་རྩུབ་པའི་ཤུགས་སྒྲོལ་དྲག་སྔགས་ཀྱི་བདག་པོ། །འ་འུར་ཐོགས་མེད་ཕྲིན་ལས་ལྷུན་གྲུབ་ཏུ་སྒྲུབ་པའི། །ཡ་མཚན་སྟོབས་བཅུ་ལྡན་པའི་ཁྲོ་བོའི་རྒྱལ་མཁྱེན་ནོ།ཙྩིཏྟྱ་རཀྟ་ལྟ་བུའི་འཁོར་འདས་ཀྱི་སྲོག་བཅུད། །ལ་འུར་བདུད་བཞིའི་གཡུལ་ངོར་ཐོགས་མེད་ཀྱི་མཚོན་འབེབས། །ཤ་ཟ་འབོད་སྒྲོགས་རྒྱལ་པོ་པདྨ་ཡི་ཐུགས་དམ། །ས་ལྟར་ཀུན་ཁྱབ་ཕྲིན་ལས་ཕུར་པའི་ལྷ་མཁྱེན་ནོ། །ཧཱུཾ་ཞེས་ཧ་ལ་ལྟ་བུའི་དུག་ལྔ་ཡི་གཅོད་ནད། །ཨ་ཧཾ་བདུད་རྩིའི་སྨན་གྱིས་ཡུད་ཙམ་ལ་གསོལ་ནས། །ཨ་ཧོ་བདེ་ཆེན་རྟག་པའི་རྒྱལ་ཐབས་ལ་སྤྱོད་པས། །ཧ་ཧའི་གད་རྒྱང་རབ་སྒྲོགས་ཆེ་བའི་མཆོག་མཁྱེན་ནོ། །ཨི་ཤྭ་ར་བཞིན་སྣང་སྤྱོད་བདེ་སྟོང་གི་རོལ་པས། །ཨུ་མ་ལྟར་ཆགས་སྟོང་ཆེན་དགའ་མ་ལ་རོལ་པས། །ཨེ་མ་ས་བཅུ་དྷཱུ་ཏིའི་འཁྲི་ཤིང་ལ་རྫོགས་པས། །ཨོ་རྒྱན་གནས་ཀྱི་བདག་མོ་མུ་མོའི་ཚོགས་མཁྱེན་ནོ། །ཕྱི་ལྟར་ཕུང་ཁམས་སྐྱེ་མཆེད་འཁོར་ཆོས་ཀྱི་སྣང་ཆ། །ནང་དུ་རྡོ་རྗེའི་རྩ་རླུང་ཐིག་ལེའི་ཁམས་རྫོགས་པས། །ངེས་དོན་ཡེ་ཤེས་ཀློང་དགུའི་སྒྱུ་འཕྲུལ་གྱི་ཁྱབ་བདག །བླ་མ་དཔལ་ཆེན་འདུས་པ་སྙིང་དབུས་ནས་དྲན་པའི། །མི་ཕྱེད་དད་པའི་གདུང་བ་ཡང་ཡང་དུ་གཡོས་པས། །རྡོ་རྗེའི་སྔགས་དོན་སྦྱར་བའི་གསོལ་འདེབས་ཀྱི་གླུ་དབྱངས། །ཟབ་དོན་བསྙེན་སྒྲུབ་བཞི་ཡི་རྣལ་འབྱོར་ལ་གཞོལ་ཚེ། སྨྲས་པ་རྡོ་རྗེ་བཞིའི་དབྱིངས་བྱང་ཆུབ་རྒྱུར་གྱུར་ཅིག །ཅེས་པའང་མདོ་ཁམས་ཤར་ཕྱོགས་སུ་སྐྱེས་པའི་སྔགས་སྨྱོན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་ཡིད་ངོར་གསལ་བའི་ཀུན་རྟོག་གི་རི་མོ་ཡི་གེར་བཀོད་པ་སིདྡྷི་རསྟུ།
[edit]

bla ma dpal chen po la rtsa sngags dang sbyar ba'i bstod cing rjes su dran pa'i thol glu mi shigs rdo rje dbyangs kyi rol mo/

Footnotes

Other Information